02 Apr 2019
7 min 19 sec
Video Overview
Creators:
Tibetan and Himalayan Library
A folktale of a family's anguish and ultimate redemption.
ཁྱིམ་ཚང་ཞིག་གི་སྡུག་བསྔལ་དང་དེ་ལས་མཐར་བའི་དམངས་ཁྲོད་གཏམ་རྒྱུད།
བརྙན་འདིར་གནའ་གཏམ་རྒན་མོ་མ་བུ་གཉིས་ཞེས་པ་བཤད་ཡོད། གནའ་གཏམ་འདིར་མ་བུ་གཉིས་ཡོད་པ་ལས་ཨ་མར་འདྲེ་ཞུགས་པས་བུ་གསོད་རྩིས་བྱས་ཏེ་བུ་ཁྱི་གུ་ཞིག་ལ་བསྒྱུར་མོད། ཨ་ཁུས་རོགས་རམ་འོག་ཏུ་བུའི་སྲོག་གི་ཉེན་ཁ་ལས་ཐར་རྗེས་ཕ་ཡུལ་དང་བྲལ་ཏེ་དཀའ་སྡུག་མང་པོ་མྱངས་རྗེས་ཨ་མ་བསྐྱབས་པ་བརྗོད་ཡོད།
这段视频介绍 《母与子》的民间故事。
故事主要内容是 -从前有一个母亲,她有一个儿子,但母亲变成了鬼之后, 想吃自己的儿子。在叔叔的帮助下,儿子离开家乡,活了下来,甚至救回了他的母亲。
- སྔོན་ཞིག་ལ་རྒན་མོ་མ་བུ་གཉིས་ཡོད།
- མ་རྒན་དེ་བུའི་སྟེང་དུ་ཧ་ཅང་བཙན།
- ཟུར་ན་ཨ་ཁུ་ཚང་ཞིག་ཡོད།
- བུ་ཨུ་ཁུའི་ཟུར་ལ་སོང་ནས་མ་རྒན་ངའི་སྟེང་དུ་
- ཇེ་བཙན་ནས་ཇེ་བཙན་རེད་ཟེར་བར།
- ཨ་ཁུས་ཁྱོས་མ་འདི་སྤྱི་བཏང་གི་མི་ཞིག་མ་རེད།
- འདི་འདྲེ་མོ་ཞིག་ཡིན་པས་ཁྱོས་དེར་ཤེས་སུ་མ་འཇུག་ཟེར།
- དེ་དགུང་ཁྱོས་ཨ་ཁུ་ཚང་ལ་འགྲོ་རྒྱུ་ཡིན་ཟེར་ཏེ་མར་སྒམ་དུ་
- འཛུལ་ནས་མར་སྒམ་ལ་ཁུང་བུ་ཕུད་དེ་ལྟོས་ཟེར།
- ཁོའི་ཨ་མས་ཨོ་་་ད་འདིའི་སྤྲང་ཕྲུག་འདི་མེད་རྒྱུ་རེད་ཟེར་ཏེ་
- མུན་རུབ་དུས་མར་སྒམ་བཟུང་ནས་ལ་དགུ་ལུང་པ་དགུའི་
- ཕར་རྒྱབ་ལ་སོང་། ད་དུང་ཨ་ཁུས་ཁྱོད་འདུག་ས་ནས་
- གསེར་སྣེ་ལོ་དོ་ལུགས་ཟེར་ཏེ་སྣེ་ལོ་ཞིག་ལག་ཏུ་བཞག
- དེ་ནས་མ་རྒན་ལ་དགུ་ལུང་པ་དགུའི་ཕར་རྒྱབ་ལ་
- ཐོན་དུས་དེ་ན་ལྕང་སྡོང་ཆེན་པོ་ཞིག་ཡོད།
- ལྕང་སྡོང་རྩར་འདྲེ་མང་པོ་འདུས་ནས་ལ་ལའི་ལག་ཏུ་རྭ་རེ།
- ལ་ལའི་ལག་ཏུ་སྤོ་ཐོ་དང་རུས་པ་བཟུང་སྟེ་ཁྲི་ཞིག་བཏེགས།
- རྒྱལ་མོ་ལགས་བཞུགས་ཞེས་པར་ཁོའི་མ་འདྲེ་དཔོན་ཡིན་འདུག
- བུས་བསྟས་བསྡད་པར་ཁོའི་ཨ་མས་དེ་དགུང་ཤ་ཁྲལ་
- སྤྲོད་མཁན་སུ་ཡིན་ཞེས་པར།
- ཁོ་ཚོའི་སྡེ་བའི་ཁོ་རང་གི་ངོ་ཤེས་པའི་བུ་མོ་ཞིག་གིས་ང་ཡིན་མོད་
- ངས་རང་གི་བུ་གཅེས་གཅིག་པུ་འདི་ལས་མ་རྙེད་ཟེར་ནས་
- བྱིས་པ་ཞིག་དཀར་ཤར་སེ་བཤངས་ནས་བྱིན་པར་
- དེ་ཚོས་ནས་ཟ་ཞེས་པར་ཨ་མས་ཁག་ལུ་ལུས་སོང་ཟེར།
- འདྲེ་དེ་ཚོས་ཁྱོད་ཀྱི་ཁག་ལུ་ཨ་མ་ལག་རིང་མ་
- རང་གིས་ཁྱེར་ཤོག་ཟེར་བར།
- ལ་དགུ་ལུང་པ་དགུའི་ཕར་རྒྱབ་ནས་
- ལག་པ་བསྲིང་ཏེ་གོ་ཁའི་ཁག་ལུ་ཁྱེར་ཏེ་ཐོན།
- ཁོས་ས་སྣེ་ལོ་གང་བླུག་ནས་བསྡད། དོ་བླུག་མ་ཐུབ།
- དེ་ནས་འདྲེ་དེ་ཚོ་གྲོལ།
- བུ་ཕྱི་ཉིན་ཨ་ཁུ་ཚང་ལ་སོང་དུས་ཨ་ཁུས་མ་རྒན་ལ་
- ཤེས་སུ་མ་འཇུག་ལས་ངའི་ཁྱོད་ལ་ཕན་མི་ཐོག་ཟེར།
- ཁྱོས་ཤེས་སུ་མ་འཇུག
- ཁྱོས་སྟེང་ལ་བཙན་མོད་ཁྱོས་སྲོན་ནས་སྡོད་ཟེར།
- ཨ་མས་ཁོ་ལ་ཧ་ཅང་འཛང་།
- བུས་ཟོག་འདོགས་པ་སོགས་ལས་ཀ་ལས་ནས་ཁྱིམ་ལ་
- ཐོན་པ་ན་ཨ་མས་ངའི་ཐོམ་བུ་ཆུ་ཁ་ནས་ལུས་སོང་།
- ཁྱོད་སོང་ནས་ཟུངས་ཤོག་ཟེར་བར་ཁོས་ཨ་མར་
- ཁྱོས་ལ་དགུ་ལུང་པ་དགུའི་ཕར་རྒྱབ་ནས་
- ཁག་ལུ་ལེན་ཐུབ་པས་རང་སོང་ནས་ལོངས་ཤོག་ཟེར་བར།
- སྔས་མགོའི་ཞབས་ནས་ཁོལ་མོ་དཀར་པོ་ཞིག་བླངས་ཏེ་
- སར་བརྒྱབ་པ་ན་བུ་ཁྱི་གུ་ཞིག་ཏུ་གྱུར།
- ཁྱི་གུས་ཨབ་ཨབ་ཞེས་ཟུག་བཞིན་ཨ་ཁུ་ཚང་ལ་
- སྐོར་བ་བྱས་པར་ཨ་ཁུས་ཤེས།
- ཨ་ཁུས་ངས་ཁྱོད་ལ་སྔོན་ནས་ཤེས་སུ་མ་འཇུག་ལས་
- ངས་ཁྱོད་ལ་ཕན་ཐོགས་ཐབས་མེད་ཞེས་བཤད་ཡོད།
- ཁྱོད་ཀྱིས་ཤེས་སུ་བཅུག་སོང་།
- དེ་རིང་ཚོང་བ་མང་པོ་གཤར་ཡོང་རྒྱུ་རེད།
- ཁྱོད་སོང་ལ་རྒྱ་ལམ་དུ་ཉོལ་ནས་སྡོད།
- སྣ་རྫི་སྔོན་མ་མཛོ་དཀར་པོ་ཅན་ཞིག་གཤར་ཡོང་དུས་
- མིང་ལ་ཅི་ཟེར་ཁྱོད་ཀྱིས་ཉོན་དང་ཚོང་དཔོན་
- ནོར་བུ་བཟང་པོ་ཟེར་ན་ཁྱོས་དེའི་རྗེས་དེད་ནས་སོང་།
- རོ་ཁ་བོས་རྗེས་དེད་ཡོང་ཟེར་ནས་ཁྱོད་ལ་
- རྡོ་འཕེན་སྲིད་མོད་ཁྱོད་གཏན་ནས་ཁར་མ་ཉན།
- སྐྲག་དགོས་པའི་ས་ནས་ཁྱོད་མང་དུ་ཟུག་དང་
- མཚན་ཁྱི་ཞིག་རེད་ཅེས་ཁྱོད་ལ་ཟ་རྒྱུ་སོགས་བླུད་སྲིད།
- མགོ་ལ་རེག་གི་མ་འཇུག་ལས་ཁྱོད་ཀྱི་གསེར་ཁྱེར་འགྲོ་
- ཞེས་མགོ་གསེང་དུ་གསེར་སྣེ་ལོ་གང་བཟོས།
- དེ་ནས་བུ་སོང་སྟེ་རྒྱ་ལམ་དུ་ཉལ་བསྡད་དུས་
- དངོས་གནས་ཚོང་བ་དེ་ཐོན།
- སྣ་དེད་སྔོན་མ་མཛོ་དཀར་པོ་ཅན་ཞིག་ཐོན་དུས་
- ཚོང་དཔོན་ནོར་བུ་བཟང་པོ་ཟེར་བར་རྗེས་དེད་ནས་སོང་བར།
- ཁྱི་སྡོམ་ཞིག་གིས་རྗེས་དེད་ཡོང་ཞེས་རྡོ་འཕང་ཡང་ཉན་པར་སོང་།
- སྐྲག་དགོས་པའི་ས་སོགས་སུ་མང་དུ་ཟུག་སྟེ་སྐོར་བ་བྱས་པར།
- སྙིང་རྗེ་མཚན་ཁྱི་ཞིག་རེད་ཞེས་ཟ་རྒྱུ་སོགས་བླུད།
- ཨ་ཁུས་ཉིན་བདུན་འགོར་རྗེས་རི་ཁ་ཞིག་ཏུ་ཐོན་སྲིད་
- དེར་མི་གཞན་པ་ཚོར་ལྟོས་དང་ཚང་མའི་ཞྭ་ཕུད་བཞིན་ཡོད་པས་
- ཁྱོད་རང་ཡང་རི་ཁར་འཛེག་ནས་ལྟོས་དང་
- རི་ཞོལ་ལ་ཁང་པ་དཀར་པོ་ཞིག་རིག་ཐུབ།
- དེ་དུས་ཕྱིར་ལྟ་མ་བྱེད་པར་བརྒྱུགས་ནས་སོང་།
- དེ་དུས་སྙིང་རྗེ་མཚན་ཁྱི་ཞིག་རེད་ཁྱི་གུ།
- ཁྱི་གུ་ཞེས་འབོད་སྲིད་མོད་ཕྱིར་ལྟ་མ་བྱེད་པར་སོང་ཟེར།
- བུས་ཨ་ཁུས་བཤད་པ་ལྟར་དུ་ཉི་མ་བདུན་འགོར་དུས་
- མར་བལྟས་པར་ཞོལ་ན་ཁང་པ་དཀར་པོ་ཞིག་རིག་ཐུབ་པས་
- དགའ་བའི་ངང་ནས་བརྒྱུགས།
- དེར་བླ་མ་མཚམས་པ་བ་ཞིག་ཡོད་པར་ཁོས་དེ་རིང་ངེད་ཚོར་
- འགྲུལ་བ་གལ་ཆེན་ཞིག་ཡོང་རྒྱུ་ཡིན་པས་སྒོ་ཚང་མ་
- ཕྱེ་ནས་སྡོད་འགྲུལ་བ་ཁྱིམ་དུ་ཡོང་དགོས་ཞེས་པར།
- མཚམས་གཡོག་ཚོས་ཡ་ཟེར།
- བླ་མས་མཚམས་གཡོག་ཚོར་འགྲུལ་བ་ཡོང་གི་ཡོད་དམ་ཞེས་པར།
- མཚམས་གཡོག་ཚོས་འགྲུལ་བ་ཅི་ཡང་མེད་མོད་
- ཁྱི་གུ་དཀར་པོ་ཞིག་ཡོང་གི་ཡོད་ཟེར་བར་
- བླ་མས་ད་སྒོ་ཚང་མ་ཕྱེ་ནས་སྡོད་ཟེར།
- སྒོ་ཕྱེ་སྟེ་ཁྱིམ་ལ་ཐོན་པར་བླ་མས་དྲུག་ཅུ་བ་ནག་པོ་ཞིག་
- བཅས་ཡོད་པ་དེས་བརྒྱབ་པར་བུ་མི་ལ་གྱུར།
- དེར་མཚམས་གཡོག་བྱས་ཏེ་རྟ་དྲེལ་སོགས་ལ་རྫི་བུ་བྱས་
- པར་ཉིན་ཞིག་ལ་བླ་མས་ཁྱོད་ལ་མ་རྒན་མས་
- ཚོང་བའི་ལག་ཏུ་དངོས་པོ་ཞིག་བསྐུར་ཡོད་པས
- ངའི་ཟུར་དུ་མ་ཐོན་བར་ལ་གཏན་ས་ཁ་མ་ཕྱེ་ཟེར།
- ཏག་ཏག་དེའི་ཉིན་ལ་ཚོང་བ་མང་པོ་གཤར་བར་
- ཁྱོད་ལ་མ་རྒན་གྱི་འདི་བསྐུར་ཡོད་ཞེས་སྒམ་སོ་མ་ཞིག་བྱིན།
- སྒམ་ཁོས་ཁུར་ནས་ཡོང་བར་ཧ་ཅང་ལྗིད་པས་ཁ་ཕྱེ་ལ་ཁད་
- བྱས་མོད་བླ་མས་ཁ་མ་ཕྱེ་ཞེས་གསུང་ཡོད་པས་
- ཁ་མ་ཕྱེ་པར་བླ་མའི་མདུན་དུ་བཞག
- བླ་མས་དེ་མ་ཐག་ཏུ་སྒམ་ཁར་ཟྭ་བརྒྱབ་ཏེ་མནན།
- ཞག་གསུམ་འགོར་རྗེས་མདུན་ཚོགས་ལུང་པ་འཚོགས་སུ་
- བཅུག་ནས་བླ་མའི་གོན་པ་ཆ་ཚང་བར་བུ་ལ་བཀབ་ཏེ་
- བླ་མས་ཚང་མ་འཚོགས་སར་དེ་རིང་ཁོ་ལ་མ་རྒན་གྱི་
- སྒམ་ཞིག་བསྐུར་ཡོད་པར་ཁྱེད་ཅག་གིས་ལྟད་མོ་ལྟོས་ཞེས་
- སྒམ་ཁ་ཕྱེ་པར་ནང་ནས་འབྲུག་དགུ་བུད་དེ་ཐོག་དགུ་འཕང་།
- ཁོ་ལ་བླ་མའི་གོན་པ་ཡོད་པས་གནོད་མ་ཐུབ།
- ཉིན་ཞིག་རྟ་དྲེལ་འདེད་དུ་སོང་བར་དགོང་རུབ་དུས་
- འདྲེ་མེ་མང་པོས་ཕན་ཚུན་ནས་བོས་པར་
- ཁོས་ཐལ་སྐད་ཞིག་བརྒྱབ་ཏེ་ཐོན།
- བླ་མས་ཞི་ལུ་དེ་དགོང་ཁྱོད་སུ་ལ་ཐུག་སོང་དྲིས་པར།
- ཁོས་འདྲེ་མེ་མང་པོས་ང་ལ་འབོད་པར་ཐུག་སོང་
- ཟེར་བར་བླ་མས་ཁྱོས་ཅི་བྱས་དྲིས་པར།
- ཁོས་ཐལ་སྐད་ཞིག་བརྒྱབ་ནས་ཐོན་ཡོང་ཟེར།
- བླ་མས་ཐོ་རེ་ཁྱོད་ཤུལ་དུ་སོང་ནས་ཅི་ཞིག་ཡོད་ལྟོས་ཟེར།
- ཕྱི་ཉིན་སོང་ནས་བལྟས་པར་རས་དུམ་དང་སྐྱ་ཀའི་རོ།
- རྭ་ཞིག་ལས་ཅི་ཡང་མེད་པར་རྭ་སུག་པའི་ནང་དུ་བསྡུས་ནས་ཐོན།
- བླ་མས་ཞི་ལུ་ཅི་ཞིག་ཡོད་དྲིས་པར།
- ཁོས་སྐྱ་ཀའི་རོ་དང་རས་དུམ་ཙམ་ལས་ཅི་ཡང་མེད།
- རྭ་ཞིག་ཡོད་པ་སུག་པའི་ནང་དུ་བསྡུས་ཡོད་ཟེར་བར་
- བླ་མས་མ་བཟང་མགྱོག་པོར་ལོངས་ཞོག་ཟེར།
- ཁོས་དེ་བླངས་པ་ན་བླ་མས་ད་ཁྱོད་རང་སོང་དང་
- འདྲེ་འདུལ་ཟིན་པས་རང་གི་མ་དེ་ངོ་མ་བོ་ཡིན་ལ་
- སྔར་བཞིན་གྱུར་ཡོད་པས་ང་གིས་གཡོག་ལེགས་པོ་བྱོས་དང་
- ད་ནས་རང་གི་མ་ངོ་མ་དེ་ཡིན་ཟེར།
- དེ་ནས་ཞི་ལུ་ཡུལ་ལ་སོང་དུས་མ་དངོས་གནས་
- སྔར་ལྟར་གྱུར་བར་ཡར་སྔོན་གྱི་ཁྲོ་བ་ཅན་ཡང་མིན་ལ་
- ཁ་གཤིས་འཇམ་པས་གཡོག་བྱས་སོ།།