Skip to main content Skip to search
18 Jun 2013
30 min 46 sec
Video Overview
Creators: 
Tibetan & Himalayan Library and Tibetcul.com

This video is part one of an interview with social entrepreneur and musician Rindzin Drölma about her life and work.

Transcript search
No results found for this search
0 of 0
  • རྒྱལ་མཚན།
    ཡ་གླུ་མ་རིག་འཛིན་སྒྲོལ་མ་ཁྱེད་བདེ་མོ་ཡིན་ནམ།
  • རིག་འཛིན་སྒྲོལ་མ།
    བདེ་མོ་ཡིན། བདེ་མོ་ཡིན།
  • རྒྱལ་མཚན།
    ཡ་བདེ་མོ།
  • རྒྱལ་མཚན།
    དེས་ན་ཐོག་མར་ཁྱེད་ཀྱིས་འདི་ནས་ང་ཚོའི་བཅར་འདྲི་དང་ལེན་བྱས་པ་ལ་ངས་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས་པ་ཡིན།
  • རིག་འཛིན་སྒྲོལ་མ།
  • རྒྱལ་མཚན།
    དེས་ན་ཁྱེད་རང་ལ་མཚོན་ན་ད་ལྟ་ང་ཚོ་བོད་ཁམས་ཡོངས་ན
  • རྒྱལ་མཚན།
    སྙན་པའི་གྲགས་པ་འབར་བཞིན་པའི་གླུ་མ་ཞིག་རེད། ད་ཉན་མཁན་མང་བོ་ཞིག་ལ་མཚོན་ན
  • རྒྱལ་མཚན།
    ཁྱེད་ཀྱི་སྙན་ཞིང་འཇེབས་པའི་སྐད་ངག་ལ་བརྟེན་ནས་ད་གཟོད་ཁྱེད་ངོ་ཤེས་པ་རེད།
  • རྒྱལ་མཚན།
    དེ་ན་ད་ཡིན་ན་ཡང་མི་མང་བོ་ཞིག་གིས། ཁྱེད་ཀྱི་གླུ་དབྱངས་མང་བོ་ཞིག་ལེན་རྒྱུ་རེད།
  • རྒྱལ་མཚན།
    དཔེར་ན།༼ཁ་སང་གི་གཏམ་རྒྱུད།༽ ༼འབྲི་མོ་དུང་ཆུང་དཀར་མོ།༽འདི་འདྲའི་མང་བོ་ཞིག་ལ་ཆ་རྒྱུས་ཡོད་རྒྱུ་རེད།
  • རྒྱལ་མཚན།
    ད་ཁྱེད་རང་མི་སྒེར་གྱི་ལོ་རྒྱུས་དང་ཡང་ན་ཁྱེད་རང་ཚུལ་ཅི་ལྟ་བུ་ཞིག་གི་སྒོ་ནས་གླུ་དབྱངས་ཀྱི་ལམ་འདིར་ཞུགས་པའི་གནས་ཚུལ་ལ་ཆ་རྒྱུས་ཡོད་པ་མ་རེད།
  • རྒྱལ་མཚན།
    ད་དེས་ན་དེ་རིང་གི་གོ་སྐབས་འདི་བཟུང་ནས་ཁྱེད་ཀྱིས་རྣམ་པ་ཚོར་རང་གི་ལོ་རྒྱུས་མདོར་བསྡུས་ཤིག་དང་།
  • རྒྱལ་མཚན།
    ཁྱད་པར་དུ་དེ་རིང་གླུ་དབྱངས་ལེན་པའི་ལམ་འདིར་ཅི་ལྟར་ཞུགས་པའི་གནས་ཚུལ་རྣམ་པ་ཚོར་ངོ་སྤྲོད་མདོར་བསྡུས་ཤིག་བྱས་ན་ཅི་འདྲ་རེད།
  • རིག་འཛིན་སྒྲོལ་མ།
    ཡ་ཡ། ད་ང་ལ་མཚོན་ན་ཐོག་མར་ཆུང་དུས་སུ་སློབ་གྲྭར་མང་པོར་སོང་མ་མྱོང་།
  • རིག་འཛིན་སྒྲོལ་མ།
    ཆུང་དུས་ལོ་དྲུག་འདྲ་འདི་མོ་ཞིག་ནས་བོད་ཡིག་ཙ་གི་ཙིག་གེ་རེ། བོད་ཡིག་ཕར་ཆེར་དམའ་འབྲིང་དེ་འདྲ་ཞིག་ལམ་ཁྲིད་པ་རེད།
  • རྒྱལ་མཚན།
    རེད།
  • རིག་འཛིན་སྒྲོལ་མ།
    བོད་ཡིག་ཅུང་ཞིག་ཁྲིད་པ་རེད། དེ་ནས་ཆུང་དུས་ནས་ཕར་ཆེར་གཙོ་བོ། ངའི་ཨ་མ།
  • རྒྱལ་མཚན།
    རེད།
  • རིག་འཛིན་སྒྲོལ་མ།
    ཨ་མ་ནད་པ་ཡིན་པ་རེད། ཆུང་དུས་ནས་རང་གི ངའི་ཤེས་ཚོད་གྱིས། ཆུང་དུས་ཞིག་ནས་ཨ་མ་ནད་པ་ཧ་ཅང་ལྕི་མོ་ཞིག་ཡིན།
  • རྒྱལ་མཚན།
    རེད།
  • རིག་འཛིན་སྒྲོལ་མ།
    དེའི་རྐྱེན་གྱིས། དེའི་སློབ་གྲྭ་འགྲོ་རྒྱུའི་གོ་སྐབས་ཟེར་དགོས་ནི་འེ་རེད།
  • རྒྱལ་མཚན།
    རེད།
  • རིག་འཛིན་སྒྲོལ་མ།
    དེ་ཤིན་ཏུ་ཉག་ཕྲ་བ་རེད། ད་ཨ་མ་ལ་ནད་ཀྱི་སྐྱོན་ཡོད་པའི་དོན་དུ། སློབ་གྲྭར་མང་པོ་མ་སོང་།
  • རིག་འཛིན་སྒྲོལ་མ།
    དེ་ནས་བོད་ཡིག་སྦྱངས་བ་ལ་སོགས་པ། སློབ་གྲྭའི་ནང་ནས་དཔེ་ཆ་རྣམས་མ་བསྐྱུར་བར། ནངས་དགོང་། དགོང་མོ་དང་སྔ་མོ་སོགས་སུ།
  • རིག་འཛིན་སྒྲོལ་མ།
    གཞན་པ་རྣམས་མ་ལངས་པའི་སྔོན་ལ་ཡར་ལངས་ནས་དཔེ་ཆར་བལྟས་པ་ཡིན།
  • རིག་འཛིན་སྒྲོལ་མ།
    དེ་ནས་དམའ་འབྲིང་ཙམ་ཞིག་ལ་སློབ་གྲྭར་སོང་བ་ཡིན།
  • རིག་འཛིན་སྒྲོལ་མ།
    སྐབས་དེའི་སྦྱངས་འབྲས་ཅུང་ལེགས་པོ་འདུག སློབ་གྲྭའི་ནང་གི་རྒྱུགས་སྤྲད་སྐབས་ཕར་ཆེར་ཨང་དང་པོ་དང་གཉིས་པར་འདུག
  • རིག་འཛིན་སྒྲོལ་མ།
    ངས་གླུ་ལེན་བཞིན་པའི་སྐབས་སུ་ཕར་ཆེར་ལོ་བཅུ་དགུ་ཙམ་ཞིག་རེད།
  • རིག་འཛིན་སྒྲོལ་མ།
    དང་པོ་ཆུང་དུས་ནས་རང་ཉིད་གླུ་ལེན་པར་ཧ་ཅང་དགའ།
  • རིག་འཛིན་སྒྲོལ་མ།
    དམངས་ཁྲོད་ནས་རང་གི་ཁྱིམ་རྒྱུད་ནས་བཤད་ན།
  • རིག་འཛིན་སྒྲོལ་མ།
    ཕ་རྒྱུད་དང་མ་རྒྱུད་སོགས་གང་ཡིན་ཡང་རྩེད་མོ་དང་གླུ་ལེན་པར་ཧ་ཅང་དགའ་བོ་འདུག
  • རིག་འཛིན་སྒྲོལ་མ།
    ལོ་སར་དང་ཁྱིམ་མཚེས་སོགས་ཀྱི་སྟོན་མོའི་སྐབས་སུ་གླུ་ལེན་པར་དགའ།
  • རྒྱལ་མཚན།
    རེད་རེད། ཨ་ཕ་ཡིན་ཡང་ཆོག་ཨ་མ་ཡིན་ཡང་ཆོག་གླུ་ལེན་པར་དགའ་བོ་འདུག
  • རིག་འཛིན་སྒྲོལ་མ།
    ཁྱིམ་ཚང་ཞིག་གི་སྟོན་མོ་བྱེད་པའི་སྐབས་སུ་ཡིན་ན།
  • རིག་འཛིན་སྒྲོལ་མ།
    བུ་མོ་ཞིག་གནས་ལ་སྐྱེལ་མ་བྱེད་པའི་སྐབས་སུ་ཡིན་ན། ཨ་མ་སོང་ནས་སྐྲ་ཕབས་གྱི་གོ་རིམ་དེ་མར་བླངས་ནས། སྒོར་ཕུད་དུས།
  • རིག་འཛིན་སྒྲོལ་མ།
    ཨ་ཕ་གནས་ཚང་ལ་ལེན་པར་སོང་།
  • རྒྱལ་མཚན།
    རེད།
  • རིག་འཛིན་སྒྲོལ་མ།
    དེ་འདྲ་ལ་དུས་རྒྱུན་དུ་འགྲོ་དགོས།
  • རིག་འཛིན་སྒྲོལ་མ།
    དེ་ནས་ལོ་སར་གྱི་སྐབས་སུ་ཁྱིམ་ལ་མགྲོན་པོ་རེ་ཐོན་དུས།
  • རིག་འཛིན་སྒྲོལ་མ།
    མང་ཤོས་ཞིག་ལ་ལོ་སར་གྱི་སྐབས་སུ་ཁྱིམ་ལ་མི་མེད་ས་མང་བོ་རེད།
  • རིག་འཛིན་སྒྲོལ་མ།
    དེ་ནས་ལོ་སར་གྱི་སྐབས་སུ་རྒྱུན་པར་ཨ་ཕ་ཨ་མ་གཉིས་གྱི་རྗེས་སུ་སོང་བ་ཡིན།
  • རིག་འཛིན་སྒྲོལ་མ།
    དེ་དུས་གླུ་མང་བོ་ཉན་པའི་བག་ཆགས་ཡིན་རྒྱུ་རེད་འདོད་ཀི
  • རིག་འཛིན་སྒྲོལ་མ།
    གླུ་ལེན་པར་ཧ་ཅང་དགའ།
  • རིག་འཛིན་སྒྲོལ་མ།
    དེ་རྗེས་ལོ་བཅུ་དགུ་ཙམ་ཞིག་ལ་རྒྱལ་ནང་གི་རྒྱལ་ཁབས་རིམ་པའི།
  • རིག་འཛིན་སྒྲོལ་མ།
    དམངས་ཁྲོད་ཀྱི་གླུ་དབྱངས་འགྲན་སྡུར་ཞིག་གི་གོ་སྐབས་ཞིག་ཡོད་སོང་།
  • རིག་འཛིན་སྒྲོལ་མ།
    དེའི་ནང་ལ་ཞུགས་པ་ཡིན།
  • རིག་འཛིན་སྒྲོལ་མ།
    རྫོང་ཐོག་གི་དམངས་ཁྲོད་ཀྱི་གླུ་བ་རེ་བཙལ་ནས་འགྲན་བསྡུར་ལ་ཞུགས་དགོས་ཟེར།
  • རིག་འཛིན་སྒྲོལ་མ།
    ངས་དེ་དུས་གླུ་ཅང་ལེན་ཤེས་པ་མིན། ང་ཚོའི་ཤང་ཐོག་ནས་ཚོགས་འདུ་ཞིག་འཚོགས།
  • རིག་འཛིན་སྒྲོལ་མ།
    བྱ་བ་གཞན་པ་རྣམས་ལ་ཕྱུག་ལས་དང་ཞིང་ལས་ཀྱི་ཕྱོགས་ནས་ཚོགས་འདུ་འཚོགས།
  • རིག་འཛིན་སྒྲོལ་མ།
    སྡེ་བ་རེ་ནས་མི་གཉིས་དང་གསུམ་རེ་སོང་།
  • རིག་འཛིན་སྒྲོལ་མ།
    ང་རང་དེའི་གྲས་སུ་མངགས་པ་རེད།
  • རིག་འཛིན་སྒྲོལ་མ།
    ཚོགས་འདུའི་སྐབས་སུ་རྫོང་ཐོག་ཏུ་གླུ་དབྱངས་ཀྱི་འགྲན་བསྡུར་ཞིག་ཡོད། དེ་ལ་འགྲོ་མཁན་རེ་འེ་ཡོད་ཞེས་དྲིས་ནས་དམངས་ཁྲོད་ནས་གླུ་བ་བཙལ།
  • རིག་འཛིན་སྒྲོལ་མ།
    དེ་དུས་རང་ཉིད་ལ་གླུ་ལེན་འདོད་ཆེན་པོ་མི་འདུག
  • རིག་འཛིན་སྒྲོལ་མ།
    གཞན་པ་སློབ་གྲྭར་སོང་ནས་རྒྱུགས་མ་འཕྲོད་པར་ཕྱིར་ཕ་ཡུལ་ན་བསྡད་ནས་ཡོད་པ་རྣམས་ལ་སྙིང་ཆེ་བོ་འདུག
  • རིག་འཛིན་སྒྲོལ་མ།
    ང་ཚོ་ཞིང་གྲོང་ནས་རྒྱུན་འདུག་པ་རྣམས་ལ་མི་མང་བོའི་དབུས་སུ་གླུ་ལེན་དགོས་ན་ཅུང་སྐྲག་སྣང་འདུགགཞན་པའི་སྙིང་སྟོབས་ལ་བསྡུར་ཐབས་མེད།
  • རིག་འཛིན་སྒྲོལ་མ།
    དེ་ནས་མི་གཞན་པ་རྣམས་ཀྱི་གླུ་བླངས་ནས་ཚོད་ལྟ་རེ་བྱས་བའི་ཁྲོད་དུ་སོང་ནས་ཉན།
  • རིག་འཛིན་སྒྲོལ་མ།
    རང་གི་སྣང་བསྙན་ཞིག་ལ་དེ་འདྲའི་གླུ་སྙན་མོ་ཞིག་མི་འདུག
  • རིག་འཛིན་སྒྲོལ་མ།
    ཕལ་ཆེར་རང་ཉིད་ལོ་ཆུང་བའི་སྟབས་ཀྱི་ང་རྒྱལ་ཞིག་སྐྱེས་སོང་།
  • རིག་འཛིན་སྒྲོལ་མ།
    དེ་དུས་རང་དང་ལྷན་དུ་ཆུང་དུས་མཉམ་འགྲོགས་ཀྱི་གྲོགས་པོ་རེ་གཉིས་དང་ལྷན་དུ་ཡོད།
  • རིག་འཛིན་སྒྲོལ་མ།
    དེ་དུས་ངའི་གྲོགས་པོ་རྣམས་ཀྱིས། འདི་ཚོར་བལྟས་ན་ཁྱོད་ཀྱིས་འདི་ཚོའི་དགའ་ཞིག་ལེན་མི་ཐུབ་ནས་ཞེས་ཟེར་གི
  • རིག་འཛིན་སྒྲོལ་མ།
    རང་གི་དེ་འདྲ་ལེན་ཐུབ་རྒྱུ་མ་རེད། ང་སྐྲག་ཀི དེ་དུས་གཞན་པ་རྣམས་ཀྱིས་ཁྱོད་ཀྱིས་ལེན་ཤེས་ན་ལོངས་ཟེར། ཡིན་ཡང་ངས་ལེན་ཤེས་པ་མ་རེད།
  • རིག་འཛིན་སྒྲོལ་མ།
    དེ་ནས་ཤང་ཐོག་གི་སྲིད་གཞུང་གི་ཁང་པ་ཞིག་གི་ནང་ནས་ཚོད་ལྟ་ཞིག་བྱས་པ་ཡིན། སྤྱིར་ཡིན་ན་ཁང་པའི་ཕྱི་ལོགས་སུ་ར་སྐོར་ནང་གི་ཚོད་ལྟ་བྱེད་བཞིན་ཡོད།
  • རིག་འཛིན་སྒྲོལ་མ།
    རང་གི་ཆུང་དུས་ཀྱི་རྩེད་གྲོགས་རྣམས་ཀྱིས་ཁྱོད་ཀྱིས་ངེས་པར་དུ་ཚོད་ལྟ་ཞིག་བྱེད་དགོས་ཟེར།
  • རིག་འཛིན་སྒྲོལ་མ།
    ངས་རང་ཉིད་ངོ་ཚ་བོ་འདུག ངེས་པར་དུ་ལེན་དགོས་ན་ངའི་ཁང་བའི་ནང་ནས་ལེན།
  • རིག་འཛིན་སྒྲོལ་མ།
    ཁྱེད་ཚོས་ཕྱི་རོལ་ནས་ཉོན་ཞེས་བཤད།
  • རིག་འཛིན་སྒྲོལ་མ།
    དེ་ནས་ང་ནང་ལ་སོང་ནས་གླུ་བླངས།
  • རྒྱལ་མཚན།
    དམངས་གླུ་འེ་རེད།
  • རིག་འཛིན་སྒྲོལ་མ།
    རེད། དམངས་གླུ་རེད།
  • རིག་འཛིན་སྒྲོལ་མ།
    རྒྱུན་པར་རང་གིས་ཨ་ཕ་ཨ་མའི་མདུན་ནས་ཀྱང་གླུ་ལེན་མ་མྱོང་།
  • རིག་འཛིན་སྒྲོལ་མ།
    དེ་དུས་མི་ཧ་ཅང་མང་གི ཤང་གཉིས་ཀྱི་མི་འདུས་ཡོད།
  • རིག་འཛིན་སྒྲོལ་མ།
    རང་ཉིད་ངོ་ཆུང་བའི་སྟབས་ཀྱིའི་ཁང་པའི་ནང་ནས་གླུ་བླངས་པ་ཡིན།
  • རིག་འཛིན་སྒྲོལ་མ།
    དེ་ནས་གླུ་ཞིག་བླངས་དུས་ཁོ་ཚོས། ད་ཕར་ཆེར་ཁྱོད་སོང་ན་འགྲིག་རྒྱུ་རེད་ཟེར།
  • རིག་འཛིན་སྒྲོལ་མ།
    ཁོ་ཚོས་བཤད་རྒྱུར་ད་ཁྱོད་ཕ་ཡུལ་ལ་སོང་དང་།
  • རིག་འཛིན་སྒྲོལ་མ།
    དེ་དུས་ཕར་ཆེར་ཁ་པར་དར་མེད།
  • རིག་འཛིན་སྒྲོལ་མ།
    ཕ་ཡུལ་ན་ཕར་ཆེར་གློག་ཡང་མེད།
  • རིག་འཛིན་སྒྲོལ་མ།
    དེ་རྗེས་ཕར་ཆེར་ཟླ་བ་གཅིག་ཙམ་ཞིག་འགོར་དུས།
  • རིག་འཛིན་སྒྲོལ་མ།
    ཤང་ཐོག་གི་མི་ཞིག་བརྡ་གཏོང་གི་ཡོང་ནས།
  • རིག་འཛིན་སྒྲོལ་མ།
    ད་ཁྱོད་རྫོང་ཐོག་ལ་འགྲོ་རན་གི་ཟེར།
  • རིག་འཛིན་སྒྲོལ་མ།
    རང་ཉིད་ལ་མཚོན་ན་རྫོང་ཐོག་ལ་ཐེངས་གཅིག་ཀྱང་འགྲོ་མ་མྱོངས།
  • རིག་འཛིན་སྒྲོལ་མ།
    དེ་ནས་འཕྲུལ་རྟ་ཞིག་ལ་ཞོན་ནས་རྫོང་ཐོག་ལ་སོང་བ་ཡིན།
  • རིག་འཛིན་སྒྲོལ་མ།
    ཕ་ཡུལ་ནས་རྫོང་བར་ལ་བར་ཐག་ཧ་ཅང་རང་གི
  • རིག་འཛིན་སྒྲོལ་མ།
    ཕར་ཆེར་རི་འགོ་བརྒྱུད་ནས་འགྲོ་དགོས།
  • རྒྱལ་མཚན།
    ཕ་ཡུལ་ནས་རྫོང་བར་ལ་སྤྱི་ལེ་ག་ཚོད་ཡོད།
  • རིག་འཛིན་སྒྲོལ་མ།
    སྤྱི་ལེ་ཕར་ཆེར་བརྒྱ་དང་བཞི་བཅུ་ཡས་མས་ཞིག་ཡོད་རྒྱུ་རེད།
  • རིག་འཛིན་སྒྲོལ་མ།
    ངའི་ཕ་ཡུལ་གྱི་ལམ་ཧ་ཅང་གི་ཀྱག་ཀྱོག་ཞིག་ཡིན་པ་མ་ཟད་རྫ་མགོ་མང་བོ་བརྒྱུད་དགོས།
  • རིག་འཛིན་སྒྲོལ་མ།
    དེ་དུས་ཕར་ཆེར་ཟླ་གསུམ་པ་ཡས་མས་ཞིག་ཡིན་རྒྱུ་རེད། ཞིང་འདེབས་བཞིན་པའི་སྐབས་ཞིག་རེད།
  • རིག་འཛིན་སྒྲོལ་མ།
    འཕྲུལ་རྟའི་སྟེང་གི་གྲང་ངར་ཡང་ཧ་ཅང་ཆེ་བོ་འདུག
  • རིག་འཛིན་སྒྲོལ་མ།
    དེ་དུས་ཞིང་ཆེན་རེ་ལ་གླུ་བ་གསུམ་ཡས་མས་ཞིག་ལས་དགོས་པ་མ་རེད།
  • རྒྱལ་མཚན།
    འོ་རེད་རེད།
  • རིག་འཛིན་སྒྲོལ་མ།
    དེ་ནས་འགྲན་ཚོགས་སུ་ཞུགས་པའི་གླུ་བ་རྣམས་གྱིས་བླངས་ནས་འགོ་ཁྲིད་རྣམ་པས་ཉན་ནས་རིམ་བཞིན་ངས་ཡང་གླུ་ཞིག་བླངས།
  • རིག་འཛིན་སྒྲོལ་མ།
    དམངས་ཁྲོད་ཀྱི་གླུ་ཞིག་བླངས་དུས།
  • རིག་འཛིན་སྒྲོལ་མ།
    འགོ་ཁྲིད་རྣམས་ཀྱིས་ཁྱོད་ཀྱིས་རྒྱ་སྐད་ཀྱིས་ལེན་འེ་ཤེས་ཟེར།
  • རིག་འཛིན་སྒྲོལ་མ།
    ངས་རྒྱ་སྐད་གཅིག་ཀྱང་བཤད་མི་ཤེས།
  • རིག་འཛིན་སྒྲོལ་མ།
    འོན་ཀྱང་དེ་དུས་སྒྲ་བསྡུད་འཕྲུལ་ཆས་ལ་ཉན་པའི་སྟབས་ཀྱིས་གཅིག་གཉིས་རེ་ལེན་ཤེས།
  • རིག་འཛིན་སྒྲོལ་མ།
    དེ་ནས་ངས་ལེན་ཤེས་ཞེས་བཤད།
  • རིག་འཛིན་སྒྲོལ་མ།
    དེས་ན་ཁྱོད་ཀྱིས་ལོངས་ཟེར།
  • རིག་འཛིན་སྒྲོལ་མ།
    དེ་ནས་ངས་གླུ་ཞིག་བླངས་དུས་འགོ་བ་རྣམས་ལ་རང་བཞིན་གྱིས་ངོ་གདུང་ནས་མིག་ཆུ་འཐོར་སོང་།
  • རིག་འཛིན་སྒྲོལ་མ།
    འོ་འོ། འདི་ཚོ་འདི་འདྲའི་ལྷད་མ་འདྲེས་པའི་སྐད་སྙན་མོ་ཞིག་འདུག་ཟེར།
  • རིག་འཛིན་སྒྲོལ་མ།
    ད་ཁྱོད་འགྲན་ཚོགས་ལ་འགྲོ་དགོས་པ་རེད་ཟེར། ངས་འོ་ཡ་ཞེས་ལན་བཏབས།
  • རིག་འཛིན་སྒྲོལ་མ།
    དེ་ནས་ཡང་གཟའ་འཁོར་གཅིག་ཙམ་ཞིག་ལ་བསྒུགས།
  • རིག་འཛིན་སྒྲོལ་མ།
    དེ་རྗེས་ཀོང་ཞི་ནན་ནེན་ལ་སོང་།
  • རིག་འཛིན་སྒྲོལ་མ།
    དེ་དུས་དངོས་གནས་གར་སྟེགས་མཐོང་མ་མྱོངས་ལ།
  • རིག་འཛིན་སྒྲོལ་མ།
    སྐད་སྦུག་ཀྱང་མཐོང་མ་མྱོངས།
  • རིག་འཛིན་སྒྲོལ་མ།
    དེ་ནས་ང་ཚོ་རྫོང་ནས་ཡོང་དུས། ང་ཚོ་ཧོར་གྱི་རྫོང་རེད།
  • རིག་འཛིན་སྒྲོལ་མ།
    གོས་ལ་སོགས་པ་རྫོང་གིས་གྲ་སྒྲིག་བྱས་ཡོད།
  • རིག་འཛིན་སྒྲོལ་མ།
    ཁོ་ཚོས་བཤད་པར་བོད་ལྭ་གྱོན་མི་ཆོག་ཟེར།
  • རིག་འཛིན་སྒྲོལ་མ།
    དེ་ན་འོ་ཡ་ཞེས་ལན་བཏབས།
  • རིག་འཛིན་སྒྲོལ་མ།
    རང་གི་འདང་ཞིག་བརྒྱབས་ནས་འདི་གོ་སྐབས་ཞིག་རེད་བསམ།
  • རིག་འཛིན་སྒྲོལ་མ།
    དེ་ནས་སྲིད་གཞུང་གི་ཧོར་གོས་ཞིག་སྤྲད་སོང་། ཧོར་གོས་རིགས་གཉིས་སྤྲད།
  • རིག་འཛིན་སྒྲོལ་མ།
    དེ་ནས་ཧོར་གྱི་གླུ་ཞིག གླུ་འདི་གསར་དུ་བརྩམས་པའི་གླུ་ཞིག་རེད།
  • རིག་འཛིན་སྒྲོལ་མ།
    གླུ་འདི་རྒྱ་སྐད་ཀྱིས་ལེན་དགོས། གླུ་འདི་ཆེས་ཐོག་མར་བོད་ཀྱི་གླུ་མ་ཞིག་གིས་བླངས་པའི་གླུ་ཞིག་རེད།
  • རིག་འཛིན་སྒྲོལ་མ།
    ལེན་མཁན་གྱི་གླུ་མ་འདི་ཧ་ཅང་ཕུལ་བྱུང་ཞིག་མ་ཡིན་པའི་སྟབས་ཀྱིས། གླུ་འདི་སྐད་དང་དབྱངས་སོགས་ཀྱི་ཕྱོགས་ནས་དཀའ་ཁག་ཆེན་པོ་མི་འདུག
  • རིག་འཛིན་སྒྲོལ་མ།
    དེ་ནས་ང་ཚོ་འགྲོ་དུས་མེ་འཁོར་ལ་བསྡད་ནས་སོང་བ་ཡིན།
  • རིག་འཛིན་སྒྲོལ་མ།
    ལམ་བར་དུ་སྒྲ་སྡུད་འཕྲུལ་ཆས་ཆུང་ཆུང་ཞིག་དང་སྒྲ་ཐག་ཞིག་སྤྲད་ནས།
  • རིག་འཛིན་སྒྲོལ་མ།
    འདིའི་ནང་གི་གླུ་འདི་སྦྱངས་ནས་ལེན་དགོས་པ་རེད་ཟེར།
  • རིག་འཛིན་སྒྲོལ་མ།
    དེ་དུས་ལོ་ཆུང་བ་དང་དགའ་བའི་སྟབས་ཀྱིས་གླུ་ཚིག་བློར་འཛིན་པ་ཧ་ཅང་སླ་བོ་འདུག
  • རིག་འཛིན་སྒྲོལ་མ།
    དེ་ནས་མེ་འཁོར་ནང་གི་གླུ་ཚིག་ལ་ཐེངས་གཉིས་ཙམ་ལས་མ་ཉན།
  • རིག་འཛིན་སྒྲོལ་མ།
    མེ་འཁོར་ལ་བསྡད་པ་ཐེངས་དང་པོ་ཡིན་སྟབས་ཅུང་ངལ་བོ་འདུག
  • རིག་འཛིན་སྒྲོལ་མ།
    སང་ཉིན་སྔ་དྲོ་གླུ་འདི་ལེན་རན་པ་ཡིན།
  • རིག་འཛིན་སྒྲོལ་མ།
    དེའི་སྟབས་ཀྱིས་དགོང་མོ་གླུ་ལ་ཉན་ཁུལ་བྱས།
  • རིག་འཛིན་སྒྲོལ་མ།
    གླུའི་ནང་དོན་མ་གོ་ཡང་ཉན་ཁུལ་བྱས་པ་ཡིན། གླུ་ལ་ལད་མོ་བྱས་ནས་ཉན་དེ།
  • རིག་འཛིན་སྒྲོལ་མ།
    གླུ་ཚིག་མི་ཤེས་པ་རྣམས་ལ་བོད་ཡིག་གི་སྒྲ་ཙམ་གྱི་རྟགས་རེ་བྱས་ནས་ཉན་པ་ཡིན།
  • རིག་འཛིན་སྒྲོལ་མ།
    དེ་ནས་ཕྱི་ཉིན་ཐོན་ནས་གླུ་བླངས་པ་ཡིན། གླུ་ཐེངས་གསུམ་ལ་ལེན་དགོས།
  • རིག་འཛིན་སྒྲོལ་མ།
    ཐེངས་དང་བོ་དང་གཉིས་པ་འདོད་པ་ལྟར་ཞིག་ལེན་ཐུབ་སོང།
  • རིག་འཛིན་སྒྲོལ་མ།
    དེ་དུས་དགེ་རྒན་རྣམས་ཀྱིས་བཤད་རྒྱུུར། ཁྱོད་ཀྱིས་ལེགས་པོ་ལོངས་དང་ཕར་ཆེར་ཁྱོད་དང་པོ་ཡིན་རྒྱུ་རེད་ཟེར།
  • རིག་འཛིན་སྒྲོལ་མ།
    སྐབས་དེར་རང་ཉིད་ལ་སྐྲག་སྣང་ཅུང་འདུག
  • རིག་འཛིན་སྒྲོལ་མ།
    སྔ་དྲོ་སེམས་ཁུར་བྱས་ནས། ད་ཕྱི་དྲོ་ངས་གླུ་ཅི་ལྟར་ལེན། མི་མང་བོ་ཡོད་ན་རང་ཉིད་སྐྲག་ངེས་བསམ།
  • རིག་འཛིན་སྒྲོལ་མ།
    སྐབས་སུ་བབས་དུས་དགོང་མོ་ཡིན་ལ། གར་སྟེགས་སྟེང་ལ་གློག་ཡོད་པའི་ལྟད་མོ་བ་རྣམས་གཅིག་ཀྱང་མི་མཐོང་བའི་སྐྲག་སྣང་ཅི་ཡང་མི་འདུག
  • རྒྱལ་མཚན།
    རེད་རེད།
  • རིག་འཛིན་སྒྲོལ་མ།
    སྐབས་དེར་ཨང་དང་པོ་མ་ཐོབ་ལ་གཉིས་པ་ཐོབ་སོང་།
  • རྒྱལ་མཚན།
    རེད་རེད། སྐབས་དེར་ཁྱེད་ཀྱི་མེ་འཁོར་ནང་གི་སྦྱངས་བ་འེ་རེད།
  • རིག་འཛིན་སྒྲོལ་མ།
    རེད། ལམ་བར་ནས་ཉན་པ་རེད། དེ་དུས་ལོ་ཆུང་བའི་སྟབས་ཀྱིས་བློ་འཛིན་ཅུང་བཟང་གི
  • རྒྱལ་མཚན།
    རེད། དེ་ཁྱོད་ལ་རོལ་མོའི་ཕྱོགས་ཀྱི་ཤེས་རབ་དེ་བཟང་བས་རེད།
  • རྒྱལ་མཚན།
    གཞན་པ་ལོ་ཆུང་ན་ཡང་མེ་འཁོར་ནང་གི་ཐེངས་འགའ་ལ་སྦྱངས་པ་ཙམ་གྱིས་དེ་འདྲ་ལེན་རྒྱུ་དཀའ་མོ་ཡིན་པ་རེད།
  • རིག་འཛིན་སྒྲོལ་མ།
    ཆུང་དུས་གླད་པ་ཅུང་མྱུར་བོ་འདུག དེ་དུས་ཕར་ཆེར་ལོ་ཆུང་བའི་སྟབས་ཀྱིས་ཡིན་རྒྱུ་རེད།
  • རིག་འཛིན་སྒྲོལ་མ།
    དེའི་སྐབས་སུ་སྒྲ་བསྡུད་འཕྲུལ་ཆས་ལ་ཉན་ན། རང་ཉིད་དགའ་སའི་གླུ་རེ་ཡིན་ན་ཐེངས་གཅིག་ལ་ཉན་དུས་ཕར་ཆེར་བློར་འཛིན་ཐུབ་གི
  • རྒྱལ་མཚན།
    དེ་ད་ཁྱོད་རང་ཉིད་ལ་རོལ་མོའི་ལྷན་སྐྱེས་ཞིག་ཡོད་པའི་སྟབས་ཀྱིས་རེད།
  • རྒྱལ་མཚན།
    སྤྱིར་བཏང་གི་རོལ་མོའི་ཤེས་རབ་མེད་པའི་མི་ཞིག་ལ་མཚོན་ན།
  • རྒྱལ་མཚན།
    ཐེངས་མང་པོ་བླངས་ན་ཡང་དེ་འདྲའི་འགྲིག་པོ་ཞིག་ལེན་མི་ཐུབ་གི
  • རིག་འཛིན་སྒྲོལ་མ།
    ད་རེད་རེད། ད་འདི་ཕར་ཆེར་རྒྱུ་རྩལ་དེའི་ཕྱོགས་སུ་དགའ་བའི་སྟབས་ཀྱིས་ཡིན་རྒྱུ་རེད།
  • རྒྱལ་མཚན།
    རེད་རེད། གཙོ་བོ་དེ་རེད།
  • རིག་འཛིན་སྒྲོལ་མ།
    དེ་འདྲ་ཞིག་རེད། དེ་ནས་ད་ཕྱིར་ལ་ཡོང་ནི། བྱ་དགའ་ཨང་གཉིས་པ་ལོན་སོང་།
  • རྒྱལ་མཚན།
    རེད་རེད། དེའི་བྱ་དགའ་ཨང་གཉིས་པ་དེ་རྒྱལ་ཡོངས་ཀྱི་འེ་རེད།
  • རིག་འཛིན་སྒྲོལ་མ།
    རེད། རྒྱལ་ཡོངས་ཀྱི་རེད།
  • རིག་འཛིན་སྒྲོལ་མ།
    དེ་དུས་ངས་གར་སྟེགས་སྟེང་ནས་རྒྱན་གོས་གྱོན་མ་ཤེས། ཧོར་གྱི་གྱོན་པ་བདག་གིས་མཐོང་ཡང་མ་མྱོངས།
  • རིག་འཛིན་སྒྲོལ་མ།
    ངའི་ཕ་ཡུལ་ན་བོད་རྐྱང་བ་ལས་ཧོར་ཞིག་ག་ལ་ཡོད།
  • རིག་འཛིན་སྒྲོལ་མ།
    དེ་ནས་ཁ་པར་བཏང་ནས་ཧོར་གྱི་གོས་གྱོན་ཚུལ་དྲིས།
  • རིག་འཛིན་སྒྲོལ་མ།
    དེ་ནས་ཕར་ཆེར་ཉིན་ཉི་ཤུ་ཙམ་ཞིག་ལ་བསྡད་སོང་།
  • རིག་འཛིན་སྒྲོལ་མ།
    གཅིག་ནས་གོས་གྱོན་མི་ཤེས་པ་དང་། གར་སྟེགས་སྟེང་གི་ལྷམ་ལ་སོགས་པར་ཉམས་འཇོག་བྱེད་དགོས།
  • རིག་འཛིན་སྒྲོལ་མ།
    གོས་གྱོན་ཚུལ་མ་འགྲིག་ན་ཡང་སྐར་མ་མི་ཐོབ་གི
  • རིག་འཛིན་སྒྲོལ་མ།
    ཉིན་གང་བོ་ཞིག་ལ་གོས་གྱོན་ཚུལ་མ་འགྲིག་ནས།
  • རིག་འཛིན་སྒྲོལ་མ།
    དགེ་རྒན་རྣམས་ཀྱིས་བདག་ལ།
  • རིག་འཛིན་སྒྲོལ་མ།
    ཁྱོད་གར་སྟེགས་སྟེང་ལ་འགྲོ་འེ་མྱོངས་ཟེར།
  • རིག་འཛིན་སྒྲོལ་མ།
    ངས་མ་མྱོངས་ཞེས་ལན་བཏབས།
  • རིག་འཛིན་སྒྲོལ་མ།
    དེ་ནས་ཁོ་ཚོས་ཁྱོད་ཀྱི་ལྷམ་མི་འགྲིག་གི་ཟེར།
  • རིག་འཛིན་སྒྲོལ་མ།
    ངའི་དབྱར་ལྷམ་ཞིག་གྱོན་ཡོད།
  • རིག་འཛིན་སྒྲོལ་མ།
    ཁྱོད་ཀྱི་ལྷམ་གྱི་ཆེ་ཆུང་དང་གཟུགས་ཀྱི་རིང་ཚད་སོགས་ཤོད་དང་།
  • རིག་འཛིན་སྒྲོལ་མ།
    ཁྱོད་ཀྱིས་མི་ཤེས་ན་ང་ཚོ་སོང་ནས་ཉོས་ཡོང་ཟེར།
  • རིག་འཛིན་སྒྲོལ་མ།
    དེའི་ཕྱི་ཉིན་དགེ་རྒན་བཀོད་སྒྲིག་བྱེད་མཁན་རྣམས་ཀྱིས་བདག་ལ་གྱོན་གོས་མང་བོ་ཞིག་ཉོས་ཡོང་།
  • རིག་འཛིན་སྒྲོལ་མ།
    ཁོ་ཚོས་སྐད་ཆ་བཤད་པའི་བརྒྱ་ཆ་ལྔ་བཅུ་དྲུག་ཅུ་ཙམ་ལས་གོ་མི་ཐུབ་གི
  • རིག་འཛིན་སྒྲོལ་མ།
    ངས་བཤད་པ་ཁོ་ཚོའི་ཕར་ཆེར་གོ་མི་ཐུབ་གི
  • རིག་འཛིན་སྒྲོལ་མ།
    ཕར་ཆེར་ང་དེ་ནས་གཟའ་འཁོར་གཉིས་ཙམ་ཞིག་ལ་བསྡད་སོང་།
  • རིག་འཛིན་སྒྲོལ་མ།
    འོན་ཀྱང་ངས་དེ་ནས་སྐད་ཆ་མང་བོ་བཤད་མ་ཐུབ།
  • རིག་འཛིན་སྒྲོལ་མ།
    སྐད་བཤད་ན་ཚིག་གི་དོན་མི་གོ
  • རྒྱལ་མཚན།
    བཀང་ཤེས་ནན་ནེན་གྱི་རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་ཀྱི་དམངས་ཁྲོད་ཀྱི་གླུ་དབྱངས་འགྲན་བསྡུར་འདི། ཁྱོད་ཀྱི་གླུའི་གར་སྟེགས་ཀྱི་ཐེངས་དང་བོ་འེ་རེད།
  • རིག་འཛིན་སྒྲོལ་མ།
    རེད། ཐེགས་དང་བོ་རེད།
  • རྒྱལ་མཚན།
    དེའི་རྗེས་སུ་། དཔེ་ལྟར་ན། གོམ་པ་རིམ་པ་གཉིས་པ་དེ་གང་རེད།
  • རིག་འཛིན་སྒྲོལ་མ།
    དེ་ནས་ནན་ནེན་ནས་ཁྱོད་ཕྱིར་ལ་མ་སོང་ན་འེ་ཆོག དེ་ན་ཆ་རྐྱེན་ཚང་མ་འཛོམས་པ་རེད་ཟེར།
  • རྒྱལ་མཚན།
    རྫོང་ཐོག་གི་གླུ་གར་ཚོགས་པའམ་ཟླུས་གར་ཚོགས་པ་འེ་རེད།
  • རིག་འཛིན་སྒྲོལ་མ།
    མ་རེད། ནན་ནེན་ཞིང་ཆེན་གྱི་གླུ་གར་ཚོགས་པ་རེད།
  • རིག་འཛིན་སྒྲོལ་མ།
    ཁོ་ཚོས་ཁྱོད་ཀྱིས་རྒྱ་ཡིག་རྒྱ་སྐད་སྦྱངས་བ་དང་འདུག་གནས་སོགས་སུ་ཆ་རྐྱེན་འཛོམས་པོ་ཡིན།
  • རིག་འཛིན་སྒྲོལ་མ།
    ཁྱོད་མ་སོང་ན་ཅི་འདྲ་རེད། བསྡད་ཆོག་ན་ཆ་རྐྱེན་ཅི་དགོས་ལ་ང་ཚོས་རོགས་བྱེད་ཟེར། ཁོ་ཚོས་དེ་འདྲ་བཤད་ཀྱང་།
  • རིག་འཛིན་སྒྲོལ་མ།
    ང་འདུག་ཡུན་རིང་བས་ཕ་ཡུལ་དྲན་གི སྐད་ཆ་མི་འཕྲོད་པ་ལས་གཞན་ཟ་མ་ཡང་མ་འཕྲོད་པ་དང་ཚ་གྲང་ཆེན་པོ་འདུག
  • རྒྱལ་མཚན།
    རེད། སྐད་ཆ་མི་འཕྲོད་པ། ཟ་མ་མི་མི་འཕྲོད་པ། ཚ་གྲངས་མི་འཕྲོད་པ། ཚང་མ་མི་འཕྲོད་གི
  • རིག་འཛིན་སྒྲོལ་མ།
    དེ་ནས་ཧ་ཅང་གི་སྡུག་བསྔལ་ཡོད་འདོད་སོང།
  • རྒྱལ་མཚན།
    དེ་ཡིན་རྒྱུ་རེད། དེ་ལོ་ཆུང་བའི་སྟབས་ཀྱིས་ཡིན་པ་རེད།
  • རིག་འཛིན་སྒྲོལ་མ།
    དེ་ནས་མ་བསྡད་པར་ཕྱིར་ཕ་ཡུལ་ལ་ཐོན་ཡོང་།
  • རིག་འཛིན་སྒྲོལ་མ།
    ཕྱིར་མཚོ་སྔོན་ལ་ཐོན་དུས་མཚོ་སྔོན་གྱི་འགོ་བ་རྣམས་ཀྱང་ཧ་ཅང་དགའ་སོང་།
  • རིག་འཛིན་སྒྲོལ་མ།
    རྫོང་ཐོག་ནས་བྱ་བ་རེ་ལས་ཟེར།
  • རིག་འཛིན་སྒྲོལ་མ།
    ཡིན་ཡང་རང་གི་ཕྱིར་ཕ་ཡུལ་ལ་སོང་ནས་ཕ་མ་རྣམས་ལ་གྲོས་རེ་མ་བྱས་ན། རང་གིས་ལས་འདོད་པ་ཡིན་ཡང་།
  • རིག་འཛིན་སྒྲོལ་མ།
    ཕྱོགས་གང་ཐད་ནས་གྲོས་མོལ་རེ་མ་བྱས་ན་དཀའ་མོ་ཡིན་རྒྱུ་རེད།
  • རིག་འཛིན་སྒྲོལ་མ།
    རང་གི་བོད་ཡིག་ལས་རྒྱ་ཡིག་ཡང་མི་ཤེས།
  • རིག་འཛིན་སྒྲོལ་མ།
    ང་ཚོའི་རྫོང་ལ་མཚོན་ན་རྒྱ་མང་བོ་རེད། བོད་ཉུང་ཤོས་རེད། བོད་ཡིག་བཀོལ་སྤྱོད་བྱེད་ས་མེད།
  • རིག་འཛིན་སྒྲོལ་མ།
    དེ་འདྲ་ཡིན་ན་འདི་ནས་ལས་ཀ་ལས་ན་དཀའ་ཁག་ཡོད་པ་རེད་འདོད་གི དེ་ནས་ཡུལ་ལ་སོང་ནས་གྲོས་མོལ་རེ་བྱས།
  • རིག་འཛིན་སྒྲོལ་མ།
    ཨ་མ་ཅུང་འཐད་པ་རེད། ཨ་ཕ་ཆེན་པོ་མི་འཐད་གི
  • རིག་འཛིན་སྒྲོལ་མ།
    ཨ་ཕས་ཁྱོད་སོང་ན་དཀའ་རྒྱུ་རེད། སོང་ན་ཁྱོད་རང་གི་ཁ་གསོ་ཐུབ་དཀའ་རྒྱུ་རེད་ཟེར། གལ་ཏེ་ཁྱོད་དེར་སོང་ནས་ལས་ཀ་མ་ཐུབ་པར་ཕྱིར་ལ་ཡོང་དགོས་བྱུང་ན།
  • རིག་འཛིན་སྒྲོལ་མ།
    སྡེ་བའི་མདུན་དུ་ངོ་རེ་ཚ། ཁྱོད་རང་ཉིད་ལ་ཡང་སྡུག་བཟོས་པ་རེད་འདོད་གི
  • རིག་འཛིན་སྒྲོལ་མ།
    ཁྱོད་རང་གིས་བསམ་བློ་ཐོངས།
  • རིག་འཛིན་སྒྲོལ་མ།
    བུད་མེད་རྣམས་ནར་སོན་དུས་གནས་ལ་འགྲོ་དགོས་པ་སྲོལ་རྒྱུན་རེད།
  • རྒྱལ་མཚན།
    རེད་རེད།
  • རིག་འཛིན་སྒྲོལ་མ།
    དེ་རྒྱུན་ལྡན་གྱི་བྱ་བ་རེད།
  • རིག་འཛིན་སྒྲོལ་མ།
    ཡིན་ཡང་ཁྱོད་ཀྱི་ལས་ཀ་དེ་གཞན་པ་ཚང་མས་མཐོང་བ་རེད།
  • རིག་འཛིན་སྒྲོལ་མ།
    ཁྱོད་ཀྱི་ལས་ཀ་ལེགས་པོར་བསྒྲུབས་ཐུབ་ན་འགྲིག་པ་རེད།
  • རིག་འཛིན་སྒྲོལ་མ།
    འོན་ཀྱང་མ་འགྲུབ་ན་ཕྱིར་ལ་ཡོང་ཚུལ་མེད་ལ། དེ་ནས་བསྡད་ན་རང་ལ་སྡུག་འཁུར་བ་རེད།
  • རིག་འཛིན་སྒྲོལ་མ།
    དེ་འདྲའི་གནས་སུ་སོང་ན་ཧ་ཅང་དཀའ་བོ་འདུག
  • རིག་འཛིན་སྒྲོལ་མ།
    རང་གིས་བསམ་བློ་ཐོངས་ཟེར།
  • རིག་འཛིན་སྒྲོལ་མ།
    དེ་འདྲ་བྱས་ནས་ཕར་ཆེར་ཟླ་བ་གཅིག་གཉིས་ཙམ་ཞིག་ལ་བསྡད་སོང་།
  • རིག་འཛིན་སྒྲོལ་མ།
    རྫོང་ཐོག་གི་ཡང་ཁྱོད་ལ་རྒྱ་སྐད་སློབ་པའི་ཕྱོགས་སུ་གྲ་སྒྲིག་ལེགས་པོ་བྱས་ཆོག
  • རིག་འཛིན་སྒྲོལ་མ།
    རྫོང་ཐོག་འདི་ནས་མིང་གྲགས་པ་ཁྱོད་ལྟ་བུ་མེད་པས་ཁྱེད་ཀྱི་རང་རྫོང་ནས་བྱ་བ་མ་ལས་ན་ཁོ་ཚོའི་སེམས་ཡང་བདེ་མོ་མིན་ཚུལ་བཤད།
  • རིག་འཛིན་སྒྲོལ་མ།
    རྒྱལ་ཁབ་རིམ་པའི་འདི་ལྟ་བའི་བྱ་དགའ་རེ་ཐོབས་ཐུབ་པ་ལས་སླ་མོ་མིན་པས།
  • རིག་འཛིན་སྒྲོལ་མ།
    ཁྱོད་ཀྱིས་རང་རྫོང་ནས་བྱ་བ་ལས་རྒྱུ་དེ་ཁོ་ཚོའི་རེ་བ་ཡིན་ཟེར།
  • རིག་འཛིན་སྒྲོལ་མ།
    དེ་ནས་ཨ་ཕས་དེས་ན་ཁྱོད་ཀྱིས་ལོ་གཉིས་ཙམ་ཞིག་ལ་ཚོད་ལྟ་ཞིག་བྱས་ཟེར།
  • རིག་འཛིན་སྒྲོལ་མ།
    དེ་ནས་བཟུང་ངས་རྫོང་ཐོག་ལ་སོང་ནས་བྱ་བ་ལས་པ་ཡིན།
  • རྒྱལ་མཚན།
    རྫོང་ཐོག་གི་རིག་གནས་ཅུས་ནས་བྱ་བ་ལས་པ་ཡིན། དེ་དུས་ཟློས་གར་ཚོགས་པ་སོགས་མེད།
  • རིག་འཛིན་སྒྲོལ་མ།
    དེ་ནས་བྲོ་སྦྱངས་བ་དང་གླུ་བ་སོགས་ལོ་ཉུང་གི་སྐོར་བཅོ་ལྔ་བཅུ་དྲུག་ཞིག་ཡོད།
  • རིག་འཛིན་སྒྲོལ་མ།
    རང་གི་དམངས་ཁྲོད་ཀྱི་གླུ་ལས་གཞན་པའི་གླུ་ལེན་མི་ཤེས།
  • རིག་འཛིན་སྒྲོལ་མ།
    དེ་ནས་རོལ་དབྱངས་ཀྱི་ཕྱོགས་ནས་ཡང་མི་ཤེས།
  • རིག་འཛིན་སྒྲོལ་མ།
    སྐབས་དེར་དངོས་གནས་བཤད་ན་རྒྱུ་རྩལ་རིག་གནས་ཞེས་པ་དེ་ངས་རྩ་བ་ནས་མ་ཤེས། དམངས་ཁྲོད་ཀྱི་གླུ་འགའ་ཞིག་ལེན་པ་ལས་གཞན་པ་ཅི་ཡང་མི་ཤེས།
  • རིག་འཛིན་སྒྲོལ་མ།
    སེམས་ལྷོད་ཀྱི་མདང་ཞིག་བརྒྱབས་དུས། རང་ལ་སེམས་ཁུར་ཞིག་འདུག ཨ་ཕའི་བཤད་པ་ལྟར་ཕྱིར་ལ་འགྲོ་མ་དགོས་པ་བདེ་བ་ཡིན་ཀྱང་། འདི་ལྟར་ཉིན་བཞིན་གཞན་པའི་ཁ་ལ་བལྟ་དགོས་ན་དཀའ་རྒྱུ་རེད་འདོད་གི
  • རིག་འཛིན་སྒྲོལ་མ།
    ད་རང་གི་ཤེས་ཀྱང་མ་ཤེས་ཀྱང་རྒྱ་ཡིག་རེ་སྦྱངས་དགོས་རྒྱུ་རེད་བསམ་སོང་། དེ་ནས་ད་རྒྱ་ཡིག་སྦྱངས་བ་ཡིན།
  • རིག་འཛིན་སྒྲོལ་མ།
    སྔ་མོ་ཆུ་ཚོད་བཞི་དང་ལྔ་ཙམ་ནས་ཡར་ལངས་ནས་ཆུ་ཚོད་བརྒྱད་དང་ཕྱེད་ཀྱི་ཐོག་ནས་གཞུང་ལས་ཁང་དུ་སྦྱོང་བརྡར་བྱས་ནས་མཉམ་དུ་འགྲོ་དགོས་པ་རེད།
  • རིག་འཛིན་སྒྲོལ་མ།
    ནངས་ཇ་མ་འཐུང་སྔོན་ལ་དཔེ་ཆར་བལྟས་པ་ཡིན། དགོང་མོ་ཆུ་ཚོད་བཅུ་ཉིས་ནས་གཅིག་བར་ལ་བལྟས།
  • རྒྱལ་མཚན།
    ཁྱེད་ཀྱི་རྒྱ་ཡིག་སྦྱངས་པའི་སྐབས་སུ་ཆེད་དུ་དགེ་རྒན་འེ་བསྟེན།
  • རིག་འཛིན་སྒྲོལ་མ།
    དགེ་རྒན་མ་བསྟེན། ང་དང་ལྷན་དུ་ཡོད་པ་རྣམས་ཡང་ཆེའི་སྦྱངས་ཚད་དམའ་ཤོས་ཡང་མཐོ་རིམ་མཐར་ཕྱིན་རེད།
  • རིག་འཛིན་སྒྲོལ་མ།
    ང་འདྲ་བོ་ཞིག་ལ་ཁྲིད་པ་སླ་བོ་རེད།
  • རྒྱལ་མཚན།
    ད་ཁྱོད་ཀྱི་དགེ་རྒན་རེད ང་འདྲི་བ་ལ་ཧ་ཅང་དགའ་བས་གམ་དུ་སུ་ཡོད་ན་དེ་ལ་དྲིས་པ་ཡིན་། ངོ་ཚ་ཅི་ཡང་མི་འདུག ཁྲིད་མཁན་རྣམས་ཡང་ལེགས་པོར་དྲིས་ན་ལེགས་པོར་ཁྲིད།
  • རིག་འཛིན་སྒྲོལ་མ།
    དེ་འདྲ་བྱས་ནས་རྫོང་ཐོག་གི་ལོ་གཉིས་ཙམ་ཞིག་ལ་བསྡད།
  • རིག་འཛིན་སྒྲོལ་མ།
    ཡང་དེ་ནས་བསྡད་ན་འདུག་མི་ཐུབ་གི།
  • རིག་འཛིན་སྒྲོལ་མ།
    ཆུང་དུས་རང་གི་བོད་ཡིག་སྦྱངས་བས་བོད་ཀྱི་སྲོལ་རྒྱུན་རིག་གནས་ཙུང་ཙམ་ཤེས།
  • རིག་འཛིན་སྒྲོལ་མ།
    ཡུལ་དེར་བོད་གླུ་བླངས་ན་དེ་འདྲ་མི་འཕྲོད་པ་རེད།
  • རིག་འཛིན་སྒྲོལ་མ།
    བོད་སྐད་ཤེས་མཁན་ཉུང་བས་བོད་གླུ་བླངས་ན་དེ་འདྲ་མི་འཕྲོད།
  • རིག་འཛིན་སྒྲོལ་མ།
    རང་ཉིད་བོད་ཞིག་ཡིན་པའི་ཆ་ནས་བོད་གླུ་ཞིག་ལེན་མ་ཐུབ་ན་དེ་འདྲའི་སེམས་བདེ་མོ་ཞིག་མི་འདུག
  • རིག་འཛིན་སྒྲོལ་མ།
    གཅིག་ནས་རང་གི་ཤེས་པ་དེ་ལེན་མ་ཐུབ་ན་དཀའ་མོ་ཞིག་རེད།
  • རིག་འཛིན་སྒྲོལ་མ།
    གཉིས་ནས་གཞན་པའི་རྗེས་སུ་སོང་ནས་སྦྱངས་དགོས་པ་དེ་ཡང་ཞེ་བདེ་མོ་ཞིག་མ་རེད།
  • རིག་འཛིན་སྒྲོལ་མ།
    གཞན་ཟླ་ཕོགས་ཡང་དམའ་བ་ཡིན། ཟླ་བ་གཅིག་ལ་སྒོར་སུམ་བརྒྱ་ཙམ་ཞིག་རེད།
  • རིག་འཛིན་སྒྲོལ་མ།
    ཟླ་ཕོགས་ཀྱིས་ཟ་མ་ཉོས་ནས་གྱོན་གོས་གྱི་རིན་མེད་ལ།
  • རིག་འཛིན་སྒྲོལ་མ།
    གྱོན་གོས་ཉོས་ན་ཟས་རིན་མི་འདང་བ་ཞིག་རེད། དཔལ་འབྱོར་གྱི་ཕྱོགས་ནས་དཀའ་ངལ་ཆེན་པོ་ཡོད།
  • རིག་འཛིན་སྒྲོལ་མ།
    ལོ་གཅིག་ལ་བསྡད་པའི་རྗེས་ནས་ཟི་ལིང་གི་དགེ་རྒན་ཞིག་བསྟེ།
  • རིག་འཛིན་སྒྲོལ་མ།
    དགེ་རྒན་དེ་འཁྲབ་སྟོན་བྱེད་སྐབས་ང་ཚོའི་རྫོང་ཐོག་ལ་ཡོང་ནས།
  • རིག་འཛིན་སྒྲོལ་མ།
    ངས་ངོ་མི་ཤེས། ཁོང་གི་ང་བཙལ་ནས་ཡོང་བ་རེད།
  • རིག་འཛིན་སྒྲོལ་མ།
    དགེ་རྒན་དེས་ཁྱོད་ལ་སྐད་ཀྱི་ཕྱོགས་ནས་ཆ་རྐྱེན་ཧ་ཅང་བཟང་གི དེའི་ཕྱོགས་ནས་སློབ་སྦྱོང་རེ་བྱས་ན་ད་རུང་ཇེ་ལེགས་སུ་འགྲོ་བ་རེད།
  • རིག་འཛིན་སྒྲོལ་མ།
    ཁྱོད་རང་གིས་བསམ་བློ་ཐོངས་དང་།
  • རིག་འཛིན་སྒྲོལ་མ།
    སློབ་འདོད་ན་ཁྱོད་ཀྱི་ཆ་རྐྱེན་ཚང་མ་ངས་ཤེས་ཡོད། སློབ་ཡོན་མི་དགོས།
  • རིག་འཛིན་སྒྲོལ་མ།
    གཟའ་ཉི་མའི་ཉིན་ཟི་ལིང་ལ་ཤོག་དང་། དེའི་ཕྱོགས་ནས་སྦྱོངས་བརྡར་རེ་བྱེད་ཆོག་ཟེར།
  • རིག་འཛིན་སྒྲོལ་མ།
    དེ་ནས་གཟའ་ཉི་མ་རེ་རེར་ཟི་ལིང་ལ་སོང་ནས་སྦྱངས་བ་བྱས་ཏེ་སློབ་ཁྲིད་རེ་བྱས་དུས། ལམ་རིན་སོགས་ཀྱི་འགྲོ་སོང་བྱས་དུས་མ་དངུལ་ལ་དཀའ་ངལ་ཆེན་པོ་བྱུང་།
  • རིག་འཛིན་སྒྲོལ་མ།
    དེ་དུས་ཉིན་རེར་ཇ་གཅིག་ལས་མ་འཐུང་། ནངས་ཇ་མ་འཐུང་། ཉིན་གུང་འཐུང་ནས་ནུབ་ཇ་མ་འཐུང་།
  • རིག་འཛིན་སྒྲོལ་མ།
    ཇ་དུས་ལྟར་འཐུང་ནས་ལམ་རིན་ལ་འགྲོ་སོང་བྱས་དུས་དཀའ་ངལ་ཆེན་པོ་བྱུང་།
  • རིག་འཛིན་སྒྲོལ་མ།
    རང་གི་ཕྱོགས་ནས་འབད་པ་བྱས་ནས། རྒྱ་སྐད་དང་རྒྱ་ཡིག གླུ་དབྱངས་དང་སྒྱུ་རྩལ་སོགས་རང་ལ་ཐུག་པ་རེད་འདོད་ནས་འབད་པ་བྱས།
  • རིག་འཛིན་སྒྲོལ་མ།
    ཡང་བར་ཆད་འདྲ་བྱུང་ནས། ལས་ཁུངས་ནང་ནས་ངས་འབད་པ་བྱེད་བཞིན་པ་ཁོ་ཚོས་མ་ཤེས་པར།
  • རིག་འཛིན་སྒྲོལ་མ།
    ཁོང་ཚོའི་སེམས་ཞིག་ལ་ང་རྒྱུན་དུ་ཟི་ལིང་ལ་སོང་ནས་ནམ་ཞིག་འགྲོ་བསམ་བཞིན་པ་རེད་འདོད་ནས།
  • རིག་འཛིན་སྒྲོལ་མ།
    ང་ལ་སློབ་སྦྱོང་བྱེད་དུ་མ་བཅུག དེ་ནས་ཉིན་བཞིན་སློབ་ཁྲིད་ལ་སོང་ནས་ཕྱིར་ལ་ཐོན་དུས།
  • རིག་འཛིན་སྒྲོལ་མ།
    ཚོགས་འདུའི་ཁྲོད་ནས་སྐྱོན་བརྗོད་བྱས། དེ་དུས་རང་གི་སེམས་ཡང་ཧ་ཅང་སྡུག་གི
  • རིག་འཛིན་སྒྲོལ་མ།
    རང་གི་ཐ་ན་ཟ་མ་སོགས་མ་ཟོས་པར་འབད་པ་བྱས་ཀྱང་།
  • རིག་འཛིན་སྒྲོལ་མ།
    གཞན་པའི་སེམས་སུ་དེ་འདྲ་མ་ཡིན།
  • རིག་འཛིན་སྒྲོལ་མ།
    རང་ཉིན་རྫོང་ཐོག་གི་བཀོད་སྒྲིག་ལྟར་སློབ་ཁྲིད་འགྲིམས་པའི་ཕན་ཆད་ནས་སྦྱངས་བ་བྱས་པ་ཡིན།
  • རིག་འཛིན་སྒྲོལ་མ།
    གནས་ཚུལ་དེ་བཤད་ཀྱང་ཁོ་ཚོས་ཁས་མ་བླངས།
  • རིག་འཛིན་སྒྲོལ་མ།
    དེ་ནས་རང་གི་དེ་འདྲ་བྱས་ན་མི་འགྲིག་གི
  • རིག་འཛིན་སྒྲོལ་མ།
    ཡང་ན་རྫོང་ཐོག་ནས་མ་བསྡད་པར། ལོ་གཉིས་ཀྱི་རྗེས་ནས་ཟི་ལིང་ལ་སོང་ན།
  • རིག་འཛིན་སྒྲོལ་མ།
    དེ་ནས་སློབ་སྦྱངས་རེ་བྱས་ན་དེ་ན་ཆ་རྐྱེན་ཡང་འཛོམས་པ་རེད།
  • རིག་འཛིན་སྒྲོལ་མ།
    སྒྱུ་རྩལ་གྱི་ཕྱོགས་ནས་ཡང་དགེ་རྒན་མང་པོ་འདུག དགེ་རྒན་གང་དང་གང་གི་འགྲམ་ནས་སྦྱངས་བ་རེ་བྱས་ན་རིག་གནས་དང་ཉམས་མྱོང་མང་བོ་ཐོབ་རྒྱུ་རེད།
  • རིག་འཛིན་སྒྲོལ་མ།
    དེ་འདྲ་བྱས་ན་རང་ལ་གོ་སྐབས་མང་ཇེ་མང་ཡོད་རྒྱུ་རེད།
  • རིག་འཛིན་སྒྲོལ་མ།
    དེ་དུས་མི་སྣ་མང་བོའི་ཁྲོད་དུ་བྱ་བ་ལས་ན་ཉམས་མྱོང་ཐོབ་པ་རེད།
  • རྒྱལ་མཚན།
    རེད་རེད།
  • རིག་འཛིན་སྒྲོལ་མ།
    དེ་རྗེས་ཟི་ལིང་ལ་སོང་བ་ཡིན། ཟི་ལིང་ནས་ཆ་རྐྱེན་བཟང་གི
  • རིག་འཛིན་སྒྲོལ་མ།
    དེ་ནས་སྒྱུ་རྩལ་གྱི་ཕྱོགས་ནས་ཡིན་ཡང་དབྱངས་ཚིག་རྩོམ་པ་པོ།
  • རིག་འཛིན་སྒྲོལ་མ།
    ཡང་བོད་ཀྱི་བརྙན་འཕྲིན། དེ་དུས་མཚོ་སྔོན་གྱི་བོད་སྐད་བརྙན་འཕྲིན་གསར་དུ་འཛུགས་བཞིན་པ་རེད།
  • རིག་འཛིན་སྒྲོལ་མ།
    རླུང་འཕྲིན་ཁང་ཡོད་པ་རེད།
  • རིག་འཛིན་སྒྲོལ་མ།
    དེ་ནས་དུས་མཚམས་སུ་བོད་སྐད་བཤད་པ་དང་བོད་མི་རེ་འགའ་མཐོང་དུས་རང་གི་སྣང་བ་ཡང་སྐྱིད་པ་ཞིག་རེད། རྒྱ་སྐད་མ་ཤེས་པའི་རྐྱེན་གྱིས་ཡིན་རྒྱུ་རེད།
  • རིག་འཛིན་སྒྲོལ་མ།
    དེ་ནས་ཟི་ལིང་གི་ལོ་གཅིག་ཙམ་ཞིག་ལ་བསྡད་ཡོད་རྒྱུ་རེད།
  • རིག་འཛིན་སྒྲོལ་མ།
    མཚོ་སྔོན་གྱི་སྒྱུ་རྩལ་སློབ་གྲྭ་ལ་སོང་ནས་དགེ་རྒན་རྣམས་ལ་ཆ་རྐྱེན་མེད་ས་ཞིག་ཡིན། ཁྱེད་ཚོའི་སློབ་ཁྲིད་ལ་ཉན་ནས་སྦྱངས་བ་རེ་བྱས་ནས་འེ་ཆོག་ཞེས་བཤད།
  • རྒྱལ་མཚན།
    རེད ། ཟུར་ཞུགས་རེད།
  • རིག་འཛིན་སྒྲོལ་མ།
    དེ་ནས་དེའི་སློབ་ཁྲིད་ལ་ཉན་ནས་ལོ་གཅིག་ཙམ་ཞིག་ལ་བསྡད་།
  • རིག་འཛིན་སྒྲོལ་མ།
    དེ་རྗེས་རྒྱལ་ནང་གི་ལོ་གསུམ་གྱི་ནང་ལ་གཅིག་འཚོགས་པའི་རྒྱལ་ཡོངས་ཀྱི་ན་གཞོན་གླུ་བའི་འགྲན་ཚོགས་ཆེན་མོ།
  • རིག་འཛིན་སྒྲོལ་མ།
    དེ་རྒྱལ་ནང་གི་ཁུལ་སོ་སོ་དང་ཞིང་ཆེན་སོ་སོ་ནས་འཚོགས་ནས་ཨང་དང་བོ་དང་གཉིས་པ། གསུམ་པ་སོགས་སོང་ནས་རྒྱལ་ཡོངས་ནས་འགྲན་སྡུར་བྱེད་དགོས་པ་ཞིག་རེད།
  • རིག་འཛིན་སྒྲོལ་མ།
    ང་མཚོ་སྔོན་ནས་ཞུགས་པ་ཡིན།
  • རིག་འཛིན་སྒྲོལ་མ།
    དེ་དུས་ངས་ཨང་དང་བོ་བླངས་པ་ཡིན།
  • རིག་འཛིན་སྒྲོལ་མ།
    དེའི་རྗེས་ནས་དངོས་གནས་སྒྱུ་རྩལ་གྱི་ལམ་འདིར་གོམ་ཁ་ཇེ་མང་ནས་ཇེ་མང་དུ་གྱུར་སོང་།
  • རིག་འཛིན་སྒྲོལ་མ།
    དེ་དུས་ནས་ཞིང་ཆེན་གྱི་བརྙན་འཕྲིན་དང་རླུང་འཕྲིན། སྲིད་གཞུང་སོགས་ཀྱི་བྱ་བ་གལ་ཆེན་རེ་ཡོད་དུས་ང་བཙལ་ནས་ཡོང་གི
  • རིག་འཛིན་སྒྲོལ་མ།
    དཔེ་བཞག་ན། སྐབས་འགར་ཁོང་ཚོའི་འདི་ནས་གླུ་ཞིག་ལེན་དགོས་ལ།
  • རིག་འཛིན་སྒྲོལ་མ།
    ཁྱེད་ཀྱི་གླུ་ཞིག་བླངས་ནས་སྒྲ་རུ་བླངས་ན་འེ་ཆོག་ཟེར་བ་སོགས་ཡོད།
  • རིག་འཛིན་སྒྲོལ་མ།
    དེ་དུས་རང་བར་བར་དུ་རང་ལ་སློབ་སྦྱོང་གི་གོ་སྐབས་རེ་ཡོད་སོང་།
  • རིག་འཛིན་སྒྲོལ་མ།
    དེ་ནས་རང་ལ་ཉམས་མྱོང་ཡང་ཇེ་མང་དུ་གྱུར།
  • རིག་འཛིན་སྒྲོལ་མ།
    ད་དཔེར་ན། དང་པོ་བྱ་དགའ་བླངས་སོང་།
  • རིག་འཛིན་སྒྲོལ་མ།
    འགྲན་ཚོགས་དེ་གྲོལ་ནས་གཟའ་འཁོར་གཅིག་ཙམ་ཞིག་ནས།
  • རིག་འཛིན་སྒྲོལ་མ།
    དེ་ནས་བོད་ཀྱི་དབྱངས་རྩོམ་པ་པོ་ཀུན་དགའ་ཚེ་བརྟན།
  • རྒྱལ་མཚན།
    རེད། ཀུན་དགའ་ཚེ་བརྟན།
  • རིག་འཛིན་སྒྲོལ་མ།
    ཁོས་ཁ་པར་ཡོང་གི ངས་ཁོ་ངོ་མི་ཤེས།
  • རིག་འཛིན་སྒྲོལ་མ།
    འགྲན་ཚོགས་ཀྱི་སྐབས་སུ་ཁོང་སྐར་མ་རྒྱགས་མཁན་གྱི་གྲས་སུ་ཡོད་པ་ལས་ངོ་མི་ཤེས།
  • རིག་འཛིན་སྒྲོལ་མ།
    དེ་དུས་ང་ཚོ་དབང་ཆུང་བའི་སྐད་ཆ་འདྲི་བ་དང་བཤད་པ་སོགས་སུ་སྐྲག་དགོས་པ་རེད།
  • རིག་འཛིན་སྒྲོལ་མ།
    ཁོས་ཁ་པར་ཡོང་ནས། ཁོ་ཀུན་དགའ་ཚེ་བརྟན་ཡིན།
  • རིག་འཛིན་སྒྲོལ་མ།
    ཁོང་ཚོས་འདི་ནས་སྒྲ་ཐག་ཞིག་ལས་དགོས།
  • རིག་འཛིན་སྒྲོལ་མ།
    དེའི་གྲས་སུ་བོད་ཀྱི་གླུ་བ་སྐོར་ཞིག་ཡོད་ལ།
  • རིག་འཛིན་སྒྲོལ་མ།
    ཁྱོད་འགྲན་ཚོགས་སུ་ཞུགས་ནས་གྲུབ་འབྲས་ལེགས་པོ་ཐོབ་སོང་།
  • རིག་འཛིན་སྒྲོལ་མ།
    སྐད་ཀྱི་ཕྱོགས་ནས་ཡང་ལེགས་པོ་འདུག་པས་ཁྱོད་ཀྱི་སྒྲ་ཐག་གི་གྲས་སུ་གླུ་ཞིག་ལེན་འདོད་ན་ཁྱོད་ཀྱིས་བསམ་བློ་ཐོངས་དང་།
  • རིག་འཛིན་སྒྲོལ་མ།
    ཨང་གྲངས་འདི་ངའི་ཁ་པར་ཨང་གྲངས་ཡིན། ལེན་འདོད་ན་ང་ལ་ཁ་པར་ཐོངས་དང་། ངས་ཁྱོད་ལ་གླུ་དབྱངས་ཞིག་སྟེར།
  • རིག་འཛིན་སྒྲོལ་མ།
    ཁྱོད་རང་གིས་འགྲོ་སོང་བྱེད་མི་དགོས།
  • རིག་འཛིན་སྒྲོལ་མ།
    སྒྲ་བླངས་པའི་རིན་གཞན་པ་རྣམས་ཀྱི་ལག་ནས་ལེན་པ་རེད།
  • རིག་འཛིན་སྒྲོལ་མ།
    དེ་ནས་ཁྱོད་ཤོག་དང་ང་ཚོས་ཐུབ་ཚོད་ཀྱིས་རོགས་བྱེད་ཟེར།
  • རིག་འཛིན་སྒྲོལ་མ།
    རང་ཉིད་ལ་དངོས་གནས་དགའ་སྤྲོ་རེད།
  • རིག་འཛིན་སྒྲོལ་མ།
    དེ་དུས་རང་གི་སེམས་སུ་དངོས་གནས་དགའ་བོ་ཡིན་པ་རེད། ཁོ་ཚོའི་སེམས་ཀྱི་སྐད་ཆ་རེད།
  • རིག་འཛིན་སྒྲོལ་མ།
    རང་གི་མི་ཚེ་འདི་ལ་སྒྲ་ལེན་པ་ཞིག་མཐོང་མ་མྱོངས། དེ་ནས་སོང་ནས་ཐེངས་དང་པོ་བླངས་པའི་གླུ་དེ་ཚེ་འགྲོ་མི་སྐྱིད་རེད།
  • རིག་འཛིན་སྒྲོལ་མ།
    རིག་འཛིན་སྒྲོལ་མ། འོ་རེད་རེད།
    :
  • རིག་འཛིན་སྒྲོལ་མ།
    ང་ཚོ་མཚོ་སྔོན་ཡུལ་ཤུལ་ས་ཁུལ་གྱི་དམངས་ཁྲོད་ཀྱི་གླུ་ཞིག་རེད།