02 Apr 2019
6 min 59 sec
Video Overview
Creators:
Tibetan and Himalayan Library
A folktale reminding listeners of the merits of kindness.
རྒན་མོ་མ་བུ་གཉིས་ཀྱི་ས་ཞིང་རི་བོང་གིས་ཟོས་མོད། རི་བོང་ལ་གནོད་པ་མ་བྱས་པས་རི་བོང་གིས་དྲིན་ལན་མཇལ་བའི་ཚུལ་དུ་བུ་དེར་མནའ་མ་ལེན་རོགས་བྱས་པ།
བརྙན་འདིར་གནའ་གཏམ་རི་བོང་གིས་མནའ་མ་བླངས་པ་ཞེས་པ་བཤད་ཡོད། གནའ་གཏམ་འདིར་རྒན་མོ་མ་བུ་གཉིས་ལ་ས་ཞིང་ཆུང་ཆུང་ཞིག་ལས་མེད་པ་རི་བོང་གིས་ཟོས་མོད། བུས་ཨ་མར་རི་བོང་རྒྱགས་ན་རྒྱགས་ནི་རེད། ངེད་མ་བུ་གཉིས་རྒྱགས་ན་རྒྱགས་ནི་རེད་ཟེར་ཏེ་རི་བོང་ལ་གནོད་པ་གཏན་ནས་མ་བྱས་པས་རི་བོང་གིས་དྲིན་ལན་མཇལ་བའི་ཚུལ་དུ་བུ་དེར་མནའ་མ་ལེན་རོགས་བྱས་པ་བརྗོད་ཡོད།
民间故事:兔子娶亲
虽然母子的农田被兔子吃掉了,但他们并没有伤害兔子。为了报答他们的好意,兔子用帮助儿子娶亲。
这段视频介绍 《兔子娶亲》的民间故事。 故事主要内容是 -
虽然母子的农田被兔子吃掉了,但他们并没有伤害兔子。为了报答他们的好意,兔子用帮助儿子娶亲。
- རི་བོང་གིས་མནའ་མ་བླངས་པ།
- རྒན་མོ་མ་བུ་གཉིས་ཡོད།
- ཁོ་གཉིས་ལ་ཞིང་ཆུང་ཆུང་ཞིག་ལས་མེད།
- རི་བོང་ཞིག་གིས་ཉིན་ལྟར་དུ་ཞིང་ཟོས།
- མཛོ་མོ་ཞིག་ཡོད་པ་སྤྱང་ཀིས་བསད།
- མ་རྒན་གྱིས་བུ་ལ་ཞིང་ཆུང་ངུ་ཞིག་ཡོད་པ་
- རི་བོང་གིས་ཟོས་མོད་ཁྱོས་རི་བོང་ནི་མི་སོད།
- མཛོ་མོ་གཅིག་པུ་དེ་སྤྱང་ཀིས་ཟོས།
- ཁྱོད་ཀྱིས་སྤྱང་ཀི་ཡང་མི་སོད་ཞེས་འཛང་།
- བུས་ཨ་མ་སྐྱོན་མེད།
- རི་བོང་བརྒྱགས་ན་བརྒྱགས་ནི་རེད།
- སྤྱང་ཀི་བརྒྱགས་ན་བརྒྱགས་ནི་རེད།
- ངེད་གཉིས་བརྒྱགས་ན་བརྒྱགས་ནི་རེད་ཟེར།
- བུ་དེས་གཞན་ལ་གནོད་གཏན་ནས་མ་བྱས།
- དེ་ལ་འབྲས་བུ་སྨིན་ཡོང་ཞེས་པའི་དོན་ཡིན།
- ཉིན་ཞིག རི་བོང་གིས་བུ་དེར་ཁྱོད་ལ་མནའ་མ་
- ལེན་དགོས་ཟེར་བ་ན་བུས་
- ང་ལ་ཐབ་ཟངས་ཕྱེད་ཀ་ཞིག་ལས་མེད།
- ཁང་པ་གླད་མེད་ཞིག་ལས་མེད་པས་
- ང་ལ་མནའ་མར་ཡོང་མཁན་ཞིག་མེད།
- དེ་འདྲ་ཟེར་མི་དགོས་ཟེར་བར།
- རི་བོང་གིས་དེ་འདྲ་མ་ཟེར།
- ངེད་གཉིས་ཁྱོད་ལ་མནའ་མ་སློང་དུ་འགྲོ་ཟེར།
- ཁོས་མི་འགྲོ་ཟེར་བར་རི་བོང་གིས་བཙན་གྱིས་ཁྲིད།
- རི་བོང་ལ་ཞིང་ཟ་རུ་བཅུག་པས་
- རི་བོང་གིས་ཁྲིད་དེ་
- ཁ་བཏགས་སོགས་བཟུང་ནས་སོང་།
- རི་བོང་མནའ་མ་སློང་དུ་སོང་བར་བུ་འདི་ལ་
- ཁྱེད་ཚང་གི་བུ་མོ་ཞིག་
- མནའ་མར་སྟེར་དགོས་ཞེས་པར།
- སྒོ་ཁར་ཐོན་དུས་ལྷམ་རྩྭ་བརྗེས།
- གསེར་གོས་ཆེན་གྱི་ལྷམ་རྩྭ་བརྗེས།
- དེ་ཚང་གིས་ངེད་ཚང་ལ་འགྲུལ་བ་
- བརྒྱ་སྟོང་མང་པོ་ཡོད་མོད་ལྷམ་རྩྭ་ལ་
- གོས་བཞག་ཡོད་མཁན་ཞིག་
- ཐོན་མ་མྱོང་བས་སྟེར་ཆོག་ཞེས་བྱིན།
- བུས་རི་བོང་ལ་ད་ཅི་བྱེད་ཟེར་བར།
- རི་བོང་ཕྱིར་ཐོན་ཏེ་ཉིན་ལྟར་གཉིད་ནས་བསྡད།
- ཉིན་བདུན་གྱི་རྗེས་ནས་མནའ་མ་བསུ་རྒྱུ་བྱས་མོད་
- རི་བོང་ཕྱིར་ཐོན་རྗེས་གཉིད་ནས་བསྡད།
- བུས་རི་བོང་ལ་ཨ་མས་འཛང་སྲིད།
- ཨ་མ་ངེད་གཉིས་ལ་ཐབ་ཟངས་
- ཕྱེད་ཀ་ཞིག་དང་ཁང་ཆག་ཞིག་ལས་མེད།
- མཛོ་མོ་ནི་སྦྱང་ཀིས་བསད།
- ཞིང་ཁྱོད་ཀྱིས་ཟོས་བས་ད་ཅི་ཡང་མེད་ཞེས་པར།
- རི་བོང་གིས་མི་སྐྱོན་ཞེས་གཉིད་ནས་བསྡད།
- མནའ་མ་ཚང་ལ་ངེད་ཚང་ལ་མི་ཉུང་བས་
- ཁྱེད་ཚང་གི་སྐྱོལ་ཤོག་ཟེར་བཤད།
- ཉིན་ཞིག རི་བོང་ཡར་ལངས་ནས་
- ཡར་རྒྱུགས་མ་རྒྱུགས་བྱས།
- ཨ་ཕྱི་རྒན་མོ་ཞིག་གིས་ཆུ་བསྐོལ་ནས་
- བྲག་ཁུང་སྒོ་ལ་བསྡད་ཡོད།
- དེ་ཚང་ལ་མནའ་མ་བསྐྱལ་ནས་ཡོང་དུས་
- བོའུ་འགའ་རེ་འཕེན་ཞོར་བྱོས་ཞེས་བཤད་ཡོད།
- བོའུ་འགའ་རེ་འཕང་བས་དམག་ཐོན་བྱུང་ཟེར་བར།
- ཨ་ཕྱི་རྒན་མོ་དེས་ཅི་བྱེད་ཟེར་བར་
- རི་བོང་གིས་ང་སྒང་གན་ལ་སོང་ནས་ལྟ།
- ང་གྱེན་ཏུ་ཙོག་སེ་ཙོག་སེ་སོང་ན་སྐྱོན་མེད་པ་ཡིན།
- ང་ཐུར་དུ་འཁོར་ནས་བརྒྱུགས་ཡོང་བ་ན་
- མ་འགྲིག་པ་ཡིན་པས་ཁྱོད་རང་
- ཆུ་ཁོལ་མ་འདིའི་ནང་དུ་མཆོང་ཞེས་སོང་།
- རི་བོང་གྱེན་དུ་དལ་མོར་སོང་བ་ན་
- རྒན་མོས་སྐྱིད་པ་ལ་སྐྱོན་མེད་བསམ་པའི་མོད་ལ་
- རི་བོང་ཁ་ཕྱིར་འཁོར་ནས་ཐུར་ལ་བརྒྱུགས་
- དུས་ཨ་ཕྱི་རྒན་མོ་ཆུ་ནང་དུ་མཆོང་།
- ཨ་ཕྱི་དེ་སྲིན་མོ་ཞིག་ཡིན་པས་བྲག་ཁུང་སྒོ་ཕྱེ་ནས་
- བལྟས་པར་ཕྱུག་པོ་ཞིག་ཡིན་ལ་
- བུ་དེ་ཁྱིམ་ཚང་ཕྱུག་པོ་ཞིག་ཏུ་བཞག
- དེ་ལྟར་བསྡད་པ་ན་རི་བོང་གིས་
- བུ་འདིས་ང་ལ་སེམས་དཀར་རམ་བསམ་སྟེ།
- ཁོ་རང་ན་ཁུལ་གཟེར་ཁུལ་བྱས་ནས་བུ་ལ་
- ང་ལ་ནད་ཕོག་པས་ཁྱོད་ཀྱིས་ང་ལ་
- སྨན་བཅོས་བྱེད་ཤེས་སམ་ཞེས་དྲིས།
- བུས་མི་ཤེས་ཞེས་པར་རི་བོང་གིས་གོང་དུ་
- ང་ལྟ་བུའི་རི་བོང་ཞིག་ཡོད་པར་སོང་ནས་
- མོ་ཐོབས་ཤིག་ཟེར།
- རི་བོང་དེར་སོང་ནས་བསྡད་པ་ན་ཐོན་བུ་ཏེ་
- ང་ལ་ཁྱོད་ལྟ་བུའི་རི་བོང་ཞིག་ཡོད་མོད་
- ནད་ཀྱིས་བཟུང་ཡོད་པས་ཅི་བྱས་ན་དགའ་ཞེས་དྲིས།
- རི་བོང་གིས་ཁྱོད་ཀྱི་རྒྱུ་ནོར་ལོངས་སྤྱོད་ཚང་མ་
- བླ་མར་འབུལ་ན་རི་བོང་ནད་ལས་གྲོལ་ཐུབ་ཟེར།
- རི་བོང་སྔོན་དུ་མར་ཁྱིམ་ལ་ཐོན་ནས་བསྡད་དེ་
- བུ་ཐོན་དུས་ཅི་ཟེར་ཞེས་དྲིས།
- བུས་ངེད་ཚང་གི་འཁོར་བ་ཚང་མ་བླ་མར་འབུལ་ན་
- ནད་ལས་གྲོལ་ཐུབ་ཟེར་བས་འབུལ་རྒྱུ་ཡིན།
- ཁྱོད་ང་ལ་དྲིན་ཆེ་བས་ཕྱིར་ཞེས་པར།
- རི་བོང་གིས་འབུལ་སྔ་བྱེད་མི་དགོས་
- ཐོ་རེ་གན་གྱི་ལྕང་སྡོང་རྩར་ང་དང་འདྲ་བ་ཞིག་
- ཡོད་པ་དེར་སོང་ནས་མོ་ཐོབས་ཟེར།
- ཕྱི་ཉིན་དེར་སོང་ནས་མོ་བཏབས་པར་
- ཁྱོད་ཀྱི་རྟ་བཟས་ཤོས་དང་བོའུ་བཟང་ཤོས་
- གཞན་ལ་བྱིན་ན་ནད་ལས་གྲོལ་ཐུབ་ཟེར།
- དེ་དག་སྦྱིན་ཕོད་དམ་བསམ་པས་ཡིན།
- ཡང་ངའི་རྟ་བཟང་ཤོས་དང་བོའུ་བཟང་ཤོས་
- མི་གཞན་ལ་བྱིན་ཟེར་བས་ངས་བྱིན་རྒྱུ་ཡིན།
- ཁྱོད་ནད་ལས་གྲོལ་ཐུབ་ན་བྱིན་རྒྱུ་ཡིན་ཟེར་བར།
- ཡང་རི་བོང་གིས་ད་རུང་མ་བྱིན་དང་
- ཐོ་རེ་ཆུ་ཁར་ང་དང་འདྲ་བ་ཞིག་ཡོད།
- ཁྱོད་དེར་སོང་ནས་མོ་ཐོབས་ཤོག་ཟེར།
- ཡང་དེར་སོང་ཞེས་རི་བོང་ཁོ་རང་སྔོན་དུ་སོང་།
- བུ་དེར་སོང་ནས་མོ་བཏབས་པར་ཁྱོད་ཀྱི་
- ཆུང་མ་གཞན་ལ་བྱིན་དང་ནད་ལས་གྲོལ་ཐུབ་ཟེར།
- ཕྱིར་ཐོན་ཏེ་ཆུང་མར་རྒྱུ་མཚན་བཤད་པར་
- ཆུང་མ་ཡང་འཐད་པ་བྱུང་།
- དེ་ནས་རི་བོང་གི་ཟུར་དུ་སོང་སྟེ་ཆུང་མ་
- བྱིན་དགོས་ཚུལ་བཤད་པར་རི་བོང་གིས་རྫུན་ཡིན།
- ཁ་ཉིན་གོང་གི་དེ་ཡང་ང་རང་ཡིན།
- སྡོང་རྩ་ནས་དེ་ཡང་ང་ཡིན།
- ཆུ་ཁ་ནས་དེ་ཡང་ང་ཡིན།
- ད་ཁྱོད་རང་གིས་འཁོར་བ་སྐྱོང་ནས་སྡོད་དང་
- རྒྱུ་ཡང་ཡོད་ཞེས་བཤད།
- རི་བོང་གིས་དེ་ལྟར་བྱས་ཏེ་ཁོ་རང་སྐྱིད་དོ།།
- རི་བོང་དེ་འདྲའི་སྐྱིད་སར་བཞག
- དཔེ་བཞག་ན་རི་བོང་གིས་ཞིང་ཟོས་ཀྱང་གནོད་མ་བྱས།
- བ་ལུ་མ་སྦྱས་ཀིས་བསད་ཀྱང་གནོད་མ་བྱས་པས་
- རྒྱུ་འབྲས་ལྟར་ཕ་རོལ་ལ་བཟང་བྱས་ན་ཚུར་དོད་པའོ།།