Skip to main content Skip to search
07 Dec 2014
1 min 51 sec
Rating
0
No votes yet
Video Overview
Creators: 
Yeshi Wangchuk

བུ་ལི་མཆོད་པ་ཉིནམ་གཉིས་པའི་ མདའ་རྩེད་འགྲན་བསྡུར་འབད་བའི་སྐབས་ བུ་ལི་སྤྱི་འོག་གི་ཚོགས་པ་ ཀུན་ལེགས་དབང་ཕྱུག་གིས་བཤད་མི་ནང་ མདའ་རྩེད་ཀྱི་སྐབས་ལུ་ ཨེར་ཀ་བཏགས་ནིའི་སྲོལ་འདི་ཡང་ ཧེ་མ་ཕམ་ཚུ་གི་སྐབས་ལས་ར་འདུག་ ཟེར་ཨིན་པས། དེ་ཡང་ བཀག་རི་རེ་རྐྱབ་ ཆོད་མདའ་རྐྱབ་སྟེ་ སྐུགས་གྲོལ་བའི་སྐབས་ལུ་ འཆམ་རྐྱབ་སྟེ་ འཇིག་རྟེན་གྱི་སྣང་ངོ་ལུ་ འུར་སྒྲ་གི་ཐོག་ལས་འབད་ ལོ་གཅིག་གི་དགྲ་ག་ར་ བཏུལ་བའི་ཚུལ་འབད་ དེ་སྦེ་བརྩི་སྲུང་ཞུ་སྲོལ་ཅིག་འདུག།

 

Show More

  • ཀུན་ལེགས་དབང་ཕྱུག་
    Kinley Wangchuk: ལགས་སོ་ ད་ལྟོ་ ནཱ་ ཨེར་ཁ་བཏགས་ འབའ་གཡས་གཡོན་ལུ་སྡོད་དགོ་མི་འདི་
  • ཀུན་ལེགས་དབང་ཕྱུག་
    Kinley Wangchuk: ང་བཅས་ དང་ཕུ་གི་སྲོལ་ཅིག་ དང་ཕུ་གི་ སྲོལ་ཅིག་འདུག་ཟེར་ ཞུ་ནི་འབད་ཨིན་ལགས།
  • ཀུན་ལེགས་དབང་ཕྱུག་
    Kinley Wangchuk: ཏེ་ ཞུ་དགོ་མི་འདི་ ག་ཁྱབ་ཟེརན་ དང་ཕུའི་ ཕ་མའི་སྐབས་འདི་ནང་ལུ་རང་
  • གཟུགས་གཞི་བཏོན་ཁོ་རེད་
  • ཀུན་ལེགས་དབང་ཕྱུག་
    Kinley Wangchuk: སྐུགས་གྲོལ་ ནཱེམ་འབད་ ཧེ་མ་ ཧེན་རྒྱུགཔ་སྦེ་ ཐོན་འགྱོ་མི་འདི་ ཁོ་གིས་ ང་བཅས་དགྲ་འདི་ གཡུས་སྒོ་གི་ དགྲ་འདི་ འ་ནཱེམ་ཅིག་ཁར་ ལོ་གཅིག་གི་རྐྱེན་འདི་
  • ཀུན་ལེགས་དབང་ཕྱུག་
    Kinley Wangchuk: བར་ཆད་ རྐྱེན་བར་ཆད་ག་ར་ འདི་གིས་སྦེ་ བཟློག་བཅུག་ཟེར་བའི་གི་ ཁོ་གིས་ སྐད་དང་སྦྲགས་ཏེ་གིས་སྦེ་ འ་ནཱེ་སྦེ་ འབད་བའི་སྲོལ་འདུག་ ཕ་མའི་སྐབས་འདི་ནང་ལུ་
  • ཀུན་ལེགས་དབང་ཕྱུག་
    Kinley Wangchuk: ཏེ་ ང་བཅས་ ད་ལྟོ་ ནཱ་ བཀག་རི་རྐྱབ་ ཆོད་མདའ་རྐྱབ་སྟེ་ སྐུགས་གྲོལཝ་ད་ལུ་ཡང་ ད་ཁོང་གཉིས་ཀྱིས་སྦེ་ འཆམ་རྐྱབ་
  • ཀུན་ལེགས་དབང་ཕྱུག་
    Kinley Wangchuk: གནམ་མེད་ས་མེད་ ཨ་ནཱི་ དགྲ་འདི་ཚུ་ མར་ཕམ་ནི་གི་དོན་ལས་ གནམ་མེད་ས་མེད་ འུར་སྒྲ་གི་དོན་ལས་སྦེ་ ང་བཅས་ ལོ་གཅིག་གི་ནང་ལུ་ རྐྱེན་བར་ཆད་ག་ནི་ཡང་ བྱུང་མ་བཅུག་ཟེར་བའི་གི་
  • ཀུན་ལེགས་དབང་ཕྱུག་
    Kinley Wangchuk: ཏེ་ ང་བཅས་ཀྱིས་འདི་གི་ བཟློག་ཐབས་བཟུམ་སྦེ་ ང་བཅས་ འཇིག་རྟེན་གྱི་ སྣང་བ་འ་ནཱི་བཟུམ་ཅིག་ཨིན་པས་ཟེར་ ཞུ་ནི་ཨིན།
  • ཨེ་ཧོ་ཧོ་ཧོ་་་་་ཨ་ཅོ་རྐྱབ་ད་་
  • ཀུན་ལེགས་དབང་ཕྱུག་
    Kinley Wangchuk: འབའ༌སྦུག༌ནང༌སྦེ༌ བསྒྲིག་སྟེ་འབད༌མས༌ཏེ།
  • ཨ་ཧོ་ཧོ་ཧོ་་་་་་
  • ཀུན་ལེགས་དབང་ཕྱུག་
    Kinley Wangchuk: འོང་་་འ༌ནཱེ༌སྦེ་ བསྒྲིག་སྟེ་རང་སྡོད་དགོ་དབའེ།
  • བཏུབ་པས༌ བཏུབ་པས༌ ད་ སློབ་དཔོན།