Video Overview
Thinley Zangmo shared about her village, and also described how to prepare the Yakchö beverage, singchang. In their village, there are around 15 to 16 households. From each household, they collect two bowls of wheat. They will ask an astrologer to find an auspicious day for starting their preparation of singchang for Yakchö. Singchang is prepared at the lhakhang. Then after the singchang has been prepared, it is tasted by Gaden Lama.
ཕྲིན་ལས་བཟང་མོ་གིས་ མོ་རའི་གཡུས་སྐོར་ལས་ བཤད་དོ་ཡོདཔ་དང་ དེ་ལས་གཡག་མཆོད་ཀྱིས་དོན་ལུ་སིང་ཆང་ཚུ་ ག་དེ་འབད་བཟོཝ་ཨིན་ན་ སྐོར་ལས་བཤད་དོ་ཡོདཔ་ཨིན་མས། གཡུས་འདི་ནང་ལུ་ གུང་པ་ ༡༥་དང་༡༦ཡོདཔ་ཨིན་མས། གུང་པ་རེ་ལས་ ཀར་བྲེ་དོ་རེ་ཡོདཔ་ཨིན་མས། སིང་ཆང་འདི་ བཟོ་བའི་སྐབས་ རྩིས་པ་འདི་ཚུ་གིས་ བཟའ་སྐར་བྟ་ཞིནམ་ལས་ བཟོ་དོ་ཡོདཔ་ཨིན་མས། སིང་ཆང་འདི་ཡང་ ལྷ་ཁང་ན་ར་ བཟོ་དོ་ཡོདཔ་ཨིན་མས། དེ་ལས་སིང་ཆང་འདི་ཡང་ དགའ་ལྡན་བླ་མ་གྱིས་ བྲོཝ་བལྟ་དོ་ཡོདཔ་ཨིན་མས།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukཨཱ་ ལགས་སོ་ ཨ་མ་ཁྱོད་ར་གི་ ངོ་སྤྲོད་ཅིག་ དེ་ལས་ ཁྱོད་རའི་མཚན་ག་ཅི་ཨིན་ན་གསུང་གནང་ཤིག
- འཕྲིན་ལས་བཟང་མོ་ Thinley Zangmoཧེ་ཧེ་ འཕྲིན་ལས་བཟང་མོ་ལགས།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukའཕྲིན་ལས་བཟང་མོ་ ད་ཁྱོད་ར་ནཱ་ཨུ་ར་མདོ་བཞི་གི་ནང་གསེས་ལས་ ཁྱོད་ར་ག་ཏེ་ལས་སྨོ?
- འཕྲིན་ལས་བཟང་མོ་ Thinley Zangmoཨུ་ར་མདོ་བཞི་གི་ནང་གསེས་ལས་སྤྲ་སྦིས་ འཕྲིན་ལས་བཟང་མོ།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukལགས་སོ།
- འཕྲིན་ལས་བཟང་མོ་ Thinley Zangmoཨ་ནཱི་ལས་ཚན་ པིར་དཔོན་(སྤྱི་དཔོན་)།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukའེང་པིར་དཔོན་ཟེར་ཡ?
- འཕྲིན་ལས་བཟང་མོ་ Thinley Zangmoའོང་་་ལས་ཚན་ ང་བཅས་གྱི་ཁ་སྐད་ལས་འབད་བ་ཅིན་ ལས་ཚན་ཟེར་སླབ་ཨིན་ལགས།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukའེང་་་ལགས་སོ།
- འཕྲིན་ལས་བཟང་མོ་ Thinley Zangmoཏ་ཟ་(རྩ་བོ་) ལས་ཚན་ཟེར་གསུམ་ཡོད་ འ་ནཱི་འབདཝ་ད་ང་ལས་ཚན་ལགས།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukལགས་སོ།
- འཕྲིན་ལས་བཟང་མོ་ Thinley Zangmoཏ་ཟ་གཉིས་ཡོད།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukལགས་སོ་ ད་ ལས་ཚན་གྱི་ནང་འཁོད་ནང་ གུང་པ་ག་དེམ་ཅིག་ཡོད་ག་ལགས?
- འཕྲིན་ལས་བཟང་མོ་ Thinley Zangmoང་བཅས་གུང་པ་ བཅོ་ལྔ་བཅུ་དྲུག་ཡོད།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukལགས་སོ་ དེ་ལས་ད་ནཱ་ལུ་ དང་ཕུ་འབད་བ་ཅིན་ ཤིང་གི་སྦེ་ གཱར་ཏང་ཟེར་བའི་རྒྱ་ཛི་ཚུ་བཟོ་སྟེ་ཨིན་པས་སྨོ?
- འཕྲིན་ལས་བཟང་མོ་ Thinley Zangmoཨིན་ལགས།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukད་ལྟོ་མ་པ་ ད་ལྟོ་འབད་བ་ཅིན་ འགྱིབ་ཀྱི་སྦེ་ ཨིན་པས་སྨོ་ འ་ནཱི་འབདཝ་ད།
- འཕྲིན་ལས་བཟང་མོ་ Thinley Zangmoད་རེས་ནངས་པ་འདི་ འགྱིབ་ཀྱི་བདེ་བས་ལགས་ཨ་ནཱི་ ཧེ་མ་འབད་བ་ཅིན་ སིང་ཆང་ན་ཆུ་བླུགས་ཞིནམ་ལས་ ཞག་ཡང་ནཱ་རང་ཉལ་སྡོད་དགོ་ འཛག་སྟེ་འགྱོ་འོང་ཟེར།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukའེང་་་ལགས་སོ།
- འཕྲིན་ལས་བཟང་མོ་ Thinley Zangmoཏེ་ ད་ཉལ་སྡོད་མི་དགོ་པས་ལགས་ འགྱིབ་ཀྱི་ཅིག་ཐོན་སྦེ་ བདེ་བས་ལགས།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukའེང་་་ལགས་སོ་ ཨ་ནཱི་སིང་ཆང་བཙོ་ནིའི་དོན་ལུ་ད་ ད་བསྡུ་བསླང་སྦེ་ཡོད་དོ་འོང་ལགས?
- འཕྲིན་ལས་བཟང་མོ་ Thinley Zangmoཡོད།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukགཉེར་ཚང་ག་དེ་རེ་བསྡུཝ་སྨོ་ ག་ཅི་བསྡུཝ་སྨོ་ལགས་མ་པ?
- འཕྲིན་ལས་བཟང་མོ་ Thinley Zangmoཀར་ཞུགས་བྲེ་ཟེར་ ང་བཅས་རའི་བྲེ་ གཉིས་གཉིས་འཛུལ་མི་ཅིག་ཡོད་ལགས། བྲེ་གཉིས་གཉིས་རེ།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukཀར་ཡ་ལགས?
- འཕྲིན་ལས་བཟང་མོ་ Thinley Zangmoའོང་ཀར་ ཞུགས་བྲེ་ཟེར།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukཀར་གཅིག་རང་ཨིན་ན་ལགས?
- འཕྲིན་ལས་བཟང་མོ་ Thinley Zangmoཨིན་ལགས་ ཀར་གཅིག་རང་།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukའེང་་་ལགས་སོ། ད་འ་ནཱི་འབདཝ་ད་ གཱར་ཏང་(རྒྱ་ཛི་) ག་དེམ་ཅིག་གི་བརྩིས་བཟོ་དགོ་པས་གོ་ལགས?
- འཕྲིན་ལས་བཟང་མོ་ Thinley Zangmoརྒྱ་ཛི་ཁལ་བརྒྱད་བརྒྱད་དགུ་དགུ་བཙོ་དགོ་པས་ལགས་སིང་ཆང་།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukརྒྱ་ཛི་ཁལ་ལས་བཅད་དེ་རང་ཡ?
- འཕྲིན་ལས་བཟང་མོ་ Thinley Zangmoམེན་ལགས་བྲེ།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukབྲེ་ཡ་ལགས?
- འཕྲིན་ལས་བཟང་མོ་ Thinley Zangmoའོང་ལགས།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukརྒྱ་ཛི་གི་བརྩིས་འབད་བ་ཅིན?
- འཕྲིན་ལས་བཟང་མོ་ Thinley Zangmoརྒྱ་ཛི་ཨ་ནཱི་གསུམ་ མར་ཨ་རག་གི་སོ་སོར་བཟོ་དོ་ལགས།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukལགས་སོ།
- འཕྲིན་ལས་བཟང་མོ་ Thinley Zangmoནཱ་གི་ག་ར་སིང་ཆང་ཨིན་ལགས།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukད་བཙོ་ནི་འབད་བ་ཅིན་ ནམ་ལས་བཙོ་དགོཔ་སྨོ་ལགས?
- འཕྲིན་ལས་བཟང་མོ་ Thinley Zangmoབཙོ་ནི་ རྩིསཔ་ལས་གཟའ་སྐར་བལྟ་ཞིནམ་ལས་རང་བཙོ་དགོ་ལགས་ གཡག་མཆོད་ཀྱི་ཨིན་ཟེར་སླབ་སྟེ།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukགཡག་མཆོད་མ་རནམ་གྱི་་་
- འཕྲིན་ལས་བཟང་མོ་ Thinley Zangmoཧེ་མ་རྩིསཔ་ལས་གཟའ་སྐར་རང་བལྟ་དགོ་ལགས།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukད་ཉིནམ་འབད་བ་ཅིན་ ཉིནམ་ག་དེམ་ཅིག་གི་ཧེ་མ་བཙོཝ་སྨོ?
- འཕྲིན་ལས་བཟང་མོ་ Thinley Zangmoཉིནམ་ཁལ་གཅིག་ བཅོ་ལྔ་དེ་ཅིག་གི་ཧེ་མ་ལས་བཙོཔ་མས་ལགས།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukལགས་སོ་ ད་བཙོཔ་ད་ག་གིས་སྦེ་བཙོཔ་སྨོ?
- འཕྲིན་ལས་བཟང་མོ་ Thinley Zangmoབཙོཔ་ད་ ང་བཅས་རའི་ ཏ་ཟ་ལས་ཚན་གྱི་རང་འབད་དགོ་ལགས།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukའེང་་་།
- འཕྲིན་ལས་བཟང་མོ་ Thinley Zangmoདེ་འབདཝ་ད་ དམངས་ཀྱིས་ཡང་རུབ་པར་ཐོན་འོང་ལགས།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukལགས་སོ་ གུང་པ་རེ་ལས་ མི་རེ་ཐོན་ཏེ་ཨིན་ན་ལགས?
- འཕྲིན་ལས་བཟང་མོ་ Thinley Zangmoཐོན་འོང་ལགས་གུང་རེ་ལས།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukརང་རང་སོའི་ལས་ཚན་གྱི་ ལས་ཚན་ན་ལས་ གུང་པ་རེ་ལས་ མི་རེ་ཐོན་ཏེ་ཨིན་པས་སྨོ?
- འཕྲིན་ལས་བཟང་མོ་ Thinley Zangmoཐོན་འོང་རུབ་པར་ཐོན་འོང།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukདེ་ལས་ད་ བཙོ་སྦེ་ བཙོ་ནི་འདི་ག་ཏེ་ལུ་སྦེ་བཙོ་འོང་ག་ལགས?
- འཕྲིན་ལས་བཟང་མོ་ Thinley Zangmoཨ་ནཱི་ལྷ་ཁང་གི་རྡོ་གཅལ་ནང་རང་བཙོ་དགོ་ལགས།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukའེང་ནཱ་རང་ཡ?
- འཕྲིན་ལས་བཟང་མོ་ Thinley Zangmoག་ར་ ནཱ་རང་འོང་།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukའེང་་ལགས་སོ་ དེ་ལས་བཙོ་ཞིནམ་ལས་ སྤུར་ནི་ཡང་ ནཱ་རང་སྤུར་བཞག་ནི་ཨིན་ལགས?
- འཕྲིན་ལས་བཟང་མོ་ Thinley Zangmoཨིན་ལགས་ སྤུར་ཏེ་ཧེན་བཞག་ནི་ཡང་ནཱ་རང་།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukའེང་་་ དེ་ལས་ད་ ཧེན་ཞིནམ་ལས་ ད་ཕུད་སྦེ་ སོ་སོར་བཏོན་བཞག་ནི་ཡོད་ག་ལགས?
- འཕྲིན་ལས་བཟང་མོ་ Thinley Zangmoཡི་དམ་གྱི་ཕུད་ཟེར་ འདི་ཕུལ་དགོ་ དགའ་ལྡན་ལུ།
- འཕྲིན་ལས་བཟང་མོ་ Thinley Zangmoའེང་་་དགའ་ལྡན་ལུ་ ཡི་དམ་ཞུ་བར་འགྱོཝ་ད?
- འཕྲིན་ལས་བཟང་མོ་ Thinley Zangmoཡི་དམ་ཞུཝ་ད་ ན་ཕུལ་དགོ་ལགས་ ནཱ་བྱོན་ཞིནམ་ལས།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukའེང་་་ལགས་སོ་ ཡར་འབག་མི་དགོ་ག་ལགས་ ཡི་དམ་ལུ?
- འཕྲིན་ལས་བཟང་མོ་ Thinley Zangmoཡར་ནཱ་ལས་སྦེ་ ཡར་འབགཔ་ཨིན་ལགས།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukལགས་སོ་ འགོ་དང་པ་རང་ནཱ་ཕུལ?
- འཕྲིན་ལས་བཟང་མོ་ Thinley Zangmoནཱ་ང་བཅས་ལས་ཚན་བཞི་ ལྕར་ཤོང་ རྟར་ཤོང་ སྤྲ་སྦིས་ རང་རང་ས་རྩ་བོ་བཞི་ཡོད་ རྩ་བོ་བཞི་འབདཝ་ད་ ཉིནམ་རེ་རེའི་ནང་ ཇ་ཆང་ལྟོ་ཆང་ ཡི་དམ་གྱི་འདི་ཚུ་ ནཱ་ལུ་ཧེ་མ་འབད་བ་ཅིན་ བ་ཇང་ཟེར་ཡོད་་་་་་་(?) ལགས།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukའེང་་་ལགས་སོ། ད་ནཱ་གི་ད་ མ་པ་གསོལཝ་ཚོགས་འདི་ཚུ་ཡང་ རང་རང་སོའི་སྐོར་རྒྱབ་འབད་དེ་འདུག་སྦ་སྨོ་ལགས?
- འཕྲིན་ལས་བཟང་མོ་ Thinley Zangmoགསོལཝ་ཚོགས་ ཚོགས་པ་ཐོན་ཏེ་ ནེམ་འབད་དེ་ཡོད་ལགས།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukདེ་བཟུམ་སྦེ་ དེ་ལས་ ནཱ་གི་ད་ སིང་ཆང་འདི་ཚུ་དྲང་ནི་ཡང་ད་ སྐོར་རྒྱབ་འབད་དེ་ཡོདཔ་ཨིན་ན་?
- འཕྲིན་ལས་བཟང་མོ་ Thinley Zangmoསྐོར་ཡོད་ལགས་ ཉིནམ་བཞི་ གཡག་མཆོད་ཉིནམ་བཞིའི་ན་ རང་རང་སོའི་རྟར་ཤོང་ སྟོད་པ་ ལྕར་ཤོང་ སྤྲ་སྦིས་ཟེར་བཞི་ ཉིནམ་དང་པའི་ན་ ཕོག་མི་འདི་གིས་ ཉིནམ་མཇུག་གི་ན་ལུ་ཡང་འབད་དགོ་ དེ་ལས་ གཞན་མི་ཚུ་གིས་ ཉིན་ཆད་མེད་པར་ཉིནམ་གསུམ།
- འཕྲིན་ལས་བཟང་མོ་ Thinley Zangmoཨ་ནཱི་སྦེ་ ཉིན་བསྐོར་བཟོ་སྟེ་ དུས་ཅི་རྟར་ཤོང་པ་འབད་བ་ཅིན་ སང་ཕོད་ཉིནམ་དང་པའི་ན་ལྕར་ཤོང་པ་ཨིན་ རྟར་ཤོང་པ་ཨིན་ འ་ནཱི་སྦེ་ རང་རང་ས་བསྐོར་ཤ་ར་ར་བཟོ་སྟེ་ཡོད་ ང་བཅས་ཡང་ ག་ར་བསྐོར་འབད་དེ་ཨིན་ལགས།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukལགས་སོ་ དེ་ལས་ད་ འགོ་དང་པ་སིང་ཆང་བསགས་པའི་སྐབས་ དང་པ་ཟེར་ སླབ་མས་ནཱ་ལུ་འབད་བ་ཅིན་ ང་བཅས་ཁེངས་ལུ་འབད་བ་ཅིན་ རག་མ་ཟེར་སླབ་འོང་སྦ།
- འཕྲིན་ལས་བཟང་མོ་ Thinley Zangmoའེང་དང་པ།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukའ་ནཱི་དང་པ་འབད་བ་ཅིན་ ནམ་བཙགས་འོང་ག་ལགས?
- འཕྲིན་ལས་བཟང་མོ་ Thinley Zangmoདང་པ་འདི་ཏེ་ ཚེས་ ༡༡ ལུ་ ༡༡ གི་ཕྱི་རུ་བྲོཝ་བལྟ་འོང་ལགས།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukའེང་ལགས་སོ་ བྲོཝ་བལྟ་བའི་ཟེར་བའི་སྐབས?
- འཕྲིན་ལས་བཟང་མོ་ Thinley Zangmoཡོད་ལགས་ འཆམ་དཔོན་འཆམ་མཇུག་
- ཡེ་ཤེས་དབང་ཕྱུག་ Yeshi Wangchukའ་ནཱིའི་སྐབས་ལུ་ཡ?
- འཕྲིན་ལས་བཟང་མོ་ Thinley Zangmoཨ་པ་ག་ར་ ཆུ་བླུག་ཞིན་ན་བྲོཝ་བལྟ་དགོ་ལགས་ བཏུབ་པས་ག་མི་བཏུབ་པས་ག་ ཞིམ་མས་ག་མི་ཞིམ་མས་ག་བལྟ་དགོ་ལགས།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukལགས་སོ་ ད་འ་ནཱི་སྦེ་འབདཝ་ད་ ཁ་ཉིནམ་སྤྱི་ཚེས་ ༡༡ སྨོ་ལགས?
- འཕྲིན་ལས་བཟང་མོ་ Thinley Zangmoསྤྱི་ཚེས་མེན་ལགས་ ཚེས་གྲངས་ ༡༡ ལུ།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukའོང་ ཚེས་གྲངས་ ཚེས་ ༡༡ ལུ།
- འཕྲིན་ལས་བཟང་མོ་ Thinley Zangmo༡༡ ལུ་ ནེམ་འབད་སྦེ་ ༡༢ ལུ་ ནེམ་འབད་དགོ་ལགས།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukམདངས་ཞག་ཚེས་ ༡༡ ལུ་ ནཱ་ལས་ བྲོཝ་བལྟཝ་ད་ལུ།
- འཕྲིན་ལས་བཟང་མོ་ Thinley Zangmoཚེས་ ༡༢ གྱི་ཕྱི་རུ་ཡར་ལས་དགའ་ལྡན་བླ་མ་ཞུ་དགོ་ལགས།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukལགས་སོ།
- འཕྲིན་ལས་བཟང་མོ་ Thinley Zangmoདགའ་ལྡན་བླམ་ཞུ་སྦེ་ ༡༢ ལུ་ ༡༡ གི་ཕྱི་རུ་བྲོཝ་བལྟ་འོང་།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukལགས་སོ་ ཁ་ཉིནམ་ད་ ཚེས་ ༡༡ གི་ཕྱི་རུ་བྲོཝ་བལྟ་བའི་སྐབས་ལགས་ ནཱ་གི་ག་དེ་སྦེ་ ཞིམ་ནུག་ཟེར་སླབ་མས་ག་ལགས?
- འཕྲིན་ལས་བཟང་མོ་ Thinley Zangmoམ་ཞིམ་པ་ཅིན་ དང་པ་མིན་པས་ཟེར་ ལོག་སྟེ་རང་བཙགས་བཅུག་འོང་ འཆམ་དཔོན་འཆམ་མཇུག་ དེ་ལས་ ཨ་པ་འདི་ཚུ་གིས་ བྲོཝ་བལྟ་ཞིན་ན་ནེམ་འབད་དགོ་ལགས།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukདེ་བསྒང་བྲོཝ་བལྟཝ་ད་ ག་དེ་སྦེ་ ཞིམ་ནུག་ཟེརཝ་མས་ག་ལགས?
- འཕྲིན་ལས་བཟང་མོ་ Thinley Zangmoཞིམ་པ་ཅིན་དྲང་ནི་ མ་ཞིམ་པ་ཅིན་ནཱ་ཆང་ཚང་ནང་ དང་པ་མེན་པས་ཟེར་ ལོག་སོར་བར་འབག་དགོ་ལགས།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukའེང་་་ལགས་སོ། དེ་ལས་ བཏུབ་ཅི་ག་ལགས་ ཁ་ཉིནམ་བྲོཝ་བལྟཝ་ད་ལུ?
- འཕྲིན་ལས་བཟང་མོ་ Thinley Zangmoང་བཅས་ཀྱིས་ ནཱ་ལས་རང་ཞིམ་ཏོང་ཏོ་སྦེ་འབག་འགྱོ་བ་ཅིན་བཏུབ་ལགས་ཡར་ལུ་ཡང་།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukལགས་སོ་ལགས་སོ།
- འཕྲིན་ལས་བཟང་མོ་ Thinley Zangmoདེ་སྦེ་ལགཔ་བཟུང་ག་མི་བཟུང་བལྟ་འོང་ལགས་སིང་ཆང་།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukད་དེ་ལས་ཏེ་ ག་དེམ་ཅིག་སྦེ་ མ་ཞིམ་པ་ཅིན་ ད་ག་ཅི་ད་ ད་ལེགས་ཉེས་ཡང་ན་ད་ རྐྱེན་ངན་འདྲཝ་འདི་བཟུམ་ ལེགས་ཉེས་ཀྱི་ ནེམ་ཡོད་ག་ལགས་བརྩི་ནི?
- འཕྲིན་ལས་བཟང་མོ་ Thinley Zangmoདེ་སྦེ་་་།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukལེགས་ཉེས་ཀྱི?
- འཕྲིན་ལས་བཟང་མོ་ Thinley Zangmoཕྱག་ལ་བལྟ་ནི་ཟེར་ཡོད་ལགས་ དེའི་ནང་དོན་ལས་ མ་ཞིམ་གནམ་མེད་ས་མེད་མི་འོང་པས་ལགས་ ཆང་མ་པ་ལས་རང་ལེགས་པས་ལགས།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukལགས་སོ་ལགས་སོ་ དེ་ལས་ད་ ད་རུང་ཁྱོད་ར་གིས་ གསུང་ནི་ཡོད་ག་ལགས་གཞན་ ངེའི་དྲི་བ་ནང་མ་ཚུདཔ?
- འཕྲིན་ལས་བཟང་མོ་ Thinley Zangmoདྲི་བ་མེད་ལགས་ ང་ལུ་ཞུ་ནི་ཡང་།