Skip to main content Skip to search
06 Dec 2014
4 min 58 sec
Video Overview
Creators: 
Yeshi Wangchuk

དཔུང་རྡོའི་འགྲན་བསྡུར་རྐྱབ་ནི་འདི་ཡང་ ཁུངས་དང་དགོས་པ་ག་ཅི་ཨིན་ན་ ག་ནི་ཡང་བཤད་ནི་མེད་རུང་ སྔོན་ཕ་མའི་སྐབས་ལས་རང་ དཔུང་རྡོ་རྐྱབ་སྲོལ་ཅིག་བཟོ་སྟེ་འདུག་ཟེར་ བོན་པོ་མགོན་པོ་དབང་འདུས་ཀྱིས་བཤདཔ་ཨིན་པས། དེ་ཡང་ སྨན་མོ་སྦྲང་ལས་ ལྷ་གསོལ་ཚར་ཏེ་ ལོག་འོང་པའི་ལམ་ཁར་ ས་གནས་ དོན་དུ་མེད་ ཟེར་ས་ལྷོདཔ་ད་ འདི་ཁ་ལས་ མི་གཅིག་རང་མ་བཏང་པར་ དཔུང་རྡོའི་འགྲན་བསྡུར་འབད་སྲོལ་ཅིག་འདུག དཔུང་རྡོའི་འགྲན་བསྡུར་དེ་ སྔར་ག་ཨིནམ་བཞིན་དུ་ འགོ་དང་པ་ དཔོན་པོ་དང་བོན་པོ་གཉིས་ ག་འབད་རུང་གཅིག་གིས་ འགོ་བཙུགསཔ་ཨིན་པས། དེ་བཟུམ་སྦེ་ དུས་ཅི་མཆོད་པའི་སྐབས་ལུ་ཡང་ བོན་པོ་གིས་འབད་ འགོ་བཙུགས་ཞིནམ་ལས་ དཔུང་རྡོའི་འགྲན་བསྡུར་ཅིག་འབད་དོ་ཡོདཔཨིན། དེའི་སྐབས་ ཨང་དང་པ་ཐོན་མི་ལུ་ ཁ་དར་དང་བཅསཔ་སྦེ་ དངུལ་རྐྱང་གི་གསོལ་རས་ཡང་གནང་སྲོལ་ཡོདཔ་ད་ དེ་བཟུམ་མའི་སྲོལ་འདི་ ད་ལྟོ་ཡང་མ་ཉམས་པར་བརྩི་སྲུང་འབད་སྲོལ་འདུག

 

At tea and lunch breaks during festivals and other big gatherings, men play the shotput game to test their strength. In this video, a game is played to ward off famine and plague in the communities during the Buli Chodpa shotput contest. While returning from making offerings to local deities, all people stop to watch the shotput contest and the awarding of a prize to the winner. This old tradition has been practiced for many generations and is still alive and well to this day. 

 

Transcript search
No results found for this search
0 of 0
  • སངས་རྒྱས་བསྟན་འཛིན་/Sangay Tenzin:
    ཁེངས་བུ་ལིའི་ གཡུས་ཁར་ལུ་ ལོ་གཅིག་ནང་ ཚར་གཉིས་གཉིས་དེ་རེ་ གནམ་མེད་ས་མེད་ སྤྲོ་བ་སྟོན་མས་སྨོ་ལགས? མི་སེར་འདི་ཚུ་གིས།
  • སངས་རྒྱས་བསྟན་འཛིན་/Sangay Tenzin:
    ད་ལྟོ་ ནཱ་ཨ་ཞང་གིས་ ལྷ་འདི་ཚུ་ཞུ་ དེ་ལས་ ཞུ་ཞིནམ་ན་ལས་ བྱིན་རླབས་དངོས་གྲུབ་ཚུ་ཡང་ ག་ར་ཞུ་ཚར་ཡི་སྨོ་ལགས? དེ་སྦེ་གསུང་དེས། ད་ལྟོ་ དཔུང་རྡོ་ཅིག་ཡང་ རྐྱབ་ནི་ཨིན་པས། རྐྱབ་དགོ་པའི་ཁུངས་འདི་ ག་ཅི་སྨོ་ལགས?
  • མགོན་པོ་དབང་འདུས་/Goembo Wangdi:
    ཏེ་ ཨ་ནཱི་ དཔུང་རྡོ་ རྐྱབ་ནིའི་སྲོལ་འདི་ སྔོན་ཕ་མའི་སྐབས་ལས་རང་ འ་ནཱེ་སྦེ་ དཔུང་རྡོ་རྐྱབ་ནི་གི་ སྲོལ་ཅིག་ བཟོ་སྡོད་ནུག་སྦ་ལགས།
  • སངས་རྒྱས་བསྟན་འཛིན་/Sangay Tenzin:
    འོང་ལགས།
  • མགོན་པོ་དབང་འདུས་/Goembo Wangdi:
    ཧེ་མ་ལས་རང་ འ་ནཱེ་འབད་བའི་བསྒང་ལས་ཏེ་ ང་བཅས་ ཕར་ལྷ་གསོལ་ ཕར་མཇུག་བསྡུ་ཞིནམ་ན་ ནཱ་འོངམ་ད་ ང་བཅས་ མི་གཅིག་རང་ འ་ནཱ་ལས་ཕར་ གཏང་ནི་མེད་ལགས།
  • མགོན་པོ་དབང་འདུས་/Goembo Wangdi:
    ཧེ་མ་རང་སྟེ་ ང་བཅས་སྡོད་ནི་འདི་ ཤུལ་མ་སྡོདཔ་མམ་ ཤུལ་མ་སྡོད་ཞིནམ་ན་ ནཱ་ལྷོདཔ་ད་ ང་བཅས་ཀྱི་ ལོག་མི་ལས་ ལོ་དང་ཨ་ནི་ ལོག་མི་ལས་སྣེང་(ལོ)་མ་ཧ་ཟེར་སྟེ་ ཨ་ནཱི་སྦེ་ཡོད་པ་ལགས། ཁེངས་ཁ་ནང་ལུ་སྟེ་ འ་ནཱི་སྦེ་ནི་དེ་གིས་ ལོ་ཕྱུགས་རྟག་ཏུ་ལེགས། ནད་ཡམས་མུ་གེ་འཇོམས་ནིའི་དོན་ལས་སྦེ་
  • མགོན་པོ་དབང་འདུས་/Goembo Wangdi:
    སྟེ་ དང་པ་རང་ བོན་པོ་དང་ དཔོན་པོ་གིས་ འགོ་བཙུགས་དགོ་པའི་ཟེར་
  • སངས་རྒྱས་བསྟན་འཛིན་/Sangay Tenzin:
    ལགས་སོ།
  • མགོན་པོ་དབང་འདུས་/Goembo Wangdi:
    དང་ཕུ་ཡང་ འ་ནཱེ་སྦེ་ཡོད། འ་ནཱེ་འབད་ནི་དེ་གིས་ དཔུང་རྡོ་འདི་ ཡར་བཀོ་ཚུགས་རུང་ཚུགས་ མ་ཚུགས་རུང་མ་ཚུགས་ འགོ་འདི་ བོན་པོ་དང་ དཔོན་པོ་གིས་ འགོ་བཙུགས་ཏེ་ སྡོད་ནུག་པ་ལགས།
  • སངས་རྒྱས་བསྟན་འཛིན་/Sangay Tenzin:
    ལགས་སོ་ ང་བཅས་ཀྱིས་ བཙུགས་པ་ཅིན་ མི་བཏུབ་པས་སྨོ་ལགས?
  • མགོན་པོ་དབང་འདུས་/Goembo Wangdi:
    འོང་ལགས། མ་པ་བཏུབ་ནི་བཏུབ་དོ་འོང་ འདི་འབདཝ་ད་ སྔོན་ཕ་མའི་སྐབས་ལས་རང་ འ་ནཱེ་སྦེ་འབད་ནི་དེ་གིས་ཏེ་ ད་ལྟོ་ ང་འོང་ཞིནམ་ན་སྟེ་འགོ་ ང་གིས་ བཙུགས་དགོ་ཟེར་ ང་གིས་ ཞུ་མི་འདི་ ཨ་ནཱི་ཨིན་ལགས།
  • སངས་རྒྱས་བསྟན་འཛིན་/Sangay Tenzin:
    ལགས་སོ།
  • མགོན་པོ་དབང་འདུས་/Goembo Wangdi:
    འ་ནཱི་འབད་ནི་དེ་གིས་སྟེ་ སྟེ་ ཡར་བཀོ་ཚུགས་རུང་མ་ཚུགས་རུང་ སྟེ་ མ་པ་རྟེན་འབྲེལ་འདི་ ང་གིས་རང་སྟེ་ ཧེ་མ་ ཕ་མའི་སྐབས་ལས་ བཟོ་བཟོ་བའི་ ལས་རིམ་མ་ཉམས་སྦེ་ འབད་ཞིནམ་ན་ སྟེ་ ང་གིས་ འགོ་བཙུགས་གེ་ཟེར་མི་འདི་ འ་ནཱི་ཨིན་ལགས།
  • སངས་རྒྱས་བསྟན་འཛིན་/Sangay Tenzin:
    ཚར་གཅིག་ལྟ་གེ་སྨོ་ལགས་ ཨ་ཞང་དང་ ང་ག་རྒྱལ་ག?
  • མགོན་པོ་དབང་འདུས་/Goembo Wangdi:
    ལགས་སོ་ལགས། ལགས་སོ། ཧཧཧ་་་
  • སངས་རྒྱས་བསྟན་འཛིན་/Sangay Tenzin:
    ལགས་སོ།
  • ཕོ་རྒས་ཅིག/A man:
    ལེགས་སོ།
  • མི་མང/Crowd:
    ལེགས་སོ་་་་ཨེ་ཧུ་ཧུ་་་
  • བུ་ལི་དཔོན་པོ/Buli Ponpo:
    འ་ནི་ཨིན་ཟེར་སྨོ?
  • མི་མང/Crowd:
    ཤ་བཱཤ་་་་
  • མི་མང/Crowd:
    ཡ་ཡ་ཤེས་རབ་་་་་་
  • ཕོ་རྒས་ཅིག/A man:
    ད་ཅི་འཛོལ་འཛོལཝ་ཨིན་ན་ལགས?
  • ཕོ་རྒས་ཅིག/A man:
    ལེགས་ཤོམ་སྦེ་མ་འགྱོ་ལགས། ད་ཅི་ལེགས་ཤོམ་མ་འགྱོ་བས།
  • ཕོ་རྒས་ཅིག/A man:
    རྐངམ་ཡར་ཐལ་ནི་མི་འོང་།
  • ཕོ་རྒས་ཅིག/A man:
    རྩིགཔ་བཟའ་ཡི་མས་ད་ ཤེས་རབ་ ཡར་རྡོ་གུ་ལུ་ཏཱག
  • ཕོ་རྒས་ཅིག/A man:
    ད་འབདནི་ཨིན་པས་མས་ཁོ།
  • མི་མང/Crowd:
    ལེགས་སོ།
  • སངས་རྒྱས་བསྟན་འཛིན་/Sangay Tenzin:
    རྐངམ་ཨ་ནཱ་བཀལ་དགོཔ་ཨིན་ན་ལགས?
  • ཕོ་རྒས་ཅིག/A man:
    འ་ནཱེ་སྦེ་རང་ འ་ནཱེ་སྦེ་རང་བཏེག་དགོཔ་མས་ལགས།
  • ཕོ་རྒས་ཅིག/A man:
    མཆོང་ནི་མེད་མེད་མེད་་་་དབའེ་སཱར།
  • མི་མང/Crowd:
    ལེགས་སོ་་་ ཤཱ་བཤ།
  • ཕོ་རྒས་ཅིག/A man:
    ད་ག་སྨོ་ཡ་་་ད་ག་སྨོ?
  • ཕོ་རྒས་ཅིག/A man:
    ཁོང་གཞོནམ་ཚུ་ རྫོགས་སོང་ཡི་ད། ང་བཅས་ རྒན་ཤོས་ཙང་ཙ་ལུས་སོང་ཡི།
  • ཨམ་སྲུ་ཅིག/A woman:
    ཕར་ པདླ་དོན་གྲུབ་མ་རྫོགས་པས།
  • ཕོ་རྒས་ཅིག/A man:
    ཡ་པདྨ་དོན་གྲུབ་ ཡ་་་་རྐྱབ་ཤིག་ཡ་ ཡར་རྡོ་འདི་ཁར།
  • མི་མང/Crowd:
    ལེགས་སོ།
  • སངས་རྒྱས་བསྟན་འཛིན་/Sangay Tenzin:
    ད་ད་རེས་ དགའ་བའི་ དགའ་སྤྲོ་འདི་ཁར་ལུ་ ཕར་ལྷ་འདི་ཚུ་ཞུ་སྨོ་ལགས། ལགས་སོ། ལྷ་འདི་ཚུ་ཞུ་ ག་ར་འབད་ཞིནམ་ལས་ཏེ་ ནཱ་ལུ་ ལོ་ཕྱུག་རྟག་ཏུ་ལེགས་ ཆར་ཆུ་ དུས་ལུ་བབས་ནིའི་དོན་ལུ་ཏེ་ གནམ་མེད་ས་མེད་ སྤྲོ་སྟོན་མས་ལགས།
  • སངས་རྒྱས་བསྟན་འཛིན་/Sangay Tenzin:
    ད་ད་རེས་ དཔུང་རྡོ་རྐྱབ་པའི་སྐབས་ལུ་ ཨང་དང་པ་འདི་ ག་འཐོན་ཡི་ག་ མཚན་མི་ཤེས་པས་ལགས། གསོལ་རས་གཅིག་འདུག་ལགས། བྱོན།
  • ཕོ་རྒས་ཅིག/A man:
    ཤེས་རབ།
  • ཕོ་རྒས་ཅིག/A man:
    ཤེས་རབ་ཀྱིས་ བུ་ལི་གི་གཉའ་རྒོད་ལགས།
  • མི་མང/Crowd:
    ཡ་ལེགས་སོ། བུ་ལི་གི་གཉའ་རྒོད།
  • སངས་རྒྱས་བསྟན་འཛིན་/Sangay Tenzin:
    སྤྲོ་བ་ག་དེ་སྦེ་ བྱུང་ཡི་གོ་ལགས?
  • ད་སྤྲོ་བ་འདི་ བརྒྱ་ཆ་ལས་ བརྒྱ་སྦེ་རང་ཐོན་ཡི་ལགས་ད། ག་ཅི་འབད་ཟེར་བ་ཅིན་ ང་བཅས་ ནཱ་གི
  • སངས་རྒྱས་བསྟན་འཛིན་/Sangay Tenzin: ག་ཅི་སྦེ་ལགས?
    Why?
  • ལུགས་སྲོལ་གྱིས་སྦེ་ ཧི་ཧི་་ ནཱ་ག་ཅི་སྨོ་ཟེར་བ་ཅིན་ ཧེ་མ་ལས་རང་ཏེ་ དཔུང་རྡོ་རྐྱབ་སྡོད་ནི་དེ་གིས།
  • སངས་རྒྱས་བསྟན་འཛིན་/Sangay Tenzin:
    དཔུང་རྡོ་རྐྱབ་རྐྱབ་སར་སྡོད་པའི་ན་ལགས་ནཱ?
  • ཏེ་མ་པ་ རྐྱབ་ནི་འདི་ ཧེ་མ་རྐྱབ་འོང་ལགས་ ཏེ་དེ་འབདཝ་ད་ ད་རེས་ནངས་པ་ ཏེ་ དུས་ཚོད་འ་ནཱི་ལུ་ ཨ་རྟག་ར་རྐྱབ་ནི་ཡོད་ལགས།
    Yeah we use to play in the before also, but on this occasion it is the usual.
  • སངས་རྒྱས་བསྟན་འཛིན་/Sangay Tenzin:
    ན་ཧིང་དང་ དུས་ཅིའི་བར་ན་ སྤྲོ་ག་བྱུང་ཡི་གོ?
  • ད་ཐོན་ཡི་ལགས་ ཐོན་ནི་འདི་ ན་ཧིང་ཡང་ ཨ་རྟག་བཟུམ་སྦེ་ར་ ད་དུས་ཅི་ཡང་ཐོན་ཡི་ལག ཧེང་ཧེང་(laughs) ལགས་སོ།
  • སངས་རྒྱས་བསྟན་འཛིན་/Sangay Tenzin:
    གསོལ་རས་ཐོབ་འབདཝ་ད་ སེམས་དགའ་ཡི་ག་ལགས?
  • ཧ་་་སེམས་དགའ་ཡི་ལགས།
  • སངས་རྒྱས་བསྟན་འཛིན་/Sangay Tenzin:
    ག་དེམ་ཅིག་དགའ་ཡི་གོ་ལགས?
  • ཡ་་་སྦོམ་སྦེ་རང་དགའ་ཡི་ལགས་སེམས།
  • ལགས་སོ། ལགས་སོ། བཀའ་དྲིན་ཆེ།