Video Overview
Five Tibetan nomadic folk songs.
- ངའི་གླུ་མགོ་ཨ་སྔོན་དགུང་ན་ཡོད།
- ཟྭ་ལྡེ་མིག་ཕོ་ཁྱུང་སྐེ་ན་ཡོད།
- ཟྭ་དེ་ནས་ལོངས་དང་གླུ་སྒོ་ཕྱེ།
- ངའི་གླུ་སྐེད་ཁྲ་ཡག་རྫ་ན་ཡོད།
- ཟྭ་ལྡེ་མིག་བྲེ་སེར་སྐེ་ན་ཡོད།
- ཟྭ་དེ་ནས་ལོངས་དང་གླུ་སྒོ་ཕྱེ།
- ངའི་གླུ་རྔ་རྒྱ་མཚོའི་གཏིང་ན་ཡོད།
- ཟྭ་ལྡེ་མིག་ཉ་སྲམ་སྐེ་ན་ཡོད།
- ཟྭ་དེ་ནས་ལོངས་དང་གླུ་སྒོ་ཕྱེ།
- དགུང་ཨ་སྔོན་དཀྱིལ་ན་ལམ་གསུམ་ཡོད།
- དེ་ལྷ་ལམ་ཡིན་ནམ་བདུད་ལམ་ཡིན།
- རྫ་ཁྲ་ཡག་དཀྱིལ་ན་ལམ་གསུམ་ཡོད།
- དེ་ལྷ་ལམ་ཡིན་ནམ་བདུད་ལམ་ཡིན།
- ཆུ་གཙང་བོའི་དཀྱིལ་ན་ལམ་གསུམ་ཡོད།
- དེ་ལྷ་ལམ་ཡིན་ནམ་བདུད་ལམ་ཡིན།
- དགུང་ཨ་སྔོན་དཀྱིལ་ན་ལམ་གསུམ་དེ།
- དེ་ལྷ་ལམ་བདུད་ལམ་གཉིས་ཀ་མིན།
- འབྲུག་ཕོ་ཁྱང་མ་བུ་གཤར་ལམ་རེད།
- རྫ་ཁྲ་ཡག་དཀྱིལ་ན་ལམ་གསུམ་དེ།
- དེ་ལྷ་ལམ་བདུད་ལམ་གཉིས་ཀ་མིན།
- འབྲོང་བྲེ་སེར་མ་བུ་གཤར་ལམ་རེད།
- ཆུ་གཙང་བོའི་དཀྱིལ་ན་ལམ་གསུམ་དེ།
- དེ་ལྷ་ལམ་བདུད་ལམ་གཉིས་ཀ་མིན།
- ཉ་གསེར་མིག་མ་བུ་གཤར་ལམ་རེད།
- དགུང་ཨ་སྔོན་པུར་བུ་ཟུར་གསུམ་འདི།
- ཟུར་གཅིག་དེ་སེར་པོ་གསེར་གྱིས་བརྡུང་།
- འདིའི་གསེར་རྡུང་མགར་བ་སུ་ཡིན་ཤོད།
- དགུང་ཨ་སྔོན་པུར་བུ་ཟུར་གསུམ་འདི།
- ཟུར་གཅིག་དེ་སྔོན་པོ་གཡུ་ཡིས་བརྡུང་།
- འདིའི་གཡུ་རྡུང་མགར་བ་སུ་ཡིན་ཤོད།
- དགུང་ཨ་སྔོན་པུར་བུ་ཟུར་གསུམ་འདི།
- ཟུར་གཅིག་དེ་དཀར་པོ་དངུལ་གྱིས་བརྡུང་།
- འདིའི་དངུལ་རྡུང་མགར་བ་སུ་ཡིན་ཤོད།
- དགུང་ཨ་སྔོན་པུར་བུ་ཟུར་གསུམ་འདི།
- ཟུར་གཅིག་དེ་སེར་པོ་གསེར་གྱིས་བརྡུང་།
- འདིའི་གསེར་རྡུང་མགར་བ་ཡོད་ནི་མིན།
- འདི་འཛམ་གླིང་ཉི་མའི་སྐུ་མདོགས་ཡིན།
- དགུང་ཨ་སྔོན་པུར་བུ་ཟུར་གསུམ་འདི།
- ཟུར་གཅིག་དེ་སྔོན་པོ་གཡུ་ཡིས་བརྡུང་།
- འདིའི་གཡུ་རྡུང་མགར་བ་ཡོད་ནི་མིན།
- དགུང་ཨ་སྔོན་རང་གི་སྐུ་མདོག་ཡིན།
- དགུང་ཨ་སྔོན་པུར་བུ་ཟུར་གསུམ་འདི།
- ཟུར་གཅིག་དེ་དཀར་པོ་དངུལ་གྱིས་བརྡུང་།
- འདིའི་དངུལ་རྡུང་མགར་བ་ཡོད་ནི་མིན།
- སྤྲིན་དཀར་པོ་རང་གི་སྐུ་མདོག་ཡིན།