02 Apr 2019
1 min 30 sec
Video Overview
Creators:
Tibetan and Himalayan Library
"The Road to Dartsedo" is widely known around Zangkar area of Khyungchu in Amdo region.
The song lyrics in this video include the following:
Let's climb up up up to the Gyel Dartsi,
A happy place, above the front valley,
Where yellow gold is found, like digging out droma,
White money can be count like coins.
མདོ་སྨད་ཁྱུང་མཆུའི་ཟངས་དཀར་ཡུལ་གྱི་འབྲོག་པའི་ས་ཆར་དར་ཁྱབ་ཡོད་པའི་སྲོལ་རྒྱུན་དམངས་གླུའི་རིག་གནས་སྐོར་ལས་དར་རྩེའི་མདུན་ལམ་ཞེས་པ།
བརྙན་འདིའི་གླུ་ཚིག་གི་ཆ་ཤས་ནི་འདི་ལྟར་ཏེ། ས་ཡར་ཡར་འགྲོ་དང་ཡར་གྱི་སྐྱིད། རྒྱལ་དར་རྩིའི་མདུན་ལམ་གོང་མ་ན། གསེར་སེར་པོ་གྲོ་མ་རྐོ་རྐོ་རེད། དངུལ་དཀར་པོ་དུང་ཙེ་རྩི་རྩི་རེད།
在藏族安多邛溪壤噶地区广为流传的传统牧民民歌 -《康定路之赞》
视频中的歌词一部分以如下:
让我们爬爬爬到嘉大泽,
一个快乐的地方,在前谷之上,
哪里有黄金,就像挖招吗一样,
白钱像铸币一样数。
- Dartsendo
- ས་ཡར་ཡར་འགྲོ་དང་ཡར་གྱི་སྐྱིད།
- རྒྱལ་དར་རྩིའི་མདུན་ལུང་གོང་མ་ན།
- གསེར་སེར་པོ་གྲོ་མ་རྐོ་རྐོ་རེད།
- དངུལ་དཀར་པོ་དུང་ཙེ་རྩི་རྩི་རེད།
- ས་དེ་ཚོའི་བསོད་ནམས་དེ་འདྲ་རེད།
- ས་ཡར་ཡར་འགྲོ་དང་ཡར་གྱི་སྐྱིད།
- རྒྱལ་དར་རྩིའི་མདུན་ལུང་བར་མ་ན།
- ཕྲུག་དར་མ་བྱིང་དཀར་དྲིལ་དྲིལ་རེད།
- ཇ་ལན་ཆེན་ལོ་མ་བཙོ་བཙོ་རེད།
- ས་དེ་ཚོའི་བསོད་ནམས་དེ་འདྲ་རེད།
- ས་ཡར་ཡར་འགྲོ་དང་ཡར་གྱི་སྐྱིད།
- རྒྱལ་དར་རྩིའི་མདུན་ལུང་ཞོལ་མ་ན།
- མར་ཆུར་བ་རྒྱ་མཁར་རྩིག་རྩིག་རེད།
- ཞོ་འོ་མ་རྒྱ་མཚོ་བཅུ་བཅུ་རེད།
- ས་དེ་ཚོའི་བསོད་ནམས་དེ་འདྲ་རེད།