Skip to main content Skip to search
21 Jun 2018
11 min 54 sec
Video Overview
Creators: 
Nelson Walker , Penchela

63 year-old Dorjimo from Ura, Bumthang never misses the Yakchö festival in Ura. It has been about 5-6 years that she has served singchang for the Yakchö festival. Those who carry singchang during Yakchö festivals are called "changnyer". They serve around 22 bottles of sinchang during the festival. Those who are performing mask dances will come to drink after finishing their dance, and the changnyer has to serve them singchang. If changnyer are not close by the sinchang ready to provide service, then they will be chided.

སྐྱེས་ལོ་༦༣་ལང་མི་ ཨུ་ར་ལས་ཨིན་མི་ རྡོ་རྗེ་མོ་གིས་ གཡག་མཆོད་འདི་ ལོ་ན་ཆུང་ཀུ་སྒང་ལས་ར་ བལྟ་སྲོལ་ཡོདཔ་ཨིན་མས། དེ་ལས་མོ་གིས་ སིང་ཆང་འདི་ཡང་ ག་དེ་འབད་དྲང་དོ་ཡོདཔ་ཨིན་ན་གྱི་ སྐོར་ལས་བཤད་ཡོདཔ་ཨིན་མས། ཧེ་མ་ལོ་ དྲུག་དང་ལྔ་ལས་རང་ དྲང་སྲོལ་ཡོདཔ་ཨིན་མས། སིང་ཆང་བདག་འཛིན་འཐབ་མི་འདི་ལུ་ ཆང་གཉེར་ཟེར་སླབ་ཨིན་མས། ཆང་འདི་ཡང་ དུས་ཚོད་ཅིག་ ལེགས་ཤོམ་འབད་བལྟ་ཞོནམ་ལས་ དྲང་དོ་ཡོདཔ་ཨིན་མས། ཁོང་ཚུ་ སིང་ཆང་དམ་སྦྱིས་ ༢༢་རེ་དྲང་གོ་དོ་ཡོདཔ་ཨིན་མས། འཆམ་རྐྱབ་མི་ཚུ་ འཆམ་རྐྱབ་ཚརཝ་ཅིག་ སིང་ཆང་འཐུང་པ་འོང་དོ་ཡོདཔ་ཨིན་མས། ག་དེམ་ཅིག་འབད་ ཆང་གཉེར་འདི་ ཆང་གི་སྦོ་ལོག་ཁར་ མ་སྡོད་བ་ཅིན་ ཉེས་བྱ་སྐྱེད་དོ་ཡོདཔ་ཨིན་མས།

Transcript search
No results found for this search
0 of 0
 • བསམ་གཏན་ཡེ་ཤེས་ Samten Yeshi
  ཨཱ་་་ཨམ་ཅུམ་ཧེ་མ་རང་ཁྱོད་ཀྱི་མིང་དང་ དེ་ལས་ ཁྱོད་ར་ལོ་ག་དེམ་ཅིག་ཡར་སོང་ཡི་ག་ཅིག་སླབ་གནང་མས།
 • རྡོ་རྗེ་མོ་ Dorjimo
  ང་ལོ་ཁལ་གསུམ་དང་གསུམ་ལངས་སོང་ཡི།
 • བསམ་གཏན་ཡེ་ཤེས་ Samten Yeshi
  དེ་ལས་ མིང་?
 • རྡོ་རྗེ་མོ་ Dorjimo
  མིང་རྡོ་རྗེ་མོ།
 • བསམ་གཏན་ཡེ་ཤེས་ Samten Yeshi
  རྡོ་རྗེ་མོ་རྐྱངམ་གཅིག་རང་ཨིན་ན?
 • རྡོ་རྗེ་མོ་ Dorjimo
  འོང་་་ཨིན།
 • བསམ་གཏན་ཡེ་ཤེས་ Samten Yeshi
  ཧི་ཧི་་་་་ང་གིས་ ད་རུང་སྦྲགས་མ་ཤེས་ནི་འདི་གིས་དྲི་ཡི།
 • རྡོ་རྗེ་མོ་ Dorjimo
  སྦྲགས་མེད་ལགས་ ཧ་ཧ་་་་།
 • བསམ་གཏན་ཡེ་ཤེས་ Samten Yeshi
  ཨཱ་་་དེ་ལས་ད་ ཨུ་ར་གཡག་མཆོད་ནང་བཅའ་མར་གཏོགས་ཏེ་ ལོ་ལེ་ཤ་ཅིག་སོང་སོངཔ་འོང་ ཏེ་ད་ལྟོ་ཚུན་ཚོད་ཆུང་ཀུ་ཅིག་ལས་རང་ ཨུ་ར་གཡག་མཆོད་ནང་སྡོད་སྡོདཔ་འོང་།
 • རྡོ་རྗེ་མོ་ Dorjimo
  འོང་ཏེ་ ད་ལོ་ལེ་ཤ་ཅིག་སོང་ཡི་ལགས།
 • བསམ་གཏན་ཡེ་ཤེས་ Samten Yeshi
  ཏེ་ད་ཆང་གཉེར་ལོ་ག་དེམ་ཅིག་འབད་ནུག་གོ?
 • རྡོ་རྗེ་མོ་ Dorjimo
  ཆང་གཉེར་འདི་ལོ་ དྲུག་དྲུག་བདུན་གྱི་བར་ན་ ཚར་རེ་ཕོགཔ་མས།
 • བསམ་གཏན་ཡེ་ཤེས་ Samten Yeshi
  འེང་་་ཏེ་ཨམ་ཅུམ་གྱིས་ ཆང་གཉེར་འགོ་དང་པ་ ག་དེམ་ཅི་འབདཝ་ད་འབད་ཡི?
 • རྡོ་རྗེ་མོ་ Dorjimo
  ཆང་གཉེར་འདི་ལོ་ ༢༠ ཡན་ཆད་ལས་ཡར་འབད་འབདཝ་འོང་།
 • བསམ་གཏན་ཡེ་ཤེས་ Samten Yeshi
  ཁལ་གཅིག་ལས་ འགོ་དང་པ་ལོ་ ༢༠ དེ་ཅིག་འགྱོཝ་ད?
 • རྡོ་རྗེ་མོ་ Dorjimo
  འོང་་་།
 • བསམ་གཏན་ཡེ་ཤེས་ Samten Yeshi
  ཏེ་ད་ སྤྱིར་བཏང་ཏེ་ ཆང་ཚང་མདོ་བཞི་གི་ཆང་ཚང་འབདཝ་ལས་ གཡག་མཆོད་མ་རནམ་ཅིག་གི་ཧེ་མ་ ཆང་གི་གཉེར་ཚང་ཚེས་གྲངས་ག་དེམ་ཅི་ལུ་བསྡུཝ་ཨིན་ན་སྨོ?
 • རྡོ་རྗེ་མོ་ Dorjimo
  གཉེར་ཚང་གཟའ་སྐར་བལྟ་ཞིནམ་ལས་ ཨ་ནཱི་ རྩིསཔ་གིས་གཟའ་སྐར་བལྟ་ཞིནམ་ལས་ བསྡུ་བཞག་སྦེ་ དེ་ལས་ ད་རུང་ཆང་བཙོ་བའི་སྐབས་ལུ་ཡང་ གཟའ་སྐར་དང་འཁྲིལ་ཏེ་ ཡུདཔ་ཅིག་ཆུ་ཚོད་ ༥ དེ་ཅིག་ལས་བླུགས་དགོ་པས།
 • བསམ་གཏན་ཡེ་ཤེས་ Samten Yeshi
  འེང་་་ དེ་ལས་ ཆང་གི་གཉེར་ཚང་བསྡུ་ཞིནམ་ལས་ དེ་ལས་ བླུགསཔ་ད་ག་ར་གཟའ་སྐར་བལྟ་སྟེ་ ཆུ་ཚོད་དང་འཁྲིལ་ཏེ་རང་འབད་དགོཔ་ཨིན་པས?
 • རྡོ་རྗེ་མོ་ Dorjimo
  འབད་དགོ་ དེ་ལས་ ལོ་བཏུབ་མི་གིས་བླུགས་དགོ
 • བསམ་གཏན་ཡེ་ཤེས་ Samten Yeshi
  འེང་་་བླུགས་ནི་ཡང་ལོ་བཏུབ་མི་གིས?
 • རྡོ་རྗེ་མོ་ Dorjimo
  ལོ་བཏུབ་མི་གིས།
 • བསམ་གཏན་ཡེ་ཤེས་ Samten Yeshi
  མདོ་བཞི་རང་ར་སོ་སོ་འབད་དེ་ ཆང་ཚུ་བཙོཔ་ད་ རང་རང་སོ་སོ་སྦེ་རང་མདོ་སོ་སོ་འབད་དེ་བཙོཔ་ཨིན་ན་ ཏེ་གཅིག་ཁར་སྦེ་ བཙོ་ག་མི་བཙོ?
 • རྡོ་རྗེ་མོ་ Dorjimo
  མདོ་བཞི་སོ་སོ་ ལས་ཚན་བཞི་སོ་སོ་རང་།
 • བསམ་གཏན་ཡེ་ཤེས་ Samten Yeshi
  འེང་་་ཏེ་ཆང་གི་དོན་ལུ་ གཉེར་ཚང་ག་ཅི་རང་བསྡུཝ་ཨིན་ན་?
 • རྡོ་རྗེ་མོ་ Dorjimo
  ཆང་བཙོ་ནིའི་དོན་ལུ་ ཀར་དང་ནག
 • བསམ་གཏན་ཡེ་ཤེས་ Samten Yeshi
  འམ་་་ཀར་དང་ནག་ཨིན་པས་སྨོ?
 • རྡོ་རྗེ་མོ་ Dorjimo
  འོང་་་ཏེ་ཞུགས་བྲེ་ཟེར་ བྲེ་སྦོམ་གཅོད་བཟུམ་འབད་མི་འོང་ དེའི་ནང་བྲེ་ལྔ་ལྔ་རེ་བསྡུཝ་མས།
 • བསམ་གཏན་ཡེ་ཤེས་ Samten Yeshi
  འདི་ཞུགས་བྲེ་ཟེར་མི་ཡ?
 • རྡོ་རྗེ་མོ་ Dorjimo
  འོང་ལགས་ ཏེ་ང་བཅས་རའི་བྲེ་ བཅུ་ཐམ་དང་ བཅུ་གཉིས་དེ་རེ་འཛུལཝ་མས།
 • བསམ་གཏན་ཡེ་ཤེས་ Samten Yeshi
  འདི་གི་ནང་ལུ?
 • རྡོ་རྗེ་མོ་ Dorjimo
  འོང་།
 • བསམ་གཏན་ཡེ་ཤེས་ Samten Yeshi
  ཨ་་་ཞུགས་བྲེ་ བྲེ་ག་དེམ་ཅི་ལོ?
 • རྡོ་རྗེ་མོ་ Dorjimo
  ཞུགས་བྲེ་ལྔ།
 • བསམ་གཏན་ཡེ་ཤེས་ Samten Yeshi
  ཞུགས་བྲེ་ལྔ་འབདཝ་ད་ ང་བཅས་རའི་བྲེ་བཅུ་གཉིས་འཛུལཝ་མས་ལོ?
 • རྡོ་རྗེ་མོ་ Dorjimo
  འོང་འཛུལཝ་མས།
 • བསམ་གཏན་ཡེ་ཤེས་ Samten Yeshi
  འེང་་་དེ་ལས་ འདི་ཞབས་དྲུང་སྐུ་མཆོད་ཀྱི་ཧེ་མ་བསྡུཝ་ཨིན་ན་ ཤུལ་ལས་བསྡུཝ་སྨོ་འདི?
 • རྡོ་རྗེ་མོ་ Dorjimo
  ཧེ་མ།
 • བསམ་གཏན་ཡེ་ཤེས་ Samten Yeshi
  ཧེ་མ་ལས་རང་བསྡུཝ་ཨིན་པས་སྨོ?
 • རྡོ་རྗེ་མོ་ Dorjimo
  བསྡུ་འོང་།
 • བསམ་གཏན་ཡེ་ཤེས་ Samten Yeshi
  འེང་་་དེ་ལས་ གཉེར་ཚང་བསྡུ་ཞིནམ་ལས་ཆང་བཙོ་ ཆང་བཙོཝ་ད་ ག་ཏེ་ལུ་སྦེ་བཙོཝ་ཨིན་ན?
 • རྡོ་རྗེ་མོ་ Dorjimo
  ནཱ་རྡོ་གཅལ་ནང་ན་སྦེ་རང་བཙོ་འོང་།
 • བསམ་གཏན་ཡེ་ཤེས་ Samten Yeshi
  ཁོང་ར་རང་རང་སོ་སོ་ མདོ་བཞི་ག་ར་ནཱ་སྦེ་བཙོ་འོང་ཡ?
 • རྡོ་རྗེ་མོ་ Dorjimo
  འོང་་གཉེར་ཚང་ཡང་ནཱ་སྦེ་རང་བསྡུ་འོང་།
 • བསམ་གཏན་ཡེ་ཤེས་ Samten Yeshi
  འེང་་་ཏེ་སྤྱིར་བཏང་མ་པ་ ཆང་རང་རང་སོ་བཙོཝ་མ་གཏོགས་ ཉིནམ་གཅིག་གི་ནང་རང་ གཉེར་ཚང་བསྡུ་ས་ཡང་གཅིག་ཁར་རང་ ཆང་ཡང་ཆུ་ཚོད་གཅིག་གུ་རང་ ག་ར་རྩིས་གཅིག་ཁར་བལྟ་སྟེ་འབདཝ་མས།
 • བསམ་གཏན་ཡེ་ཤེས་ Samten Yeshi
  འེང་་་དེ་ལས་ཏེ་ ཆང་གཉེར་གྱི་ལཱ་ག་ཅི་རང་ཡོདཔ་ཨིན་ན་ ཆང་གཉེར་གྱི་འགན་ཁུར་ག་ཅི་རང་འབག་དགོཔ་ཡོད་ག?
 • རྡོ་རྗེ་མོ་ Dorjimo
  འགན་ཁུར་ཏེ་ ཨ་ནཱི་ཆང་བཙོ་ཞིན་ན་ ཆང་བླུགས་ཏེ་ དེ་ལས་ སིང་ཆང་བཙགས་ཏེ་ དེ་སྦེ་དྲང་ནི་ཏེ།
 • བསམ་གཏན་ཡེ་ཤེས་ Samten Yeshi
  འེང་་་།
 • རྡོ་རྗེ་མོ་ Dorjimo
  མཆོད་པ་གི་རིང་དྲང་ནི།
 • བསམ་གཏན་ཡེ་ཤེས་ Samten Yeshi
  ཏེ་ཆང་བཙོ་ཞིན་ན་ སིང་ཆང་བཙགསཔ་ད་ ག་ཅི་རང་འབད་དགོཔ་ཨིན་ན་ ཧེ་མ་རང་ཆང་བཙོ་ དེ་ལས་ ཆང་བཙོ་ཞིནམ་ལས་ དེ་ལས་ རྒྱ་ཛི་ནང་བླུགས་ དེ་ལས་ ག་དེ་སྦེ་བཙག་ཐངས་ཀྱི་རིམ་པ་འདི་ཚུ་ག་དེ་སྦེ་རང་ཡོད?
 • རྡོ་རྗེ་མོ་ Dorjimo
  བཙག་ནི་འདི་ ཞབས་དྲུང་སྐུ་མཆོད་ཀྱི་ཉིན་མར་བཙགས་ ཚེས་ ༡༡ ལུ་བྲོཝ་བལྟ་ ༡༢ ལུ་ ཡར་ཡི་དམ་ཞུ་བར་འགྱོ་དགོ་ལགས།
 • བསམ་གཏན་ཡེ་ཤེས་ Samten Yeshi
  འེང་་་ཏེ་ད་ བཙགསཔ་ད་ ད་ཨ་རག་འདི་ སོ་སོ་སྦེ་རང་ མདོ་བཞི་གིས་ ཆང་བཙོ་ཞིནམ་བཟོཝ་ཨིན་ན་ ཡང་ཅིན་སྤྱིར་བཏང་མདོ་བཞི་སྦེ་ སིང་ཆང་རྐྱངམ་གཅིག་རང་ཨིན་ན?
 • རྡོ་རྗེ་མོ་ Dorjimo
  ཨ་རག་སོ་སོ་ སིང་ཆང་ནཱ་རང།
 • བསམ་གཏན་ཡེ་ཤེས་ Samten Yeshi
  འེང་་་།
 • རྡོ་རྗེ་མོ་ Dorjimo
  ཨ་རག་ཚུ་ཁྱིམ་ནང་བཙོ་འོང་།
 • བསམ་གཏན་ཡེ་ཤེས་ Samten Yeshi
  འེང་་་སིང་ཆང་འདི་ནཱ་ལུ་སྦེ་ ཨ་རག་འདི་ ག་ཅི་ལོ་ལས་ཚན་དང་ ག་ཅི་སླབ་སྨོ?
 • རྡོ་རྗེ་མོ་ Dorjimo
  ཏ་ཟ་ཚུ་གི་ཁྱིམ་ནང་ལུ་སྦེ།
 • བསམ་གཏན་ཡེ་ཤེས་ Samten Yeshi
  ཏ་ཟ་ཚུ་གི་ཁྱིམ་ནང་ལུ་སྦེ?
 • རྡོ་རྗེ་མོ་ Dorjimo
  འོང་་་ལས་ཚན་གྱི་ཁྱིམ་ནང་།
 • བསམ་གཏན་ཡེ་ཤེས་ Samten Yeshi
  འེང་་་ལས་ཚན་གྱི་ཁྱིམ་ནང་བཞགཔ་ཨིན་ན?
 • རྡོ་རྗེ་མོ་ Dorjimo
  འོང་་་ལས་ཚན་ག་ཕོག་མི་འདི་གི་ཁྱིམ་ནང་།
 • བསམ་གཏན་ཡེ་ཤེས་ Samten Yeshi
  འེང་་་དེ་ལས་ ཆང་གཉེར་ག་ཕོགཔ་སྨོ་ ཏ་ཟ་དང་ལས་ཚན་འདི་གཉིས་ལས?
 • རྡོ་རྗེ་མོ་ Dorjimo
  ཅོག་གཅིགཔ་རང་ལགས།
 • བསམ་གཏན་ཡེ་ཤེས་ Samten Yeshi
  ཏེ་ཆང་གཉེར་འདི་ ཏ་ཟ་དང་ལས་ཚན་གཉིས་ཆ་རང་ཅོག་གཅིགཔ་ཕོག་དགོཔ་ཨིན་པས་?
 • རྡོ་རྗེ་མོ་ Dorjimo
  འོང་ཅོག་གཅིགཔ་རང་ཕོག
 • བསམ་གཏན་ཡེ་ཤེས་ Samten Yeshi
  དེ་ལས་ ཆང་གཉེར་འབད་ཞིནམ་ལས་ ཆང་གི་རིགས་ སིང་ཆང་གི་རིགས་ ཕུལ་ཆ་ཀེམ་(ཧོད་) ལེ་ཤ་ཅིག་འགྱོ་དགོཔ་འདུག་སྦ་སྨོ?
 • རྡོ་རྗེ་མོ་ Dorjimo
  ཀེམ་ཡོད་ལེ་ཤ།
 • བསམ་གཏན་ཡེ་ཤེས་ Samten Yeshi
  ཀེམ་ག་ཏེ་དང་ ག་ཏེ་རང་སྐྱེལ་དགོཔ་ཡོད་གོ?
 • རྡོ་རྗེ་མོ་ Dorjimo
  རྒ་པོ་ལུ་ ༣ སྐྱེལ་དགོ་ དེ་ལས་ རྩིསཔ་གཟའ་སྐར་བལྟ་མི་ལུ་ ༣ སྐྱེལ་དགོ་ ལས་ཚན་རེ་རེ་གིས་ དེ་ལས་མར་ སྦང་པ་ལུ་ ༣ དེ་ལས་ དགའ་ལྡན་བླམ་ལུ་ ཡི་དམ་གྱི་སྐུ་སྐལ་ཟེར་ ཚན་གཅིག་འགྱོ་དགོ་ གཡང་ཁྲོ་ ༤ དེ་ལས་ ད་རུང་ཀོ་ཟོམ་ཟེར་ དུམ་གྲ་ཅིག་ ཁྲོ་ལས་སྦོམ་སུ་ཅིག་ ཧེ་མ་འབད་བ་ཅིན་ བ་ཅང་ཟེར་འདེགས་མས་བ་ འདི་གི་ཤུལ་ལས་ ཇར་ཀིན་ནང་འབགཔ་མས་ དེ་ལས་ ཇ་སྐོར་ཆང་སྐོར་གྱི་སྐབས་ རྒཔོ་ཞུ་བར་འགྱོཝ་ད་ ཀེམ་གང་འབག་དགོ
 • རྡོ་རྗེ་མོ་ Dorjimo
  དེ་ལས་ དབུ་མཛད་ལུ་ ཀེམ་ ༣ དེ་ལས་ ཡར་དགའ་ལྡན་བླམ་ལུ་ གཟིགས(?)་ཆང་ཀེམ་གཅིག་ རྒ་པོ་ལུ་ ཀེམ་གཅིག་འབག་དགོ
 • བསམ་གཏན་ཡེ་ཤེས་ Samten Yeshi
  འེང་་་ ཨ་ནཱི་ཀེམ་ཚུ་ ཉིན་ལྟར་བཞིན་དུ་ འབག་དགོཔ་ཨིན་ན?
 • རྡོ་རྗེ་མོ་ Dorjimo
  ཉིན་ལྟར་འབག་མི་དགོ་ རང་སོའི་རྩ་བོ་གི་ཉིན་མར་འབག་དགོ
 • བསམ་གཏན་ཡེ་ཤེས་ Samten Yeshi
  འེང་རྩ་བོ་ དཔེར་ན་འབད་བ་ཅིན་ ད་རེས་རྩ་བོ་ག་ཨིན་མི་འདི་གིས་ ཀེམ་ནང་སྦེ་སྐྱེལ་དགོཔ་ཨིན་པས་སྨོ?
 • རྡོ་རྗེ་མོ་ Dorjimo
  ཉིནམ་རེ་རེ་རྩ་བོ་སྐོར་རྒྱབ་འབད་དེ།
 • བསམ་གཏན་ཡེ་ཤེས་ Samten Yeshi
  འེང་་་།
 • རྡོ་རྗེ་མོ་ Dorjimo
  ཉིནམ་དང་པའི་ནང་གཅིག་ གཉིས་པའི་ནང་གཅིག་ གསུམ་པའི་ནང་གཅིག་ བཞི་པའི་ནང་གཅིག་
 • བསམ་གཏན་ཡེ་ཤེས་ Samten Yeshi
  འེང་་་ཡ་ཡ། ཏེ་ད་ འ་ནཱི་ཀེམ་ཚུ་གི་ཐོབ་ཐངས་ཀྱི་རིམ་པའི་ནང་ ད་རུང་ད་ འདི་འདུག་བ་ སིང་ཆང་ཁྲོ་དང་པ་གཉིས་པ་ཟེར་ འ་ནཱི་སྐྱེལ་མི་འདི་ག་དེ་སྦེ་སྨོ? ཁྲོ་དང་པའི་ཐོབ་ག་ལུ་རང་ཨིན་ན་ གཉིས་པ་ག་ལུ་རང་བཏང་འོང་ག?
 • རྡོ་རྗེ་མོ་ Dorjimo
  ཁྲོ་དང་པ་ རྒད་པོ་ལུ་ ཨ་ནཱི་དང་པའི་ཉིན་མར་ ཁྲོ་ཀེམ་གཅིག་ གཉིས་པ་ཀེམ་གཅིག་ གསུམ་པ་ཀེམ་གཅིག་ཨིན། རྩིསཔ་ལུ་ཡང་ དེ་སྦེ་རང་སྐྱེལ་འོང་ དེ་ལས་ རང་སོ་རྩ་བོ་འབད་བའི་ཉིན་མར་ སྟེང་ཐོག་གི་དཀོན་གཉེར་ལུ་ ཀེམ་གསུམ་ འོག་ཐོག་ལུ་ ༣ འཆམ་དཔོན་འཆམ་མཇུག་ལུ་གསུམ་ཨིན།
 • བསམ་གཏན་ཡེ་ཤེས་ Samten Yeshi
  ཆང་གཉེར་གྱིས་ ཀེམ་དང་པ་གཉིས་པ་སྦེ་ སྐྱེལ་བར་འབག་དགོཔ་ལེ་ཤ་འདུག་སྦ་སྨོ་ དེ་ལས་ ད་རུང་མགྱོནམ་བྱོནམ་ད་ཡང་སྐྱེལཝ་མས་སྦ་སྨོ?
 • རྡོ་རྗེ་མོ་ Dorjimo
  མགྱོནམ་ཚུ་ཡང་སྐྱེལ་དགོ་ མགྱོནམ་སྦོམ་ཚུ་ལུ་ཡང་སྐྱེལ་དགོ
 • བསམ་གཏན་ཡེ་ཤེས་ Samten Yeshi
  ཏེ་འ་ནཱི་སྦེ་འབདཝ་ད་ ད་ཁྲོ་དང་པ་འདི་གི་ ཁྱབ་ཚུགས་ག་དེ་སྦེ?
 • རྡོ་རྗེ་མོ་ Dorjimo
  ཁྲོ་དང་པ་གི་ཁྱབ་ཚུགས་མ་ཚུགསཔ་ཅིག་འོང་མས་ཏེ་ དགའ་ལྡན་བླམ་ལུནི་ ཡི་དམ་སྐུ་སྐལ་གཡང་ཁྲོ་ ༤ འགྱོ་དགོ
 • བསམ་གཏན་ཡེ་ཤེས་ Samten Yeshi
  ཁྲོ་སྦེ་རང་འགྱོ་དགོ་ཡ?
 • རྡོ་རྗེ་མོ་ Dorjimo
  ཁྲོ་རང་འགྱོ་དགོ་ ཡི་དམ་གྱི་སྐུ་སྐལ་སྦེ་ དེ་ལས་ཧེ་མ་འབད་བ་ཅིན་ ཀོ་ཟོམ་ཟེར་སླབ་མས་སྦ་ གཉིས་པ་ཀོ་ཟོམ་སྦེ་ཕུལ་དགོ
 • བསམ་གཏན་ཡེ་ཤེས་ Samten Yeshi
  ཀོ་ཟོམ་སྦེ་ཕུལ་མི་འདི་ དང་པ་མེན་པས་སྨོ་ ཁྲོ་གཉིས་པ་ཨིན་པས།
 • རྡོ་རྗེ་མོ་ Dorjimo
  མེན་གཉིས་པ།
 • བསམ་གཏན་ཡེ་ཤེས་ Samten Yeshi
  གཉིས་པ་ཕུལཝ་ཨིན་པས་སྨོ་ དེ་སྦེ་ལུགས་རང་དེ་སྦེ་ཨིན་པས་སྨོ?
 • རྡོ་རྗེ་མོ་ Dorjimo
  འོང་་ དེ་ལས་ མཇུག་བསྡུ་སྟེ་ རྒཔོ་གིས་ང་བཅས་ལུ་ཇ་ཅིག་བྱིན་འོང་ དེ་ལས་ འདི་གི་ལོག་ ང་བཅས་ལས་ཚན་རེ་རེ་ལས་ ཁྲོ་ཀེམ་གསུམ་གསུམ་འབག་སྟེ་འགྱོ་དགོ་ཇ་འཐུང་པར།
 • བསམ་གཏན་ཡེ་ཤེས་ Samten Yeshi
  འེང་་་དེ་ལས་ད་ འཕྲལ་འཕྲལ་དཔེར་ན་ ད་ཁྲིམས་ཀྱི་ལམ་ལུགས་དང་འཁྲིལཝ་ད་ ཁྲོ་དང་པ་ལུ་ དང་པ་དང་ གཉིས་པ་ལུ་ གཉིས་པ་སྦེ་རང་འགྱོ་དགོཔ་ཨིན་པས་སྨོ?
 • རྡོ་རྗེ་མོ་ Dorjimo
  འོང་འོང་
 • བསམ་གཏན་ཡེ་ཤེས་ Samten Yeshi
  ཨིན་རུང་མ་ལངས་པའི་གནས་སྐབས་ལུ་ ཁྱོད་ཚུ་གིས་ གནས་སྐབས་ག་དེ་སྦེ་རང་བཏོན་ནི་ཡོད་གོ་ ཨ་ནཱི་ཆང་གཉེར་གྱི་གསང་བ?
 • རྡོ་རྗེ་མོ་ Dorjimo
  མ་ལངས་པའི་གསང་བ་འདི་ ཨ་ནཱི་བྲོཝ་མ་དག་ཚུན་ཚོད་ཆུ་བླུགས་ཞིན་ན་འབགཔ་ཨིན་ཏེ།
 • བསམ་གཏན་ཡེ་ཤེས་ Samten Yeshi
  དཔེར་ན་ཁྲོ་དང་པ་དང་ གཉིས་པ་འདྲཝ་སླ་བསྲེས་རྐྱབ་སྟེ་ དེ་བཟུམ་མའི་གནས་སྐབས་འདྲཝ་བཏོན་ནི་ཡོད་ག?
 • རྡོ་རྗེ་མོ་ Dorjimo
  སླ་བསྲེས་རྐྱབ་ཅི་རྐྱབ་ཅི་འབག་རང་འབག་དོ་ ཧེ་མ་དང་པ་སོ་སོ་སྦེ་བཞག་སྟེ་ དེ་ལས་འདི་ ཚད་སྦེ་བཞག་སྟེ་ བྲོཝ་མེདཔ་འགྱོཝ་ད་ བླུགས་ཅི་ཅི་འབག་དོ།
 • བསམ་གཏན་ཡེ་ཤེས་ Samten Yeshi
  ཏེ་དང་ཕུ་འབད་བ་ཅིན་ ཁྲོ་ཨིན་མེན་གནམ་མེད་ས་མེད་བརྟག་དཔྱད་འབད་དེ་ རོགས་ཀྱིས་འབད་ནི་འདུག་བ་སྨོ?
 • རྡོ་རྗེ་མོ་ Dorjimo
  ཏེ་འདི་ ཚེས་ ༡༡ ལུ་ཨཔ་ཚུ་འོང་སྟེ་ སིང་ཆང་བྲོཝ་བལྟ་སྟེ་ དེ་སྦེ་ལགཔ་བཤེད་མས་ག་མི་བཤེད་མས་ག་བལྟ་སྟེ་ བྲོཝ་བལྟ་ནི་ཡོད།
 • བསམ་གཏན་ཡེ་ཤེས་ Samten Yeshi
  ཏེ་བྲོཝ་བལྟཝ་ད་འདི་ ཨང་དང་པ་ཚུ་རང་འབག་དོ་འོང་?
 • རྡོ་རྗེ་མོ་ Dorjimo
  འོང་་་ དེ་སྦེ་རང་འབག་དགོ
 • བསམ་གཏན་ཡེ་ཤེས་ Samten Yeshi
  རྟིང་ལས་ཀེམ་ཚུ་ནང་ཕུལ་བའི་སྐབས་ལུ་ ཏེ་དབུ་མཛད་ཆང་སྐོར་ཚུ་གི་སྐབས་ལུ་འབད་བ་ཅིན་ ཁྲོ་ཨིན་མེན་བལྟ་ནི་འདུག་བ་སྨོ?
 • བསམ་གཏན་ཡེ་ཤེས་ Samten Yeshi
  དང་ཕུ་འབད་བ་ཅིན་འདི་ཁྲོ་ ཞིབ་དཔྱད་སྦེ་ ལག་ཁར་སྦྱར་མ་སྦྱར་བལྟ་བའི་སྐབས་ ཁྲོ་ཨིན་མེན་བདའ་ཟུན་འོང་ག་འདི་ཚུ་ལས?
 • རྡོ་རྗེ་མོ་ Dorjimo
  བལྟ་འོང་།
 • རྡོ་རྗེ་མོ་ Dorjimo
  བདའ་ཟུན་འོང་རོགས་ཀྱིས་ ཟུན་ནི་འདི་ལགཔ་ཁར་དེ་སྦེ་མེར་མེར་བཏང་སྦྱར་མ་སྦྱར་བལྟ་བའི་སྐབས།
 • བསམ་གཏན་ཡེ་ཤེས་ Samten Yeshi
  ཏེ་དང་ཕུ་ ཁྱོད་ཚུ་གིས་ ཁྲོ་མ་ཡིན་པའི་དེ་སྦེ་འབག་འགྱོ་བ་ཅིན་ ད་རེས་ནངས་པ་དེ་སྦེ་བལྟཝ་ད་བདའ་ཟུན་མས་ག?
 • རྡོ་རྗེ་མོ་ Dorjimo
  ད་རེས་ནངས་པ་རོགས་ཀྱིས་ གནམ་མེད་ས་མེད་མི་བལྟ་བས་ དང་ཕུ་འདི་ བལྟ་ཞིནམ་ལས་ མ་བཏུབ་ཡོད་པ་ཅིན་ལོག་བཏང་འོང་རོགས་ཀྱིས།
 • བསམ་གཏན་ཡེ་ཤེས་ Samten Yeshi
  འེང་་་དེ་ལས་ ཨིན་ཅི་མིན་ཅི་ཁྲོ་རང་འགྱོ་དགོཔ་ཨིན་པས་སྨོ?
 • རྡོ་རྗེ་མོ་ Dorjimo
  ཨིན་ཅི་མིན་ཅི་ལོག་འོང་སྟེ་ ཁྲོ་རང་འབག་དགོ
 • བསམ་གཏན་ཡེ་ཤེས་ Samten Yeshi
  ད་ལྟོ་འདི་གི་ལམ་ལུགས་ཡར་སོངཔ་འོང་ནི་འདྲས་ ཁྲོ་འགྱོ་ས་ལུ་ཁྲོ་རང་འགྱོ་དགོཔ་ གཉིས་པ་ལུ་གཉིས་པ་རང་དེ་སྦེ་འགྱོ་དགོཔ་ ད་ད་རེས་ནངས་པ་དུམ་གྲ་ཅིག་ དང་ཕུ་དང་ ད་རེས་ནངས་པའི་བར་ན་ ཁྱད་པར་ག་དེ་སྦེ་འདུག་གོ?
 • རྡོ་རྗེ་མོ་ Dorjimo
  ད་ད་རེས་ནངས་པ་ང་བཅས་ར་གིས་ཡང་ མ་བཏུབ་བཏུབ་སྦེ་འབག་འགྱོ་དོ་ ཁོང་གིས་ཡང་གནམ་མེད་ས་མེད་རང་མི་འབད་བས།
 • བསམ་གཏན་ཡེ་ཤེས་ Samten Yeshi
  འེང་་་།
 • རྡོ་རྗེ་མོ་ Dorjimo
  ང་བཅས་ཀྱིས་ཡང་ ད་དེ་སྦེ་འགྱོ་དགོ་ཟེར་ ལམ་ལུགས་དང་འཁྲིལ་ཏེ་རང་འབགཔ་ཨིན།
 • བསམ་གཏན་ཡེ་ཤེས་ Samten Yeshi
  ད་མཆོད་པ་ཡོངས་རྫོགས་ཀྱི་ནང་ལུ་ ད་ཆང་དཔེར་ན་འབད་བ་ཅིན་ སིང་ཆང་འདྲཝ་ག་དེམ་ཅིག་གི་བརྩིས་འགྱོཝ་མས་གོ་ ད་གཉེར་ཚང་ཞུགས་བྲེ་ ༥ སྨོ་ ང་བཅས་རའི་བྲེ་ ༡༢ འདི་ག་ར་ཧིང་སང་ས་སྦེ་རང་རྫོགས་པས་ག?
 • རྡོ་རྗེ་མོ་ Dorjimo
  རྫོགས་པས་མེན་ན་ཏེ་ འདི་འཕྲལ་འཕྲལ་སྐབས་དུམ་གྲ་རེ་ལྷག་མཇུག་ལུསཝ་མས།
 • བསམ་གཏན་ཡེ་ཤེས་ Samten Yeshi
  འེང་་་དེམ་ཅིག་གི་མ་པ་མཆོད་པ་མཇུག་འདི་ བསྡུ་ཚུགས་དོ་མས་སྨོ་ཤིག?
 • རྡོ་རྗེ་མོ་ Dorjimo
  ཚུགས་པས་ཚུགས་ནི་འདི།
 • བསམ་གཏན་ཡེ་ཤེས་ Samten Yeshi
  ཨ་རག་འབད་བ་ཅིན་ ཨ་རག་ཇར་ཀིན་ག་དེམ་ཅི་གི་བརྩིས་འགྱོཝ་མས་གོ?
 • རྡོ་རྗེ་མོ་ Dorjimo
  ཨ་རག་ན་ཧིང་འདི་ ཁལ་གཉིས་གཉིས་དེ་རེ་ཡང་བཙོ་ཡི་ཏེ་ གཞན་འབད་བ་ཅིན་ དང་ཕུ་འདི་ ཨ་རག་འདི་ལུགས་སྲོལ་རང་མིན་འདུག་ སིང་ཆང་རྐྱངམ་གཅིག་རང་ཨིན་པས་ ད་ཡར་རྒྱས་འགྱོ་བའི་ཟེར་ ཆང་ཚང་ནང་འོང་མི་ཚུ་ ཨ་རག་ཡང་བྱིན་མས།
 • བསམ་གཏན་ཡེ་ཤེས་ Samten Yeshi
  འེང་་་ཨ་རག་དགོ་མི་ལུ?
 • རྡོ་རྗེ་མོ་ Dorjimo
  ཨ་རག་དགོ་ནི་ སིང་ཆང་དགོ་ནི་ཟེར་སླབ་སྟེ་ དང་ཕུ་འདི་ཆང་ཚང་ནང་ལུ་ ཨ་རག་འོང་རང་མི་འོང།
 • བསམ་གཏན་ཡེ་ཤེས་ Samten Yeshi
  འེང་་་སིང་ཆང་མ་གཏོགས?
 • རྡོ་རྗེ་མོ་ Dorjimo
  སིང་ཆང་གཅིག་རང་ཨིན།
 • བསམ་གཏན་ཡེ་ཤེས་ Samten Yeshi
  འེང་་་ཏེ་དེ་ལས་ དེ་སྦེ་སིང་ཆང་ ཆང་ཚང་ནང་ལུ་ བདག་འཛིན་འབད་དེ་སྡོད་དགོ་པའི་ལམ་ལུགས་དེ་སྦེ་ཡོད་ག?
 • རྡོ་རྗེ་མོ་ Dorjimo
  དང་ཕུ་འདི་ བདག་འཛིན་འབད་དེ་ ཆང་ཚང་ནང་ལུ་ཉལ་ཏེ་རང་སྡོད་ནི་ཡོད་ ད་མི་ཉལ་བས།
 • བསམ་གཏན་ཡེ་ཤེས་ Samten Yeshi
  དང་ཕུ་ཉལ་སྡོད་མི་འདི་ ཨརཝ་ཤོར་འོང་ཟེར་ཨིན་ན?
 • རྡོ་རྗེ་མོ་ Dorjimo
  འོང་ཏེ་ ཨརཝ་ཡང་ཤོར་ དེ་ལས་ རོགས་རྡོ་གཅལ་ན་སྤྲོ་གནམ་མེད་ས་མེད་སྟོན་ཏེ་ ཞག་གཅིག་སྡོད་འོང་གླུ་འཐེན་ཏེ་ མེ་འཕུ་ཞིནམ་ལས།
 • བསམ་གཏན་ཡེ་ཤེས་ Samten Yeshi
  འེང་་་།
 • རྡོ་རྗེ་མོ་ Dorjimo
  ག་མ་འོངམ་ཅིག་རྟས་ལྕག་གི་དྲང་ཡི་རང་གླུ་འཐེན་བཅུག་ཏེ་ རྡོ་གཅལ་ན་མེ་འཕུ་སྟེ་རང་སྡོད་འོང་།
 • བསམ་གཏན་ཡེ་ཤེས་ Samten Yeshi
  དབའེ་ཞག་གཅིག་རང་སྡོད་དོ་མས་སྨོ་ཤིག?
 • རྡོ་རྗེ་མོ་ Dorjimo
  འོང་་་ནམ་མ་ནངས་ཚུན་ཚོད་རང་སྡོད་འོང་ ད་འདི་གཟིམ་བརྡ་འཕུཝ་ཅིག་འགྱོཝ་མས་མི་འདི་ཚུ།
 • བསམ་གཏན་ཡེ་ཤེས་ Samten Yeshi
  འེང་་་།
 • རྡོ་རྗེ་མོ་ Dorjimo
  ད་འདི་འཇམ་མས་དབའེ།
 • བསམ་གཏན་ཡེ་ཤེས་ Samten Yeshi
  འེང་་་། ཡ་ཡ་དང་ཕུ་ དེ་སྦེ་ཡོད་ནི་དེ་གིས་ ཆང་གཉེར་ཚུ་ཡང་ ཆང་ནེམ་འབད་སྦེ?
 • རྡོ་རྗེ་མོ་ Dorjimo
  འོང་་་ཆང་གཉེར་ཚུ་ ཆང་ཚང་ནང་ལུ་ ཉལ་རང་ཉལ་དགོ་ གོ་ལ་འབག་སྟེ།
 • བསམ་གཏན་ཡེ་ཤེས་ Samten Yeshi
  འེང་་་ ད་ཆང་ཨརཝ་ཤོར་བ་ཅིན་ ཨརཝ་ག་གིས་རང་བརྐུཝ་ཨིན་ན་?
 • རྡོ་རྗེ་མོ་ Dorjimo
  ཏེ་ཨརཝ་རང་འདི་མི་ཤོར་ ཤོར་ནི་འདི།
 • བསམ་གཏན་ཡེ་ཤེས་ Samten Yeshi
  འེང་་་།
 • རྡོ་རྗེ་མོ་ Dorjimo
  ཏེ་གནམ་མེད་ས་མེད་ འོང་མི་ནེ་ཅིག་རང་མི་འོང་དོ་མས།
 • བསམ་གཏན་ཡེ་ཤེས་ Samten Yeshi
  འེང་་་ཆང་ཚང་སྒོ་བསྡམས་བཞག་སྟེ་ དེ་སྦེ་འགྱོ་བ་ཅིན་ ཆད་ཚུ་ཕོག་ནི་ཡོདཔ་ཨིན་ན?
 • རྡོ་རྗེ་མོ་ Dorjimo
  ཕོག་འོང་ རོགས་འཆམ་དཔོན་འཆམ་མཇུག་འདི་ཚུ་ ཆང་སྐོར་ན་འོངམ་ད་ སྒོ་བསྡམས་བཞག་སྟེ་འགྱོ་བ་ཅིན་ ཆད་བཀལ་འོང་རོགས་ཀྱིས།
 • བསམ་གཏན་ཡེ་ཤེས་ Samten Yeshi
  འེང་་་།
 • རྡོ་རྗེ་མོ་ Dorjimo
  ཆང་ཚང་སྒོ་ཕྱེ་སྟེ་སྡོད་དགོ་ རོགས་ཕྱི་རུ་ཚར་རྟག་བུ་རང་ཆང་སྐོར་ནང་ལུ་ འཆམ་དཔོན་འཆམ་མཇུག་འཁྱིད་དེ་ཐོན་འོང་།
 • བསམ་གཏན་ཡེ་ཤེས་ Samten Yeshi
  ཏེ་ མཆོད་པའི་རིང་ལུ་ ཆང་སྐོར་འདི་ ཆང་ཚང་བཞིའི་ན་མ་གཏོགས་ གཡུས་བསྐོར་ཏེ་འགྱོ་མ་ཆོགཔ་ཨིན་ན?
 • རྡོ་རྗེ་མོ་ Dorjimo
  འོང་ཨིན་ གཡུས་བཤལ་ཏེ་འགྱོ་མི་ཆོག
 • བསམ་གཏན་ཡེ་ཤེས་ Samten Yeshi
  ཏེ་ཆང་ཚང་ནང་ལས་ ག་དེམ་ཅི་དགོ་རུང་ ཆང་ཚང་ན་ལས་ཐོབ་ཨིན་ན?
 • རྡོ་རྗེ་མོ་ Dorjimo
  གཡུས་ཁར་ཕར་འགྱོ་མི་ཚུ་ལུ་འདི་ཆད་རང་བཀལ་འོང་ ཧེ་མ་འབད་བ་ཅིན་ ཆང་རང་ཕོག
 • བསམ་གཏན་ཡེ་ཤེས་ Samten Yeshi
  འེང་་་ཏེ་གཡུས་ཁར་ཆང་སྐོར་འགྱོ་ནིའི་ཉིནམ་ནམ་ཕོགཔ་ཨིན་ན་དེ་འབད་བ་ཅིན?
 • རྡོ་རྗེ་མོ་ Dorjimo
  ཨ་ནཱི་བླམ་སྐུ་རྒྱབ་ཐལ་ཞིནམ་ལས་ཕོག
 • བསམ་གཏན་ཡེ་ཤེས་ Samten Yeshi
  དེ་ལས་རྐྱངམ་གཅིག་གཡུས་ཁར་འགྱོ་ཆོགཔ་ཨིན་པས་སྨོ?
 • རྡོ་རྗེ་མོ་ Dorjimo
  འོང་་གཡུས་ཁར་ལུ་ ཡི་དམ་མར་གཡུས་ཁར་ལུ་ཞུ་ཞིནམ་ལས་འབདནི་དེ་ལས་ཆོག
 • བསམ་གཏན་ཡེ་ཤེས་ Samten Yeshi
  འདི་གི་ཧེ་མ་ཆང་ཚང་བཞི་མ་གཏོགས་གཞན་ག་ཏེ་ཡང་མི་ཆོག?
 • རྡོ་རྗེ་མོ་ Dorjimo
  འོང་་་།