Video Overview
A series of five songs performed in nomadic communities near Zangkar.
- ཁྱོད་ཨ་མགྲོ་ཡུལ་ནས་ཡོང་དུས་སུ།
- སྒོ་གོང་མའི་སྒོ་ན་ལྷ་ཞིག་ཡོད།
- ལྷ་དེ་ཚོར་མ་ཐུག་ཅི་ལྟར་ཡོང་།
- ཁྱོད་ཨ་མགྲོ་ཡུལ་ནས་ཡོང་དུས་སུ།
- སྒོ་བར་མའི་སྒོ་ན་འབྲོང་ཞིག་ཡོད།
- འབྲོང་དེ་ཚོར་མ་ཐུག་ཅི་ལྟར་ཡོང་།
- ཁྱོད་ཨ་མགྲོ་ཡུལ་ནས་ཡོང་དུས་སུ།
- སྒོ་ཞོལ་མའི་སྒོ་ན་སྟག་ཞིག་ཡོད།
- སྟག་དེ་ཚོར་མ་ཐུག་ཅི་ལྟར་ཡོང་།
- ང་ཨ་མགྲོ་ཡུལ་ནས་ཡོང་དུས་སུ།
- སྒོ་གོང་མའི་སྒོ་ན་ལྷ་ཞིག་ཡོད།
- ལྷ་སྤོས་འདྲེན་ཡིན་པས་སྤོས་ཞིག་དྲངས།
- སྤོས་སོར་གསུམ་འདྲེན་པར་གོམ་གསུམ་སྤོས།
- ང་ཨ་མགྲོན་ཡོང་ཚུལ་དེ་འདྲ་རེད།
- ང་ཨ་མགྲོ་ཡུལ་ནས་ཡོང་དུས་སུ།
- སྒོ་བར་མའི་སྒོ་ན་འབྲོང་ཞིག་ཡོད།
- འབྲོང་རྩྭ་ཟན་ཡིན་པས་རྩྭཞིག་བཞིན།
- རྩྭ་ཁམ་གསུམ་ཟོས་པར་གོམ་གསུམ་སྤོས།
- ང་ཨ་མགྲོན་ཡོང་ཚུལ་དེ་འདྲ་རེད།
- ང་ཨ་མགྲོ་ཡུལ་ནས་ཡོང་དུས་སུ།
- སྒོ་ཞོལ་མའི་སྒོ་ན་སྟག་ཞིག་ཡོད།
- སྟག་ཤ་ཟན་ཡིན་པས་ཤ་ཞིག་འཕང་།
- ཤ་ཁམ་གསུམ་ཟོས་པར་གོམ་གསུམ་སྤོས།
- ང་ཨ་མགྲོན་ཡོང་ཚུལ་དེ་འདྲ་རེད།
- ཁྱོད་ཞི་བ་ཆགས་ཆུལ་ཇི་འདྲ་རེད།
- ངས་རྫ་རི་རྫ་མཐའ་འགྲིམ་དུས།
- ང་རྫ་ཁའི་འབྲོང་མོར་ཐུག་སོང་།
- འབྲོང་བྲེ་སེར་ཡིན་པས་སྐག་མོད།
- ར་རྡོ་ལོ་ཡིན་པས་མ་སྐྲག
- ངས་ནགས་རི་ནགས་མཐའ་འགྲིམ་དུས།
- སྟག་དམར་ཡག་ཡིན་པས་སྐྲག་མོད།
- མཆེ་རྡོ་ལོ་ཡིན་པས་མ་སྐྲག
- ངས་སྡེ་རུ་སྡེ་མཐའ་འགྲིམ་དུས།
- ང་སྡེ་མཐའི་གླུ་བར་ཐུག་སོང་།
- ཁྱོད་གླུ་བ་ཡིན་པས་སྐྲག་མོད།
- ཁྱོད་གླུ་སར་ཡིན་པས་མ་སྐྲག
- གླུ་ཁ་མཚར་སྒོ་མོ་བཅུ་གསུམ་རེད།
- སྒོ་བཅུ་བོ་བསྐྱུར་ནས་གསུམ་པོ་ལེན།
- སྒོ་གོང་མ་དམ་པའི་ཆོས་སྒོ་རེད།
- སྤོས་དྲི་བཟང་མེད་ན་ཕྱེ་ལུགས་མེད།
- སྒོ་བར་མ་འཛམ་གླིང་སྒྲུང་སྒོ་རེད།
- ཤ་ཁྱབ་དཀར་མེད་ན་ཕྱེ་ལུགས་མེད།
- སྒོ་ཞོལ་མ་རྒྱ་ནག་ཁྲིམས་སྒོ་རེད།
- ཆང་ཨ་རག་མེད་ན་ཕྱེ་ལུགས་མེད།
- ངས་གྲལ་མགོ་གྱེན་ལ་སྟག་པགས་བཏིང་།
- སྟག་ཤ་མ་མ་ནོག་ཤར་སེ་ཡོད།
- ངས་གྲལ་སྐེད་ཐད་ལ་གཟིག་པགས་བཏིང་།
- གཟིག་ཐིག་ལེ་མ་ནོག་གོར་སེ་ཡོད།
- ངས་གྲལ་ཞོལ་ཐུར་ལ་བལ་སྟན་བཏིང་།
- བལ་ཁ་ཆུ་མ་ནོག་ཤུག་སེ་ཡོད།
- ང་ནགས་མཐའི་སྟག་མོར་ཐུག་སོང་།