Video Overview
A song performed to cultivate harmony.
- རྩྭ་ཨ་འཁྱིལ་བ་འཁྱིལ་གོང་མ་ན།
- རྩྭ་སེར་འཁྱིལ་རྩེ་མོ་དགུང་ལ་མཉམ།
- བལ་ལུ་གུ་སྟོང་གི་བཟའ་རྩྭ་རེད།
- དེའི་འཕེལ་ཁ་ལུ་གུ་མོ་ལུག་རེད།
- དེའི་ཡང་ཐོག་བལ་དཀར་ཁ་ཆུ་རེད།
- གཡང་དེ་ཚོར་མ་འགལ་བཀྲ་རེ་ཤིས།
- རྩྭ་ཨ་འཁྱིལ་བ་འཁྱིལ་བར་མ་ན།
- རྩྭ་སེར་འཁྱིལ་རྩེ་མོ་དགུང་ལ་མཉམ།
- དགུང་གཞུ་མོ་སྟོང་གི་བཟའ་རྩྭ་རེད།
- དེའི་འཕེལ་ཁ་ཐོར་བུ་ཐོར་མོ་རེད།
- དེའི་ཡང་ཐོག་གཡང་རྟ་གོམ་པ་རེད།
- གཡང་དེ་ཚོར་མི་འགལ་བཀྲ་རེ་ཤིས།
- རྩྭ་ཨ་འཁྱིལ་བ་འཁྱིལ་ཞོལ་མ་ན།
- རྩྭ་སེར་འཁྱིལ་རྩེ་མོ་དགུང་ལ་མཉམ།
- འབྲི་ཐུལ་མ་སྟོང་གི་བཟའ་རྩྭ་རེད།
- དེའི་འཕེལ་ཁ་མཛོ་ལུ་མཛོ་མོ་རེད།
- དེའི་ཡང་ཐོག་མར་དང་ཆུར་བ་རེད།
- གཡང་དེ་ཚོར་མི་འགལ་བཀྲ་རེ་ཤིས།