Video Overview
A folktale about personified fat and skin.
- ཚེ་ལུ་པོག་པོག་ཟེར་རྒྱུ་ཞིག་དང་སྐྱི་མོ་ཉེར་ཉེར་
- ཟེར་རྒྱུ་ཞིག་ཡོད། ཁོ་གཉིས་ལྷན་དུ་བསྡད་དུས་ན།
- སྐྱི་མོ་ཉེར་ཉེར་ཉིན་རྒྱུན་ལས་ཀ་ལས་ན་སོང་བ་ཡིན།
- ཚེ་ལུ་པོག་པོག་ཤུལ་ད་བསྡད་དེ་ཟ་མ་ལས།
- ཟ་མ་སྣུམ་ལ་ཞིམ་པོ་རྐྱང་བ་ལས་ནི་རེད།
- སྐྱི་མོ་ཉེར་ཉེར་མཚར་ཏེ་འདིས་ཟ་མ་སྨུམ་ལ་
- ཞིམ་པ་རྐྱང་བ་ལས་བཞིན་པ།
- འདིའི་ཅི་ཞིག་གི་ལས་བཞིན་ཡོད་དམ་བསམ་སྟེ།
- ཉིན་ཞིག་འགྲོ་ཁུལ་བྱས་ཏེ་སྒོ་རྒྱབ་ནས་ཕག་ལྟ་ཞིག་བྱས་པ་ལ།
- ཚེ་ལུ་པོག་པོག་གིས་རྔོ་ཟངས་ཐབ་ལ་བཞག་སྟེ་ནང་དུ་
- སྒ་ལོག་(འགྲིལ་ལྡོག)ཅིག་བྱས་པར་ནང་དུ་སྣུམ་འཁྱིལ།
- དེ་ནས་ནང་དུ་ཚོད་མ་གསུར་ཏེ་ཟ་མ་
- སྣུམ་ལ་ཞིམ་པ་ཞིག་ལས་བཞག་ནི་རེད།
- དེའི་ཕྱིར་ཉིན་སྐྱི་མོར་ཉེར་ཉེར་གྱིས་ང་ཤུལ་དུ་འདུག
- ངས་ཟ་མ་ལས་རྒྱུ་ཡིན་པས་ཁྱོད་ལས་ཀ་ལས་ན་སོང་ཟེར།
- འོ་ཡ་ཞེས་ཚེ་ལུ་པོག་པོག་བུད་སོང་།
- སོང་རྗེས་སྐྱི་མོ་ཉེར་ཉེར་གྱིས་རྔོ་ཟངས་དམར་བར་བྱས་ཏེ།
- ནང་དུ་སྒ་ལོག་ཅིག་བྱས་པར་སྐྱི་མོ་ཉེར་ཉེར་སྐྱི་མོ་ཡིན་པས་
- རྔོ་ཟངས་ངོར་འབྱར་ཏེ་ཚིག་སོང་ངོ་།།