Video Overview
A series of three songs as performed in Zangkar.
- རྟ་ལ་མི་རྒྱུགས་ཟེར་མོད་རྒྱུགས་དགོས་ཟེར།
- རྟར་རྒྱུགས་པའི་ཡ་བ་འཛིན་ནི་ཚོ།
- ངས་གྱི་ལིང་གྱོ་རྒྱལ་བསྟད་བསྡད་ཡོད།
- ཁྱོས་རྒྱ་ལོ་ཐོགས་ལ་ཁྲིག་ཁྲིག་བྱོས།
- མདའ་མི་འཕེན་ཟེར་མོད་འཕེན་དགོས་ཟེར།
- མདའ་འཕེན་པའི་ཡ་བ་འཛིན་ནི་ཚོ།
- ངས་མཆོག་དཀར་གཞུ་མོ་བཀུག་བསྡད་ཡོད།
- ཁྱོས་ལྕང་གཞུ་ལྕང་མདའ་ཁྲིག་ཁྲིག་བྱོས།
- གླུ་མི་ལེན་ཟེར་མོད་ལེན་དགོས་ཟེར།
- གླུ་ལེན་པའི་ཡ་བ་འཛིན་ནི་ཚོ།
- ངས་ཁ་མཚར་ལ་གཞས་བསྒྲིག་བསྡད་ཡོད།
- ཁྱོས་ཁ་རྒུམ་ཚིག་གསུམ་ཁྲིག་ཁྲིག་བྱོས།
- གླུ་མི་ལེན་ཟེར་མོད་ལེན་དགོས་ཟེར།
- གླུ་ལེན་པའི་ཡ་བ་འཛིན་ནི་ཚོ།
- ངས་རྫ་ཁའི་འབྲོང་མོ་དེད་ཡོང་ན།
- ཁྱོད་སྣ་གཅུ་སྣ་ཐག་ཅི་འདྲ་ཡོད།
- གླུ་མི་ལེན་ཟེར་མོད་ལེན་དགོས་ཟེར།
- གླུ་ལེན་པའི་ཡ་བ་འཛིན་ནི་ཚོ།
- ངས་ན་ཁའི་རྐྱང་མོ་དེད་ཡོང་ན།
- ཁྱོད་སྲབ་མདའ་སྲབ་སྐྱོགས་ཅི་འདྲ་ཡོད།
- གླུ་མི་ལེན་ཟེར་མོད་ལེན་དགོས་ཟེར།
- གླུ་ལེན་པའི་ཡ་བ་འཛིན་ནི་ཚོ།
- ངས་གླུ་བའི་པོ་ཏི་ཁུར་ཡོང་ན།
- ཁྱོད་འདོད་ནས་བན་ཆུང་ཅི་འདྲ་ཡོད།
- གླུ་མི་ལེན་ཟེར་མོད་ལེན་དགོས་ཟེར།
- གླུ་ལེན་པའི་ཡ་བ་འཛིན་ནི་ཚོ།
- ཁྱོས་རྫ་ཁའི་འབྲོང་མོ་དེད་ཤོག་དང་།
- ངར་སྣ་གཅུ་སྣ་ཐག་དགུ་བརྒྱ་ཡོད།
- དེའི་མི་ཚད་དགོས་རུང་ད་དུང་ཡོད།
- གླུ་མི་ལེན་ཟེར་མོད་ལེན་དགོས་ཟེར།
- གླུ་ལེན་པའི་ཡ་བ་འཛིན་ནི་ཚོ།
- ཁྱོས་ན་ཁའི་རྐྱང་མོ་དེད་ཤོག་དང་།
- ངར་སྲབ་མདའ་སྲབ་དཀྱོག་དགུ་བརྒྱ་ཡོད།
- དེའི་མི་ཚད་དགོས་རུང་ད་དུང་ཡོད།
- གླུ་མི་ལེན་ཟེར་མོད་ལེན་དགོས་ཟེར།
- གླུ་ལེན་པའི་ཡ་བ་འཛིན་ནི་ཚོ།
- ཁྱོས་གླུ་བའི་པོ་ཏི་ཁུར་ཤོག་དང་།
- ངར་འདོད་ནས་བན་ཆུང་དགུ་བརྒྱ་ཡོད།
- དེའི་མི་ཚད་དགོས་རུང་ད་དུང་ཡོད།