02 Apr 2019
2 min 5 sec
Video Overview
Creators:
Tibetan and Himalayan Library
A children's game using a bone from a sheep.
བྱིས་པའི་རྩེད་མོ་ཐེ་གེ་ཡི་ངོ་སྤྲོད།
བརྙན་འདིར་ལུག་སོགས་ཀྱི་རུས་པ་ཐེ་གེ་སྣ་ཚོགས་སྤྱད་ནས་ཐེ་གེ་ཞེས་པའི་རྩེད་ཆས་དེ་ཇི་ལྟར་རྩེད་པ་དང་དེའི་ངོས་སོ་སོའི་མིང་ལ་ཅི་ཟེར་བ་སོགས་གསལ་བཤད་བྱས་ཡོད།
羊的关节骨的儿童游戏。
这段视频是藏族传统的羊关节骨的游戏来解释游戏的规则,以及如何认出并点名羊关节骨的的每一面。
- ཐེ་གེ་འཕང་ན་རང་ལ་ཅི་ཞིག་དགོས་པ།
- བྱིས་པ་ཚོས་མི་གསུམ་ཡོད་ན་
- བཞི་ཡོད་རུང་ཐེ་གེ་འཕང་བ་ན།
- ཐེ་གེའི་ནང་དུ་ཁྱི་དང་སེང་གེ།
- དྲེལ་དང་རྟ།
- ལུག་དང་ཁྱི་རྐོ་སོགས་ཡོད་པ་ལས་
- ཁྱི་རྐོ་ནི་ཆེས་ངན་པ་དེ་རེད།
- ཐེ་ཁེ་འཕང་པ་ན་ཐེ་གེ་ཙོག་པུར་བསྡད་དུས་
- དེའི་ངོར་ཁྱི་མིན་པའི་སེང་གེ་ལྟ་བུ་ཞིག་ཡོད།
- དེ་ནི་སེང་གེ་ཡིན་ལ་
- སེང་གེ་ནི་ཆེས་བཟང་ཤོས་དེ་རེད།
- ལོགས་གཅིག་དྲེལ་རེད།
- དྲེལ་འཕང་ན་ཡང་བཟས་ཤོས་རེད།
- དེ་ནས་རྟ་རེད།
- རྟ་འཕང་ན་ཡང་བཟང་ཤོས་རེད།
- དེ་ནས་ལུག་འཕང་པ་ན་དེ་ནི་འབྲིང་བ་དེ་རེད།
- དེའི་འཕྲོར་ཁྱི་རྐོ་རེད།
- ཁྱི་རྐོ་ཞེས་ན་སྒོ་ནས་ཁྱི་རྐོ་རེ་
- དེ་ནི་ཆེས་ཁ་ལས་མེད་ས་དེ་རེད།
- དེ་ལྟར་དུ་གཤིབ་ནས་སུས་བཟང་འགྲན།
- ཁྱོད་ལ་ཁ་ལས་ཡོད་དམ་ང་ལ་ཁ་ལས་ཡོད་ལྟ།
- ཐེ་གེ་དེ་ལྟར་འཕེན་ནི་རེད།
- ཐེ་གེ་འཕེན་ཚུལ་ནི་དེ་འདྲ་ཞིག་རེད།