Skip to main content Skip to search
01 Sep 2018
6 min 41 sec
Rating
0
No votes yet
Video Overview
Creators: 
Sherig Dentshog

Phuntsho from Jampani village in Samdrupjongkhar district sings a religious song composed by Dudjom Rinpoche, a Nyingma master form eastern Bhutan. It is a supplication song dedicated to the eastern districts, wishing them peace and blessings from the great master, and an absence of suffering and natural calamities.

Show More

  • ཕུན་ཚོགས་ Phuntsho
    ལགས་སོ། དང་པ་ར་ང་གི་ངོ་སྤྲོད་ཞུ་ནི། དང་པ་ ང་སྐྱེ་ས་འདི་ ཡར་བཀྲ་ཤིས་བསྒང་ཨིན་ཟེར་ཞུ་ནི།
  • ཕུན་ཚོགས་ Phuntsho
    བཀྲ་ཤིས་བསྒང་ལས་མར་ ནཱ་ཤིང་མཁར་ལའུ་རི་ ས་ཆ་ཇོ་མོ་གཙང་ཁ་ཟེར་ས་ དྲུང་ཁག་ཨིན་མས་ རྫོང་ཁག་འདི་ བསམ་གྲུབ་ལྗོངས་མཁར་ཨིན་མས།
  • ཕུན་ཚོགས་ Phuntsho
    དེ་ལས་ དྲུང་ཁག་འདི་ ནཱ་ཇོ་མོ་གཙང་ཁག་དྲུང་ཁག་ཨིན་མས། རྒེད་འོག་འདི་ གླང་ཅན་ཕུག་ཨིན། གླང་ཅན་ཕུག་ཟེར་ས་ ནཱ་ཇམ་པཱ་ཎི་ཟེར་ཅིག་ཡོད་ ས་ཆ་གི་མིང་།
  • ཕུན་ཚོགས་ Phuntsho
    འ་ནཱི་གི་ནང་ན་ ང་བཅས་ར་ནཱ་ མི་སེར་ཅིག་འབདཝ་ལས་བརྟེན་ གཉེན་རྐྱབ་སྟེ་གནམ་ལོ་ བྱ་ལོའི་སྐབས་ལུ་ ནཱ་ལྷོད་ཅི་ཟེར་ཞུ་ནི།
  • ཕུན་ཚོགས་ Phuntsho
    ཏེ་ད་ལྟོ་ནཱ་འགོ་བཙུགས་ཏེ་ལོ་དག་པ་ཅིག་འགྱོ་དོ་ ཚོགས་པ་གཅིག་གི་འགན་ཁུར་ཅིག་ཕྱག་ཞུ་དོ་ཟེར་ཞུ་ནི་ལགས་ མི་སེར་དམངས་ལུ།
  • ཕུན་ཚོགས་ Phuntsho
    འ་ནཱི་བཟུམ་ཞུཝ་ད་ ང་བཅས་ཀྱི་ད་རེས་སྤྲོ་བ་གི་ལས་རིམ་འདི་ ཏེ་ནཱ་རྒྱལ་ས་ལས་བྱོན་ཏེ་ ཁྱེད་ཚུ་གིས་འ་ནཱི་བཟུམ་གྱི་ལས་རིམ་གནངམ་ད་ལུ་ ང་གི་ཁ་ཐུག་ལས་ཡང་ གནམ་མེད་ས་མེད་ འ་ནཱི་བཟུམ་སྦེ་སྤྲོ་བ་བྱུང་སྟེ་ ང་བཅས་ར་གཞན་གྱི་གླུ་གཞས་ཞུ་ནི་མེན།
  • ཕུན་ཚོགས་ Phuntsho
    ང་བཅས་རའི་སྐྱབས་རྗེ་བདུད་འཇོམས་རིམ་པོ་ཆེ་ ཤར་ཀོང་ཡུལ་ཟེར་ས་ལས་མར་འབྱོནམ་ད་ལུ་ ཤར་ཀོང་ཡུལ་ལས་མར་ནཱ་འབྱོན་པའི་སྐབས་ལུ་གནང་བཞག་མི།
  • ཕུན་ཚོགས་ Phuntsho
    ལུང་བསྟན་དང་བཅས་པའི་གླུ་གཞས་འདི་ ད་རེས་ང་གིས་ནཱ་ལུ་ མ་ཤེས་ཏེ་འབད་རུང་ ཏེ་ནོར་བ་རེ་ཡོད་རུང་ ཚིག་ལུ་ནོར་བ་རེ་ཡོད་དེ་འབད་རུང་ ན་བུ་གིས་བཟོད་བཞེས་གནང་ཟེར་ཞུ་ནི་ལགས།
  • ཕུན་ཚོགས་ Phuntsho
    འདི་ནང་ལས་ སྐྱབས་རྗེ་རིམ་པོ་ཆེ་ བྱིན་རླབས་ག་ནི་བ་སྦོམ་འབདཝ་ལས་བརྟེན་ཏེ་ ད་རེས་ང་གིས་མ་ཤེས་རུང་ དང་པ་བླམ་ཚུ་ལས་གསོལ་རས་ཞུཝ་སྡོད་སྡོདཔ་འབདཝ་ལས་ ཨ་ཙི་ཅིག་ ཚིག་གཅིག་གཉིས་དེ་ཅིག་ཞུ་ཕུལ་ཟེར་ཞུ་ནི་ལགས།
  • ཕུན་ཚོགས་ Phuntsho
    རྗེ་བྱིན་རླབས་ཀྱི་འབྱུང་གནས་པདྨ་འབྱུང་། །བུའི་བློ་གཏད་གཅིག་ཆོག་རིན་པོ་ཆེ། །ཤིང་ཏ་ལའི་ལོ་མ། རིན་པོ་ཆེ། ཤིང་ཏ་ལའི་ལོ་མ།
  • ཕུན་ཚོགས་ Phuntsho
    ཤོག་ལེགས་ཡ་ཤོག་ལ་ལེགས་མོ་ཤོག་ཤོག་ལེགས་ཡ། །ཤོག་ལ་ལེགས་མོ་ཤོག་ཤོག་ལེགས་ཡ། །
  • ཕུན་ཚོགས་ Phuntsho
    རང་མོས་གུས་ཀྱི་ལྟེམ་རྐྱང་མ་ཤོར་ན། །ཡིད་སྙིང་ནས་གདུང་བས་གསོལ་བ་འདེབས། །ཤིང་ཏ་ལའི་ལོ་མ། གསོལ་བ་འདེབས། ཤི་ཏ་ལའི་ལོ་མ།
  • ཕུན་ཚོགས་ Phuntsho
    ཤོག་ལེགས་ཡ་ཤོག་ལ་ལེགས་མོ་ཤོག་ཤོག་ལེགས་ཡ། །ཤོག་ལ་ལེགས་མོ་ཤོག་ཤོག་ལེགས་ཡ། །
  • ཕུན་ཚོགས་ Phuntsho
    བུ་ཕ་དང་མཉམ་པར་བྱིན་གྱིས་རློབས། །ཤར་ཀོང་ཡུལ་ལྗོན་པ་སྐྱིད་པའི་ལྗོངས། །ཤི་ཏ་ལའི་ལོ་མ། སྐྱིད་པའི་ལྗོངས། ཤིང་ཏ་ལའི་ལོ་མ།
  • ཕུན་ཚོགས་ Phuntsho
    གནས་བུ་ཆུ་གསང་བའི་དགའ་ཚལ་དུ། །ཡིད་སྙིང་ནས་གདུང་བས་གསོལ་བ་འདེབས། །ཤིང་ཏ་ལའི་ལོ་མ། གསོལ་བ་འདེབས། ཤིང་ཏ་ལའི་ལོ་མ།
  • ཕུན་ཚོགས་ Phuntsho
    ཤོག་ལེགས་ཡ་ཤོག་ལ་ལེགས་མོ་ཤོག་ཤོག་ལེགས་ཡ། །ཤོག་ལ་ལེགས་མོ་ཤོག་ཤོག་ལེགས་ཡ། །
  • ཕུན་ཚོགས་ Phuntsho
    ཡུལ་འདི་ལ་བདེ་སྐྱིད་འབྱུང་བར་ཤོག །ཡིད་སྙིང་ནས་གདུང་བས་གསོལ་བ་འདེབས། །ཤིང་ཏ་ལའི་ལོ་མ། །
  • ཕུན་ཚོགས་ Phuntsho
    ཤོག་ལེགས་ཡ་ཤོག་ལ་ལེགས་མོ་ཤོག་ཤོག་ལེགས་ཡ། །ཤོག་ལ་ལེགས་མོ་ཤོག་ཤོག་ལེགས་ཡ།། །། ༼རྗེ་བྱིན་རླབས་ཀྱི་འབྱུང་གནས་པདྨ་འབྱུང་། །བུའི་བློ་གཏད་གཅིག་ཆོག་རིན་པོ་ཆེ། །རང་མོས་གུས་ཀྱི་ལྟེམ་རྐྱང་མ་ཤོར་ན། །གཏན་བདེ་བའི་ས་ལ་སྐྱེལ་མི་སྐྱེལ། །ཕ་ཁྱོད་ཀྱི་ཐུགས་རྗེས་བསླུ་སྙམ་མེད། །ཡིད་སྙིང་ནས་གདུང་བས་གསོལ་བ་འདེབས། །བུ་ཕ་དང་མཉམ་པར་བྱིན་གྱིས་རློབས། །ཤར་ཀོང་ཡུལ་ལྗོན་པ་སྐྱིད་པའི་ལྗོངས། །གནས་བུ་ཆུ་གསང་བའི་དགའ་ཚལ་དུ། །མ་འབྲེལ་ཚད་སེམས་ཅན་དོན་ལྡན་ཕྱིར། །ཞིང་རྔ་ཡབ་དཔལ་རིའི་ལྷ་ཁང་བཞེངས། །དོན་བར་ཆད་མེད་པ་འགྲུབ་ནས་ཀྱང་། །ཆོས་བསྟན་པའི་རྒྱལ་མཚན་ཚུགས་པ་རུ། །མགོན་བཀའ་དྲིན་ཅན་གྱི་བྱིན་རླབས་སྩོལ། །གྲོགས་དཔའ་བོ་མཁའ་འགྲོའི་སྡོང་གྲོགས་མཛོད། །བཀའ་ཆོས་སྐྱོང་སྲུང་མའི་ཕྲིན་ལས་སྒྲུབས། །བུའི་ལྷག་བསམ་མཐའ་རུ་ཕྱིན་པར་ཤོག །རྗེ་གུ་རུའི་དགོངས་པ་རྫོགས་པར་ཤོག །མ་འགྲོ་དྲུག་བདེ་ལ་འཁོད་པར་ཤོག །ཡུལ་འདི་ལ་བདེ་སྐྱིད་འབྱུང་བར་ཤོག། །།༽