Skip to main content Skip to search
15 Dec 2011
41 min 3 sec
Rating
0
No votes yet
Video Overview
Creators: 
Unknown

In a series of over 20 videos, scholars read from and provide oral commentaries on the historical annals written by the Fifth Dalai Lama.

Show More

  • ནོར་བྲང་ཨོ་རྒྱན།
    འོང་། ད་གོང་ལ་ཞུས་པ་རེད། དེ་ལྟར་དེ་ནི་ཕག་གྲུ་ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་ནི་ནས་བཟུང་སྟེ་ཟེར་ན། ད་དེ་གོང་ལ་ཞུས་པ་ནང་ལྟར་གྱི་ཐོག་ནས། ཕག་མོ་གྲུ་པའི་དེ་ནི་ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་ནས་བཟུང་སྟེ། དེ་ནི་ད་བོད་གཉན་ཞན་གྱི་གོ་རིམ་སྟེ། ཟེར་ན།
  • ནོར་བྲང་ཨོ་རྒྱན།
    ད་གཉན་པོ་དང་ཞན་པ་ཟེར་ན། ད་སྡེ་སྲིད་དང་། བློན་པོའི་གོ་རིམ་སིལ་བུར་མ་གྱུར་བར་ཟེར་ན་དེ་འདྲས་ཀྱི་དཔེར་ན། ཕག་གྲུའི་སྲིད་དབང་དེ་མ་འཐོར་བར་ལ་ཡིན་ན་ནི། ཕག་གྲུའི་སྡེ་སྲིད་ཀྱི་བོད་ཡོངས་ལ་གཅིག་གྱུར་གྱི་དབང་བསྒྱུར་བའི་སྐབས། ད་གཅིག་གྱུར་གྱི་ཐོག་ནས་ལུང་དང་དབང་། ལུང་དང་འཇའ་སའི་ཆབ་སྲིད་ཀྱི་མངོན་པར་མཐོ་བའི་བློན་པོའམ་ཆེ་བཙན་ཕལ་ཆེར་ནི། ད་དེའི་སྐབས་ལ་བྱས་སོང་།
  • ནོར་བྲང་ཨོ་རྒྱན།
    གཅིག་གི་དེ་ནི་ལུང་དང་འཇའ་སའི་དེ་ནི་ཆབ་སྲིད་ཀྱི་མངོན་པར་མཐོ་བའི་དེ་ནི་བློན་པའམ་ཆེ་བཙན་ཕལ་ཆེ་བ། སྡེ་སྲིད་གོང་མ་སྟེ་ཕག་གྲུ་ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་དང་། དེ་རྗེས་དབང་གྲགས་པ་རྒྱལ་མཚན་ལ་སོགས་པའི་ཐུགས་ལ་བཏགས་པ། ཐུགས་ལ་བཏགས་ཤིང་། དེ་ནི་ཁོང་ཚོ་བསྐོས་པ་རྐྱང་རྐྱང་དེ་འདྲས་རེད། ཟེར།
  • ནོར་བྲང་ཨོ་རྒྱན།
    དེ་འདྲས་བསྐོས་པ་རྐྱང་རྐྱང་དེ་འདྲས་རེད་ཟེར། ཐུགས་ལ་བཏགས་ཞིང་ད་ག་ནང་ལྟར་རྫོང་དཔོན་དུ། རྫོང་དཔོན་དུ་བསྐོས་པ་སོགས་ལུང་དང་ལས་ཀ་གནང་བ་ཤས་ཆེ་ནའང་། ཟེར། ད་དེ་བཞིན་གྱི་དཔེར་ན། གཅིག་གི་ཕག་མོ་གྲུ་པའི་དེ་ནི་བསྐོས་ནས་དེ་ནི་ལུང་དང་ལས་ཀའི་གནང་བ་ཤས་ཆེ་ན་ཡང་ཟེར།
  • ནོར་བྲང་ཨོ་རྒྱན།
    ས་སྐྱོང་ལྷ་རྒྱ་རི་བ་ནས་ཟེར་ན། དེ་ནི་ད་གཙོ་བོ་སྐབས་དེ་ལ། ལྷ་རྒྱ་རི་བ་ཟེར་མཁན་དེ་ནི་བོད་ཀྱི་ནང་ནས་བྱས་ན། ས་སྐྱོང་ལྷ་རྒྱ་རི་བ་ཟེར་མཁན་གཅིག་ཡོའོ་དེ་ཡིན་ན། ཕག་གྲུ་གོང་ས་ནས་ལུང་དང་འཇའ་ས་ཆེད་དུ་མ་བླངས་པར། ཕག་མོ་གྲུ་པ་ནས་དེ་ནི་ལུང་དང་ལག་རྟགས་ཆེད་དུ་མ་བླངས་པར། ཉི་འོག་གི་རྒྱལ་པོར་གྱུར་པ་ཞིག་སྟེ། ཟེར།
  • ནོར་བྲང་ཨོ་རྒྱན།
    ཉི་འོག་རྒྱལ་པོར་གྱུར་པ་ཞིག་སྟེ། ཁོང་རང་བཞིན་དེ་ནི་རྒྱལ་པོར་འགྱུར་བ་ཞིག་དེ་འདྲས་རེད་ཟེར། དེ་གང་ཡིན་ཟེར་ན། དེ་ནི་ལྷ་རྒྱ་རི་བ་ཟེར་མཁན་དེ་སྔ་མ་བོད་ཆོས་རྒྱལ་དེ་ནི་གདུང་རྒྱུད་དྲི་མ་མེད་པ་དེ་འདྲས་ཡིན་ཟེར་གྱི་ཡོའོ་རེད་པཱ། བྱས་ཙང་དེ་ཡང་བོད་ཆོས་རྒྱལ་གྱི་གདུང་རྒྱུད་དྲི་མ་མེད་པ། གནམ་ལྡེ་འོད་སྲུང་གི་སྲས་མངའ་བདག་དཔལ་འཁོར་འཛིན་གྱི་རྒྱུད་པ།
  • ནོར་བྲང་ཨོ་རྒྱན།
    རྒྱུད་པ་ཚ་བ། ཁྲི་བཀྲ་ཤིས་བརྩེགས་པའི་སྲས་གསུམ་གྱི་འོད་ལྡེ་ལས་རིམ་པར་བྱུང་བ། ཟེར་ད་དེ་འདྲའི། གཅིག་གི་དེ་ནི། མནའ་བསྐྱལ་བའི་ཐོག་མའི་འབྱུང་ཁུངས་དེ། དེ་ནི་གནམ་ལྡེ་འོད་སྲུངས་ལ་འགྱུར་པ་ལས་དཔལ་འཁོར་བཙན་གྱི་དེ་ནི་བརྒྱུད་པ་ལས་བྱུང་བ་ཚབ་ཁྲི་བཀྲ་ཤིས་བརྩེགས་པའི་སྲས་གསུམ་གྱི་ཆེ་བ་འོད་ལྡེ་ལས་རིམ་པར་བྱུང་བ་དེ་འདྲས་ཡིན་ཟེར།
  • ནོར་བྲང་ཨོ་རྒྱན།
    འོད་སྐྱིད་འབར་གྱི་སྲས་གཅུང་གཙང་ཚ་སྤུན་དྲུག་སྟེ། འོད་སྐྱིད་འབར་གྱི་སྲས་གཅུང་གཙང་ཚ་སྤུན་དྲུག་སྟེ། ལྷ་སྤྱན། གཡུ་སྤྱན། དར་ར། ལྷུན་པོ། འོད་བཙན། གུང་བཙན་བཅས་ཀྱི་ནང་གསེས་ཟེར། ད་དེ་འདྲས་ནང་གསེས་ཀྱི་ཐོག་ནས་ཆ་བཞག་ན། དེ་ནི་དཔེར་ན་ནང་གསེས་ཀྱི་ཐོག་ནས་ཡིན་ན།
  • ནོར་བྲང་ཨོ་རྒྱན།
    སྤྱིར་ན་གཡུ་ཅན་གྱི་རྒྱུད་པ་ལས་གྱེས་པ་དེ་འདྲས་རེད། ཟེར། གཡུ་ཅན་གྱི་རྒྱུད་པ་ལས་དེ་ནི་རིམ་པར་རྒྱུད་ནས། གདན་ས་ཐེལ་གྱི་མདར་བཙད་པོ་ཚ་བ་རོང་པ་ཞེས་བྱ་བའི་མི་དཔོན་ཞིག་ཕག་མོ་གྲུ་པ་རྡོ་རྗེ་རྒྱལ་པོ་ནས་དྲུང་བྱུང་ཞིང་། ཟེར། གདན་ས་ཐེལ་ལ་སླེབས་ནས། བདག་ལ་ཡིན་ན་བཙད་པོ་ཚ་བ་རོང་ང་། ཟེར་ང་བཙན་པོ། བཙད་པོ་དང་བཙན་པོ་ཟེར་བྱས་དབྱེ་ན་དོན་དག་གཅིག་རེད་པ། 
  • ནོར་བྲང་ཨོ་རྒྱན།
    ཚ་བ་རོང་པ་ཟེར་མཁན་བྱོན། དེ་འདྲས་ཀྱི་མི་དཔོན་ཞིག་བྱུང་བ་རེད། ཟེར དེ་ནི་མི་དཔོན་དེས་ན་ཕག་མོ་གྲུ་པ་རྡོ་རྗེ་རྒྱལ་པོའི་དུས་བྱུང་ཞིང་། ཟེར། ཕག་མོ་གྲུ་པ་རྡོ་རྗེ་རྒྱལ་པོ་ཟེར་མཁན་དེ་ཕག་གྲུའི། ཕག་མོ་གྲུ་པ་ད་ཆོས་རྒྱུད་ཀྱི་དེ་ནི་རྦད་ཐོག་མ་དེ་ཨ་ནི། ཕག་མོ་རྡོ་རྗེ་རྒྱལ་པོ་ལ་བྱུང་བ་ཅན་དེ་འདྲས་རེད་པ།
  • ནོར་བྲང་ཨོ་རྒྱན།
    དེའི་སྐབས་ལ་དེ་འདྲས་བྱུང་བ་སྤྱན་རེད། ཟེར། དེ་ནས་རིམ་པར་བརྒྱུད་ནང་སོ་མདའ་སྨད་པས། ཟེར། དེ་ནས་རིམ་པར་བརྒྱུད་པའི་ད་དེའི་གདུང་བརྒྱུད་དེ་རིམ་པར་བརྒྱུད་པ་ལས། ནང་སོ་མདའ་སྨད་པ་ཟེར་མཁན་བྱུང་། དེས་ཡིན་ན། ཨེ་སྟོད་ཆུ་ཚན་ཁ་ཞབས་སུ་རི་ལ་ཨེ་སྟོད། ཆུ་ཚན་ཁ་ཟེར་མཁན་ཞིག་ཡོའོ་རེད། དེའི་ཞབས་ལ་རྟེན་འབྲེལ་ལ་རྩྭ་རྒྱ་བོ་ཞིག་སྐྱེས་པ་ཞིག་ན་གཞིས་ཀ་བརྩིགས་པས་ལྷ་རྒྱ་རི་ཞེས་མིང་དུ་ཆགས་བཞག་ཟེར།
  • ནོར་བྲང་ཨོ་རྒྱན།
    ལྷ་རྒྱ་རི་ཟེར་ཡས་ཐོག་མར་ཡོང་ཡས་ཨེ་སྟོད་ཆུ་ཚན་ཁ་ཞབས་སུ་རི་ལ་དེ་ནི། རི་ལ་རྩྭ་རྒྱ་བོ་ཞིག་སྐྱེས་པ་ཞིག་ན། དེ་ནི་གཞི་ཀ་བརྩེགས་པས་དེ་ནི་ལྷ་རི་རྒྱ་རི་ཞེས་མིང་དུ་གྲགས་ཟེར། ལྷ་རྒྱ་རི་བ་ཟེར་མཁན་དེ་ད་ཆོས་རྒྱལ་གྱི་གདུང་བརྒྱུད་དྲི་མ་མེད་པ་ཡིན་དུས་ཙམ་པ། དེ་ནི་ལྷ་རྒྱ་རི་བ་ཟེར་མཁན་དེ་འདྲས་རེད། ལྷ་རྒྱ་རི་བ་ཟེར་བ་མིང་དུ་གྲགས་པ་རེད། ཟེར།
  • ནོར་བྲང་ཨོ་རྒྱན།
    དེ་ནས་ལྷ་ཆོས་ཀྱི་བཤེས་གཉེན་སོགས་ཞལ་ངོ་རིམ་པར་བྱུང་བ་ལས་ཟེར། དེ་ནས་ལྷ་ཆོས་ཀྱི་བཤེས་གཉེན་ལ་སོགས་པ་དེ་ནི་ད་ཞལ་ངོ་ཟེར་ཡས་དེ་ནི། ལྷ་རྒྱ་རི་བའི་དེ་ནི་མི་ངོ་དེ་འདྲས་ལ་ཟེར་གྱི་ཡོའོ་རེད། མི་ངོ་དེ་འདྲས་རིམ་པར་བྱུང་བ་ལས།  དགྲ་ལས་རྣམ་རྒྱལ་གྱི་རྒྱ་རི་རྫོང་དུ་བཞུགས་ཟེར།
  • ནོར་བྲང་ཨོ་རྒྱན།
    ལྷ་རྒྱ་རི་རྣམ་རྒྱལ་ཟེར་མཁན་དེ་ནི་རྒྱ་རི་རྫོང་དུ་བཞུགས་པ་དེ་འདྲས་རེད། ཟེར། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་དང་མཆོད་ཡོན་དུ་འབྲེལ། དེ་ནི་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་ཟེར་མཁན་འདི་ནི། པཎ་ཆེན་མ་རེད། ཏཱ་ལའི་སྐུ་འཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ་དང་དེ་ནི། མཆོད་ཡོན་དང་འབྲེལ་བ་དེ་འདྲས་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    རྒྱ་རི་ལྕོག་མཁར་དུ་ལོ་གསར་གཏོར་ཆེན་གྱི་སྐབས་ཕྱག་སྲོལ་བཙུགས། དེ་ནི་རྒྱ་རི་ལྕོག་མཁར་ཟེར་ཡས་དེ་ལ་གཏོར་ཆེན་གྱི་ཕྱག་སྲོལ་བཙུགས་པ་དང་ལྷ་རྒྱ་ལས། རྦད་དེ་ཨེ་ཆེན་གྱི་རི་ལྷ་ཕྱོགས་སུ་ཕེབས་པས། ཨེ་ཆེན་རི་སྒོ་ཕྱོགས་སུ་ཕེབས་པས། ཡུལ་དུ་བཀྲ་ཤིས་པའི་དགེ་མཚན་མང་དུ་བྱུང་བས། དེ་ནི་ཨེ་ཆེན་དེ་ནི་རི་སྒོ་ཕྱོགས་སུ་ཕེབས་པས་བཀྲ་ཤིས་པའི་དགེ་མཚན་མང་དུ་བྱུང་བས། ཡུལ་མི་རྣམས་ཀྱིས་ནས་ཕུད་ཁལ་རེ་ཕུལ། དེ་ནི་ཡུལ་མི་སོ་སོ་ཡིན་ནའི་དེ་ནི་མི་ཚང་ཚང་མས་ཡིན་ན། ནས་ཕུད་ནས་ཀྱི་དེ་ནི་ཕུད་དེ་འདྲས་ཁལ་རེ་རེ་ཕུལ་བ་རེད། ཟེར།
  • ནོར་བྲང་ཨོ་རྒྱན།
    དེ་ནི་ཁོང་ཡིན་ན་དེ་ནི་ཚང་མའི་དཔོན་པ་ལ་འགྱུར་ནས། རི་སྒོ་བཀྲ་ཤིས་ཆོས་རྫོང་ཟེར་ཡས་དེ་རུ་ཕོ་བྲང་གི་ལྟེ་བ་མཛད། དེ་ནི་རི་སྒོ་བཀྲ་ཤིས་ཆོས་རྫོང་ཟེར་ཡས་དེ་ནི་ལྷ་རྒྱ་རིའི་ཕོ་བྲང་ལྟེ་བ་དེ་འདྲས་ཡིན་ན། གསར་དུ་བསྐྲུན་བྱས་དེ་ནི་ཕོ་བྲང་གི་ལྟེ་བ་གནང་བ་རེད། ཟེར།
  • ནོར་བྲང་ཨོ་རྒྱན།
    དེ་ནས་ལྷ་འཇིག་རྟེན་དབང་ཕྱུག་ཁྲི་ཐོག་ཏུ་ཕེབས་རྗེས། ཟེར། དེ་ནས་ལྷ་འཇིག་རྟེན་དབང་ཕྱུག་ཁྲི་ཐོག་ཏུ་ཕེབས་རྗེས། བྱམས་པ་རབ་བརྟན་དང་། ལྷ་ཡུལ་འཁོར་དབང་ཕྱུག་སྐུ་མཆེད་གཉིས་ཀྱང་དེའི་དུས་སུ་བྱུང་བ་དེ་འདྲས་རེད། ཟེར།
  • ནོར་བྲང་ཨོ་རྒྱན།
    དེའི་དུས་སུ་དེ་ནི་སྤྲུལ་སྐུ་བདེ་ཆེན་གླིང་པས། གང་འདྲས་བྱུང་བ་རེད་ཟེར་ན།
  • ནོར་བྲང་ཨོ་རྒྱན།
    ཨེ་ཡི་ནང་དུ་ཁྲག་མཚོ་ལན་གསུམ་ཁོལ༎ རྒྱལ་པོ་བྱམས་པའི་མིང་ཅན་བྱ་བ་བྱུང་༎ རྒྱལ་པོ་དེ་ཡི་བསྟན་པ་རྒྱས་པ་ལ༎ ཟེར་ཡས་ཀྱི་དེ་འདྲས་ཀྱི་དེ་ནི་སྔ་མའི་ལུང་བསྟན་དེ་འདྲས་ཡོད་བྱས་དེ་འདྲས་རེད། ཟེར།
  • ནོར་བྲང་ཨོ་རྒྱན།
    ཞེས་སོགས་ཀྱི་དོན་དང་མཐུན་པར་མངའ་ཐང་གོང་དུ་འཕེལ། དེ་ནི་མངའ་ཐང་ཡིན་ན་སྟོབས་འབྱོར་ཡིན་ན་ཕུན་སུམ་ཚོགས་པོ་དེ་འདྲས་འཕེལ་ཡོའོ་རེད། ཟེར།
  • ནོར་བྲང་ཨོ་རྒྱན།
    ཁྱད་པར་དུ་ལྷ་ཡུལ་འཁོར་བས་ལང་ཀའི་གྲོང་ཁྱེར་ས་ལ་འཕོས་པ་ལྟ་བུའི་བཙན་རྫོང་འོལ་ཁ་སྟག་རྩེ་མངའ་འབངས་དང་བཅས་པ་རང་དབང་དུ་མཛད་ཟེར། དེ་ནི་དེ་ནས་ལྷ་དགྲ་ལྷ་རྣམ་རྒྱལ་དེ་ནི་ག་རེ་བྱས་པ་རེད་ཟེར་ན།
  • ནོར་བྲང་ཨོ་རྒྱན།
    ཁྱད་པར་ལྷ་ཡུལ་འཁོར་བ་ཟེར་ཡས་དེ་ཡིན་ན་ལང་ཀའི་གྲོང་ཁྱེར་ས་ལ། སྲིན་བུ་ལང་ཀའི་གྲོང་ཁྱེར་ས་ལ་འཕོས་པ་ལྟ་བུའི་དེ་ནི་བཙན་རྫོང་། དེ་ནི་རྫོང་ཡིན་ན་བཙན་རྫོང་དེ་འོལ་ཁ་སྟག་རྩེ་ཟེར་ཡས་དེའི་མངའ་འབངས་དང་བཅས་པ་དེ་ནི་ཁོང་གིས་དམག་བརྒྱབ་བྱས་དེ་ནི་སོ་སོའི་རང་དབང་དུ་མཛད་པ་རེད་ཟེར། དེ་གས་དབང་དུ་བསྡུས་པ་དེ་འདྲས་རེད། ཟེར།
  • ནོར་བྲང་ཨོ་རྒྱན།
    དེ་ནས་ལྷ་རབ་བརྟན་སྐུ་མཆེད་གསུམ་ལས། དེའི་མཇུག་ལ་དེ་ནི་ལྷ་བསོད་ནམས་རབ་བརྟན་སྐུ་མཆེད་གསུམ་ལས། བསོད་ནམས་རབ་བརྟན་ཁྲི་ཐོག་ཏུ། བསོད་ནམས་རབ་བརྟན་ཟེར་མཁན་དེ་ནི་ཁྲི་ཐོག་ཏུ་ཕེབས་པ་རེད། ཟེར།
  • ནོར་བྲང་ཨོ་རྒྱན།
    ཆད་དཀར་རྫོང་གི་ཉེ་འདབས་སུ་དགེ་འདུན་གྱི་སྡེ་བཙུགས་པ་སོགས་རྒྱལ་སྲིད་ཆོས་བཞིན་དུ་བསྐྱངས།ཟེར། ཆད་དཀར་རྫོང་གི་ཉེ་འདབས་སུ་དགེ་འདུན་གྱི་སྡེ་འཛུགས་པ་ལ་སོགས་པ་རྒྱལ་སྲིད་ཆོས་བཞིན་དུ་བསྐྱངས་ཟེར། 
  • ནོར་བྲང་ཨོ་རྒྱན།
    དེ་རྗེས་ལྷ་དགའ་ལྡན་དཔལ་འབར་གྱི་ཁྲི་ལ་ཕེབས་ནས་རྒྱལ་བའི་བསྟན་པ་སྤྱི་དང་། ལྷག་པར་ཆོས་ཀྱི་རྒྱལ་པོ་བཙོང་ཁ་བ་ཆེན་པོའི་བསྟན་པ་ལ་སྲི་ཞུ་བླ་ལྷག་ཏུ་མཛད། ལྷག་པར་དུ་དེ་ནི་དགའ་ལྡན་དཔལ་འབར་གྱི་དེ་ནི་ལྷ་རྒྱ་རིའི་ཁྲི་ལ་ཕེབས་པའི་མཇུག་གུ་ལ་དེ་ནི། རྒྱལ་བའི་བསྟན་པ་སྤྱི་དང་ལྷག་པར་དུ་དེ་ནི་ཆོས་ཀྱི་རྒྱལ་པོ་བཙོང་ཁ་བ་ཆེན་པོའི་དེ་ནི་བསྟན་པ་ལ་དེ་ནི་སྲི་ཞུ་བླ་ལྷག་ཏུ་ཞུས་པ་དེ་འདྲས་རེད། ཟེར།
  • ནོར་བྲང་ཨོ་རྒྱན།
    རོག་པ་རྩར་མི་བསྲུན་པའི་སྐྱེ་བོ་རང་ཉམས་ཀྱི་བློའི་སྤྱོད་ཡུལ་ཅན་རྣམས་མིང་གི་ལྷག་མར་བཅོམ་པས་ཟེར་ན། དེ་ནི་རོག་པ་རྩ་ཟེར་མཁན་གྱི་ས་དེ་རུ་ཡིན་ན། དེ་ནི་མི་བསྲུན་པའི་སྐྱེ་བོ་རང་དང་མི་མཐུན་པའི་སྐྱེ་བོ་ཐམས་ཅད་དེ་ནི་ལྷག་མར་བཅོམས་བྱས། མགོ་ལག་དེ་ནི་ཁྲག་གི་རལ་པས་སྦགས་པ་བླངས་པ་སོགས། དེ་ནི་མགོ་བོ་དང་ལག་པ་ལ་སོགས་པ་དེ་ནི་ཁྲག་གི་རལ་པས་སྦགས་པ་དེ་འདྲས་བླངས་ནས། བླངས་པ་སོགས་འཇིགས་པ་མེད་པའི་སྙིང་སྟོབས་ཀྱིས་དབུ་རྨོག་བཙན་པོ་གྱོན།
  • ནོར་བྲང་ཨོ་རྒྱན།
    དེ་འདྲས་བླངས་ནས་དེ་ནི་གང་ཟེར་དགོས་རེད། དེ་ནི་འཇིགས་པ་མེད་པའི་སྙིང་སྟོབས་ཀྱི་དེ་ནི་དམག་ཤུགས་ཡིན་ནའི་ཆེན་པོ་ཡོད་པ་དེ་འདྲས་ཀྱི་སྙིང་སྟོབས་དེ་ནི་དབུ་རྨོག་བཙན་པོ་དེ་འདྲས་གྱོན་པ་དེ་འདྲས་རེད། ཟེར།
  • ནོར་བྲང་ཨོ་རྒྱན།
    དེ་རྗེས་ཁྲི་ཐོག་ཏུ་བློ་བཟང་མཐུ་སྟོབས་ཆོས་རྒྱལ་བྱོན་ནས་སྙིང་རྗེ་ཆེན་པོ་གཞན་དབང་གིས་སྡེ་འཁྲུག་སྙོལ་བ་གཙོ་བོར་མཛད། ད་དེའི་མཇུག་གུ་ལ་དེ་ནི་ཁྲི་ཐོག་ཏུ་དེ་ནི་ལྷ་རྒྱ་རིའི་ཁྲི་ཐོག་ཏུ་དེ་ནི་བློ་བཟང་མཐུ་སྟོབས་ཆོས་རྒྱལ་ཟེར་མཁན་དེ་ཕེབས་བྱས་དེ་ནི་དེ་ཡིན་ན་ཁོང་གིས་ཐོག་མའི། ཐོག་མ་དེ་གང་ཟེར་དགོས་རེད།
  • ནོར་བྲང་ཨོ་རྒྱན།
    ལྷ་དགའ་ལྡན་དཔལ་འབར་དང་མི་འདྲ་བའི་ཐོག་ནས་དེ་ནི་རྦད་དེ་ཁོང་སྙིང་རྗེ་ཆེན་པོ་ཡིན་པ་དེ་འདྲས་ཡིན་འགྲོ་དུས་ཙམ་པ་དེ་ནི། བློ་བཟང་མཐུ་སྟོབས་ཆོས་རྒྱལ་དེ་ནི་སྙིང་རྗེ་ཆེ་པོའི་གཞན་དབང་གི་དེ་ནི་གཞན་དག་ལ་དེ་ནི་དམག་བརྒྱབ་ཡས་ལ་སོགས་པ་དེ་ཚོ་ཡིན་ན། མི་ཤི་ཡས་ལ་སོགས་པ་དེ་འདྲས་མི་དགེ་བའི་རྒྱུ་ཡིན་དུས་ཙམ་པ། སྡེ་འཁྲུག་དེ་གས་ཡིན་གཙོ་བོ་བྱམས་ཐབས་ལ་བརྟེན་ནས་མཛད་པ་དེ་འདྲས་རེད། ཟེར།
  • ནོར་བྲང་ཨོ་རྒྱན།
    འོན་ཀྱང་ལས་ངན་གྱི་རྦ་རླབས་དྲག་པོས་བདས་པའི་སྐྱེ་བོ་འཕར་འགྲོའི་རིགས་ཅན་སྦལ་པ་ཆུ་སྲིན་ནམ་ན་ཀྲའི་མགྲིན་པར་འཇུག་འདོད་ཀྱིས་ཚུར་རྒོལ་གྱི་སྡེ་གཟར། དེ་འདྲས་རེད་དའི་ཡིན་ན་ཡང་ཁོང་གིས་དེ་ནི། སྡེ་གཟར་མེད་པ་དེ་འདྲས་བཟོ་ཡས་དགོངས་པ་བཞེས་པ་རེད་དའི། ལས་ངན་གྱི་དེ་ནི་རྦ་ཀློང་དྲག་པོས་བདས་པའི་སྐྱེ་བོ་འཕར་འགྲོའི་རིགས་ཅན་ཟེར་ན། ད་སྦལ་པ་དེ་འདྲས་རེད་པཱ།
  • ནོར་བྲང་ཨོ་རྒྱན།
    སྦལ་པའམ་ཆུ་སྲིན་ན་ཀྲའི་མགྲིན་པར་འཇུག་པར་འཇུག་འདོད་ཀྱི་དེ་ནི་སོ་སོའི་ཆུ་སྲིན་གྱི་མགྲིན་པར་འཇུག་འདོད་པ་ནང་ལྟར་གྱི་ཐོག་ནས། རང་ཉིད་དེ་ནི་ཤི་རྒྱུ་ལ་སླེབས་པ་ནང་ལྟར་གྱི་ཐོག་ནས་ཚུར་རྒོལ་གྱི་སྡེ་གཟར་དེ་འདྲས། དམག་འཁྲུག་དེ་འདྲས་འགའ་ཤས་ཡིན་ན་བྱུང་ཡོའོ་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    དེ་ཚོ་ཡིན་ནའི་བཀའ་ཁྲིམས་དྲག་པོའི། བཀའ་ཁྲིམས་བསྒྱུར་བའི་བྱེད་པོ་བསོད་ནམས་རབ་བརྟན་སོགས་ཀྱིས་ཞི་དྲག་གི་སྦྱོར་བ་དུ་མས་བཟློག་པར་བྱས། དེས་ན་བཀའ་ཁྲིམས་སྒྱུར་བའི་བྱེད་པོ་བསོད་ནམས་རབ་བརྟན་སོགས་ཀྱིས་དེ་ནི་ཞི་དྲག་གི་དེ་ནི་སྦྱོར་བ་དུ་མས་དེ་ནི་བཟློག་བྱས་དེ་འདྲས་རེད། ཟེར།
  • ནོར་བྲང་ཨོ་རྒྱན།
    ཁྲི་ཆེན་འདི་ཉིད་ནི་རྣམ་པར་དགེ་བའི་ལས་ལ་མཆོག་ཏུ་བརྩོན་ཞིང་། ཁྱད་པར་གསང་སྔགས་ཟབ་མོའི་རྣལ་འབྱོར་ལྷུར་བཞེས་མཛད་དོ། ལྷག་པར་དེ་ནི་ཕྱོགས་གཅིག་ནས་རྣམ་དཀར་དགེ་བའི་ལས་ལ་མཆོག་ཏུ་བརྩོན་པ། ཁྱད་པར་གསང་སྔགས་ཟབ་མོའི་རྣལ་འབྱོར་ལ་དེ་ནི་ལྷུར་བཞེས་དེ་འདྲས་དེ་ནི་རང་གིས་དེ་ནི། དགོངས་པ་ཉམས་གཞིག་དེ་འདྲས་ལྷུར་བཞེས་མཛད་དོ། ཟེར།
  • ནོར་བྲང་ཨོ་རྒྱན།
    དེ་རྗེས་ལྷ་དབང་ཕྱུག་དགའ་ལྡན་རབ་ཏུ་བརྟན་པ་མི་འགྱུར་རྣམ་པར་རྒྱལ་བར་ཁྲི་ཐོག་ཏུ་བྱོན་ཏེ། ཕུན་སུམ་ཚོགས་པའི་མངའ་ཐང་འགོག་པ་མེད་པའི་སྣང་བ་རབ་ཏུ་རྒྱས་སོ། དེའི་རྗེས་ལ་ལྷ་དབང་ཕྱུག་ཟེར་ཡས་དེ། ལྷ་དབང་ཕྱུག་དགའ་ལྡན་རབ་ཏུ་བརྟན་པ་མི་འགྱུར་རྣམ་པར་རྒྱལ་བ་ཁྲི་ཐོག་ཏུ་བྱོན་ནས། ཕུན་སིམ་ཚོགས་པའི་མངའ་ཐང་ཡིན་ན་འགོག་པ་མེད་པའི་སྣང་བ་རབ་ཏུ་རྒྱས་སོ། ཟེར། ད་དེའི་ཐོག་ལ་ད་དེ་གཅིག་རེད། ལྔ་པ་ཆེན་པོས་མཇུག་སྡོམས། ངལ་གསོའི་ཚིགས་བཅད་གསུངས་ཡོའོ་རེད་པཱ།
  • ནོར་བྲང་ཨོ་རྒྱན།
    མཆོད་སྦྱིན་བརྒྱ་ཡིས་འཆི་མེད་དབང་པོའི་སར༎ སྐབས་གསུམ་རིགས་ཀྱི་བདག་པོར་དབང་སྒྱུར་ན༎ ནོར་འཛིན་ཆོས་ཞིང་སྐྱོང་བའི་ལེགས་བྱས་ཀྱིས༎ སྟོང་གསུམ་ཀུན་ཀྱང་རང་གིར་བྱས་ཀྱིས་དོགས༎ ཟེར།
  • ནོར་བྲང་ཨོ་རྒྱན།
    ཞེས་གསུངས་པ་ནི། མཆོད་སྦྱིན་ཟེར་ཡས་དེ་ད་མཆོད་པ་དང་སྦྱིན་པ་བཏང་ཡས་དེ་འདྲས་ཀྱི་ཉེར་འཚེ་བ་གྲངས་ཀྱང་ཚད་བཟུང་དུ་ཡོད་པ་བརྒྱ་ཙམ་བྱས་པའི་སྦྱིན་པའི་འབྲས་བུ་ལ་ཆ་བཞག་ན་དེ་ནི། འཆི་མེད་ལྷའི་དབང་པོ་ཟེར་མཁན་དེ་ནི་ལྷ་ཡུལ་གྱི་ལྷའི་དབང་པོའི་གོ་ས་ཐོབ་པ་དེ་འདྲས་རེད། ཟེར།
  • ནོར་བྲང་ཨོ་རྒྱན།
    དེ་ནས་ལྷའི་དབང་པོ་ལ་མཆོད་སྦྱིན་བརྒྱ་པ་ཟེར་ཡས་དེ་ནི་མཆོད་སྦྱིན་དེ་ནི་ཉེར་འཚེ་བ་གྲངས་བརྒྱ་བྱས་པ་ལ་བརྟེན་ནས། དེའི་སྦྱིན་པའི་འབྲས་བུ་ལ་བརྟེན་ནས་ལྷའི་དབང་པོའི་གོ་ས་ལ་སླེབས་པ་དེ་འདྲས་རེད། ཟེར།
  • ནོར་བྲང་ཨོ་རྒྱན།
    གོ་སར་རེག་ནས་སྐབས་གསུམ་པ་ལྷའི་རིགས་ཀྱི་བདག་པོར་དབང་སྒྱུར་ན་ཡང་ཟེར། སྒྱུར་ན་ཟེར། ད་དེ་འདྲས་ཀྱིས་རྦད་དེ་མཆོད་སྦྱིན་དེ་གའི་ཙམ་གཅིག་བྱས་ནས་ལྷའི་དབང་པོ་ལ་རིགས་ཀྱི་བདག་པོ་ལ་དབང་སྒྱུར་བ་ཡིན་ནའི་ཟེར།
  • ནོར་བྲང་ཨོ་རྒྱན།
    ཡངས་པའི་ནོར་འཛིན་ཆོས་བཞིན་སྐྱོངས་བ་ལྷ་རྒྱ་རི་བའི་ལེགས་བྱས་ཚད་གཞལ་དུ་མེད་པ་བླ་ན། ཡངས་པའི་ནོར་འཛིན་ཆོས་བཞིན་སྐྱོང་བ་ལྷ་རྒྱ་རི་བ་ལེགས་བྱས་ཀྱི་ཚད་གཞལ་དུ་མེད་པ་དེ་ནི་ཆོས་སྦྱིན་གྱིས་བརྒྱས་མ་ཚད་པ་དེ་ནི་ལེགས་བྱས་ཡིན་ན་བསམ་གྱིས་མི་ཁྱབ་པ་ཚད་གཞལ་དུ་མེད་པ་རེད་པཱ།
  • ནོར་བྲང་ཨོ་རྒྱན།
    དེ་འདྲས་བྱས་པའི་བླ་ན་མེད་པའི་འབྲས་བུ་དེ་ཉིད་ཀྱིས་དེ་ནི་རྦད་དེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་ཀུན་ཀྱང་ལྷ་རྒྱ་རི་བ་གཅིག་པུས་རང་གིར་བྱས་ཀྱིས་དོགས་སོ། ཟེར། གོང་ལ་དེ་ནི་ཆོས་སྦྱིན་རྒྱ་ཆེ་བ་གཅིག་གི་དེ་ནི་ལྷ་དབང་པོའི་གོ་གནས་ལ་སླེབས་པ་དེ་འདྲས་རེད་པཱ།
  • ནོར་བྲང་ཨོ་རྒྱན།
    ལྷ་རྒྱ་རི་བ་ད་གཅིག་གི་རྦད་དེ་བླ་ན་མེད་པའི་ཚད་གཞལ་དུ་མེད་པ་བྱེད་དུས་ཙམ་པ། དེ་ནི་སྟོང་གསུམ་སྟོང་གི་འཇིག་རྟེན་ཁམས་ཆེན་པོའི་ཀུན་ཀྱང་ལྷ་རྒྱ་རི་བ་གཅིག་པུས་དེ་ནི་རྦད་དེ་རང་གིར་བྱས་པ། རང་དབང་དུ་བྱས་ཀྱིས་དོགས་སོ་ཟེར་དེ་ནི་ཐེ་ཚོམ་ཕུལ་བྱུང་གི་སྒོ་ནས་ལྷ་རྒྱ་རི་བའི་ཆེ་བ་བརྗོད་པ་དེ་འདྲས་གཅིག་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    ཆེ་བ་བརྗོད་པའོ། ཟེར། ཨེ་མ་ཁྱོད་ཀྱི་སྡེ་བཞིའི་ནོར༎ བསོད་ནམས་གསེར་གྱི་འཁོར་ལོ་ཡིས༎ དྲངས་པའི་འཛད་མེད་གན་མཛོད་འདི༎ རེ་བ་སྐོང་བའི་དཔག་བསམ་དབང་༎ ཟེར། ཞེས་གསུངས་པ་ནི། ཨེ་མ་ས་སྐྱོང་། ཨེ་མ་ཟེར་ན་ངོ་མཚར་བའི་གཏམ། གོང་དུ་སྨྲོས་ནས་ཨེ་མ་ས་སྐྱོང་ལྷ་རྒྱ་རི་བ་ཁྱོད་ཀྱིས་ཆོས་དང་ནོར་དང་འདོད་པ་དང་ཐར་པ་ལ་སོགས་པ་དེ་འདྲས་སྡེ་བཞིའི་ནོར་བུ། རིན་པོ་ཆེ་བསོད་ནམས་གསེར་གྱི་འཁོར་ལོ་ཡིས། ཟེར། སྡེ་བཞིའི་ནོར་བུ་རིན་པོ་ཆེའི་བསོད་ནམས་གསེར་གྱི་འཁོར་ལོ་ཡིས། ཡངས་པའི་ཁམས་འདིར་དྲངས་པའི་འཛད་པ་མེད་པ།
  • ནོར་བྲང་ཨོ་རྒྱན།
    ཡངས་པའི་གསེར་གྱི་འཁོར་ལོ་ཡིས་ཡངས་པའི་བདེ་ཁམས་འདིར་དྲངས་པའི་འཛད་པ་མེད་པའི་སྡེ་བཞིའི་གན་མཛོད་འདི་ནི། སྐྱེ་རྒུའི་རེ་བ། སྐྱེ་རྒུའི་སྡེ་བཞི་གན་མཛོད་འདི་ནི། སྐྱེ་རྒུའི་རེ་བ་གཅིག་ཅར་དུ་སྐོང་བ་དེ་ནི་དཔག་བསམ་ལྗོན་པའི་དབང་པོ་ཡིན་ནོ། ཟེར། དཔག་བསམ་ལྗོན་པའི་ཡང་དབང་པོ་ཡིན་འདུག། ཟེར།
  • ནོར་བྲང་ཨོ་རྒྱན།
    དེ་དུས་ཙ་ན་ད། ལྷའི་དབང་པོ་བརྒྱ་སྦྱིན་གྱི་དེ་ནི། དཔག་བསམ་ལྗོན་པ་དེ་ལས་ནི། གནས་སྐབས་ཀྱི་རེ་བ་ཙམ་ཞིག་མ་གཏོགས་ཡོའོ་མ་རེད་དའི། སྟེང་ནས་ལྷ་རྒྱ་རིའི་མཛད་པ་དེ་ཚོ་ནང་བཞིན་ཆོས་སྦྱིན་འདི་ཡི་སྟེང་ནས་མཚོན་དེ་བཞིན་ཆོས་ནོར་འདོད་ཐར་ལ་སོགས་པ་དེ་ནི་དེ་འདྲས་ཀྱི་དཔེར་ན། སྐྱེ་རྒུའི་རེ་བ་ཐམས་ཅད་སྐོང་བ་ཡིན་དུས་ཙམ་པ། ལྷའི་དབང་པོ་དཔག་བསམ་ལྗོན་པ་དང་འདྲ་བ་དེ་འདྲས་ཡིན་འདུག། ཟེར། བྱས་ནས་ཏག་ཏག་གཟུགས་རྒྱན་གྱི་སྒོ་ནས་ལྷ་རྒྱ་རི་བའི་མཛད་རྗེས་ལ་བསྔགས་པའོ། ཟེར། ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ། དེ་ཞེས་བྱ་བ་དེ་ནི། དེ་ནི་བར་སྐབས་ཀྱི་ངལ་གསོ་བའི་ཚིགས་སུ་བཅད་པའོ༎ ཟེར།
  • ནོར་བྲང་ཨོ་རྒྱན།
    བྱས་ནས་ད་དེ་ལྷ་རྒྱ་རི་བའི་བསྐོར་དེ་འདི་བྱས། ད་དེའི་གཤམ་ལ་ཡིན་ན་དེ་ནི་གུ་ཤྲཱི་བསྟན་འཛིན་ཆོས་རྒྱལ་གྱི་གོང་ལ་ཡིན་ན་གསུང་ཡས་དེ་འདྲས་ཤིག་རེད། དེ་ཡངགནམ་བསྐོས་ཀྱི་བདག་པོ་འཇམ་དབྱངས་གོང་མ་སེ་ཆེན་གྱི་ལུང་གིས་ཁ་བའི་རྡུལ་མང་ཡོངས་སུ་བརྩེགས་པའི་བོད་དང་བོད་ཆེན་པོའི་རྒྱལ་ཁམས་མཐའ་དག་དཔལ་ལྡན་ས་སྐྱ་པ་ལ་ཕུལ་ཏེ། ཟེར་ན། སྔར་ཡིན་ན་དེ་ནི་གནམ་གྱི་གོང་མ་འཇམ་དབྱངས་སེ་ཆེན་རྒྱལ་པོས་ཨ་ནི། སེ་ཆེན་གོང་མས་ཡིན་ན་དེ་ནི་ཁ་བ་རི་པའི་རྡུལ་མང་ཡོངས་སུ་བརྩེགས་པ། ཟེར་བྱས་ནས་ནི། ཁ་བའི་གངས་རིས་བསྐོར་བའི་རི་ཡི་བསྐོར་བའི་བོད་དང་ཆེན་པོའི་རྒྱལ་ཁམས་དེ་གས་དེ་ད་ལྟ་དེ་ནི་དཔལ་ལྡན་ས་སྐྱ་ལ་ཕུལ་བ་ཡིན་ཟེར།
  • ནོར་བྲང་ཨོ་རྒྱན།
    དཔལ་ལྡན་ས་སྐྱ་པ་ལ་ཕུལ་ཡས་གང་འདྲས་རེད་ཟེར་ན། ད་དེ་གོང་མ་ལ་དཔེར་ན་འགྲོ་མགོན་ཆོས་རྒྱལ་འཕགས་པས་གོང་མ་ལ་རྒྱལ་རབས་དབང་བསྐུར། དབང་བསྐུར་ཡས་དབང་ཡོན་ཐོག་ལ་ཡིན་ན་དེ་ནི། བོད་གཅིག་གི་ཚོ་བ་གསུམ་ཡིན་ན། བོད་ལ་དེ་འདྲས་ཀྱི་ལོ་རྒྱུས་ཤིག་ཡོའོ་རེད་པཱ། དཔའ་ལྡན་ས་སྐྱ་པ་ལ་ཕུལ་བ་དེ་འདྲས་ཡིན་ཟེར།
  • ནོར་བྲང་ཨོ་རྒྱན།
    སྐབས་དེ་དུས་ཡིན་ན་དཔེར་ན། གནམ་ལ་ཉི་ཟླ་ཟུང་གཅིག་དང་ས་ལ་མཆོད་ཡོན་རྣམ་གཉིས་བྱས་ནས། དེ་འདྲས་ཀྱི་སྐབས་དེ་ལ་ཆ་བཞག་ཡིན་ན། དེ་ནི་གནམ་ལ་ཉི་ཟླ་ཟུང་གཅིག་དང་ས་ལ་མཆོད་ཡོན་རྣམ་གཉིས་ཟེར་ཡས་ཀྱི་དེ་འདྲས་ཀྱི་དཔེར་ན་སྙན་པའི་གྲགས་པ་དེ་འདྲས་འབར་བ་རེད། ཟེར།
  • ནོར་བྲང་ཨོ་རྒྱན།
    དཔལ་ལྡན། དེ་ནི་དཔལ་ལྡན་ས་སྐྱ་པས་བོད་ཁམས་ཡོངས་ལ་དབང་བསྒྱུར་བ་དེ་ནས། ཟེར་ན། ཟླ་བའི་ཕྲེང་བ་སྟེ་ལོ་འཁོར་བཅུ་ཕྲག་བདུན་གྱི་ཕྱོགས་སུ་ཉེ་བ་ན། ཟེར། ད་དེ་ནས་དཔལ་ལྡན་ས་སྐྱ་པས་བོད་ཡོངས་ལ་དབང་བསྒྱུར་བ་དེ་ནས་རྩིས་པ་ན་ཟླ་བའི་ཕྲེང་བ་དེ་ལོ་འཁོར་བཅུ་ཕྲག་བདུན་གྱི་ཕྱོགས་སུ་ཉེ་བ་ན་ཟེར་ན། ཕལ་ཆེར་དཔལ་ལྡན་ས་སྐྱ་བས་དེའི་དཔེར་ན་བོད་ལ་དབང་བསྒྱུར་བྱེད་ཡས་དེ་ལོ་བདུན་ཅུ་དོན་ལྔ་ཙམ་ཞིག་བྱས་པ་ཡིན་ཟེར་ཡས་དེ་འདྲས་ཤིག་ཡོའོ་རེད་པཱ།
  • ནོར་བྲང་ཨོ་རྒྱན།
    ཕྱོགས་སུ་ཉེ་བ་ན། རྒོལ་བའི་ཀླན་ཀ་གང་གིས་ཀྱང་གཞོམ་གཞིག་ནུས་པའི་གོ་སྐབས་ཕྲ་མོ་ཙམ་ཡང་རིང་དུ་སྤངས་པའི་བསོད་ནམས་ཀྱི་དཔུང་པ་ཅན། ད་དེའི་ཐོག་ནས་དེ་ནི་རྒོལ་བ། དཔལ་གྱི་རྒོལ་བ་ཐམས་ཅད་ཀྱི་རང་ནས་ལྟས་ན་གང་གིས། རྒོལ་ཀླན་གྱི་གང་གིས་ཀྱང་གཞོམ་བྱེད་ནུས་པ་དེ་ནི་རྒོལ་བ་ཕྲ་མོ་ཙམ་ཡང་མི་ནུས་རིང་དུ་སྤངས་པའི་བསོད་ནམས་ཀྱི་དཔུང་པ་ཅན།
  • ནོར་བྲང་ཨོ་རྒྱན།
    སའི་ཚངས་པ་ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་གཞན་དྲིང་མི་འཇོག་པའི་དཔའ་མཛངས་རྟུལ་ཕོད་པའི་རྣམ་དཔྱོད་ཀྱིས་བོད་ཁམས་བོད་ཡངས་པའི་ས་ཀུན་ལ་དབང་བསྒྱུར་བ་ནས་བཟུང་། ཟེར། དེ་ནི་དཔལ་ལྡན་ས་སྐྱ་བའི་མཇུག་ལ། དེ་ནི་ཏའི་སི་ཏུ་ཕག་མོ་གྲུ་པའི་ཏའི་སི་ཏུ། སའི་ཚངས་པ་ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱི་དེ་ནི་གཞན་དྲིང་མི་འཇོག་པའི་དཔའ་མཛངས་རྟུལ་ཕོད་ཀྱི་རྣམ་དཔྱོད་ཀྱིས་བོད་ཡངས་པའི་ས་ཀུན་ལ་དབང་བསྒྱུར་བ་དེ་ནས་བཟུང་། ཟེར། 
  • ནོར་བྲང་ཨོ་རྒྱན།
    དུས་ཡུན་རིང་པོའི་བར་དུ་དཔལ་ཕག་མོ་གྲུ་པའི་སྡེ་སྲིད་ཀྱི་བཀའ་ཁྲིམས་ཀྱི་གདུགས་དཀར་པོ་གཅིག་གི་འོག་ཏུ་ཁྱབ་ཚུལ་སྔོན་དུ་བརྗོད་མ་ཐག་པ་དེ་ལྟ་ནའང་། དེའི་རྗེས་ལ་ཆ་བཞག་པ་ཡིན་ན་དེ་ནི་དཔལ་ཕག་མོ་གྲུ་པའི་ཆབ་སྲིད་རྒྱུན་རིང་པོ་དཔོན་གནས་ལ་འཁྱོལ་པ། བོད་ཡོངས་ལ་སྡེ་པ་དེ་འདྲས་ཀྱི་གནས་བཟུང་དུས། ཆབ་སྲིད་ཀྱི་གདུགས་དཀར་པོས་གཅིག་གི་འོག་ཏུ་ཁྱབ་ཚུལ་དུ་སྔོན་དུ། གོང་དུ་ཞུས་མ་ཐག་པ་དེ་འདྲས་ཤིག་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    ཡིན་ནའང་། ཞབས་དྲུང་གོང་མ་ཆེན་པོ་ངག་དབང་བཀྲ་ཤིས་གྲགས་པ་ཞིང་ཁམས་གཞན་དུ་འཕོ་བའི་ཚུལ་བསྟན་པ་སྟེ། སྐུ་གཤེགས་པའི་མཇུག་ཏུ།ཟེར། ད་དེའི་མཇུག་ལ་དེ་ནི་ཞབས་དྲུང་། ཕག་གྲུའི་གདུང་རྒྱུད་གོང་མ་ཆེན་པོ་ངག་དབང་བཀྲ་ཤིས་གྲགས་པ་ཟེར་མཁན་དེ་རྦད་སྐུ་གཤེགས་པའི་རྗེས་ལ་ཡིན་ན། སྐུ་གཤེགས་པའི་མཇུག་ཏུ། ཟེར། ཕག་གྲུའི་མཚན་དོན་མི་རྒྱུག་པ་སྟེ། དེ་ནི་ཕག་གྲུ་རང་གི་ཕག་གྲུ་སྲིད་ཀྱི་དཔེར་ན་མཚན་དོན་མི་རྒྱུག་པ་ཇུས་འགྲོ་ཆེར་མ་བྱུང་བ་དང་། བོད་དུ་ཡང་གློ་བུར་གྱི་རྒྱལ་པོ་ཞིག་འབྱུང་བའི་ལུང་བསྟན་སོགས་དུས་འགྲིག་པས། ཟེར།
  • ནོར་བྲང་ཨོ་རྒྱན།
    དེ་ནི་ཕྱོགས་ཙམ་ནས་ཕག་མོ་གྲུ་པའི་དཔེར་ན་ལུང་བསྟན། འབྱུང་བ་རྣམས་དང་མི་འབྲལ་བ་དང་དེ་བཞིན་ནས་བོད་ནས་གློ་བུར་རྒྱལ་པོ་ཞིག་བྱུང་བའི་ལུང་བསྟན་སོགས་དེ་ནི་དུས་འགྲིག་པས།ཟེར། འཕྲེང་མགོ་གཏེར་སྟོན་ཤེས་རབ་འོད་ཟེར་གྱི་ཐུགས་རྗེ་ཆེན་པོ་པདྨའི་དབང་ཕྱུག་གི་ལུང་བསྟན་ཐུགས་རྗེ་ཆེན་པོ། གཏེར་སྟོན་ཤེས་རབ་འོད་ཟེར་གྱི་ཐུགས་རྗེ་ཆེན་པོ་པདྨའི་དབང་ཕྱུག་གི་ལུང་བསྟན་དུ།
  • ནོར་བྲང་ཨོ་རྒྱན།
    སྒྲ་སྙན་འདྲ་བའི་གནས་སྒོ་རུ༎ འཇིག་རྟེན་དབང་ཕྱུག་སྤྲུལ་པ་ཉིད༎ ཨར་ཐའི་མིང་འཛིན་བྱུང་གྱུར་ན༎ ལྷོ་བྱང་གློ་བུར་རྒྱལ་པོ་བྱེད༎ སྒྲུབ་པ་སྙིང་པོའི་བསྟན་པ་འཛུགས༎ མི་ལོ་ལྔ་བཅུར་བདེ་ལ་འགོད༎ སྐྱེ་བའི་རྟེན་འབྲེལ་མ་འགྲིག་ན༎ ཡུལ་དེ་རང་འཕོ་གུད་པ་དང་༎ མཐའ་མ་རླུང་གིས་འཁྱེར་དུ་ཉེ༎ ཞེས་པ་སྡེ་པ་འཕྲེང་མགོ་བའི་མི་ངོ་ཞིག་གིས་གློ་བུར་གྱི་རྒྱལ་པོ་བྱེད་པའི་ལུང་བསྟན་དང་། ད་སྔ་མ་ནས་གཅིག་གི་སྡེ་པ་འཕྲེང་མགོ་ཟེར་མཁན་དེ་འདྲས་མང་པོ་གཅིག་གི། དེ་ནི་བོད་ཡོངས་བོད་ལ་དབང་བསྒྱུར་ཡས་ཀྱི་ལུང་བསྟན་དེ་འདྲས་ཡོད་པ་རེད་ཟེར། ད་ག་ནང་ལྟར་གནང་རྩེ་ནས་ཀྱི་གསང་བའི་ལུང་བསྟན་དུ། གཙང་ཕྱོགས་རྒྱལ་པོ་པདྨའི་མིང་ཅན་འབྱུང་༎ སྐུ་ཚེ་མཐར་ཕྱིན་བདུད་དབང་མི་གྱུར་ན༎ ཞེས་ཟེར་ཡས་དེ་ཡིན་ན།
  • ནོར་བྲང་ཨོ་རྒྱན།
    ད་དེ་ལ་རྦད་ལྷད་བཅུག་པ་མིན་ན་་་་་ཡི་ཡང་དག་པ་དེ་ག་འདྲས་ཡིན་འགྲོ་༼ཡིན་ནམ་༽། ད་དེ་འདྲས་ཀྱི་དཔེར་ན་མིས་ལྷད་བཅུག་པ་མིན་ན་རིན་སྤུངས་པའི་དེ་ནི། རིན་སྤུངས་པའི་སྲས་ཟེར་མཁན་དེ། རིན་སྤུངས་ངག་དབང་འཇིགས་གྲགས་ཀྱི་སྲས་པདྨ་དཀར་པོ་དེ་བོད་སྤྱིའི། པདྨ་དཀར་པོས་བོད་སྤྱིའི་རྒྱལ་པོ་བྱེད་ཡས་ཀྱི་་་་བཤད་པ་ལ་སོགས་ནས་རྟེན་འབྲེལ་འཕྱུགས་པ་ཐོན་དུས་དུས་ཐོག་ཏུ་མ་ཕེབས་པ་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    ག་རེ་ཟེར་ན། ད་དེ་འདྲས་ཀྱི་ད་དཔེར་ན་འཕྲེང་མགོ། འཕྲེང་མགོ་བའི་མི་ངོ་གཅིག་དང་། ད་ག་ནང་ལྟར་དཔེར་ན་རིན་སྤུངས་པའི་སྲས་པདྨ་དཀར་པོས་བོད་སྤྱིའི་རྒྱལ་པོ་བྱེད་ཡས་ཀྱི་ཐོག་ལ། གཅིག་གི་ལུང་བསྟན་དེ་གས་དེ་དཔེར་ན་ད། སོ་སོའི་རྦད་དེ་རྟེན་འབྲེལ་འཕྱུགས་པའི་དུས་ཐོག་མ་ཕེབས་པ་དེ་འདྲས་རེད། ཟེར། པདྨའི་རྒྱལ་ཚབ་མངའ་རིས་པཎ་ཆེན་དང་། རིག་འཛིན་ལེགས་ལྡན་པའི་བླ་མ་བཀའ་བརྒྱུད་ཡོངས་འདུས་བླ་མ་བཀའ་བརྒྱུད་ཡོངས་འདུས་ཀྱི་ལུང་བསྟན་དུ།
  • ནོར་བྲང་ཨོ་རྒྱན།
    འཛམ་གླིང་ཤར་ལྷའི་ཕྱོགས་མཚམས་སུ༎ བདུད་མོ་རྣོ་མྱུར་ནག་མོ་ལ༎ བུ་དགུ་སྐྱེས་ནས་འཛམ་གླིང་འཇོམས༎ ཁྱད་པར་བོད་ཡུལ་གངས་ཅན་འདིར༎ མ་འོངས་བཞི་བཅུར་ཉེ་དུས་སུ༎ བདུད་སྤྲུལ་དགུ་དང་དེ་བློན་དགུ༎ བཙན་མོ་པྱི་ནང་ལས་བྱེད་ཀྱི་དགུ༎ བད་འཕྲིན་དབུ་གཙོ་དམག་དཔོན་དགུ༎ དགུ་དགུ་བརྒྱད་ཅུ་རྩ་གཅིག་གིས༎ འགྲོ་ཀུན་ཁ་ལོ་ཐུར་དུ་འཁྲིད༎ ཅེས་པའི་དུས་རྟགས་ཐོག་ཏུ་འཁེལ་ནས་ཟེར།
  • ནོར་བྲང་ཨོ་རྒྱན།
    ད་དེ་འདྲས་ཀྱི་ཐོག་ཏུ་གཅིག་གི་ད་དེ་གས་དེ་བོད་ཀྱི་ཁོངས། བོད་ཁམས་འོག་ལ། གཅིག་གི་ད་འཕྲེང་མགོ་གཏེར་སྟོན་དང་ད་ག་ནང་ལྟར་རིན་སྤུངས་འོད་ཟེར་པདྨ་དཀར་པས་བོད་ལ་དབང་བསྒྱུར་བྱེད་ཡས་དེ་ནི་རྟེན་འབྲེལ་མ་རིག་བ་དེ་འདྲས་རེད་དའི། དེའི་མཇུག་ལ་ཆ་བཞག་ན་བཀའ་བརྒྱུད་ཡོངས་འདུས་ཀྱི་ལུང་བསྟན་དེ་རྣམ་ཐར་གྱི་ཐོག་ནས་བྱེད་དུས་ཙམ་པ། དེ་ནི་རིན་སྤུངས་བའི་བློན་པོ་ཞིང་གིས་ཟེར་ཡས་དེ་ཞིང་ཤག་པ་ཚེ་བརྟན་རྡོ་རྗེ་ཟེར་ཡས་དེ་རེད།
  • ནོར་བྲང་ཨོ་རྒྱན།
    ད་རིན་སྤུངས་ལ་ཞིང་ཤག་ཚེ་བརྟན་རྡོ་རྗེ་ཟེར་ཡན་དེ་ཐོག་མ་ནས། རིན་སྤུངས་ཀྱི་དེ་ནི་ད། ཁོ་རང་ཚོ་ཉེ་དུས་ཡིན་ན་དེ་འདྲས་ཤིག་རེད། དེའི་མཇུག་གུའུ་ལ་ཆ་ན། དེ་ནི་དེས་དཔེར་ན་རིན་སྤུངས་ངོག་ལ་ངོ་ལོག་བརྒྱབ་བྱས་ནས་འབངས་འགྱེན་ལྡོག་བྱས་བྱས་ནས། བསམ་འགྲུབ་རྩེའི་རྫོང་དཔོན་གྱི་ལས་ཁུར། ལས་ཀ་བྱས་པ་འདྲ་པོ་གཞིས་ཀ་རྩེ་རྫོང་དཔོན་བསམ་གྲུབ། གཞིས་ཀ་རྩེ་བསམ་འགྲུབ་རྩེ་རྫོང་དཔོན་གྱི་ལས་ཁུར་ཐོག། བྱས་ནས་སྐབས་དེ་དུས་ད་བར་སྐབས་དེ་ལ་ཆ་བཞག་ན་ཕག་མོ་གྲུ་པ་ནས་རྒྱུན་རིང་པོ་ཞིག་ད། དངོས་སུ་ཕྱི་ལ་ཕག་མོ་གྲུ་པས་དབང་བསྒྱུར་བྱེད་ཡས་ཙམ་ཞིག་མ་གཏོགས། ནང་དོན་དེ་རིན་སྤུངས་ཀྱི་དབང་བསྒྱུར་བྱེད་ཡས་དེ་འདྲས་རེད་དའི།
  • ནོར་བྲང་ཨོ་རྒྱན།
    དེའི་ལུང་པ་དེ་ནི་ལུང་པ་གཞིས་ཀ་རྩེ་དང་བསམ་འགྲུབ་རྩེའི་རྫོང་དཔོན་གྱི་ལས་འཁུར་བྱས་པའི་གཞུག་གུ་ལ། སྣར་ཐང་པ་དང་། ནོར་འཁྱུང་པ། བརྒྱ་ཚོ་བ་སོགས་ཆུ་ལྷོ་བྱང་གི་དཔོན་རིགས་མང་པོ་དང་འབྲེལ་བཏགས་བྱས་པས་དེ་འདྲས་ཀྱི་རྦད། ངོ་ལོག་བྱེད་ཡས་ཁ་ཐུག་ལ་མཚོན་ན་སྣང་ཐང་པ་དང་ནོར་འཁྱུང་པ། བརྒྱ་ཚོ་བ་ཟེར་ཡས་ཆུ་ལྷོ་བྱང་གི་དེ་ནི་དཔོན་རིགས་མང་པོ་དང་འབྲེལ་བ་བྱས་ནས། སྡེ་པ་རིན་སྤུངས་པར་འབངས་འགྱེན་ལོག་གིས།
  • ནོར་བྲང་ཨོ་རྒྱན།
    རིན་སྤུངས་ངག་དབང་འཇིགས་གྲགས་ཀྱི་སྲས་པདྨ་དཀར་པོ་བཀྲོངས་པ་སོགས་ཟེར། ད་རིན་སྤུངས་ཀྱི་ནང་ནས། རིན་སྤུངས་བ་ནང་ནས་ཆ་བཞག་ན་དེ་ནི་ད། མཐའ་མ་མཐའ་མ་དེའི་ངག་དབང་འཇིགས་གྲགས་ཟེར་ཡན་དེ་དཔེར་ན་རིན་སྤུངས་མཁས་པའི་ཆེན་པོ་བྱས། མཁས་པ་ཆེན་པོ་བྱས་ད་ག་ནང་ལྟར་དཔེར་ན་དེས་ས་སྐྱ་པཎྜི་ཏའི་གཅིག་གི་རྣམ་ཐར་དེ་ནི་སྙན་ངག་ལས་དྲངས་ནས་བརྩམས་པ་ལ་སོགས་པ། ད་རྦད་རྒྱལ་པོ་པན་ཊི་ཏ་ཟེར་ཡས་ཀྱི་དེ་འདྲས་ཀྱི་ཤིན་ཏུ་མཁས་པ་དེ་འདྲས་ཤིག་རེད།
  • ནོར་བྲང་ཨོ་རྒྱན།
    རེད་དེའི་ཡིན་ནའི། ད་གང་ཟེར་དགོ་རད། ཁོང་གི་ཐོག་ལ་ཆབ་སྲིད་ཀྱི་ཐོག་ལ་ཞེ་དྲག་གི་དོ་སྣང་མ་བྱུང་བ། གཙོ་བོ་དཔེར་ན་རིག་པའི་གཞུང་ལུགས་ཀྱི་ཐོག་ནས། རིག་པའི་གནས་ལ་ཞེ་དྲག་གི་མཐོང་ཆེན་གནང་གྲུབ་དུས་ཙམ་པ་དེ་ནི་ཆབ་སྲིད་ཀྱི་གནས་ཚུལ་དེ་ཕར་ལ་བཞག་པ་གནང་ཙང་ལྷོད་གཡེང་ལ་ཤོར་གནང་བའི་ཐོག་ནས་སྐབས་དེ་དུས་དེ་རེད་པཱ། ལྷག་པར་དུ་རིན་སྤུངས་འཇིག་གྲགས་ཀྱི་སྲས་པདྨ་དཀར་པོ་ཟེར་མཁན་དེ་ཞིང་ཤག་ཚེ་བརྟན་རྡོ་རྗེས་བཀྲོངས་བ་ལ་སོགས་པ་དེ་ནི་སྡེ་གཟར་ཡིན་ན་ད། རིན་སྤུངས་ལ་གཅིག་གི་ད་ནང་འཁྲུགས་དེ་འདྲས་ཀྱི་ལན་སྔ་ཕྱི་ཁ་ཡར་དུ་བྱུང་བའི་ནང་། སྔ་ཕྱི་ཡིན་ན་རིམ་པར་བྱུང་བའི་ནང་ནས་དེ་ནི་རིན་སྤུངས་ལ་ཕམ་ཁ་ཆེན་པོ་ཁེལ་བ་རེད།ཟེར།
  • ནོར་བྲང་ཨོ་རྒྱན།
    རིན་སྤུངས་ལ་ཕམ་ཁ་ཆེན་པོ་བྱུང་། ད་སྡེ་གཟར་དེ་ཁྱོད་ཤི་ང་གསོན་གྱི་ཚད་ལ་སླེབས་པ་ཇེ་རྒྱས་ཇེ་འཕེལ་ལ་སོང་སྟེ།ཟེར། དེ་ནི་མཐའ་མ་དེའི་གང་འདྲས་བྱས་པ་རད།ཟེར་ན། རིན་སྤུངས་སྡེ་གཟར་གྱི་དེ་ཁྱོད་ཤི་ང་གསོན་གྱི་ཚད་ལ་སླེབས་པ་ཇེ་རྒྱས་ཇེ་འཕེལ་ལ་སོང་སྟེ། མཐར་དེ་ནི་གཙང་སྟོད་རྒྱལ་པོ་ཕུན་ཚོགས་རྣམ་རྒྱལ་ཞེས་བྱ་བའི་ལུང་གིས་དབུས་གཙང་མཐའ་དག་རིམ་གྱི་ཆབ་འོག་ཏུ་བཅུག།ཟེར་ན། དེ་ནི་མཐའ་མ་དེའི་གཙང་སྟོད་རྒྱལ་པོ་ཕུན་ཚོགས་རྣམ་རྒྱལ། ད་ལྟ་ད་ཞིང་ལ་འགྱུར་བ་དེ་འདྲས་རེད།རེད་པཱ།
  • ནོར་བྲང་ཨོ་རྒྱན།
    གཙང་སྟོད་རྒྱལ་པོ་ཕུན་ཚོགས་རྣམ་རྒྱལ་ཟེར་མཁན་དེའི་ཐོག་ནས་ལུང་གི་དབུས་གཙང་མཐའ་དག་རིམ་གྱི་མངའ་འོག་ཏུ་བཅུག་པ་དེ་འདྲས་རེད།ཟེར། མངའ་འོག་ཏུ་བཅུག་ཡས་གང་འདྲས་རད།ཟེར་ན། རབ་བྱུང་བཅུ་བའི་ས་རྟ་གཅིག་སྟོང་དྲུག་བརྒྱ་བཅོ་བརྒྱད་ལོ་ལ་བྱ་བ་དེ་བྱུང་བ་དེ་འདྲས་རེད།ཟེར། མངའ་ཐང་གི་དཔལ་ཕུན་སུམ་ཚོགས་པ་མཐའ་དག་ཇི་ལྟར་ཉི་མའི་དཀྱིལ་འཁོར་སེང་གེ་མོའི་མགྲིན་པར་ཆུད་པ་སྟེ་ཉི་མ་གཟས་བཟུང་པ་ལྟར་། ཇི་ལྟར་ཉི་མོའི་དཀྱིལ་འཁོར་ཆེན་པོ་དེ་རྦད་སྒྲ་ཅན་གྱི་དེ་ནི་མགྲིན་པར་ཆུད་པ་ནང་ལྟར་གྱི་ཐོག་ནས་འབྲེལ་བ་ཉི་མ་གཟའ་འཛིན་བྱུང་བ་ནང་ལྟར་གྱི་གནས་ཚུལ་དེ་འདྲས་བྱུང་བ་རེད།ཟེར།
  • ནོར་བྲང་ཨོ་རྒྱན།
    གཙང་སྟོད་རྒྱལ་པོའི་མངའ་འབངས་མཐའ་དག་ཅིག་ཅར་དུ་རང་གིར་བྱེད་པའི་བྱེད་པོ་ནི། རྩོད་དུས་ཀྱི་འཁོར་ལོས་སྒྱུར་བའི་བསྟན་འཛིན་ཆོས་ཀྱི་རྒྱལ་པོ་སྟེ། བསྟན་འཛིན་ཆོས་ཀྱི་རྒྱལ་པོ་འདི་ཉིད་ནི། གཏེར་སྟོན་དྲི་མེད་ལྷུན་པོའི་ལུང་བསྟན།ཟེར། བར་སྐབས་ཤིག་ལ་ད། གཙང་སྟོད་རྒྱལ་པོ་དེ་འདྲས་ཀྱི་བོད་ལ་མངའ་འོག་སྒྱུར་བ་དེ་འདྲས་རེད་དའི། ཡིན་ནའི་མཐའ་མ་དེ་སྔོན་མ་དེ་གས་དེ་ཚུར་རྦད། རྩ་མེད་བཟོ་མཁན་དེ་སུ་རད་ཟེར་ན། དེ་ནི་རྩོད་དུས་ཀྱི་འཁོར་ལོས་སྒྱུར་་བའི་བསྟན་འཛིན་ཆོས་ཀྱི་རྒྱལ་པོ།
  • ནོར་བྲང་ཨོ་རྒྱན།
    རྩོད་དུས་ཀྱི་འཁོར་ལོས་བསྒྱུར་བ་དེ་བསྟན་འཛིན་ཆོས་ཀྱི་རྒྱལ་པོ་ཟེར། འཁོར་ལོས་སྒྱུར་བ་ཟེར་ཡས་དེ་ནི། ད་འཇིག་རྟེན་ཐོག་ལ་དང་པོ་གསེར་གྱི་འཁོར་ལོས་སྒྱུར་བ། དངུལ་གྱི་འཁོར་ལོས་བསྐོར་བ། ཟངས་ཀྱི་འཁོར་ལོས་སྒྱུར་བ། ལྕགས་ཀྱི་འཁོར་ལོས་བསྐོར་བ།ཟེར་ཡས་ཀྱི་དེ་འདྲས་ཀྱི་དཔེར་ན་འཁོར་ལོས་སྒྱུར་བ་མང་པོ་ཞིག་ཡོའོ་རེད་པཱ།
  • ནོར་བྲང་ཨོ་རྒྱན།
    ད་བསྟན་འཛིན་ཆོས་ཀྱི་རྒྱལ་པོ་དེ་རྩོད་དུས་གཏེར་དུས་ཀྱི་དེ་ནི། སྙིགས་དུས་ཀྱི་དེ་རེད།ཟེར། རྩོད་པོའི་དུས་ཀྱི་དེ་ནི་འཁོར་ལོས་བསྒྱུར་བའི་བསྟན་འཛིན་ཆོས་ཀྱི་རྒྱལ་པོ་ནི།ཟེར། གཏེར་སྟོན་དྲི་མེད་ལྷུན་པོའི་ལུང་བསྟན་ལས། སྤྱིར་ཡང་མཐའ་དམག་ལན་བདུན་མཐའ་མ་ལ༎ བཛྲ་པཱ་ཎིའི་སྤྲུལ་པོའི་རྒྱལ་པོ་ཞིག། བོད་ཁམས་དར་ཅིག་བདེ་ལ་སྦྱོར་བ་འབྱུང་༎ ཟེར།
  • ནོར་བྲང་ཨོ་རྒྱན།
    ཞེས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་མིའི་སྲིད་པའི་ཟློས་གར་ཅན་ཡིན་པར་ལུང་གིས་ཟིན་པས།ཟེར། ད་བཛྲ་པཱ་ཎི་ཟེར་ཡས་འདི་ཕྱག་ན་རྡོ་རྗེའི་མཚན་རེད་པཱ། ཞེས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་མིའི་སྲིད་པའི་ཟློས་གར་ཅན་ཡིན་པར་ལུང་གིས་ཟིན་པས།ཟེར། ལུང་གི་ཟིན་པས་དེ་ནི་བྱང་སེམས་འཕགས་པ་སྙིང་རྗེ་དང་། སྨོན་ལམ་གྱི་དབང་གིས་འགྲོ་བའི་དོན་དུ་བསམ་བཞིན་ཆོས་ལྡན་རྒྱལ་པོར་བཟུང་ནས་ཕན་བདེའི་འོད་བརྒྱ་ཕྱོགས་བཅུར་འགྱེད་པ་སྟེ།ཟེར། ཁོང་ཡིན་ན་དོན་དམ་དུ་ཕྱག་ན་རྡོ་རྗེ་ཟེར་མཁན་དེ་བྱང་སེམས་འཕགས་པ་ཅན་དེ་འདྲས་རེད།
  • ནོར་བྲང་ཨོ་རྒྱན།
    བྱང་སེམས་འཕགས་པ་དེ་འདྲས་རེད། སྙིང་རྗེ་དང་དེ་ནི་སྨོན་ལམ་གྱི་དབང་གིས་འགྲོ་བོའི་དོན་དུ་བསམ་བཞིན་དུ་ཆོས་ལྡན་རྒྱལ་པོར་སྐྱེ་བ་ནས་བཟུང་།ཟེར། དཔེར་ན་ད། གཅིག་གི་སངས་རྒྱས་ནང་གི་རིགས་གསུམ་མགོན་པོ་ཟེར་ཡས་དེ། སངས་རྒྱས་ཐམས་ཅད་ཀྱི་ཐུགས་བརྩེ་དང་ད་ག་ནང་ལྟར་གྱི་དཔེར་ན། དབང་ཕྱུག་དང་མཁྱེན་པ་དང་།  ད་ག་ནང་ལྟར་དེ་ནི་མཐུ་སྟོབས་དབང་གིས་དེ་ནི་སངས་རྒྱས་ཐོབ་པ་ཟེར་ཡས་དེ་འདྲས། དོན་དུ་དེ་ནི་འཕགས་པ་བྱང་སེམས་འཕགས་པ་སྙིང་རྗེའི་རང་བཞིན་དེ་འདྲས་རེད།
  • ནོར་བྲང་ཨོ་རྒྱན།
    རེད་དའི་ཡིན་ནའི་སྨོན་ལམ་མང་པོ་དེ་ནི་འགྲོ་བའི་དོན་དུ་དེ་ནི་བསམ་བཞིན་དུ་དེ་ནི་ཆོས་ལྡན་རྒྱལ་པོར་སྐྱེ་བར་བཟུང་ནས། ཕན་བདེའི་འོད་དེ་ཕྱོགས་བཅུར་འགྱེད་པ་སྟེ། ཁོང་གིས་དེ་ནི་དཔེར་ན་ཆོས་ལྡན་རྒྱལ་པོར་སྐྱེ་བ་བཞེས་བྱས་དེ་ནི། ཁོང་གིས་མཛད་འཕྲིན་དེའི་སྟེང་ནས་འོད་བརྒྱ་དེ་ནི་ཉི་མའི་འོད་བརྒྱ་དེ། དེ་ནི་ཕྱོགས་བཅུར་འགྱེད་པ་སྟེ། ཟེར།
  • ནོར་བྲང་ཨོ་རྒྱན།
    གང་ཞིག་ཐ་མལ་གྱི་སྐྱེ་བོ་རང་ཉམས་ཀྱིས་སྤྱོད་པའི་སྣང་ཚུལ་གྱི་མུན་པ་མཐའ་དག་རྒྱང་དུ་བསྲིངས་པས། ཟེར་ན། ད་དེ་འདྲས་ཀྱི་རྦད་དེ་གང་ཞིག་ཐ་མལ་གྱི་སྐྱེ་བོ་རང་ཉམས་སྤྱོད་པའི་སྣང་ཚུལ་གྱི་མུན་པ། མཐའ་དག་དེ་ནི་རྒྱང་དུ་བསྲིངས་པ་ལ། གོར་མ་ཆགས་ལ་ཆོས་ཀྱི་རྒྱལ་པོ་དེ་ཡང་བྱང་ཕྱོགས་ཧོར་སོག་གི་རྒྱལ་པོ་ཁམས་ན། སྡེ་ཆེན་པོ་གྲངས་མེད་པ་ཡོད་པའི་ཡ་གྱལ། དེ་ཡང་དེ་ནི་བསྟན་འཛིན་ཆོས་ཀྱི་རྒྱལ་པོ་དེ་བྱང་ཕྱོགས་ཧོར་སོག་གི་རྒྱལ་ཁམས་ན་སྡེ་ཆེན་པོ་གྲངས་མེད་པ་ཡོད་པའི་ནང་ནས།
  • ནོར་བྲང་ཨོ་རྒྱན།
    དེ་ནི་ཨོ་རོད་ཚོ་བ་བཞིར་གྲགས་པའི་ནང་ཚན། ཧོར་ཤོད་ཀྱི་དཔོན་པོ་ཧ་ནའི་ལ་ཇོ་མོ་ཨ་ཧའི་ཧ་ཐུན་བླངས་པར་སྲས་ལྔ་བྱུང་བའི་གསུམ་པ་ཆོས་ཀྱི་རྒྱལ་པོ་འདི་ཉིད་ཟེར། ཨོའོ་དེ་ནི་བསྟན་འཛིན་ཆོས་ཀྱི་རྒྱལ་པོ་དེ་ཉིད་ཟེར།
  • ནོར་བྲང་ཨོ་རྒྱན།
    ཁོང་ཡིན་ན་ག་དུས་འཁྲུངས་པ་རེད་ཟེར་ན། སྤྱི་ལོ་༡༥༨༢ལོ་ལ་འཁྲུངས་པ་རེད་ཟེར། མཚན་ལ་དེ་ནི་ཐོག་མར་ཡིན་ན་ཐོ་རོལ་པའི་ཧུར་བཏགས་སོ། ཟེར།
  • ནོར་བྲང་ཨོ་རྒྱན།
    དགུང་ལོ་བཅུ་གསུམ་ལོན་པའི་ཚེ་ཟེར། མགོ་དཀར་གྱི་དམག་ཁྲི་ཕྲག་ཙམ་གྱི་སྟེང་དུ། དམག་རྣམས་ཀྱི་སྣ་དྲངས་ཏེ་མཆོངས་པས་ཕ་རོལ་གྱི་དཔུང་ཚོགས་མཐར་དག་འཇིག་རྟེན་གྱི། ཕྱི་མའི་ལྟད་མོ་དུས་གཅིག་ཏུ་མྱོང་བར་བྱས་པའི་གྲགས་པས། ཟེར།
  • ནོར་བྲང་ཨོ་རྒྱན།
    སྲིན་པོའི་རྒྱལ་པོ་ལང་ཀ་མགྲིན་བཅུ་མིའི་ཡུལ་དུ་རྒྱུ་བའི་འགྲན་ཟླ་གཉིས་པ་བྱས་སོ། ཟེར། ཁོང་དགུང་ལོ་བཅུ་གསུམ་པའི་ཐོག་ལ་ཡིན་ན་དེ་ནི་མགོ་དཀར་གྱི་དམག དེ་ནི་མགོ་དཀར་གྱི་དམག་ཁྲི་ཕྲག་ཙམ་གྱི་སྟེང་དུ། དེ་ནི་ཁོང་རང་གིས་དེ་ནི་དམག་སྣ་ཁྲིད་ནས་ཕེབས་དུས་ཙམ་པ་དེ་ནི། ཕ་རོལ་དཔུང་ཚོགས་མཐའ་དག་དེ་ནི་འཇིག་རྟེན་གྱི་ཕྱི་མའི་ལྟད་མོར། འཇིག་རྟེན་ཕྱི་མ་ཟེར་ཡས་དེ་ནི། ད་སྐྱེ་བ་འདི་མི་ཤི་རའི་མཇུག་གུ་ལ་དེ་ནི། ཤི་བ་དེ་དེ་ནི་འཇིག་རྟེན་ཕྱི་མའི་ལྟད་མོར་ཡོའོ་རེད་པཱ།
  • ནོར་བྲང་ཨོ་རྒྱན།
    འཇིག་རྟེན་འདས་པ་ནི་འདི་རེད་པཱ། འཇིག་རྟེན་ཕྱི་མོ་དེ་ནི་ཤི་བའི་རྗེས་ལ་དེ་ནི་ལྟད་མོ་ཟེར་གྱི་ཡོའོ་རེད་པཱ། བྱས་པའི་གྲགས་པས་སྲིན་པོའི་རྒྱལ་པོ་ལང་ཀ་མགྲིན་བཅུ་མིའི་ཡུལ་དུ་རྒྱུ་བའི་འགྲན་ཟླ་གཉིས་པ་བྱས་སོ། སྲིན་པོའི་རྒྱལ་པོ་ལང་ཀ་མགྲིན་བཅུ་ཟེར་ཡས་དེ་ནི། རྦད་དེ་དམག་དང་དེ་འདྲས་ཐོག་ལ་ཡིན་ན་རྦད་དེ་ཞེད་སྣང་ཚ་པོ་བྱས་ཡོའོ་རེད་པཱ། དེའི་དེ་ནི་དེ་འདྲས་བྱས་སོང་ཟེར།
  • ནོར་བྲང་ཨོ་རྒྱན།
    དེ་སྐབས་ཡུལ་ཕྱོགས་དེ་དག་ལ་དམ་པའི་ཆོས་ཀྱི་སྒྲ་མ་གྲགས་པ་མཐའ་འཁོབ་ལས་ཀྱང་། ཆེས་མཐའ་འཁོབ་ཏུ་གྱུར་པ་ཀླ་ཀློའི་རྒྱལ་ཁམས་ལྟ་བུར་གནས་པ་ལས། ད་དེ་ནི་སྐབས་དེ་དུས་དེ་ནི་མགོ་དཀར་གྱི་ལུང་པ་དེ་ལ་ཆ་བཞག་པ་ཡིན་ན།
  • ནོར་བྲང་ཨོ་རྒྱན།
    དེ་ནི་དམ་པའི་ཆོས་ཀྱི་སྒྲ་མ་གྲགས་པ་མཐའ་འཁོབ་ལས་ཀྱང་ཆེས་མཐའ་འཁོབ་ཏུ་གྱུར་པ་དེ་ནི། ཆོས་ཀྱི་སྒྲ་མ་གྲགས་པ་ནི་མཐའ་འཁོབ་ཡུལ་ཡིན་ཟེར་གྱི་ཡོའོ་རེད་པཱ། ཀླ་ཀློའི་རྒྱལ་ཁམས་ལྟ་བུར་གནས་པ་ལས། སོག་པའི་ཡུལ་གྲུ་གཞན་དག་ཏུ། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ་དང་། གསེར་གྱི་རྒྱལ་པོ་ཨལ་ཏན་མཆོད་ཡོན་ཟུང་གཅིག་ལ་བརྟེན་ནས། དམ་པའི་ཆོས་དར་རོ་ཞེས་པའི་ཆོས་ཀྱི་མིང་ཙམ་ཐོས་འཛིན་གྱི་རྒྱན་ཏུ་འགྱུར་པས་ཡིད་དགའ་སྤྲོ་དང་བཅས་ཏེ། ཟེར་ན།
  • ནོར་བྲང་ཨོ་རྒྱན།
    ད་དེ་ནི་སྐབས་དེ་དུས་ད་སོག་པའི་ཡུལ་གྲུ་གཞན་དག་ཏུ་རེད་པཱ། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ་ཆིབས་གནང་བྱས་བསོད་ནམས་རྒྱ་མཚོ་ཞབས་སོར་འཁོད་བྱས་དེ་ནི་གསེར་གྱི་རྒྱལ་པོ། ཨལ་ཏན་མཆོད་ཡོན་ཟུང་གཅིག་གི་དེ་ནི་དེ་ལ་བརྟེན་ནས་དེ་ནི། དམ་པའི་དེ་ནི་ཡུལ་གྲུ་གཞན་དག་ལ་དམ་པའི་ཆོས་དར་རོ་ཟེར།
  • ནོར་བྲང་ཨོ་རྒྱན།
    དེ་འདྲས་ཀྱི་དེ་ནི་སོ་སོའི་ཐོས་འཛིན་གྱི་རྒྱན་དུ་གྱུར་པས་ཟེར། ཆོས་ཀྱི་མིང་ཙམ་དེ་ནི་སོ་སོའི་རྣ་བར་ཐོས་པ་ཡིན་དུས། དེ་ནི་ཡིད་ཀྱི་དགའ་སྤྲོ་དང་བཅས་ནས། དམ་པའི་ཆོས་དར་བའི་ཕྱོགས་དེར་ཕྱག་གྲངས་མེད་བཙལ་བས།  དཔྲལ་བ་སྐྲངས་པ་ཙམ་དུ་གྱུར་ཅིང་། དེ་འདྲས་ཀྱི་དཔེར་ན་དངོས་སུ་འགྲོ་ཡས་མེད་ནའི་དེ་ནི་ཆོས་དར་བའི་ཕྱོགས་དེར། དེ་ལ་ཡིན་ན་རྦད་དེ་ཞེ་དྲགས་དད་པ་ཆེན་པོ་ཡོད་པའི་རྐྱེན་གྱིས་ཡོད་པའི་ཕྱོགས་དེར། ཕྱག་ཡིན་གྲངས་མེད་པ་བཙལ་ནས་དེ་ནི། དེ་ནི་སོ་སོའི་དཔྲལ་ཁོག་ཡིན་ནའི་སྐྲངས་པ་ཙམ་དུ་གྱུར་ཅིང་། ཟེར།
  • ནོར་བྲང་ཨོ་རྒྱན།
    ཡུལ་དེ་དག་ཏུ་བསྟན་པའི་དབུ་བརྙེས་པ་ནི། ལྷ་ཐོ་ཐོ་རི་གཉན་ཤལ་ལ་གཉན་པོ་གསང་བ་བྱུང་བ་བཞིན་ནོ། ཟེར། དེ་ནི་ཡུལ་དེ་དག་ལ་སོག་པོ་བསྟན་པའི་ཡུལ་དེ་དག་ལ་དེ་ནི་ཆོས་དར་བ་ནི་སྔར་ཡིན་ན་དེ་ནི། ཆོས་རྒྱལ་གདུང་རྒྱུད་ལྷ་ཐོ་ཐོ་རི་གཉན་ཤལ་སྐབས་ཀྱི་དེ་ནི་གཉན་པོ་གསང་བ་དེ་ནི་ནམ་མཁའ་ནས་འབབ་པ་ནང་བཞིན་ཡིན་དུ་ཟེར། ཁོང་གིས་དེ་འདྲས་ཡིན་ན་བསྟོད་བསྔགས་བཏང་བ་དེ་འདྲས་གཅིག་རེད། ཟེར།
  • ནོར་བྲང་ཨོ་རྒྱན།
    མེ་རྟ་དགུང་ལོ་ཉེར་ལྔར་སྤྱི་ལོ་༡༦༠༦ལོར་སླེབས་པའི་ཚེ། ཡུམ་གྲོངས་པའི་རྐྱེན་གྱི་མཁོ་དགུའི་འབྱོར་པ་མཐའ་དག མཆོག་དམན་གྱི་སྐྱེ་བོ་མཐའ་དག་རྣམས་ལ་སྦྱིན་པ་དང་། དེ་ནི་དགུང་ལོ་ཉི་ཤུ་རྩ་ལྔ་ལ་དེ་ནི་ཁོང་རང་ཡུམ་གྲོངས་པའི་རྐྱེན་གྱིས་དེ་ནི། མཁོ་དགུའི་འབྱོར་པ་མཐའ་དག་དེ་ནི་མཆོག་དམན་སྐྱེ་བོ་མཐའ་དག་ལ་སྦྱིན་བྱས། སྦྱིན་པ་བཏང་། དེ་ཡང་དེ་ནི་ཚེ་འདིའི་སྙན་པ་གྲགས་པ་དང་། རྣམ་པར་སྨིན་པའི་ལན་ལ་རེ་བ་ཙམ་མ་ཡིན་པར། སློབ་དཔོན་ཟླ་གྲགས་ཀྱིས། སྦྱིན་པ་སྦྱིན་བྱ་ལེན་པོ་གཏོང་པོས་གཏོང་། ཞེས་གསུངས་པ།
  • ནོར་བྲང་ཨོ་རྒྱན།
    དེ་ཡང་དེ་ནི་སྦྱིན་པ་གཏོང་ཡས་དེ་ཚོ་ཡིན་ན་ཡང་། རྦད་དེ་ཚེ་འདིར་སྙན་གྲགས་དང་། རྣམ་པར་སྨིན་པའི་ད་གཅིག་གི་སོ་སོ་རང་གཅིག་གི་སྐྱེ་བ་ཕྱི་མའི་ཡོང་ཡས་དེ་ནི་ལན་རེ་བ་མ་ཡིན་པའི་ཐོགས་ནས། སློབ་དཔོན་ཟླ་གྲགས་ཀྱི་གསུངས་དེ་ནི། སྦྱིན་པ་སྦྱིན། ལེན་པ་ལེན་པ་གཏོང་ཟེར། དེ་ནང་ལྟར་གྱི་དེ་ནི་ཚུལ་བཞིན་དེ་ནི་སྦྱིན་པ་དེ་འདྲས་བཏང་བ་རེད། ཟེར།
  • ནོར་བྲང་ཨོ་རྒྱན།
    འཁོར་གསུམ་བདེན་སྟོང་གི་རྩིས་ཟིན་པའི་འཕགས་ཆེན་དམ་པའི་རྣམ་ཐར་རོ། འཁོར་གསུམ་བདེན་སྟོང་གི་དེ་ནི་རྩིས་ཟིན་པའི་དེ་ནི། འཕགས་ཆེན་དམ་པའི་དེ་ནི་དེ་འདྲས་ཀྱི་ཕྱག་ལས་གནང་ཡས་དེ་ཚོ་ནི། འཕགས་ཆེན་དམ་པའི་དེ་ནི་རྣམ་ཐར་དེ་འདྲས་རེད། ཟེར།
  • ནོར་བྲང་ཨོ་རྒྱན།
    དེ་བཞིན་དུ་བྱང་ཆུབ་སེམས་དཔའ་འཕགས་པའི་ས་ལ་གནས་པ་རྣམས་ནི། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་འཕགས་པའི་ས་ལ་གནས་ལ་རྣམས་ནི། གཞན་དོན་དུ་འགྱུར་ཚེ་དམྱལ་བའི་མེ་འོབས་ཀྱང་། མཐོ་རིས་ཀྱི་དགའ་བའི་ཚལ་བཞིན་དུ་འཇུག་པར་མཛད་པ་ནི་ཆོས་ཉིད་དེ། ད་དེ་བཞིན་གྱི་དཔེར་ན་བྱང་སེམས་དང་། བྱང་ཆུབ་སེམས་དཔའི་གནས་ལ་རང་གི་བདེ་བ་ཁོ་ན་ལ་མ་གཟིགས་པའི་དེ་ནི་རྦད་དེ་གཞན་དོན། གཞན་གྱི་དོན་དག་གི་ཆེད་དུ་དེ་ནི་དམྱལ་བའི་མེ་འོབས་ཟེར་ཡས། དམྱལ་བའི་སྡུག་བསྔལ་གང་འདྲས་གཅིག་ཡོད་ནའི། དེ་ནི་དེ་ཚོ་སོ་སོས་དཔེར་ན།
  • ནོར་བྲང་ཨོ་རྒྱན།
    མཐོ་རིས་ཀྱི་དགའ་བའི་ཚལ་བཞིན་དུ་འཇུག་པར། དགའ་ཇབའི་ཚལ་ནང་ལྟར་མཛད་པ་ནི་དེ་ཡིས་བྱང་ཆུབ་སེམས་དཔའི་ཆོས་ཉིད་དེ་འདྲས་རེད། ཟེར།
  • ནོར་བྲང་ཨོ་རྒྱན།
    དེ་སྐབས་ཁར་ཁ་དང་ཨོ་རོད་ཕན་ཚུན་དུ་གཡུལ་རླབས་པོ་ཆེ་བཤམས་པའི་འཁྲུགས་ལོང་གིས། སྲོག་གཅོད་པའི་སྡིག་པའི་ལས་རྔམ་པོ་ཆེས། སྐྱེས་བུ་རྣམས་ངན་སོང་མུ་མཐའ་མེད་པའི་ནགས་ཀླུང་སྟུག་པོ་བསྐྱུར་བའི་སྦྱོར་བ་ལ་བརྩོན་པ་དག་ལ་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོའི་གཞན་དབང་དུ་འགྱུར་ཏེ། ཟེར།
  • ནོར་བྲང་ཨོ་རྒྱན།
    ད་དེ་སྐབས་དེ་དུས་ཆ་བཞག་ན། དེ་ནི་ཁར་ཁ་དང་ཨོ་རོད་ས་ཁུལ་དེ་ཚོ་ལ་ཡིན་ན་ཕན་ཚུན་དེ་ནི་གཡུལ་རླབས་པོ་ཆེ། དམག་རླབས་པོ་ཆེ་དེ་འདྲས་བརྒྱབ་ནས། བཤམས་པའི་དེ་ནི་འཁྲུགས་ལོང་གིས། མི་མང་པོ་དེ་ནི་སྲོག་གཅོད་པ་ལ་སོགས་པ་དེ་ནི་སྡིག་པའི་ལས་རྔམ་པོ་ཆེ་བྱས་པ། དེ་གས་དེ་དེ་ནི། སྐྱེས་བུ་རྣམས་ངན་སོང་གི་མུ་མཐའ་མེད་པའི་ནགས་ཀླུང་སྟུག་པོའི་ནང་བསྐྱུར་པ་དེ་ནི་སྐྱེ་བོ་རྣམས། དཔེར་ན་དེ་ནི་མི་དགེ་བའི་ངན་སོང་གི་མུ་མཐའ་མེད་པའི་ནགས་ཀླུང་སྟུག་པོའི་བསྐྱུར་བའི་སྦྱོར་བ་དེ། དེ་དག་ལ་དཔེར་ན་དམིགས་པ་མེད་པའི་དེ་ནི་སྙིང་རྗེ་ཆེན་པོའི་སྒོ་ནས་དེ་ནི་གཞན་དབང་དུ་འགྱུར་ནས།
  • ནོར་བྲང་ཨོ་རྒྱན།
    ཁར་ཁ་ཨོ་རོད་ཕན་ཚུན་འགྲུལ་ཙམ་ཡང་བྱེད་མི་ནུས་པའི་སྐབས། དེ་ནི་ཁར་ཁ་དང་ཨོ་རོད་ཕན་ཚུན་གཉིས། ཕན་ཚུན་དགྲ་ཟླ་ལ་འགྱུར་ནས། ཕན་ཚུན་མི་སུ་ཡིན་ནའི་ཕན་ཚུན་འགྲུལ་བཞུད་ཙམ་ཡང་བྱེད་མི་ནུས་པའི་སྐབས་ལ་ཆ་བཞག་ན། ཁོང་གིས་དེ་ནི་བདག་གཞན་བརྗེ་པའི་སྙིང་སྟོབས་པ་གོ་ཆ་བཙན་པོ་འགྱུར་ནས། ཁར་ཁའི་ཁྲོད་དུ་ཚམ་ཚོམ་མེད་པར་བྱོན་ནས། ཟེར།
  • ནོར་བྲང་ཨོ་རྒྱན།
    དེ་ནི་ཁར་ཁའི་ཁྲོད་དུ་དེ་ནི་ཚམ་ཚོམ་མེད་པར་ལ་ཕེབས་བྱས། དེ་ནི་གཞུང་དཀའ་ཚེགས་ཆུང་ངུས་ཟེར་ན་དེ་ནི་དེ་འདྲས་ཀྱི་དཔེར་ན། གནས་ཚུལ་ཆུང་ཆུང་གི་ཐོག་ནས་དེ་ནི་འཁྲུག་ལོང་དེ་དག་བཟླུམས་པར་མཛད་པ། ཟེར།
  • ནོར་བྲང་ཨོ་རྒྱན།
    དེ་ནི་ཨོ་རོད་དང་ཁར་ཁ་གཉིས་ཀྱི་དེ་ནི་འཁྲུག་ལོང་དེ་གས་དེ་ནི་བཟླུམས་པར་མཛད་པ་དེ་འདྲས་རེད། ཟེར། 
  • ནོར་བྲང་ཨོ་རྒྱན།
    མཛད་པ་དགེ་ཞིང་ལེགས་པའི་ཕ་རོལ་ཏུ་ཕྱིན་པ་ལྟ་བུའི་དེ་ནི་རྣམ་ཐར་རོ། དེ་འདྲས་ཀྱི་དེ་ནི་དགེ་ཞིང་ལེགས་པ་ཕ་རོལ་ཏུ་ཕྱིན་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྟ་བུའི་རྣམ་ཐར་རོ། ཟེར།
  • ནོར་བྲང་ཨོ་རྒྱན།
    སྐབས་དེའི་མཛད་པ་དེ་དག་ལ་སྟོང་འཁོར་ཆོས་རྗེ་དང་ཁར་ཁའི་རྒྱལ་བློན་རྣམས་ཡི་རངས་ཏེ། ཟེར། སྐབས་དེ་དག་གི་མཛད་པ་ལ་གུ་ཤྲཱི་བསྟན་འཛིན་ཆོས་རྒྱལ་གྱི་མཛད་པ་ལ། དེ་དག་གི་སྟོང་འཁོར་ཆོས་རྗེ་དང་། ཁར་ཁའི་རྒྱལ་བློན་རྣམས་ཡི་རངས་ནས། ཏའི་གུ་ཤྲཱི་ཞེས་པའི་ཆོ་ལོ་བྱིན། ཟེར།
  • ནོར་བྲང་ཨོ་རྒྱན།
    ད་དེ་ནི་གུ་ཤྲཱི་ཆོས་ཀྱི་རྒྱལ་པོ་ཟེར་མཁན་གྱི་གུ་ཤྲཱི་བསྟན་འཛིན་ཟེར་མཁན་གྱི་ཐོག་མའི་དེ་ནི་ཏའི་གུ་ཤྲཱི་ཟེར་མཁན་གྱི་དེ་ནི་ཐོག་མ་དེ་ནི། དེ་ནི་སྐབས་དེ་དུས་དེ་ནི་སྟོང་འཁོར་ཆོས་རྗེ་དང་། ཁར་ཁའི་རྒྱལ་བློན་རྣམས་ཀྱིས་ཕུལ་ལ་དེ་འདྲས་རེད། ཟེར།
  • ནོར་བྲང་ཨོ་རྒྱན།
    དེ་ནི་སླར་ཡང་དེ་ནི་རང་ཡུལ་ལ་ཕེབས། སྔར་རྗེ་བསོད་ནམས་རྒྱ་མཚོ་ལ་ཨོ་རོད་བ་ཞིག་གིས་མདོ་སྡེ་གསེར་འོད་དམ་པ་ལ་ཕྱག་ནས་ཞུས་པའི་ཚེ། སྔར་དེ་ནི་རྗེ་བསོད་ནམས་རྒྱ་མཚོ་ལ། ཏཱ་ལའི་དེ་ནི་སྐུ་འཕྲེང་དགུ་པ་དེ་ནི་བསོད་ནམས་རྒྱ་མཚོ་ལ་དེ་ནི་ཨོ་རོད་བ་ཞིག་གིས་དེ་ནི། མདོ་སྡེ་གསེར་འོད་དམ་པ་ལ་དེ་ནི། ཕྱག་ནས་དེ་ནི་རེད་པཱ། རབ་གནས་ཞུས་པའི་ཚེ་ལ། དེ་ནི་གསུང་རབ་ཀྱི་མིང་དྲི་བ་གནང་བར་ལ།
  • ནོར་བྲང་ཨོ་རྒྱན།
    གསུང་རབ་མིང་ལ་དེ་ནི་ག་རེ་ཟེར་གྱི་ཡོའོ་རེད། ཟེར་བཀའ་འདྲི་གནང་དུས་ཙམ་པ། དེ་ནི་ད་སོག་པའི་སྐད་ནས་ཨལ་ཏན་གེ་རིལ་ཟེར་ཞུས་པས། དེ་ནི་ཁོང་ནས། ཁོང་ཡིན་ནའི་དེ་ལ་ཐུགས་དགྱེས་པ་གནང་ནས། ད་ནས་མི་ལོ་ཉི་ཤུ་ན་ཁྱོད་ཀྱི་ཡུལ་དུ་ཆོས་འདི་དར་བར་འགྱུར་རོ་ཞེས་ལུང་བསྟན་པ་ལྟར། ད་དེ་ནས་བཟུང་སྟེ། དེ་ནི་ཁྱོད་ཀྱི་ཡུལ་ལ་དེ་ནི་མི་ལོ་ཉི་ཤུ་ནས་ཁྱོད་ཀྱི་ཡུལ་དུ་ཆོས་འདི་དར་རོ་ཞེས་ལུང་བསྟན་པ་ལྟར། རེད་ཟེར། 
  • ནོར་བྲང་ཨོ་རྒྱན།
    བསྟན་པ་དང་གསེར་འོད་དམ་པ་སོགས་ཆོས། ཆོས་མང་དུ་བསྒྱུར་བའི་སྦྱིན་བདག་མཛད་པ་སོགས་སོག་ཡུལ་དུ་བསྟན་པའི་སྲོལ་གཏོད་པའི་ཆོས་ཀྱི་བདག་པོ་ནི།  ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོ་གཉིས་པ་ས་འདིར་འོངས་སོ་ཞེས་ལྷ་རྣམས་གླེང་ངོ་། ཟེར། སྐབས་དེ་དུས་སོག་ཡུལ་དེ་ནི་བསྟན་པ་ཆེས་དར་རྒྱས་ཏུ་ཡོང་ཡས་དེ། དེ་་ཡིན་ན་དེ་ནི་གང་འདྲས་རེད་ཟེར་ན། 
  • ནོར་བྲང་ཨོ་རྒྱན།
    ཆོས་ཀྱི་རྒྱལ་པོ་དེ་ནི་སྲོང་བཙན་སྒམ་པོ་དེ་ནི་གཉིས་པ་དེ་ས་འདིར་དེ་ནི་སོག་པོ་ཡོངས་སུ། ལུང་པ་དེ་ལ་ཕེབས་སོ་ཟེར་ཡས་ཀྱི་དེ་ནི་ལྷ་རྣམས་ཡིན་ནའི་དེ་ནི། དེ་འདྲས་ཀྱི་སྒྲོགས་ཀྱི་ཡོའོ་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    སྔར་སོག་པོའི་ཚོ་ཆེན་དྲུག་ལ་གཞུང་དང་ཆིངས་ཡོད་པ་རྣམས་ཆ་དཀར་རྒྱལ་པོས་བཤིག་པའི་དུས་འཁྲུག་བྱུང་བ་ལ་བརྟེན། སྔར་ཡིན་ན་དེ་ནི་སོག་པོ་ཚོ་ཆེན་དྲུག་ལ་དེ་ནི་གཞུང་དང་ཆིངས་ཡོད་པ་ད། ཁོང་རང་ཚོའི་སྒྲིག་ཁྲིམས་སྒྲིག་སྲོལ་འདྲ་པོ་ཡོད་པ་དེ་གས་དེ། དེ་ཡིན་ན་ཆ་དཀར་རྒྱལ་པོ་ཟེར་མཁན་དེས་བཤིག་ནས། དེ་ནི་ཕན་ཚུན་དེ་དུས་འཁྲུག་བྱུང་བའི་ཁ་གཏུག་ལ་བཞག་ན། བྲོས་པོ་འགའ་ཞིག་ཁར་ཁའི་ཁྲོད་དུ་འོངས་པར། བློན་པོ་ནང་ཕན་ཚུན་རྩོད་པའི་གྱིས།  ཁར་ཁ་ཆོག་ཐུ་རང་ཡུལ་ནས་སྤྱུགས་ཏེ། མཚོ་ཁར་འོངས་པས་ཟེར།
  • ནོར་བྲང་ཨོ་རྒྱན།
    དེ་ནི་དེའི་ནང་ནས་བློན་པོ་ནང་ཕན་ཚུན་རྩོད་པའི་རྐྱེན་གྱིས། ཁར་ཁའི་ནང་གི་དེ་ནི་ཆོག་ཐུ་ཟེར་ཡས་དེ་ནི་སོ་སོའི་ལུང་པ་ནས་སྤྱུགས་ནས་མཚོ་ཁར་ཡོང་པས་ཟེར།
  • ནོར་བྲང་ཨོ་རྒྱན།
    མཚོ་ཁར་འོངས་པས། སྡིག་ཅན་གྱི་ཡུལ་དུ་རིན་པོ་ཆེའི་ཆར་འབབ་པའི་གཏམ་རྒྱུད་ལྟར། དེ་ནི་དེ་འདྲས་ཀྱི་དཔེར་ན་ད། ཆོག་ཐུ་རེ་ཞིག་དེ་ནི་མངའ་ཐང་ཆེ་བར་བྱུང་བས། དེ་ནི་ཆོག་ཐུ་ཟེར་ཡས་དེ་ནི་རྦད་དེ་ཁར་ཁའི་ཡུལ་ལ་ཕྱིན། ད་དེ་ཚོ་ལ་ཆ་བཞག་ནའི་དེ་ནི་རེ་ཞིག མངའ་ཐང་ཆེན་པོ་བྱུང་བའི་དེ་ནི། སྡིག་ཅན་ཡུལ་དུ་རིན་པོ་ཆེའི་ཆར་འབབས་པའི་གཏམ་རྒྱུད་ལྟར།ཟེར།
  • ནོར་བྲང་ཨོ་རྒྱན།
    སྔར་ཡིན་ན་དེ་ནི་གཅིག་གི་ལྟར། རྒྱལ་པོ་མ་སྐྱེས་དགྲ་ལུང་པ་ལ་ཆ་བཞག་ན་དཔེར་ན། རིན་པོ་ཆེའི་ཆར་ཉིན་མ་བདུན་གྲངས་འབབས་པ། མཐའ་མར་དེ་ནི་རང་རྩ་མེད་ལ་འགྲོ་ཡས་ལ་སོགས་པ་དེ་འདྲས་ཀྱི་ད། བཀའ་འགྱུར་ནང་ལ་གཏམ་རྒྱུད་ཡིན་ནའི་མང་པོ་ཡོའོ་རེད་པ། དེ་ནང་ལྟར་དེ་ནི་རིན་པོ་ཆེའི་ཆར་འབབས་པའི་གཏམ་རྒྱུད་ལྟར། ཆོག་ཐུ་རེ་ཞིག་མངའ་ཐང་ཆེ་བར་འགྱུར་བས། ནག་པོའི་གདོན་གྱིས་ཡིད་རྣམ་པར་བརླམས་པ་ཟེར་ཡས་དེ།
  • ནོར་བྲང་ཨོ་རྒྱན།
    དེ་ནི་ནག་པོའི་སོ་སོའི་ཡིད་ཀྱི་ནག་པོའི་གདོན་གྱི་རྣམ་པར་བླངས་པའི་དེ་ནི། རྒྱལ་བའི་བསྟན་པ་སྤྱི་དང་ཁྱད་པར་དེ་ནི་རྒྱལ་བ་ཙོང་ཁ་བའི། བསྟན་པ་ལ་གནོད་ཅིང་འཚེ་བ་ལོག་པར་འཁུ་བའི་བསམ་སྦྱོར་ངན་པ་ཉམས་སུ་བསྟར་བ་ལ་བརྟེན། དེ་ནི་རྒྱལ་བའི་བསྟན་པ་སྤྱི་དང་དེ་ནི་ཡང་སྒོས་དེ་ནི་རྒྱལ་བ་ཙོང་ཁ་པ་ཆེན་པོའི་དེ་ནི་བསྟན་པ་ལ། དགེ་ལུགས་པའི་བསྟན་པ་ལ་གནོད་ཅིང་འཚེ་བ་ལོག་པར་འཁུ་བའི་དེ་ནི་བསམ་ཚུལ་ངན་པ། ཉམས་སུ་བསྟར་བ་ལ་བརྟེན་ནས། ཟེར།
  • ནོར་བྲང་ཨོ་རྒྱན།
    རྒྱལ་པོ་དེ་ཉིད་ཀྱི་བསྟན་པ་འབའ་ཞིག་ཐུགས་སུ་བཅུག་པའི་རང་ཡུལ་ནས། དམག་གི་དཔུང་ཚོགས་དང་ཆབས་གཅིག་པར་རང་ཉིད་ཀྱང་བཏེག་པ། ཟེར།
  • ནོར་བྲང་ཨོ་རྒྱན།
    ད་དེ་ནས་དཔེར་ན་རྒྱལ་པོ་འདི་ཉིད་ཀྱི་ཕྱོགས་གཅིག་ནས་བསྟན་པ་འབའ་ཞིག་དེ་ནི་ཐུགས་སུ་དགོངས་ནས། དེ་ནི་རྦད་དེ་ད་ཆབས་གཅིག་དེ་ནི་དེ་འདྲས་གང་བྱུང་མ་བྱུང་བྱེད་ཡས། ལ་དེ་ནི་ཐུགས་ཀྱི་མ་བཟོད་པ་བྱས་བྱས། བཅུག་པའི་རང་ཡུལ་ནས་དམག་གི་དཔུང་ཚོགས་དང་ཆབས་གཅིག་རང་ཡུལ་ནས། ཆབས་གཅིག་པར་རང་ཉིད་ཀྱང་བཏེག་པ་དང་། མེ་གླང་སྤྱི་ལོ་༡༦༣༧ལོ་ཟླ་བ་དང་པོའི་མཚོ་ཁར་འབྱོར་ཏེ། ཟེར།
  • ནོར་བྲང་ཨོ་རྒྱན།
    སྟོབས་ལྡན་རྒྱལ་པོ་རཱ་མ་ཎས་ལང་ཀའི་བདག་པོ་ལྔ་པའི་ལམ་དུ་བཏང་བ་བཞིན་ཆོག་ཐུའི་དམག་ཁྲི་ཕྲག་བཞི་དང་བཅས་པ་མིང་གི་ལྷག་མར་བཏང་། ཟེར། དེ་ནི་སྟོབས་ལྡན་རྒྱལ་པོ་དེ་ནི་རཱ་མ་ཎས་སྲིན་པོ་རྒྱལ་པོ་རཱ་མ་ཎས་དེ་ནི་རྒྱལ་པོ་རཱ་མ་ཎའི་དེ་ན་ཨི་ལང་ཀའི་རྒྱལ་པོ་དེ་ནི་ལྔ་པའི་ལམ་དུ་བཏང་བ་ནང་ལྟར་དེ་ནི། ཆོག་ཐུའི་དམག་ཁྲི་ཕྲག་བཞི་དང་བཅས་པ་དེ་འདྲས་ཡིན་ནའི་དེ་ནི། མིང་ལྷག་མར་དེ་ནི་རྩ་མེད་བཏང་བ་དེ་འདྲས་རེད། ཟེར།
  • ནོར་བྲང་ཨོ་རྒྱན།
    ཤར་ཕྱོགས་རྒྱ་མཚོའི་མཐའ་ཚུན་མངའ་འོག་ཏུ་བསྡུས་ཏེ་ཆོས་སྲིད་གཉིས་ལྡན་གྱི་སྒོ་ནས་མངའ་འབངས་རྣམས་བདེ་བར་བསྐྱངས་ཟེར། དེ་ནི་ཤར་ཕྱོགས་རྒྱ་མཚོའི་མཐའ་ཚུན་ཆད་ལ་དེ་ནི་མངའ་འོག་ལ་བསྡུས་ནས། དེ་ནི་ཆོས་སྲིད་གཉིས་ལྡན་གྱི་སྒོ་ནས་དེ་ནི་མངའ་འབངས་རྣམས་བདེ་བར་བསྐྱངས་པ་དེ་འདྲས་རེད། ཟེར།
  • ནོར་བྲང་ཨོ་རྒྱན།
    རིམ་གྱིས་ཉི་མ་དབུས་ཀྱི་རྒྱལ་ཁམས་སུ་དཔོན་འཁོར་དུ་མ་དང་བཅས་ཏེ། དེ་ནི་རིམ་གྱི་དེ་ནི་ཉི་མ་དབུས་ཀྱི་རྒྱལ་ཁམས་སུ་ཕེབས་པ་དེ་འདྲས་རེད། ཟེར།
  • ནོར་བྲང་ཨོ་རྒྱན།
    ཇོ་ཤཱཀ་རྣམ་གཉིས་མཇལ་བ་དང་། ལྔ་པ་ཆེན་པོས་སྟོང་འབུལ་འདེགས་པ་དང་། བཀའ་ཆོས་ཞུ་བ་སོགས་བསོད་ནམས་ཀྱི་ཆོགས་རྒྱ་ཆེར་སྤེལ་བའི་དགའ་སྟོན་བསྒྲུབས་ཟེར།
  • ནོར་བྲང་ཨོ་རྒྱན།
    སྐབས་དེ་དུས་དེ་ནི་རྦད་དེ་བོད་ལ། དཔེར་ན་ཕྱོགས་གཅིག་ནས། ཇོ་ཤཱཀ་རྣམ་གཉིས་ལ་མཇལ་ཁ་ཞུ་ཡས་དང་། ལྷག་པར་ལྔ་པ་ཆེན་པོ་ལ་ཡིན་ན། སྟོང་འབུལ་འདེགས་ཡས་ལ་སོགས་པ། བཀའ་ཆོས་ཞུ་ཡས་ལ་སོགས་པ་དེ་འདྲས་ཀྱི་ཐོག་ནས། དེ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྒྱ་ཆེར་སྤེལ་བའི་དགའ་སྟོན་བསྒྲུབ་པ་རེད། ཟེར། 
  • ནོར་བྲང་ཨོ་རྒྱན།
    བོད་ཡུལ་གྱི་རྡོ་རྗེ་གདན་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་དུ་ཟེར། རྒྱལ་ཕྲན་ཀུན་གྱི་ཅོད་པན་དུ་བགྲོད་བྱེད་ཟུང་ཉེ་བར་བཀོད་པའི་ངལ་གསོ་མཛད་པའི་བསྟན་འཛིན་ཆོས་ཀྱི་རྒྱལ་པོ་ཞེས་ཟེར། དེ་ནི་སྐབས་དེ་དུས་དེ་ནི་ལྷ་སའི་གཙུག་ལག་ཁང་དུ་མཇལ་དུས་ཙམ་པ་དེ་ནི། རྒྱལ་ཕྲན་ཀུན་གྱི་དེ་ནི་ཅོད་པན་དུ་དེ་ནི་བགྲོད་བྱེད་ཟུང་། རྒྱལ་ཕྲན་ཀུན་གྱི་ཅོད་པན་དེ་ནི་བགྲོད་བྱེད་ཟུང་། བགྲོད་བྱེད་ཀྱི་ཉི་ཟླ་ཟུང་རེད་པཱ། 
  • ནོར་བྲང་ཨོ་རྒྱན།
    བགྲོད་པར་བྱེད་པའི་ཉི་ཟླ་ཟུང་ཉེ་བར་བཀོད་པའི་ངལ་གསོར་མཛད་པའི་བསྟན་འཛིན་ཆོས་ཀྱི་རྒྱལ་པོ་ཞེས། བསྟན་འཛིན་ཆོས་ཀྱི་རྒྱལ་པོ་ཞེས། ཆོས་ཀྱི་རྒྱལ་པོ་ཟེར་ཡས་ཀྱི་དེ་ནི་མཚན་གནས་དེ་ནི་ལྔ་པ་ཆེན་པོས་དེ་ནི། བསྩལ་བ་དང་ལས་ཀ་སོགས་མངོན་པར་བླངས་ཏེ། ཟེར།
  • ནོར་བྲང་ཨོ་རྒྱན།
    ལྔ་པ་ཆེན་པོས་དེ་ནི་བསྟན་འཛིན་ཆོས་ཀྱི་རྒྱལ་པོ་ཟེར་ཡས་དེ། མཚན་དེ་གནང་བ་ཡིན་ཟེར། ལྔ་པ་ཆེན་པོས་བསྩལ་བ་དང་ལས་ཀ་སོགས་མངོན་པར་མཐོ་བ་བླངས་ཏེ། སོག་ཡུལ་དུ་ཕྱིར་ཕེབས་པའི་ལམ་དུ། གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་ཕེབས། ད་སོག་ཡུལ་ལ་སླར་ཕར་ཕེབས་ཡས་ཀྱི་དེ་ནི་ཕེབས་དུས་ཙམ་པ། རྒྱ་ནག་ལ། དེ་ནི་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་ལ་ཕེབས་ཟེར།
  • ནོར་བྲང་ཨོ་རྒྱན།
    དེ་དགོང་ཚེས་ཉེར་བདུན་ཡིན་ནའང་། སྲོད་ཀྱི་དུས་རྡེའུ་ཕྲ་མོ་ཙམ་ཡང་མཐོང་བའི་མུན་པ་ཤིན་ཏུ་དཀར་བ་བྱུང་བས། ཟེར། དེ་ནི་སྐབས་དེ་དུས་ཉི་མ་ཉེར་ཤུ་བདུན་ཟེར་དུས་ཙམ་པ། དཔེར་ན་ཟླ་བ་མེད་པ་བྱས་དེ་འདྲས་རེད། སྲོད་ཀྱི་དུས་ལ་ཤིན་ཏུ་གནག་པ་དེ་འདྲས་རེད་དའི་ཡིན་ནའི་སྐབས་དེ་དུས།
  • ནོར་བྲང་ཨོ་རྒྱན།
    དེ་ནི་སྲོད་ཀྱི་དུས་ལ་དེ་ནི་རྡེའུ་ཕྲ་མོ་ཚུན་ཆད་མཐོང་བའི་ཟླ་བ་ཤར་བ་ནང་ལྟར་གྱི་ཐོག་ནས་དེ་ནི། ཤིན་ཏུ་དཀར་བ་དེ་འདྲས་བྱུང་བ་རེད། ཟེར།
  • ནོར་བྲང་ཨོ་རྒྱན།
    དེ་ཡང་གང་འདྲས་ཟེར་ན། གུ་ཤྲཱི་བསྟན་འཛིན་ཆོས་ཀྱི་རྒྱལ་པོས་བསྟན་སྲིད་བཀའ་མཐའ་དག་དཀར་འཇམ་དུ་འགྱུར་བའི་རྟེན་འབྲེལ་འགྲིག་པ་ཡིན་ཟེར།
  • ནོར་བྲང་ཨོ་རྒྱན།
    དེ་ནི་བསྟན་སྲིད་མཐའ་དག་དེ་ནི་དཀར་འཇམ་དུ་འགྱུར་བའི་བོད་ཡོངས་ལ་ཁྱབ་པའི་རྟེན་འབྲེལ་དེ་འདྲས་འགྲིག་པ་ཡིན་ཟེར།
  • ནོར་བྲང་ཨོ་རྒྱན།
    དེ་སྐབས་བོད་དང་བོད་ཆེན་པོ་མཐའ་དག་མངའ་འོག་ཏུ་ཆུག་པའི་མཚན་ལྟས་ལེགས་པའང་འགའ་ཞིག་བྱུང་འདུག དེའི་སྐབས་ལ་དེ་ནི་བོད་དང་བོས་ཆེན་པོ་མཐའ་དག་དེ་ནི་མངའ་འོག་ཏུ་ཆུག་པའི་མཚན་ལྟས་ལེགས་པའང་འགའ་ཞིག་བྱུང་འདུག ཟེར།
  • ནོར་བྲང་ཨོ་རྒྱན།
    བྱས་ནས་སྐབས་དེ་དུས་དེ་ནི་བསྟན་འཛིན་ཆོས་ཀྱི་རྒྱལ་པོས་བོད་ཁམས་ཡོང་ལ་དབང་མ་བསྒྱུར་བ་དེ་འདྲས་རེད་པཱ། ཡིན་ནའང་ཕྱིན་ཆད་དེ་ནི་སླར་ཁོས་བོད་ཡོངས་རྫོགས་ལ་དབང་བསྒྱུར་ཡས་དེ་ནི་མཚན་ལྟས་དེ་ནི་ལེགས་པ་དེ་འདྲས་འགའ་ཞིག་བྱུང་འདུག ཟེར།
  • ནོར་བྲང་ཨོ་རྒྱན།
    གླང་ལོའི་དགུན་ཐོག་མཚོ་ཁར་ཕྱིར་བྱོན། དེ་ནི་གླང་ལོའི་དགུན་ཐོག་ཏུ་མཚོ་ཁར་ཕྱིར་ཕེབས་པ་རེད། ཟེར།
  • ནོར་བྲང་ཨོ་རྒྱན།
    དེ་ནི་དེ་ཡང་བར་ཁམས་སུ་བེ་རི་དོན་ཡོད་ཀྱིས། ཀུན་མཁྱེན་བུ་རམ་ཤིང་པའི་རྗེས་སུ་བཞུགས་པ་མཐའ་དག་ལ་ཉེ་བར་འཚེ་ཞིང་། དེ་ནི་བེ་རི་དོན་ཡོད་ཟེར་མཁན་དེ་ནི། བོན་པོ་ཁོ་རང་ལ་དགའ་མཁན་དེ་འདྲས་རེད་པཱ། དེ་ཡིས་ཡིན་ན་ཀུན་མཁྱེན་བུ་རམ་ཤིང་པའི་རྗེས་སུ་བཞུགས་པ་མཐའ་དག་ལ་ཉེ་བར་འཚེ་ཞིང་། བོན་ཁོ་ན་སྤེལ་བ་བརྟེན་ནས་ཟེར།
  • ནོར་བྲང་ཨོ་རྒྱན།
    དེ་ནི་རྦད་དེ་ནང་པའི་བསྟན་པ་ལ་ཤིན་ཏུ་དང་གཟུག་བྱས། མཐའ་དག་ལ་དང་གཟུག་བྱས་བོན་ཁོ་ན་སྤེལ་བ་དེ་འདྲས་རེད། ཟེར།
  • ནོར་བྲང་ཨོ་རྒྱན།
    ས་ཡོས་སྤྱི་ལོ་༡༦༣༩ལོར་ཧོར་ཟླ་ལྔ་པའི་ནང་དུ་བེ་རིའི་ཐོག་ཏུ་དཔུང་ཚོགས་རྣམས་བཏེགས། ཟེར། དེ་ནི་སྐབས་དེ་དུས་དེ་ནི་བསྟན་འཛིན་ཆོས་ཀྱི་རྒྱལ་པོ་མར་ཕེབས་དུས་ཙམ་པ་དེ་ནི་བེ་རི་ཐོག་ཏུ་ཡིན་ན། དཔུང་ཚོགས་རྣམས་བཏེགས་ཟེར། 
  • ནོར་བྲང་ཨོ་རྒྱན།
    མངའ་འབངས་རྣམས་ཕལ་ཆེར་བླངས། ཟེར། མངའ་འབངས་ཕལ་ཟེར་བླངས་ཟེར། ལྕགས་འབྲུག་སྤྱི་ལོ་༡༦༤༠ལོའི་ཟླ་བ་བཅུ་གཅིག་པའི་ཚེས་ཉེར་ལྔ་ལ། བེ་རི་དཔོན་པོ་དང་གཡོག་པོ་སོགས་ཉུང་ཤས་ཤིག་མོན་རྫ་ཡུལ་མཐའ་བཙན་པོར་བྲོས་པ་རྣམས་ཀྱང། དེ་ནི་སྐབས་དེ་དུས་རྦད་དེ་མངའ་འབངས་ཕལ་ཆེར་བ་བླངས་ཚར་བ་རེད། ཟེར།
  • ནོར་བྲང་ཨོ་རྒྱན།
    ཡིན་ནའི་ད་བེ་རིའི་དཔོན་པོ་དང་ད་ག་ནང་ལྟར། གཡོག་པོ་སོགས་ཉུང་ཤས་ཤིག་མོན་དང་རྫ་ཡུལ་ལ་སོགས་པ་དེ་འདྲས་ལ་བྲོས་ཆེན་པ་དེ་ཚོ་ཡིན་ན་ཡང་། གང་གིས་བསོད་ནམས་ཀྱི་ལྕགས་ཀྱུ་རྣོན་པོས་ཁབ་ལེན་རྡོ་བ་དང་། ལྕགས་ཕྱེའི་སྣང་ཚུལ་ལྟར་ཁྲིམས་ཀྱི་དོ་ར་ཆེན་པོར་ཡོངས་སུ་བཅུག དེ་ནི་དེ་ཚོས་ཡིན་ནའི་དཔེར་ན། ཚུར་བཀུགས་བྱས་རེད་པཱ།
  • ནོར་བྲང་ཨོ་རྒྱན།
    ཚུར་བཀུགས་བྱས་དེ་ནི་ཁྲིམས་ཀྱི་དོ་རྭ་ཆེན་པོར་དེ་ནི་ཡོངས་སུ་བཅུག ཟེར།
  • ནོར་བྲང་ཨོ་རྒྱན།
    མི་དགེ་བའི་རྩ་རྐྱེན་མཐའ་དག་གནས་ནས་དབྱུང་། དེ་ནི་མི་དགེ་བའི་རྩ་བ་མཐའ་དག་གནས་ནས་དབྱུང་བ་དེ་འདྲས་རེད། ཟེར།
  • ནོར་བྲང་ཨོ་རྒྱན།
    སྐབས་དེ་དུས་དེ་ནི་བེ་རི་དཔོན་པོ་ཡིན་ན་གང་འདྲས་བྱས་པ་རེད། ཟེར་ན། དེ་ནི་ས་སྐྱ་པ་དང་། དགེ་ལུགས་པ་དང་། བཀའ་རྒྱུད་དང་། འབྲུག་པ་དང་། སྟག་ལུང་པ་སོགས་ཀྱི་དེ་ནི་བླ་དཔོན་ཡིན་ན་ཁྲིམས་ལ་བཅུག་པ་དེ་ཚོ་ཡིན་ནའི་བཏོན་ནས་རང་གནས་སུ། བསྐྱལ་པ་དེ་འདྲས་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    རང་གནས་ལ་བསྐྱལ། འཇང་རྒྱལ་པོ་ཚུན་ཆད་ཀྱི་སྐྱེ་རྒུ་རྣམས་ཀྱིས་ནོར་གྱི་དཔྱ་ཁྲལ་ཕུལ་ཞིང་། གུས་འདུད་ལྷུར་བླངས། འཇང་རྒྱལ་པོ་ཚུན་ཆད་ཀྱི་སྐྱེ་རྒུ་རྣམས་ཀྱི་དཔྱ་ཁྲལ་ཕུལ་ཡས་ལ་སོགས་པ། གུས་འདུད་ཡིན་ན་ལྷུར་བླངས་པ་རེད། ཟེར།
  • ནོར་བྲང་ཨོ་རྒྱན།
    དེ་ནས་དབུས་གཙང་གི་ཕྱོགས་སུ་དཔུང་གི་ཚོགས་བཤམས་པར་མངོན་དུ་ཕྱོགས་པ་ནི། མངའ་རིས་སྐུ་མཆེད་ཀྱི་གཏེར་ལུང་དུ། ཟེར། དེ་གནང་ཡས་དེ་གང་ཟེར།
  • ནོར་བྲང་ཨོ་རྒྱན།
    དཔུང་འཇུག་གནང་ཡས་དེའི་ཐོག་ལ། དེ་ནི་མངའ་རིས་སྐུ་མཆེད་ཀྱི་གཏེར་ལུང་དུ། ཁྱད་པར་གདུག་པ་སྦྲུལ་གྱི་ལོ་ཤར་དུས༎ གནམ་རྟགས་འོད་དཀར་སྐྱ་རེངས་ཡང་ཡང་ཤར༎ གཟའ་སྐར་འཁྲུག་ཅུག་བྱང་དུ་ཧོར་སོག་གཡོ༎ འོལ་ཁའི་ཕྱོགས་སུ་རྐྱེན་བྱས་འཁྲུག།  དབུས་གཙང་སྡེ་འཁྲུག་འགྲོ་རྣམས་ཉམ་ཐག་འགྱུར༎ ས་གཡོས་ནད་རིམས་ལོ་གསུམ་ལོ་ཉེས་འབྱུང་༎ ལོ་དགུའི་བར་དུ་དབུས་གཙང་དབུ་རུར་འཚོགས༎ ཁྲག་གི་ཆར་པ་ལོ་བདུན་བར་དུ་འབབ༎
  • ནོར་བྲང་ཨོ་རྒྱན།
    ཅེས་དང་། ཡོལ་མོ་སྤྲུལ་སྐུའི་གཏེར་གསར་དུ༎ ཡོས་ཀྱི་ལོ་ལ་ངལ་གསོ་བྱེད༎ འབྲུག་གི་ལོ་ལ་འབྲུག་ལྟར་ལྡིར༎ སྦྲུལ་ལ་སྦྲུལ་ཤུན་བཞིན་དུ་འཐོར༎ དེ་ཕྱིར་ཡོས་བུའི་ལོ་ལ་ལོང་༎ ཞེས་པའི་དུས་རྟགས་དང་མཐུན་པར་དཔུང་ཚོགས་བྱི་བ་ཕྲག་བརྒྱའི་གཡུལ་བཤམས་ཏེ། ལྷོ་ཕྱོགས་གཤིན་རྗེའི་མཐར་ཐུག་པ་ཚུན་དབང་དུ་བསྡུས། དེ་ནི་དེ་འདྲས་ཀྱི་དཔེར་ན། ད་དུས་རྟགས་དང་མཚུངས་པ་ལྟར། དཔུང་ཚོགས་དེ་ནི་བྱི་བ་ཕྲག་བརྒྱའི་དེ་ནི། གཡུལ་བཤམས་ནས་དེ་ནི་ལྷོ་ཕྱོགས་གཤིན་རྗེའི་མཐར་ཐུག་པ་ཚུན་དབང་དུ་བསྡུས་པ་དེ་འདྲས་ཡིན་ཟེར།
  • ནོར་བྲང་ཨོ་རྒྱན།
    ཆུ་རྟ་སྤྱི་ལོ་༡༦༤༢ལོའི་ཟླ་བ་གཉིས་པའི་ཚེས་ཉེར་ལྔ་ལ་བོད་ཤིང་སྒོ་ཅན་ཡོངས་ཀྱི་རྒྱལ་བློན་རྣམས་ཀྱིས་ཀྱང་། ང་རྒྱལ་གྱི་གདོང་པ་སྨད་དེ་གུས་འདུད་ལྷུར་ལེན་གྱི་སྦྱོར་བ་ལ་ཉེ་བར་བཞུགས། སྐབས་དེ་དུས་དེ་ནི་རྦད་དེ་བོད་ལ་ཡོད་པའི་དེ་ནི་གཙང་པའི་དེ་ཚོ་ཡིན་ན་གང་ཟེར་དགོས་རེད་པས།
  • ནོར་བྲང་ཨོ་རྒྱན།
    སྟོབས་ཤུགས་དེ་གས་དེ་ཚང་མ་རྩ་མེད་བཟོས་བྱས་རེད་པཱ། བོད་ཤིང་སྒོ་ཅན་ཡོངས་ཀྱི་དེ་ནི་རྒྱལ་བློན་རྣམས་ཀྱང་ང་རྒྱལ་གྱི་གདོང་པ་སྨད་དེ་གུས་པའི་ལྷུར་ལེན་གྱི་སྦྱོར་བ་ལ་ཞུགས་ཟེར། སྐབས་དེ་དུས། དེ་ནི་བོད་ཤིང་སྒོ་ཅན་གྱི་རྒྱལ་བློན་ཟེར་ན་དེ་ནི། ད་ཕལ་ཆེར་རྒྱལ་པོ་གཙང་པ་བྱས་བྱས་དེ་འདྲས་རེད་པཱ། དེ་ཚོ་ཡིན་ནའི་དེ་ནི་གུས་འདུད་ལྷུར་ལེན་གྱི་སྦྱོར་བ་ལ་ཞུགས། ཟེར།
  • ནོར་བྲང་ཨོ་རྒྱན།
    ཆུ་ཤེལ་དབང་པོའི་ཟླ་བ་ནག་པས་ཉ་བ་སྟེ། ཟླ་བ་གསུམ་པ་དུས་འཁོར་བའི་ལོའི་ཐོག་མའི་དུས་ཚེས་གཅིག་ནས། བོད་ཆོལ་ཁ་གསུམ་གྱི་བདག་པོར་འགྱུར་ཏེ། དེ་ནི་ཟླ་བ་གསུམ་པའི་ཚེས་པ་གཅིག་ནས་བཟུང་ནས་དེ་ནི་བོད་ཆོལ་ཁ་གསུམ་གྱི་བདག་པོར་འགྱུར་པ་དེ་འདྲས་རེད། ཟེར།
  • ནོར་བྲང་ཨོ་རྒྱན།
    བཀའ་ཁྲིམས་ཀྱི་གདུག་དཀར་པོ་སྲིད་རྩེའི་བར་དུ་འཁོར་བ་འདིའི་དུས་གོང་ས་ལྔ་བ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོས་དེ་ནི་རྦད་དེ་གཞིས་ཆེན་བསམ་གྲུབ་རྩེའི་ཕོ་བྲང་ལ་ཡ། གཙང་ལ་ཡར་གདན་དྲངས། གདན་དྲངས་ནས་དེ་ནི་སྔར་གོང་མ་སེ་ཆེན་རྒྱལ་པོས་འགྲོ་མགོན་ཆོས་རྒྱལ་འཕགས་པ་ལ། འགྲོ་མགོན་འཕགས་པ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་ལ། ཕུལ་བ་ཕྱིས། དེ་ནི་གཙང་པ་གཙང་པ་རྒྱལ་པོའི་ལག་ཏུ་བྱུང་བ་དེ་ནི།
  • ནོར་བྲང་ཨོ་རྒྱན།
    རྒྱལ་པོ་མ་སྐྱེས་དགྲའི་རྟེན་སྐལ་སངས་རྒྱས་ཀྱི་འཕེལ་གདུང་གིས་ཐོག་དྲངས། ད་ག་ནང་ལྟར་ནང་བསྟན་དང་། རྟེན་མཆོད་ཆས་དུ་མ། སྔར་རིན་པ་སྤུངས་པ་དུས་ཀྱི་རིགས་ལྡན་ཡོལ་བ་ཕྱིས་གཙང་སྟོད་རྒྱལ་པོའི་ལག་ཏུ་འབྱོར་བ་དེ་དག་ལ། སྔར་རིན་སྤུངས་པ་དུས་ཀྱི་རིགས་ལྡན་ཡོལ་བ་ཕྱིས། རིགས་ལྡན་ཡོལ་བ་ཟེར་ཡས་དེ་ད་འདི་རེད།
  • ནོར་བྲང་ཨོ་རྒྱན།
    ད་རིན་པོ་ཆེ་གཅིག་གི་གཟིག་དངུལ་ཤན་ལ་སོགས་པ་དེ་ནི་དེ་འདྲས་ཀྱི་རྐྱང་རྐྱང་གིས་བྲིས་པའི་དེ་ནི། ཞལ་ཐང་བཟོ་འདྲ་གཅིག་དེ་འདྲས་གཅིག་ཡོའོ་རེད། རིགས་ལྡན་རྒྱལ་བ་ཟེར་ན་ད་རིན་ཐང་ཆེན་པོ་ཞེ་པོ་གཅིག་རེད། ཕྱིས་གཙང་སྟོད་རྒྱལ་པོའི་ལག་ཏུ་འབྱོར་བ་དེ་དག་ལ་སོགས་པ་ནོར་སྣ་བསམ་གྱིས་མི་ཁྱབ་པའི་འབུལ་བ་དང་།
  • ནོར་བྲང་ཨོ་རྒྱན།
    ཕོ་བྲང་ཆེན་པོ་བསམ་གྲུབ་རྩེས་མཚོན་ཁྲི་སྐོར་བཅུ་གསུམ་གྱིས་ཐོག་དྲངས། ད་སྐབས་དེ་དུས་དེ་ནི་བོད་ཀྱི་དཔེར་ན། རྒྱལ་ས་འདྲ་པོ་ད་དེ་ཕོ་བྲང་ཆེན་པོ་བསམ་གྲུབ་རྩེ་ཟེར་མཁན་དེ་བྱེད་ཀྱི་ཡོའོ་རེད་པཱ། བྱས་ཙང་དེ་གཙོས་པའི་བསམ་གྲུབ་རྩེས་མཚོན་ཁྲི་སྐོར་བཅུ་གསུམ་གྱིས་ཐོག་དྲངས། དབུས་གཙང་ཁམས་གསུམ། རང་ཉིད་ཀྱི་མངའ་འབངས་རིགས་རྒྱུད་དང་བཅས་པ་ཐམས་ཅད་གོང་ས་སྲིད་ཞིའི་གཙུག་རྒྱན་ལྔ་བ་ཆེན་པོའི་དེ་ནི་མངའ་འབངས་ལ་ཆོས་གཞིས་སུ་བསྟན་པ་ནམ་གནས་བར་ལ་ཕུལ་བ་ཡིན་ཟེར་བྱས་ནས། དེ་ནི་དེ་འདྲས་དེ་ནི་དྲིལ་བསྒྲགས་དེ་འདྲས་བྱས་པ་རེད། ཟེར། ཚང་མ་ལོགས་ལ་ཁྱབ་བསྒྲགས་དེ་འདྲས་བྱས།
  • ནོར་བྲང་ཨོ་རྒྱན།
    ཁྱབ་བསྒྲགས་བྱས་པ་ནས་བཟུང་ཏེ་དགའ་ལྡན་ཕོ་བྲང་པའི་སྲིད་དབང་ཡིན་ནའི་དེ་ནི་སྐབས་དེ་དུས་ཡིན་ན་མགོ་འཚུགས་པ་དེ་འདྲས་རེད་ཟེར། མགོ་འཚུགས་པ་བྱས་དེ་འདྲས་རེད། ཟེར།
  • ནོར་བྲང་ཨོ་རྒྱན།
    གུ་ཤྲཱི་བསྟན་འཛིན་ཆོས་རྒྱལ་འདི་ཉིད་རིས་བྲལ་གྱི་གྲུབ་པའི་མཐའ་རྣམས་ལ་གུས་འདུད་ལྷུར་ལེན་གྱི་ལྷག་པའི་བསམ་པ་མངའ་ན་ཡང་། དེ་ནས་མི་རིང་བར་ཀར་སྲིད་རྣམས་ཀྱིས་བྱེད་སྤྱོད་མ་མཁས་པར་བརྟེན། མ་གཞི་དེ་ནི་གུ་ཤྲཱི་བསྟན་འཛིན་ཆོས་རྒྱལ་པོ་དེ་ནི་རིས་མོས་ཀྱི་གྲུབ་པའི་མཐའ་ཐམས་ཅད་ལ་གུས་འདུད་ལྷུར་ལེན་གྱི་ལྷག་པའི་བསམ་པ་རྣམ་པར་དག་པ་དེ་འདྲས་རེད་དའི་ཡིན་ནའང་། དེ་ནི་མི་རིང་བའི་ཐོག་ནས་དེ་ནི་ཀར་སྲིད་དེ་ནི་བཀའ་རྒྱུད་ཀྱི་སྲིད་རྣམས་ཀྱིས། བཀའ་རྒྱུད་ལ་ཕྱོགས་པའི་དེ་ནི་སྲིད་རྣམས་ཀྱིས་བྱེད་སྒོ་མ་མཁས་པ་ལ་བརྟེན་ནས།
  • ནོར་བྲང་ཨོ་རྒྱན།
    གཙང་པས་དེ་ནི་སྡེ་གཟར་བསྐྱར་བསླངས་ཀོང་པོ་ཀར་སྲིད་ཞོ་ཁ་བའི་དམག་ལྟོས་ཆེ་བ་དང་བཅས། རྒྱལ་དང་འོལ་ཁ་སོགས་སུ་བརྒྱབ། གཙང་ཕྱོགས་སུ་རྣམ་གླིང་དང་། རིན་སྤུངས། རྒྱལ་རྩེ་སོགས་ཤོར་ཏེ་པ་སྣམ་དང་། གཞི་ཀ་རྩེ་སོགས་ཀྱང་ཤོར་ཐུག་པའི་ཉེན་ཁར་ཐུག་པ། དེ་ནི་སྐབས་དེ་དུས་ད། ཡང་བཀའ་བརྒྱུད་པའི་ཕྱོགས་ཀྱི་དེ་ནི་རྦད་དེ་དམག་དེ་འདྲས་བརྒྱབ་བྱས། གཞི་ཀ་རྩེ་ཡང་ཤོར་ལ་ཉེ་བའི་ཉེན་ཁར་ཐུག་དུས་ཙམ་པ་དེ་ནི་རྦད་དེ།
  • ནོར་བྲང་ཨོ་རྒྱན།
    གུ་ཤྲཱི་སྲས་བསྟན་འཛིན་དཱ་ལན་ཧན་གྱིས་སྣེ་ཁྲིད་པའི་བོད་སོག་མཉམ་འབྲེལ་དམག་དཔུང་གིས་ཤར་ཕྱོགས་ཀོང་པོའི་ཡུལ་ཚུན་ཆད་དཔུང་ཤེད་ཀྱིས་སྤྱད། གཏེར་སྟོན་འཇའ་ཚོན་པས་རང་གཏེར་དུ་སློབ་དཔོན་ཆེན་པོའི་སྤྲུལ་པར་བསྟན་ཡོད་ཅེས་ངོས་བཟུང་། ཟེར། རྒྱ་གར་གྱི་རྒྱལ་པོ་ཁོ་ཤིང་། བལ་ཡུལ་ཡམ་བུའི་རྒྱལ་པོ། མངའ་རིས་རྒྱལ་པོ་སོགས་མཐའི་རྒྱལ་པོ་མང་པོས་ཀྱང་། རང་རང་ཡུལ་ལུགས་ཀྱི་སྐྱེས་མང་དུ་ཕུལ། ཟེར།
  • ནོར་བྲང་ཨོ་རྒྱན།
    དེ་ཡང་རཏྣའི་བསྟན་པ་སྤྱི་ལུང་དུ། འབྲི་ཡི་རྭ་ཅོ་ཕག་གི་མཇུག་མ་ཅན༎ གུང་གི་ཚང་འཆའ་ས་ཡིས་ཟས་ཟ་ཞིང་༎   ཞེས་པའི་འོག་ཏུ། དབུས་གཙང་ཐམས་ཅད་སྐུ་ཡི་མངའ་འོག་འདུ༎ དེ་ལྟའི་བསྟན་པ་མི་ལོ་དྲུག་ཅུ་འབྱུང་༎ ཞེས་འབྲི་གུང་པ་དང་། ཕག་གྲུའི་བསྟན་པ་གཡག་ཙམ་ལས་རྭ་ཅོ་དང་མཇུག་མ་ལུས་པའི་ཚོད་ཙམ་གྱི་དུས་རྟགས་དང་གནས་ཚད་བསྟན་ཏོ། དེ་ནི་སྐབས་དེ་དུས། ཕག་གྲུའི་བསྟན་པ་དེ་དེ་ནི་གཡག་ཙམ་ལས་རྭ་ཅོ་དང་སྔ་མ། མཇུག་མ་ཙམ་ལུས་པའི་དེ་ནི་དུས་རྟགས་དེ་འདྲས་གནས་ཚད་བསྟན་པ་རེད། ཟེར།
  • ནོར་བྲང་ཨོ་རྒྱན།
    དེ་ཡང་རྒྱལ་བ་ཆེན་པོ་བཙོང་ཁ་པ་ཆེན་པོའི་ཐུགས་རྗེའི་བདུད་རྩི་ཆོས་ཀྱི་རྒྱལ་པོ་གང་གི་གསང་བ་གསུམ་གྱི་ཟ་མ་ཏོག་ཏུ་བལྟམས་པ་སྟེ། དེ་ཡང་དེ་ནི་རྒྱལ་བ་ཆེན་པོ་བཙོང་ཁ་པ་ཆེན་པོའི་ཐུགས་རྗེའི་བདུས་རྩི་ཆོས་ཀྱི་རྒྱལ་པོ་གང་གི་གསང་བ་གསུམ་གྱི་ཟ་མ་ཏོག་ཏུ་བལྟམས་པ་སྟེ། མི་ཕྱེད་པའི་དད་པ་ལྡན་པས། ཆོས་སྲིད་མཐའ་དག་གསེར་གྱི་འཁོར་ལོས་སྒྱུར་བའི་རྒྱལ་པོའི་དཔལ་ལ་འགྲན་པ་འདི་བཞིན་ནོ། ཟེར།
  • ནོར་བྲང་ཨོ་རྒྱན།
    ད་དེ་འདྲས་ཀྱི་དཔེར་ན། གོང་ས་ཆེན་པོ་ཆོས་ཀྱི་བཙོང་ཁ་པ་ཆེན་པོས་དེ་ནི་ཐུགས་རྗེའི་འོད་ཟེར་ལ་བརྟེན་ནས། རྒྱལ་པོ་དེ་ནི་གུ་ཤྲཱི་བསྟན་འཛིན་ཆོས་ཀྱི་རྒྱལ་པོས་དེ་ནི་གསང་བ་གསུམ་གྱི་དེ་ནི་ཟ་མ་ཏོག་ཏུ་བལྟམས་པ་སྟེ། མི་ཕྱེད་པའི་དད་པ་ལྡན་པས་ཆོས་སྲིད་ཀྱི་མཐའ་དག་དེ་ནི་ཆོས་སྲིད་མཐའ་དག་དེ་ནི་གསེར་གྱི་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་དཔལ་ལ་འགྲན་པ་འདི་བཞིན་ནོ། ཟེར
  • ནོར་བྲང་ཨོ་རྒྱན།
    སྐབས་དེ་དུས་ད་ལྔ་པ་ཆེན་པོ་སྐུ་བཞུགས་གནང་བའི་ཁ་གཏུག་ལ་ཡིན་ནའི། དེ་ནི་མངའ་ཐང་ཡིན་ན་ཆེན་པོ་རྒྱས་པ་དེ་འདྲས་ཐོག་ལ་ཕར་བསྟོད་བསྔགས་གནང་བ་དེ་འདྲས་གཅིག་རེད། ཟེར། 
  • ནོར་བྲང་ཨོ་རྒྱན།
    ད་དེ་རིང་ཨ་ལས་ཞུ་ཡས་ད་ག་བྱས་སོ། ལགས་སོ།