Skip to main content Skip to search
15 Dec 2011
24 min 16 sec
Rating
0
No votes yet
Video Overview
Creators: 
Unknown

In a series of over 20 videos, scholars read from and provide oral commentaries on the historical annals written by the Fifth Dalai Lama.

Show More

  • ད་འདི་ད་ལྟ་བོད་ཀྱི་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས། ཨ་ནི་རྒྱལ་དབང་ལྔ་པ་ཆེན་པོའི་གསུང་རེད།
  • དེ་གཙོ་བོ་བོད་ཀྱི་ལོ་རྒྱུས་རེད།
  • ཡིན་ན་ཡང་དེ་རིང་འདིའི་ཨ་ནི་དད་འུད་ལགས་ཀྱིས་ང་ལ་ཡ་འདིའི་ཨ་ནི་འདིའི་སྒང་གི་མཆོད་བརྗོད་དེ།
  • ཨཱ་སྒང་གི་མཆོད་བརྗོད་དང་གཤམ་གྱི་མཇུག་བྱང་དེ་གྱད་༼རྣམས༽དེ་ལ་ཡ། ཨ་ནི་སྙན་ངག་གི་འགྲོ་སྟངས་སྒང་ལ་གང་འདྲས་གང་འདྲས་རེད།
  • ཟེར་བྱས་བྱས། ཨ་ནི་གཅིག་ཟུར་ཙམ་ཅིག༼ཞིག༽་བཤད་རོགས་བྱེད། གསུངས་པ་རེད།
  • དེ་གསུངས་པ་གཞིར་བཞག་བྱས་ད་ངས་དེ་རིང་ཅིག་གི་ཏིག་ཙ༼ཙམ༽གྲ་སྒྲིག་བྱས་བྱས་དེ་འདྲས་བྱེད་ཡས་ག་གའི་༼གང་ཡང༽བྱུང་མ་སོང་།
  • དེ་འདྲས་ཡིན་དུས་ཙམ་ནས་ཞེ་དྲག་གི་དེ་བྱེད་པོ་ཞུ་ཐུབ་ཀྱི་མ་རེད་དའི། ཨ་ནི་ང་རས༼རང་གིས༽གང་ཤེས་ཤེས་ཅིག
  • མར་འདུག་བཟོ་ཞུ་གི་༼ཡི༽ཡིན།ཨཱ་ད་འདི་མཆོད་བརྗོད་དེ། མཆོད་བརྗོད་ཟེར་མཁན་འདི་ནི།
  • ང་རང་ཚོ་བོད་ཀྱི་རྩོམ་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གཅིག་རེད།
  • སྙན་ངག་གི་ནང་ལ་ཡ་ག་རེ་ཟེར་གྱི་ཡོའོ་རེད་ཟེར་ན།
  • སྙན་ངག་གི་སྒོ་ཟེར་དུས་ཙམ་ནས། མཆོད་བརྗོད་ཕྱག་བྱ་དངོས་པོ་ནི་ངེས་པར་བསྟན་པའང་དེ་ཡི་སྒོ ཟེར་བྱས་མཆོད་པར་བརྗོད་པ་དང་།
  • ཕྱག་བྱ་བ། དངོས་པོ་ངེས་པར་བསྟན་པ། དེ་གསུམ་པོ་དེ་གྱད་བོད་ཀྱི་རྩོམ་རིག་ཀྱི་ནང་ལ་མང་ཆེ་བ། ཕལ་ཆེར་ཨ་ནི།
  • མེད་པའམ་དེ་གསུམ་པོ་གང་རུང་གཅིག་མེད་པ་མི་སྲིད་པ་ཙམ་རེད།
  • བྱས་ཙང་དེའི་ནང་ལ་ཡ་མཆོད་བརྗོད་དང་ཕྱག་བྱ་བ་ལ་སོགས་པ་ཨ་ནི་འདུག་བཟོ་བཀོད་གནང་པ་རེད།
  • དེ་གཞིར་བཞག་བྱས། དེའི་ནང་ནས་དགོངས་པ་ཅིག་དག་ཟབ་ཅིང་རྒྱས་པ་རེད་ཤིན་ཏུ་དེ་འདྲས་ཡིན་དུས་ཙམ་ནས་རེ་རེ་བྱས་ཞུ་ཐུབ་ཀྱི་མ་རེད་དའི་ཡིན་ནའི་དེ།
  • གཙོ་བོ་རྒྱན་གྱི་གནད་འགག་དེ་མར་ཞུ་ཡས་ཡིན།
  • ཨ་ནི་མར་ཀློག
  • བསྐལ་པ་བཟང་པོའི་བལྟ་ན་སྡུག་པའི་གྲོང་ཁྱེར་དབུས་ན་འཇིགས་བྲལ་སྙིང་སྟོབས་གསེར་གྱི་གདན་ཁྲི་ལ༎       གྲགས་སྙན་ནོར་བུའི་རྣ་རྒྱན་འོད་གཟི་མངོན་པར་རབ་འབར་ཆོས་ཀུན་མ་ལུས་གཟིགས་པའི་མིག་སྟོང་ཅན༎       མཐའ་གཉིས་བཅུད་བྲལ་སྡེར་བཅས་བཅོམས་པའི་རྒྱལ་རྔ་སྟོང་བརྡུངས་སྟོབས་བཅུ་མངའ་བ་མཁར་ཉལ་ཚོགས་ཀྱི་དཔལ༎    བླ་ན་མཐོ་བའི་ཁྱུ་མཆོག་ཟས་གཙང་སྲས་པོ་འཆི་མེད་གཙོ་བོས་འཇིག་རྟེན་གསུམ་དུ་དགེ་ལེགས་མཛོད༎ འོ་ད་ཤོ་ལོ་ཀ་དང་པོ་དེ་འདི་རེད།
  • འདིའི་ནང་ལ་བསྐལ་པ་བཟང་པོའི་བལྟ་ན་སྡུག་པའི་གྲོང་ཁྱེར་དབུས་ན་འཇིགས་བྲལ་སྙིང་སྟོབས་གསེར་གྱི་གདན་ཁྲི་ལ་ཟེར་ཡས་དེ། བསྐལ་པ་བཟང་པོ་ཟེར་ད་ལྟའི་འཇིག་རྟེན་འདི། ད་ལྟའི་བསྐལ་པ་འདི་འོང་།
  • འདི་ཡིན་ན་སངས་རྒྱས་སྟོང་ཨ་ནི་བྱོན་པའི་རིམ་པར་བྱོན་པ་ཡིན་ཙང་། ཨ་ནི་ད་ལྟའི་བསྐལ་པ་འདི་ལ་བསྐལ་པ་བཟང་པོ་ཟེར་བྱས།
  • ཨ་ནི་བསྐལ་པ་བཟང་པོའི་བལྟ་ན་སྡུག་པའི་གྲོང་ཁྱེར་ཟེར་དུས་ཙམ་ནས། སྐབས་འདི་ལ་བལྟ་ན་སྡུག་པའི་གྲོང་ཁྱེར་ཟེར་ཡས་འདི།
  • ད་ལྟའི་ཨ་ནི་བསྐལ་པ་འདི་བརྒྱ་བྱིན་གྱི་བལྟ་ན་སྡུག་པའི་གྲོང་ཁྱེར་གྱི་གཟུགས་སུ་བཀོད་པ་རེད། བལྟ་ན་སྡུག་པའི་གྲོང་ཁྱེར།
  • དེའི་དབུས་ན་འཇིགས་བྲལ་སྙིང་སྟོབས་ཟེར་འཇིགས་པ་དང་། སངས་རྒྱས་ཀྱི་འཇིགས་པ་དང་བྲལ་བའི་སྙིང་སྟོབས་དེ།
  • བརྒྱ་བྱིན་གྱི་ཨ་ནི་གསེར་གྱི་གདན་ཁྲིའི་གཟུགས་སུ་བཀོད། བྱས་ཙང་འཇིགས་བྲལ་སྙིང་སྟོབས་གསེར་གྱི་གདན་ཁྲི་ལ་ཟེར་བྱས། 
  • གྲགས་སྙན་ནོར་བུའི་རྣ་རྒྱན་འོད་གཟི་མངོན་པར་རབ་འབར་ཆོས་ཀུན་མ་ལུས་གཟིགས་པའི་མིག་སྟོང་ཅན༎ ཟེར་ཡས་དེ། ད་གྲགས་སྙན་ནོར་བུའི་རྣ་རྒྱན་ཟེར་ཡས་དེ། གྲགས་པ་སྙན་པོ་དེ་ནོར་བུའི་རྣ་རྒྱན་གྱིཨ་ནི་གཟུགས་སུ་བཀོད།
  • དེའི་འོད་ཟེར་ཨ་ནི་མངོན་པར་རབ་ཏུ་འབར་བ་ཆོས་ཀུན། ད་ཆོས་ཐམས་ཅད་ཨ་ནི་གཟིགས་པ་རེད་པ། སངས་རྒྱས་ཆོས་ཀུན་གཟིགས་པ་རེད།
  • འོ་དེ་ཆོས་ཀུན་གཟིགས་པ་དེ་མིག་སྟོང་ཅན་ཏེ། བརྒྱ་བྱིན་གྱི་གཟུགས་སུ་བཀོད་ཡོའོ་རེད།
  • ཨོའོ་དེ་རེད། མིག་སྟོང་ཅན་སངས་རྒྱས་བརྒྱ་བྱིན་གྱི་གཟུགས་སུ་བཀོད།
  • མཐའ་གཉིས་བཅུད་བྲལ་སྡེར་བཅས་བཅོམས་པའི་རྒྱལ་རྔ་སྟོང་བརྡུངས་སྟོབས་བཅུ་མངའ་བ་མཁར་ཉལ་ཚོགས་ཀྱི་དཔལ༎ ཟེར་ཡས་འདི།
  • མཐའ་གཉིས་ཟེར་དུས་ཙམ་ནས། རྟག་ཆད་ཀྱི་མཐའ་གཉིས་ཟེར་བ་དེ་རེད།
  • འོ་དེ་རྟག་ཆད་ཀྱི་མཐའ་གཉིས་ཀྱི་མཐའ་གཉིས་དང་བྲལ་བ་དེ། འོང་མཐའ་གཉིས་དང་བྲལ་བ་དེ། འོང་བཅུད་བྲལ་ཟེར་དུས་ཙམ་ནས།
  • ད་དེ་བཅུད་བྲལ་སྡེར་བཅས་ཟེར་དུས། བཅུད་བྲལ་ཟེར་ཉན་༼མཁན༽དེ་གཅིག་ཡིན་ན་སྔོན་མ་ལྷ་དང་ལྷ་མ་ཡིན་འཐབས་པའི་སྐབས་་ལ་ལྷ་མ་ཡིན་ལ་ཨ་ནི་བདུད་རྩི་མ་རགས་པ་རེད།
  • བྱས་ཙང་བཅུད་མིན་ལྡན་ཟེར་བྱས། ལྷ་རྣམས་ལ་བདུད་རྩི་རགས་པ་ཡིན་ཙང་བཅུད་ལྡན་ཟེར། ལྷ་མ་ཡིན་ལ་བཅུད་བྲལ་ཟེར་མཁན་དེ་འདིའི་བརྒྱ་བྱིན་གྱི་དབང་དུ་སྦྱར་ན།
  • ཨ་ནི་བརྒྱ་བྱིན་གྱིས་ལྷ་མ་ཡིན་སྡེ་དང་བཅས་པ་བཅོམས་པ་ཟེར།
  • ད་སངས་རྒྱས་ཀྱི་དབང་དུ་བྱས་ན་བདུད་སྡེ་བཅོམས་པ་རེད་པ་ཨ་ནི་མཐའ་གཉིས་ཀྱི་རྟག་ཆད་ཀྱི་མཐའ་གཉིས་སུ་ལྷུངས་བ་སྡེ་དང་བཅས་པ་བཅོམས་པ།
  • འོང་། བྱས་ཙང་རྟག་ཆད་ཀྱི་མཐའ་གཉིས་སུ་ལྷུང་བ་རྣམས་ད་བདུད་སྡེའི་གཟུགས་སུ་བཀོད་པ་རེད་པ།
  • ད་ག་རེ་ཟག༼ཟེར༽དེ། ལྷ་མ་ཡིན་གྱི་གཟུགས་སུ་བཀོད་པ་རེད་པ། བདུད་སྡེ་བཅོམ་པ་དེ་གྱད།
  • འོ་ད་དེ་དག་བཅོམས་ནས་དཔལ་རྒྱལ་རྔ་སྟོང་བརྡུངས་སངས་རྒྱས་ཀྱི། ཨ་ནི་སྟོབས་བཅུ་མངའ་བ་ཟེར་དུས་སྟོབས་བཅུ་མངའ་བ་སངས་རྒྱས་རེད།
  • གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས། མོས་པ་སྣ་ཚོགས་མཁྱེན་པའི་སྟོབས། ཁམས་སྣ་ཚོགས་མཁྱེན་པའི་སྟོབས་ཟེར་ཡས་དེ་འདྲས་ཡོད་པ།
  • ད་སྟོབས་བཅུ་ཅིག་ཡོའོ་རེད། དེ་ལ་སྟོབས་བཅུ་མངའ་བ་ཟེར་དུས་སངས་རྒྱས་རེད།
  • ་མཁར་ཉལ་ཚོགས་ཀྱི་དཔལ་ཟེར་དུས། ད་མཁར་ཉལ་ཟེར་ན་སྤྱིར་ཡིན་ད་བྱ་དང་ཨ་ནི་དེ་འདྲ་ལ་འཇུག་གི་རེད་དའི།
  • ཨ་ནི་ལྷ་ལ་དེ་འདྲས་འཇུག་གི་རེད།ད་རིང་འདི་ལ་ལྷ་རྣམས་ཀྱི་དཔལ་ཟེར་གྱི་ཡོའོ་རེད་པ།
  • ལྷ་རྣམས་ཀྱི་དཔལ་དུ་བླ་ན་མཐོ་བ། འོ་ད་དེ་ཟེར་གྱི་རེད་གཤམ་འདའི༼འདིར༽།
  • བླ་ན་མཐོ་བ་ཟེར་ཡས་དེ། བླ་ན་མཐོ་བའི་ཁྱུ་མཆོག ལྷ་རྣམས་ཀྱི་དཔལ་དུ་བླ་ན་མཐོ་བ།
  • ཁྱུ་མཆོག་དེའི་རྣམས་ཀྱི་ལྷ་རྣམས་ཀྱི་ཁྱུ་མཆོག དེ་ནི་ལྷའི་གཙོ་བོར་གྱུར་པའི་བརྒྱ་བྱིན། ད་གིན་བརྒྱ་བྱིན་གྱི་གཟུགས་སུ་བཀོད་སོང་ང་།
  • སངས་རྒྱས་འོ་ད་སངས་རྒྱས་མི་རྣམས་ཀྱི་ཁྱུ་མཆོག་རེད། ལྷ་རྣམས་ཀྱི་ཨ་ནི་སྒང་ལ་བླ་ན་མཐོ་བ། དེ་འོ་འདུག་བཟོ་རེད།
  • ཨ་ནི་ཟས་གཙང་སྲས་པོ། རིགས་ཟས་གཙང་ལས་ཆད་པ་ཡིན་ཙང་ཟས་གཙང་ཟེར། འཆི་མེད་གཙོ་བོ་ཟེར་དུས་ཙམ་ནས་་བརྒྱ་བྱིན་རེད་ཡང་།
  • དེ་ཡིན་དུས་སངས་རྒྱས་བརྒྱ་བྱིན་གྱི་གཟུགས་སུ་བཀོད་པ་རེད་པ།
  • འཇིག་རྟེན་གསུམ་དུ་དགེ་ལེགས་མཛོད། འོང་འཇིག་རྟེན་གསུམ། འོང་ས་འོག ས་བླ། ས་སྟེང་།གསུམ་ལ་ཨ་ནི། གང་གིས་ཤིས་པ་དགེ་ལེགས་མཛོད་ཅིག། ཟེར།
  • ཨ་ནི་དེ་ཤིས་པ་བརྗོད་པ་ཡང་རེད་དེ། འོང་དེ་མཆོད་བརྗོད་གཅིག་བྱས།
  • དང་པོ་འདི་ཡིན་ན། དོན་རྒྱན། སྒྲ་རྒྱན། གབ་ཚིག་དང་གསུམ་ཡོད་པའི་ནང་ནས་དོན་རྒྱན་གྱི་ནང་གསེས་གཟུགས་རྒྱན་ཟེར་ཉན་དེ་འོ་ད། གཟུགས་རྒྱན་རེད། འོང་།
  • ཨཱ་ཚིགས་རྐང་གཉིས་པ་འདི་ལ་ཚིགས་རྐང་གཉིས་པ་ཟེར་ནའི་ཤོ་ལོ་ཀ་གཉིས་པ་འདི་ལ།
  • འཆི་བའི་དངོས་པོ་རྣམ་པར་འཇོམས་པའི་གཞོམ་མེད་ཚེ་ཡི་གཡུང་དྲུང་རྟག་པའི་རྡོ་རྗེ་གང་༎ ད་འདི་ཚིགས་རྐང་གཉིས་པ་འདི་འོང་།
  • ཚེ་དཔག་མེད་ལ་སངས་རྒྱས་ཚེ་དཔག་མེད་ལ་ཡ་དེ་བརྗོད་པ་རེད་པ། ད་འོང་། དགེ་ལེགས་མཛོད་ཟེར་བྱས་བྱས་ཤིས་པ་བརྗོད་པ་དེ་འདྲས་ཡིན་པ།
  • ལོངས་སུ་སྤྱོད་ལ་ཟད་མི་ཤེས་པར་འདོད་པ་འཇོ་བའི་འབྱུང་གནས་མཆོག་གི་གན་མཛོད་ཀྱི༎ ད་འདིའི་ནང་ལ་འཆི་་པའི་དངོས་པོ་རྣམ་པར་བརྗོད་པ།
  • འཆི་བའི་དངོས་པོ་དེ་རྣམ་པར་འཇོམས་པ། གཞོམ་པ་མེད་པའི་ཨ་ནི་ཚེ་ཡི་གཡུང་དྲུང་ཚེ་མི་ཞིག་པ་ཚེ་་རྟག་ཏུ་བརྟན་ཡས་དེ་རེད་པ་འོ་ད་་རྟག་ཏུ་བརྟན་པའི་རྡོ་རྗེ།
  • འགྱུར་བ་མེད་པ་འདིས། འདི་ལ་ལོངས་སུ་སྤྱོད་པ། ཟད་མི་ཤེས་པ་བང་མཛོད་ཀྱི་ནང་ལ་ག་རེ་ཡིན་ནའི་ཟད་མི་ཤེས་པ་ཡོང་གི་ཡོའོ་རེད།
  • རྒྱལ་པོའི་དེ་ནང་བཞིན་བྱས། ཚེའི་ཨ་ནི་ཟད་མ་ཤེས་པ་བྱས་ཚེ་ལ་ཡ་ད། ཚེ་འདོད་པ་འཇོ་བའི་འབྱུང་གནས་མཆོག་གི་བང་མཛོད་ནང་བཞིན་རེད།
  • རེད་ཟེར་ཚེ་དཔག་མེད་ལ་འདུག་བཟོ་བྱས། 
  • འོང་། ཁྱབ་བདག་དབང་པོ་ཟེར་བྱས། ཁྱབ་བདག་ཟེར་སངས་རྒྱས་རེད། ད་དེ་གིའི་སངས་རྒྱས་རྣམས་ཀྱི་དབང་པོར་དུས་གསུམ་རྒྱལ་བ་རྣམས་ཀྱིས་ཡོངས་སུ་ལེགས་པར་བསྔགས་པ། ད་རྐང་པ་འདི་ལ་ཚིགས་རྐང་འདི་ལ།
  • ཨ་ནི་དེ་ལྟ་བུ་ཨ་ནི་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ།
  • ཚེ་དཔལ་ཡོངས་འདུའི་ལྗོན་པ། ད་ཚེ་དང་དཔལ། ་ཡོངས་འདུའི་ལྗོན་པ་ཟེར་དུས་ཙམ་ནས་ད་ཚེ་དང་དཔལ་ཡོངས་འདུའི་ལྗོན་པའི་གཟུགས་སུ་བཀོད། 
  • ཡོངས་འདུའི་ལྗོན་པ་ཟེར་ཉན༼མཁན༽དེ་གང་འདྲས་ཅིག་ཡོའོ་རེད་ཟེར་ན།
  • ཨ་ནི། ཡལ་ག་དང་ལོ་འདབ་ཤིན་ཏུ་རྒྱས་པ། ཨ་ནི་ཡལ་ག་དང་ལོ་འདབ་བཟོ་འདྲ། ཨ་ནི་འོང་ཅི་དང་ཅི་འདོད་་པའི་དངོས་གྲུབ་ལེན་རྒྱུ་ཡོད་པ་དེ་འདྲས་ཅིག་གི་ད། ལྷའི་ལྗོན་པ་གཅིག་རེད་པ།
  • འོ་ད་ལྗོན་པ་དེ་ཟེར་གྱི་ཡོའོ་རེད། ད་དེའི་གཟུགས་སུ་བཀོད་པ་རེད། ཚེ་དང་དཔལ་ཚེ་དཔག་མེད་ཀྱི་ཐུགས་རྗེ་ལ་བརྟེན་ནས་ཚེ་དང་དཔལ་གྱི་འདོད་པ་འཇོ་བ་ཟེར་མཁན་དེ། འོ་ད་དེའི་ཨ་ནི་ལྗོན་པ་དེ་དུས་སུ་སྨིན་པའི་དངོས་གྲུབ་རེད་པ། འབྲས་བུ་བླ་ན་མེད་པ་སྩོལ་ཅིག་ཟེར། སངས་རྒྱས་ཚེ་དཔག་མེད་ལ་ཡ།
  • ཚེའི་དངོས་གྲུབ་ད་མ་སོང་ནའི་སྐུལ།
  • དཱ། ཚར་དུ་དངར་བའི་མཁྱེན་པའི་གེ་སར་གཞོན་ནུའི་ལང་ཚོའི་ལྕགས་ཀྱུ་ཡིས།
  • ད་ཚར་དུ་དངར་བ་མཁྱེན་པ། འོ་ད་འདི་ནས་རྐང་པ་འདི་འཇམ་དཔལ་དབྱངས་ལ་བསྟོད་པ་རེད།
  • ཆོས་ཀུན་རི་དྭགས་མིན་ཅན་མ་ཡི་སྙིང་ལ་བསྣུན་པའི་རང་དབང་དུ༎              འདུ་བྲལ་ཟློས་གར་རི་མོའི་སྣང་བརྙན་ཆོས་ཉིད་མེ་ལོང་གཙང་མའི་ངོས༎             རྗེན་པར་འཆར་བའི་བྱེད་པོ་ཟུར་ཕུད་ལྔ་པ་མགྲིན་པའི་རྒྱན་དུ་བཞུགས༎             
  • ཟུར་ཕུད་ལྔ་པ་ཟེར་འཇམ་དཔལ་དབྱངས་ཀྱི་མཚན་རེད་པ།
  • ད་གསར་དུ་མངའ་བའི་མཁྱེན་པ་ཟེར་ན་འཇམ་དཔལ་དབྱངས་ནི་སངས་རྒྱས་ཐམས་ཅད་ཀྱི་ཨ་ནི་ཤེས་རབ་ལྷ་སྐུའི་གཟུགས་སུ་འཆར་བ་དེ་ཡིན་དུས།
  • ཚར་དུ་དངར་བའི་མཁྱེན་པ་དེ་ཨ་ནི། གེ་སར་གཞོན་ནུའི་ལང་ཚོའི། སྐུ་ལ་ཡིན་ན་གཞོན་ནུའི་ལང་ཚོ།
  • མཁྱེན་པའིགེ་སར་དང་ལྡན་པ། འོ་ད་དེ་ལྟ་བུའི་ལྕགས་ཀྱུ་ཡི་སྐུ་དེ་ཨ་ནི་གཞོན་ནུའི་ལང་ཚོ་ཅན་གྱི་སྐུ་དེ་ལྕགས་ཀྱུའི་གཟུགས་སུ་བཀོད།
  • དེ་ནས་ཨ་ནི་ཆོས་ཀུན་རི་དྭགས་མིག་ཅན་མ་ཡི་སྙིང་ལ་བསྣུན་པའི་ད་གཞོན་ནུ་ལང་ཚོ་ཡིད་དུ་འོང་བ་གཅིག་ཡིན་ན།
  • ཨ་ནི་རི་དྭགས་མིག་ཅན་མ་ཡིན་ན་འགུགས་ཐུབ་ཀྱི་ཡོའོ་རེད་པ། དེ་ནང་བཞིན་བྱསབྱས་ནས་ཨ་ནི་ཆོས་ཐམས་ཅད།
  • རེད་པ། ཇི་ལྟ་ཇི་སྙེད་པའི་ཆོས་ཐམས་ཅད་འཇལ་དཔལ་དབྱངས་ཀྱིས་མཁྱེན་པ་ཡིན་ཙང་། འོ་ད་ཨ་ནི་ཆོས་ཀུན་དེ་གྱད༼རྣམས༽་དེ་རི་དྭགས་མིན་ཅན་མ་དེ་བུད་མེད་མཛེས་མ་རྣམས་ཀྱི་གཟུགས་སུ་བཀོད།
  • དེའི་སྙིང་ལ་བསྣུན་པའི་ལྕགས་ཀྱུ། སྙིང་ལ་ཨ་ནི་ད་ལྟ་ལྕགས་ཀྱུ་དེ་ཨ་ནི་རི་དྭགས་མིག་ཅན་མའི་སྙིང་ལ་བསྣུན་པ་རེད་ཟེར།
  • མཁྱེན་པ་དེས་ཇི་ལྟ་ཇི་སྙེད་པའི་ཤེས་བྱ་ཐམས་ཅད་རང་དབང་དུ་གནང་ཐུབ་པ། འགུགས་ཐུབ་པ། མཁྱེན་པ་འོ་དེ་རེད།
  • འོ་འདུག་བཟོ་བྱས་བྱས་ནས། ཨེ་དེ་བྱས།
  • ཨ་ནི་འདུ་བྲལ་ཟློས་གར། རང་བཞིན་དུ་འདུ་བ་དང་བྲལ་བ་ལ་སོགས་པའི་དེ་མ་ཡིན་པ་རེད་པ། ཆོས་ཐམས་ཅད་བློས་བཏགས་ཙམ་ཡིན་དུས།
  • རང་དབང་དུ་ཚུར་ཨ་ནི་འདུ་བྲལ་ཡོའོ་མ་རེད་པ་དེ་ལྟ་བུའི་དེ་ནི་འཇིག་རྟེན་གྱི་དངོས་པོ་དེ། འོང་། 
  • ཟློས་གར་རི་མོའི་གཟུགས་བརྙན་རི་མོའི་སྣང་བརྙན་ཆོས་ཉིད་མེ་ལོང་གཙང་མའི་ངོས༎
  • ད་དེ་གྱད་དེ་མཁྱེན་པའི་ཆོས་ཉིད་ཀྱིས་ད་མཁྱེན་པའི་མེ་ལོང་། མཁྱེན་པ་དེ་མེ་ལོང་གི་གཟུགས་སུ་བཀོད་ནས་དེའི་ནང་ལ་ཇི་ལྟ་ཇི་སྙེད་ཐམས་ཅད་དུ་གསལ་ཐུབ་པ་དེ་བྱས།
  • རང་བཞིན་དུ་རྗེན་པར་འཆར་བ་ཟེར་ཡས་དེའི་གཤམ་ལ་འོ་ད་མེ་ལོང་གཙང་མའི་ངོས། ངོས་ལ་ཡ་ཨ་ནི་འཇིག་རྟེན་གྱི་ད་གནས་ལུགས་ཅི་དང་ཅི་ཡིན་པ་དེ་ཚོ་མཁྱེན་པ་དེ་ལ་རྗེན་པར་འཆར་བ། མེ་ལོང་ངོས་ལ་གསལ་བ་ནང་བཞིན་མཁྱེན་པ་ཟེར་བྱས།
  • འོ་དེ་འདྲས་འཆར་བ་གཅིག་ལ་ཡ། ཨ་ནི་བྱེད་པོ་ཟུར་ཕུད་ལྔ་པ་ངའི་མགྲིན་པའི་རྒྱན་དུ་བཞུགས་ཅིག་ཟེར།
  • རང་གི་མགྲིན་པར་བཞུགས་པར་སྐུལ་ནས་དེ་ཤིས་པ་བརྗོད་པའི་ཚིག་རེད་པ་དེ།
  • སྣང་མཛོད་འབུམ་གྱི་དྲྭ་བས་འཁྱུད་པའི་བྱུ་རུའི་རྡུལ་བརྩེགས་ལ༎               བརྟན་གཡོའི་དངོས་ཀུན་དབང་དུ་བྱེད་པའི་་ཡོན་ཏན་ཡོངས་རྫོགས་པའི༎              ཟུར་མིག་ཉག་ཕྲན་ཙམ་གྱིས་དགེ་བའི་གཟུགས་ཅན་འདུས་མ་བྱས༎              འདར་མཛད་རིག་བྱེད་ལྷ་མོས་སྲིད་པ་གསུམ་དུ་མངའ་སྒྱུར་ཅིག
  • ད་ལྷ་མོ་རིག་བྱེད་མ་ལ་ཡ་འོང་ཤིས་པ་བརྗོད་པ་རེད།
  • སྣང་མཛོད་ཟེར་དུས་ཙམ་ནས་ཨ་ནི་ཉི་མའི་མིང་རེད་པ། ཉི་མ་འབུམ་གྱི་དྲྭ་བས་འཁྱུད་པ་གཟི་བྱིན་སྐུའི་གཟི་སྦྱིན་དེ་ཉི་མ་ཨ་ནི་འབུམ་གྱི་དྲྭ་བས་འཁྱུད་པ་ནང་བཞིན། ཉི་མའི་འོད།
  • ཉི་མའི་འོད་ཟེར་དེ་ག་ཙམ་ཅིག་གི་གཟི་བྱིན་ཆེན་པོ།
  • བྱུ་རུའི་རྡུལ་བརྩེགས་ཟེར་དུས། བྱུ་རུ་ཟེར་ཡས་དེ་དམར་པོ་རེད་པ། རིན་པོ་ཆེ་བྱུ་རུ། རིན་པོ་ཆེ་དམར་པོ་གཅིག་རེད་པ།
  • དེའི་རྡུལ་བརྩེགས་ཟེར་དུས་ཙམ་ནས་བྱུ་རུ་གིས་སྐུའི་གཟི་བྱིན་དེ་ཨ་ནི་བྱུ་རུའི་རི་བོ་བརྩེགས་པ་ལྟ་བུ།
  • འདུག་བཟོ་བཀོད། བྱུ་རུ་ཡ་ད་བྱུ་རུའི་ཕུང་པོ་ལྟ་བུ་གཅིག་ལ་བཀོད།  སྐུ་དེ་འོང་། 
  • བརྟན་གཡོའི་དངོས་ཀུན་ཟེར་ན། བརྟན་པ་སྣོད་ཀྱི་འཇིག་རྟེན་དང་གཡོ་བ་བཅུད་ཀྱི་སེམས་ཅན་ཨ་ནི་དངོས་པོ་ཀུན་རེད་པ།
  • ཨ་ནི་ཨཱ། དབང་དུ་བྱེད་པ་འོང་དབང་དུ་བྱེད་པ་དེ་ལྟ་བུའི་ཡོན་ཏན་ཡོངས་སུ་རྫོགས་པའི་ཟུར་མིག་ཉག་ཕྲན་ཙམ་གྱིས་དགེ་བའི་གཟུགས་ཅན་འདུས་མ་བྱས།
  • ཟུར་མིག་གི་ཉག་ཕྲན་ཙམ་གྱིས། ཟུར་མིག་ཟེར་ན་ཟུར་གྱི་མིག་བྱས། ཟུར་མིག་གི་ཉག་ཕྲན་ཟེར་དུས་ཟུར་མིག་དེ་ཉག་ཕྲན། ཉག་ཕྲན་ཟེར་ན་མདའ་རེད་པ། དེའི་གཟུགས་སུ་བཀོད།
  • ཨ་ནི་དེ་ཡང་གཟུགས་ཅན་རེད། དེའི་ནང་ལ་མང་ཆེ་བ་གཟུགས་ཅན་རེད་པ།
  • འདུག་ད། འོང་། ཟུར་ཕྲན་གྱིས་ཨ་ནི་དགེ་བའི་གཟུགས་ཅན་མ་ལུས་འདུས་མ་བྱས་པ། ཐམས་ཅད་ཨ་ནི་འདར་བར་མཛད་པ།
  • དེ་ལྟ་བུའི་ལྷ་མོ་རིག་བྱེད་པས། ཨ་ནི་སྲིད་པ་གསུམ་དུ་མངའ་སྒྱུར་བར་མཛོད་ཅིག་ཟེར་བྱས་སྐུལ།
  • ཡིད་འོང་བཞིན་རས་ཟླ་གཞོན་འཁོར་ལོ་གཉིས་སྐྱེས་ལ། ཟེར།
  • ད་ཡིད་དུ་འོང་བའི་བཞིན་རས་ཟླ་བ་གཞོན་ནུའི་འཁོར་ལོ་ཟླ་བའི་གཞོན་ནུ། འོང་། ད་གཉིས་སྐྱེས་ལ་ཟེར་། གཉིས་སྐྱེས་ཟེར་དུས་ཙམ་ནས་ཨ་ནི་བྱ་འདབ་ཆགས་དང་ཨ་ནི་བྲམ་ཟེ་དང་སོ་དང་། ཨ་དེ་འདྲས་ལའི་འཇུག་གི་ཡོའོ་རེད། བྲམ་ཟེ་ལ་གཉིས་སྐྱེས་ཟེར་དུས་ཙམ་ནས་ཐོག་མར་བྲམ་ཟེའི་རིགས་ལས་སྐྱེས། དེ་ནས་དེའི་རྒྱུད་ལ་ཨ་ནི་གཞུག་གུ་ལ་བྲམ་ཟེའི་ཆོ་ག་བྱས་བྱས་ཨ་ནི་བྲམ་ཟེ་ངོ་མ་ཆགས་པ་ཡིན་ཙང་། གཉིས་སྐྱེས་ཟེར།
  • འོ་ད་སོ་དང་འདབ་ཆགས་ཡིན་ན་ཐོག་མར་སྒོ་ང་སྐྱེས། དེ་ནས་བྱ་སྐྱེས། འོ་དེ་འདྲས་ལ་ཡ་གཉིས་སྐྱེས་ཟེར།
  • གཉིས་སྐྱེས་ཟེར་ཡས་དེ་དེ་གྱད་གྱི་་མིང་ཡིན་པའི་ནང་ནས། སྐབས་འདའི་༼འདིར༽གོ་ཡས་དེ་ཨ་ནི་ག་རེ་གོ་དགོས་རེད་ཟེར་ན། ཟླ་བ་ལ་གོ་དགོས་རེད།
  • ད་ཟླ་གཞོན་འཁོར་ལོ་དེ་གཉིས་སྐྱེས་ལ་འཁྲུལ་པ་སྟེར་ཟེར་དུས་ཙམ་ནས་ཞལ་རས་འདི་ཨ་ནི་ད་ང་རང་ཚོས་ཟླ་བ་ཟེར་ཡན་༼མཁན་༽དེ་ཡིན་ན།
  • མཛེས་པའི་དཔེ་ལ་བཤད་ཀྱི་ཡོའོ་རེད། ཟླ་བ་ཟེར་དུས་ཙམ་ནས་མཛེས་པའི་དཔེ་ལ་བཤད་ཀྱི་ཡོའོ་རེད། བྱས་ཙང་ཟླ་བ་ཉ་གང་པ་ལྟ་བུ་གཅིག་དང་།
  • ལྟ་བུ་ཡིན་ནམ་ཡང་ན་ཞལ་རས་ཡིན་པ་དེ་ལྟ་བུའི་འཁྲུལ་པ་སྟེར་གྱི་ཡོའོ་རེད། ཟེར།
  • ཟླ་བ་ཡིན་ནམ་ཞལ་རས་ཡིན་པ་ཨ་ནི་དབྱངས་ཅན་མའི་ཞལ་རས་ཡིན་པ་ཨ་ནི་གང་འདྲས་ཟེར་བྱས་བྱས་དཔེར་ན།
  • དབྱེ་བ་ཕྱེ་ཐུབ་པ་ཁག་པོ་རེད་ཅེས་འཁྲུལ་པ་སྟེར་གྱི་འདུག་ཟེར། ཡིན་ནའི་འཁྲུལ་པ་སེལ་ཡས་བྱེད་ཡས་ལ།
  • ཨ་ནི་ད་ཟླ་བ་ལ་སྐྲ་ཡོའོ་མ་རེད་པ། བྱས་ཙང་དེས་འཁྲུལ་པ་སྟེར་ཡས་འཕྱང་མོ་སེལ་བྱེད་མགོ་སྐྱེས་ཀྱིས་ཟེར།
  • འཕྱང་མོ་ཟེར་ན།  
  • ཐེ་ཚོམ་སེལ་བར་བྱེད་ཡས་ཀྱི་ཨ་ནི་མགོ་སྐྱེས་ཀྱི། མགོ་སྐྱེས་དེ་དབུ་སྐྲ་དེ་འོ།
  • བེ་ཌུར་མཐིང་ཁའི་ལན་བུ་རབ་འཕྱང་། ཟེར། དབུ་སྐྲ་དེ་བེ་ཌུར་མཐིང་ག་ལྟ་བུའི་ལན་བུ།
  • རབ་ཏུ་འཕྱང་བེ་ད་ད་རེས་དེ་བེ་ཌུར་མཐིང་གའི་ལན་བུ་ཟེར་ལབ་པ་ད་ག་ལམ་སང་བེ་ཌུར་མཐིང་ག་ལྟ་བུའི་ཟེར། 
  • ད་རེས་སྐབས་དེར། ཨ་ནི་འབྲུ་མང་པོ་ཡི་ཚིག་བསྡུས་བྱས་ནས་ཡང་དཔེ་རྒྱན་ལ་གོ་དགོས་ཀྱི་ཡོའོ་རེད་ད་རེས།
  • ད་རེས་འདི། བེ་ཌུར་མཐིང་གའི་ལན་བུ་ཟེར་དུས་ལན་བུ་དེ་བེ་ཌུར་མཐིང་གའི་ལན་བུའི་གཟུགས་སུ་བཀོད་པ་མ་རེད།
  • བེ་ཌུར་མཐིང་ག་སྔོན་ལ་བཞག་ཨ་ནི་ལན་བུ་རྗེས་ལ་བཞག་པ་ཡིན་ཙང་བེ་ཌུར་མཐིང་ག་ལྟ་བུའི་ཟེར་གོ་དགོས་ཀྱི་ཡོའོ་རེད།
  • ཡང་ལན་བུ་བེ་ཌུར་མཐིང་གའི་མཐིང་ག་ཟེར་ལབ་པ་ཡིན་ན། ཨ་ནི་གཟུགས་རྒྱན་ལ་འགྲོ་གི་རེད་པ།
  • ད་རེས་འདི་དཔེ་རྒྱན་རེད། ལན་བུ་རབ་འཕྱང་དབྱངས་ཅན་མ་ཟེར། ད་དེ་ལྟ་བུའི་དབྱངས་ཅན་མ་དེ་ཟེར།
  • སྨྲ་བའི་དབང་ཕྱུག་ངག་གི་རྒྱལ་པོ་ཉེར་གྲུབ་མཛོད། ཨ་ནི་ཁོ་བོ་ལ་ཨ་ནི་སྨྲ་བའི་དབང་ཕྱུག་ངག་གི་རྒྱལ་པོ་ལ་ཉེ་བར་གྲུབ་པར་མཛོད་ཅིག་ཟེར། དབྱངས་ཅན་མ་ལ་དངོས་གྲུབ་འབུལ་ཡས་བྱས།
  • འོ་ད་དེ་ནས། གངས་ཅན་ལྷ་ལམ་ཡངས་པའི་ཁྱོན་འདིར་རྒྱལ་བའི་བསྟན་པ་བཅུ་གཉིས་བདག་པོའི་གུར་ཁང་མཆོག ད།
  • གངས་ཅན་ལྷ་ལམ་ཡངས་པ་ཟེར་ན། གངས་ཅན་ཟེར་ན་བོད་རེད་པ། 
  • ལྷ་ལམ་ཡངས་པ་ཟེར་ན། གངས་ཅན་དེ་ནམ་མཁའི་གཟུགས་སུ་བཀོད།
  • ལྷ་ལམ་ཟེར་ན། ནམ་མཁའ་རེད། 
  • འོ་འདིའི་ཁྱོན་ལ་རྒྱལ་བའི་བསྟན་པ་ཟེར་དུས་ཙམ་ནས་ཨ་ནི། སངས་རྒྱས་ཀྱི་བསྟན་པ་དེ་བཅུ་གཉིས་བདག་པོ་དེ་ཉི་མ།
  • བཅུ་གཉིས་བདག་པོ་ཟེར་ན། ཉི་མ་རེད། དེའིཨེ་གུར་ཁང་མཆོག་ཟེར་དུས་ཙམ་ནས།
  • ད་དེ་གོ་རྒྱུ་གཉིས་ཡོད་པ་འདྲ། དེའི་སྒང་ལ་ངས་གུར་ཁང་ཟེར་ཡས་དེ་གཅིག་ཡིན་ན། ག་རེ་གོ་གི་ཡོའོ་རེད་ཟེར་ན། 
  • ཉི་མའི་དཀྱིལ་འཁོར་འདྲ་པོ་ཁོ་རང་ལ་གོ་བཅུ་གཉིས་བདག་པོ་ཉི་མའི་དཀྱིལ་འཁོར་མཆོག ཟེར་ཡས་ཅིག
  • གཉིས་པ་དེ་ནི་ཡང་། ཨ་ནི་་་ཨ་ནི་ག་རེ་ཟེར་དགོས་རེད་པས།
  • ཨཱ། གུར་ཁང་ཟེར་དུས་ཙམ་ནས། ད་ཡང་ཁྱིམ་བཅུ་གཉིས་ལ་ཡ་གོ་ནའི་རུང་གི་རེད་དའི་། སྐབས་འདའི༼འདིར༽ཕལ་ཆེར་ཉི་མ་རང་གི་དཀྱིལ་འཁོར་ལ་གོ་ན་འགྲིག་གི་མིན་འགྲོ་བསམས་ཀྱིས།
  • གཞན་་ལུག་དང་གླང་ལ་སོགས་པའི་ཁྱིམ་ཉི་མའི་གུར་ཁང་ཟེར་དུས་ཙམ་ནས། དེ་ནི་ཉི་མའི་ཁྱིམ་ལའི་གོ་ཆོག་གི་རེད་དའི། 
  • སྐབས་འདི་རང་ལ་ང་རའི༼ང་རང་གི༽བསམ་བློར་བྱས་པ་ཡིན་ན་ཨ་ནི་ཉི་མ་རང་གི་དཀྱིལ་འཁོར་ལ་གོ་ན་འགྲིག་གི་མིན་འགྲོ་བསམས་།
  • གངས་ཅན་ལྷ་ལམ་ཡངས་པའི་ཁྱོན་འདིར། ཨོའོ་དེ་ད་ག་རེད། ད་ལྟ་འདུག་བཟོ་ཚར་པ་བྱས།
  • རྒྱལ་བ་ཀུན་དངོས་མཚོ་སྐྱེས་རྡོ་རྗེ་བསྟན་པའི་རྩ་ལག་ཐམས་ཅད་མཁྱེན་པ་ཞི་བ་འཚོའི།           བཀའ་དྲིན་གཟུགས་ཅན་དབྱིག་འཛིན་ལྟོ་འདིར་གཤོང་འགྱུར་མིན་ན་ཀུན་མཁྱེན་སྲང་ལསགང་གིས་གཞལ། ད་འདིའི་ནང་ལ་ག་རེ་གསུངས་ཀྱི་ཡོའོ་རེད་ཟེར་ན།
  • འོང་། ཆོས་རྒྱལ་མེས་དབོན། ཨ་ནི་མཁན་སློབ་ཆོས་གསུམ་ལ་ད་བསྔགས་པ་གནང་གི་ཡོའོ་རེད་པ།
  • མཁྱེན་བརྩེ་ནུས་པའི་ནམ་མཁའི་གྲུ་ཡིས་ཟེར་། མཁྱེན་པ་དང་བརྩེ་བ་་ནུས་པ་དེ་གྱད་དེ་ནམ་མཁའི་གྲུ། དེའི་ཉི་མ་འདྲེན་ཡས་ཀྱི་འདྲེན་པའི་ཤིང་རྟའི་གྲུའི་གཟུགས་སུ་བཀོད།
  • ཨ་ནི་ད་ཉི་མ་འདྲེན་བྱེད་ཀྱི་འོ་དེ་འདྲས་ཀྱིས་འདྲེན་མཛད་ཆོས་རྒྱལ་མེས་དབོན་རྣམ་གསུམ། འོང་།
  • རྒྱལ་བ་ཀུན་དངོས་མཚོ་སྐྱེས་རྡོ་རྗེ།་ སློབ་དཔོན་མཚོ་སྐྱེས་རྡོ་རྗེ། འོང་།
  • བསྟན་པའི་རྩ་ལག་ཐམས་ཅད་མཁྱེན་པ་ཨ་ནི་མཁན་ཆེན་ཞི་བ་འཚོ། བྱས་ནས་ཨ་ནི་མཁན་སློབ་ཆོས་གསུམ་འདུག་བཟོ་ཚང་པ་བྱས།
  • དེ་གྱད། དེ་གྱད་ཀྱིས། ཨ་ནི་བཀའ་དྲིན་གཟུགས་ཅན་དབྱིག་འཛིན་ལྟོ་འདིར། དབྱིག་འཛིན་ཟེར་ན། ས་གཞི་རེད་པ།
  • འདིར་གཤོང་འགྱུར་མིན་ན། ཨ་ནི་ས་གཞི་ཆེན་པོ་འདིའི་ནང་ལ་གཤོང་ཡས་མེད་ན། རེད་པ།
  • ཨ་ནི་ཀུན་མཁྱེན་གྱི་སྲང་ལས། ཀུན་མཁྱེན་གྱི་དགོངས་པའི་སྲང་ལས་གཞལ་ནུས་ཀྱི་རེད་མ་གཏོགས།
  • དེ་མིན་པའི་ཀུན་མཁྱེན་སྲང་ལས་གང་གིས་གཞལ་ཟེར་དུས། ཀུན་མཁྱེན་གྱི་སྲང་གིས་འཇལ་ན་མ་གཏོགས།
  • གཞན་གྱིས་ཨ་ནི་བློས། སུ་གཅིག་གིས་བློས་ཀྱང་གཞལ་བར་ནུས་ཀྱི་མ་རེད། ཟེར་འོ་དེ་རེད་ད།
  • ལི་ཁྲིའི་ལྕུག་ཕྲན་མཁྱེན་པའི་སྣང་བ་ཅན། ལི་ཁྲིའི་ལྕུག་ཕྲན་ལྟ་བུའི་མཁྱེན་པ་ཟེར་གྱི་ཡོའོ་རེད་པ།  
  • ད་འདིའི་ནང་ལ། བྱས་ཙང་ད་འདི་ཡིན་ན། དཔེ་རྒྱན་བྱས།
  • འོང་། འཇམ་མགོན་བློ་ཡི་ལང་ཚོ་བཟང་པོའི་མཚོན། ཁ་དོག་སོ་སོར་བཀྲ་བའི་གྲགས་པའི་རྒྱན། ཕྱོགས་བྲལ་རྣ་ལུང་འགོད་མཁས་རྟག་ཏུ་རྒྱལ། རྒྱལ་བར་གྱུར་ཅིག་ཟེར་གསུངས་ཀྱི་ཡོའོ་རེད་ད།
  • ད་འདི་ཨ་ནི་འདིའི་ནང་གི་ཚིག་རྐང་གཉིས་པའི་ནང་ལ་་བློ་བཟང་ཟེར་བྱས། རེད་པ།
  • ཚིག་རྐང་གསུམ་པའི་ནང་ལ་གྲགས་པ་ཟེར་བྱས་ཨ་ནི་བློ་བཟང་གྲགས་པ་སྟེ། རྗེ་རིན་པོ་ཆེ་ལ་བསྔགས་པ་གནང་།
  • འདི་ཨ་ནི་རྐང་པ་སོ་སོའི་ནང་ལ་ཡི་གེ་འདུག་བཟོ་བྱས། བཀོད་པ་ཡིན་ཙང་མཚན་དེ་ཟུར་འཇུག་ཏུ་བཀོད་པ་དེ། སྒྲ་རྒྱན་གྱི་ཁོངས་གཏོགས་ཙམ་ཡང་རེད་ལ། 
  • དོན་རྒྱན་གྱི་དབང་དུ་བྱས་ན། ལི་ཁྲིའི་ལྕུག་ཕྲན་ལྟ་བུའི་ཟེར་བྱས་བྱས་དཔེ་རྒྱན་གཅིག་བྱས། 
  • འཇམ་མགོན་བློ་ཡི་བཟང་པོའི་ཚོན། ཁ་དོག་སོ་སོར་བཀྲ་བའི་གྲགས་པའི་རྒྱན། ཕྱོགས་བྲལ་རྣ་ལུང་འགོད་མཁས་རྟག་ཏུ་རྒྱལ་། ཟེར།
  • ཨ་ནི་གཞི་གཅིག་གི་རྒྱན་ཡང་འགྲོ་གི་རེད། དེ། 
  • དཔལ་ལྡན་ཆོས་ཀྱི་རང་བཞིན་ངོས་ཡངས་པར། གནས་ལྔའི་བང་མཛོད་འབྱོར་པ་ལྷུན་གྲུབ་པའི།  འོང་།   འང་།  མངའ་སྒྱུར་བགྲོད་བྱེད་བནྡྷུ་ཛཱི་ཝ་ཀ།  རྨད་བྱུང་ཅོད་པན་མཆོག་ཏུ་རྣམ་པར་བསྔགས།
  • ད་འདི་ཨོའོ་དེ་རེད་པ། ག་རེ་ཟག༼ཟེར༽། ཨོའོ། རྒྱལ་བ་ལྔ་བ་ཆེན་པོའི་ཨོའོ་དགེ་རྒན་གཅིག་ཡོའོ་རེད་ཟག༼ཟེར༽ད།
  • ད་བླ་མ་གཅིག་འོ་དེ། རྒན་ལགས་དེའི་མཚན་ལ་ཡ། དཔལ་འབྱོར་ལྷུན་གྲུབ་ཞུ་གྱི་ཡོའོ་རེད། སེ་ར། སེ་ར་ནས་ཡིན་པ་འདྲ།
  • འོ་ད་་ཁོང་གི་མཚན་འདིའི་ནང་ལ་ཡང་། དཔལ་འབྱོར་ལྷུན་གྲུབ་ཟེར་མཁན་དེ། གནས་ལྔའི་བང་མཛོད་འབྱོར་པ་ལྷུན་གྲུབ་པའི། ལྷུན་གྲུབ་འདུག་ག་འདའི༼འདིར༽།
  • ཨ་ནི་དཔལ་ལྡན་ཆོས་ཀྱི་དབྱིངས་ཟེར། འོ་ད་འདུག་བཟོ་བྱས། ཨ་ཁོང་གི་མཚན་འདུག་བཟོ་བྱས། ཨ་ནི་མངའ་སྒྱུར་བགྲོད་བྱེད་བནྡྷུའི ། བགྲོད་བྱེད་ཟེར་དུས་ཙམ་ནས་ག་རེ་ཡིན་ཟེར་ན། ཞབས་རེད།
  • བནྡྷུ་ཛཱི་ཝ་ཀ་ཟེར་ན༎ མེ་ཏོག་གཅིག་རེད།
  • ཨ། ད་མེ་ཏོག་དམར་པོ་ཟེར་ཡས་འདུག ཡང་ངས་དེ་འདྲས་ཅིག་ང་རང་གི་བག་ཆགས་འདྲ་ཅིག་གཅིག་ལ་བནྡྷུ་ཛཱི་ཝ་ཀ་ཟེར་ཡས་དེ་ཨ་ནི་སྔོན་མ་མེ་ཏོག་ཤིན་ཏུ་དཀར་པོ་གཅིག་ཡའི་གསུངས་ཀྱིས། ད་དེ་ག་རེ་ཡིན་ན་གསལ་པོ་ཞུ་ཐུབ་མ་སོང་།
  • ཁག་གཅིག་གིས་མེ་ཏོག གང་ལྟར་མེ་ཏོག་ཡིན་པ་དེ་གསལ་པོ་དེ་དྲན་གྱི་འདུག
  • བྱས་ཙང་གང་ལྟར་བླ་མ་དཔལ་འབྱོར་ལྷུན་གྲུབ་ཀྱི་ཞབས་ཨ་ནི་ངའི་སྤྱོ་བོར་བཞུགས་ཅིག་ རྨད་བྱུང་ཅོད་པན་མཆོག་གི་རྨད་ཏུ་བྱུང་བའི་རང་གི་སྤྱི་བོའི་ཅོད་པན་དུ་རྣམ་པར་བསྔགས་ཟེར༎
  • ད་དེ་ལ་ཕྱག་གིས་བཏུད་གནང་པའི་ཚུལ་རེད།
  • རྒྱ་ཧོར་ལུང་དང་རིགས་ཀྱིས་མངོན་མཐོ་ཞིང་། བཀའ་ཁྲིམས་གསེར་གྱི་འཁོར་མཆོག་ འོ་དེ་རེད།
  • ད་རྒྱ་ཧོར་ལུང་དང་རིགས་ཀྱིས་མངོན་མཐོ་ཞིང་། བཀའ་ཁྲིམས་གསེར་འཁོར་མཆོག་དམན་གཉའ་གནོན་པའི་།      ས་སྐྱའི་འཇམ་མགོན་དཔལ་ལྡན་རླངས་ཀྱི་གདུང་། ཆོས་ལྡན་ས་སྐྱོང་རྒྱལ་པོར་སུ་མི་དད།
  • ད་འདི་ས་སྐྱ་པ་ལ་བསྔགས་པ་གནང་པ་རེད། རྒྱལ་རབས་ཀྱི་ནང་ནས་ས་སྐྱ་པ། ས་སྐྱ་པ་དེའི་ནང་ནས་ད་རེས་ཕལ་ཆེར་ད་དེ་ཡིན་པ་རེད།
  • ཨ། འགྲོ་མགོན་ཆོས་རྒྱལ་འཕགས་པ་ལ། ད་ཡིན་ན་ས་སྐྱ་པ་དེ་གཅིག་ཡིན་ན་ག་རེ་རེད།
  • རླངས་ཀྱི་གདུང་རྒྱུད་ཡིན་ཟེར་གྱི་ཡོའོ་རེད་པ། འཁོན་རིགས།
  • ཨོའོ་ད་དེ་འདྲས་ཡིན་ཙང་དེ་ལ་བསྔགས་པ་གནང་པ་རེད།
  • རྒྱ་ཧོར་ལུང་དང་རིགས་ཀྱིས་མངོན་མཐོ་ཞིང་། རེད་པ།
  • བཀའ་ཁྲིམས་གསེར་གྱི་མཆོག་དམན་གཉའ་གནོན་པའི་། ད་དེ་ངས་ཀློག་སྟངས་ཐེངས་མ་གཉིས་ནོར་སོང་།
  • མཆོག་དམན་གཉའ་གནོན་པ་བྱས། དེ་ས་སྐྱ་ལ་བྱས།
  • སྨྲ་བའི་འབབ་སྟེགས་མདུད་པའི་རྒྱར་བཅིངས་ཀྱང་། སྨྲ་བའི་འབབ་སྟེགས་ཟེར་ན། ལྕེ་རེད།
  • ལྕེ་རེད་པ། དེ་མདུད་པའི་རྒྱ་ལྕེ་ལ་མདུད་པ་བརྒྱབ་ན་མདུད་པ་ཐེབས་ན་ཨ་ནི་སྐད་ཆ་བཤད་ཡས་ཡོའོ་མ་རེད་པ།
  • འོ་ད་འདི་འདྲས་མདུད་པའི་རྒྱར་བཅིངས་པ་ཟེར། ལྕེ་ལ་ཡ་ཨ་ནི་རྙི་ད་མ་སོང་ནའི་བརྒྱབ་བྱས། མདུད་པ་རིམ་པ་འདྲ་ཐེབས་བྱས།
  • མཐོན་པོའི་ཁྲི་ལ་དྲེགས་པས་འགྱིང་མིན་པའི། ཁ་ནས་ཨ་ནི་ལེགས་པར་བཤད་པ་བཤད་ཡས་མེད་པ་ཨ་ནི་ལྐུག་པ་ནང་བཞིན་གྱི་ལྕེ་ལ་ མདུད་པ་བརྒྱབ་གྱོག་དེ་འདྲས་ཡིན་ན་ཡང་ཟེར། རེད་པ།
  • ཨ་ནི་མཐོན་པོའི་ཁྲི་ལ་ཡ་ང་རྒྱལ་གྱི་ངང་ནས་འགྱིང་པ། དེ་འདྲས་མིན་པ་གསུངས་ཀྱི་ཡོའོ་རེད། དེ་འདྲས་མིན་པས།
  • ལེགས་བཤད་གཏམ་གྱི་བྱུང་གནས་བློ་ལྡན་ཅན་གང་དུ་གནས་ཀྱང་དང་བའི་སྤྲོ་བ་འཕེལ་ཟེར།
  • ལྕེ་ལེབ་ལ་མདུད་པའི་རྒྱར་བཅིངས་མེད་ཀྱང་། མཐོན་པོ་ལ་ཁྲི་མཐོ་པོའི་སྒང་ལ་འཛེགས་བསྡད་མཁན་དེ་འདྲས་མ་ཡིན་པར་རེད་པ།
  • ལེགས་པར་བཤད་པའི་གཏམ་གྱི་བྱུང་གནས་དང་ལྡན་པ་དེ་འདྲས་ཡིན་ན་ག་པར་གནས་པ་ཡིན་ཀྱང་། ས་ཕྱོགས་ག་པར་བསྡད་པ་ཡིན་ནའི་ཨ་ནི་སྤྲོ་བ་འཕེལ་གྱི་རེད་ཟེར། སྐྱེ་བོ་རྣམས་ཀྱི་སྤྲོ་བ་འཕེལ།
  • ཡ་རབས་དམ་པའི་སྤྱོད་ཚུལ་པད་དཀར་ཚལ། ཆེས་ཆེར་བདོ་བ་སྙིགས་མའི་བསིལ་ཟེར་གྱིས།         ཟུམ་པའི་དུས་འདིར་དེབ་ཐེར་གཏམ་རྒྱུད་སོགས། བརྗོད་པ་རང་ཉིད་ངལ་བའི་རྒྱུ་རུ་ཟད།
  • ཡ་རབས་དམ་པའི་སྤྱོད་ཚུལ་ད་འདིའི་སྤྱོད་ཚུལ་གྱི་པད་མ་དཀར་པོའི་ཚལ། དེ་ཡང་ད་གཟུགས་རྒྱན་རེད་པ།
  • སྤྱོད་ཚུལ་དེ་པད་མ་དཀར་པོའི་གཟུགས་སུ་བཀོད་སོང་ང།
  • ཆེས་ཆེར་བདོ་བ། ཆེས་ཆེར་ད་ཉམས་པ་དེ་འདྲས་ཀྱི་ཨ་ནི་བདོ་བ་ཟེར་དུས། ཆེས་ཆེར་མར་ཉམས་འགྲོ་བ་དེ་འདྲས་ཀྱི་ཨ་ནི་སྙིགས་མའི་དུས་དེར་ཟེར།
  • སྙིགས་མའི་ཟླ་བ་གྱིས་པད་ཚལ་དེ་ད། ད་ལྟ་སྙིགས་མའི་ཟླ་བ་གིས་ཡ་རབས་ཀྱི་སྤྱོད་ཚུལ་གྱི་པད་མ་དེ་ཨ་ནི། ཟླ་བ་ཤར་ན་པད་མ་ཟུམ་གྱི་རེད་པ།
  • བྱས་ཙང་དུས་སྙིགས་མ་ཤིན་ཏུ་ལྔ་བདོ་བའི་དུས་ཚོད་འདི་འདྲས་ཅིག་གི་ཟླ་བ་དེས། ཨ་ནི་པད་མའི་ཚལ་དེ་ཡ་རབས་ཀྱི་པད་མའི་ཚལ་དེ་ཨ་ནི་མར་ཉམས་འགྲོ་དུས་ཟེར།
  • ཟུམ་འགྲོ་དུས་ཟེར་ཟུམ་པའི་ཟེར། འོ་ད་དེ། ཟུམ་པའི་དུས་དེར་དེབ་ཐེར་གཏམ་རྒྱུད་སོགས།
  • དེ་འདྲས་ཟུམ་འགྲོ་པའི་དུས་ཚོད་་དེར། དེབ་ཐེར་དང་གཏམ་རྒྱུད་སོགས་བརྗོད་ཡས་དེ་ནི་དངོས་གནས་བྱས་ན།
  • ད་རང་ཉིད་དཀའ་ལས་ཁག་རོགས་མ་གཞི་གའི་ཡོའོ་མ་རེད་ཟེར། གའི་མི་འདུག་ག་ཟེར།
  • རྒྱུར་ཟད་ཟེར། རྒྱུ་ཙམ་དུ་ཟད་དོ་ཟེར།
  • ལྷག་པར་དུ་གསུངས་ཀྱི་ཡོའོ་རེད་ད།
  • ཁྱད་པར་བཅུ་ཕྲག་རིག་པའི་ཆུ་གཏེར་ཆེ། བློ་གྲོས་གཟིངས་ཀྱིས་སྒྲོལ་འདོད་རིག་བྱེད་པ།          ཤེས་བྱའི་ཚུལ་ལ་མ་སྦྱངས་བསྟན་བཅོས་དག རྩོམ་པར་རིངས་པའི་ཚུལ་ལ་ཡིད་མི་གཏོད།
  • ད་མཁས་པ་ལྷག་པར་དུ་བཅུ་ཕྲག་རིག་པའི་ཆུ་གཏེར་ཟེར་ན། བཅུ་ཕྲག་རིག་པ་དེ་ནི་རྒྱ་མཚོའི་གཟུགས་སུ་བཀོད།
  • ཨ་ནི་བློ་གྲོས་དེ་ནི་རྒྱ་མཚོའི་སྒང་ལ་འགྲོ་ཉན་༼མཁན༽་གྱི་གྲུ་གཟིངས་ཀྱི་གཟུགས་སུ་བཀོད།
  • བློ་གྲོས་གཟིངས་ཀྱིས་སྒྲོལ་འདོད་རིག་བྱེད་པ། ཨ་ནི་རིག་གནས་ཀྱི་ད་མཁས་པ་ཚོ་གསུངས་ཀྱི་ཡོའོ་རེད་པ་།
  • རིག་བྱེད་པ་ཡིན་པ་དེ་གྱད། ཤེས་བྱའི་ཚུལ་ལ་མ་སྦྱངས་བསྟན་བཅོས་དག ཟེར།
  • དེ་འདྲས་ཡིན་ན་ཡང་ཤེས་བྱ་ལ་མ་སྦྱངས་པའི་བསྟན་བཅོས་དེ། རང་ཉིད་ཤེས་བྱ་ལ་མ་སྦྱངས་པར། བསྟན་བཅོས་རྩོམ་པ་ལ་བྲེལ་བ་བྱེད་པ། དེ་འདྲས་ལ་ང་ཡིད་གཏོད་ཀྱི་མ་རེད་གསུངས་པ་རེད།
  • འོན་ཏང་སྟོབས་ཀྱིས་ཡངས་པའི་ནོར་འཛིན་ལ།  འཁོར་ལོས་སྒྱུར་བའི་བཀའ་ཡི་དྲི་བཞོན་གྱིས།        དེབ་ཐེར་རྫོགས་ལྡན་གསར་པའི་དགའ་སྟོན་མགྲོན། འབོད་བྱེད་མ་ལ་ཡ་ཡི་རྒྱུད་འདི་སྤྲོ།
  • ཡིན་ན་ཡང་ཟེར། སྟོབས་ཀྱིས་ཡངས་པའི་ནོར་འཛིན་ལ་ས་གཞི་ཆེན་མོ་འདི་ལ། ཨ་ནི་འཁོར་ལོས་སྒྱུར་བའི་བཀའ་ཡི་དྲི་བཞོན།
  • ད་འདི་སྐབས་འདའི༼འདིར༽ཡ། ཨ། དེ་ཡིན་པ་ཡོད། ག་རེ་ཟེར་དགོས་རས༼རེད༽རྒྱལ་པོ། འང་། མཚོ་སྔོན་གྱི་གུ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱིས་དེབ་ཐེར་འདི་འདྲས་གཅིག་རྩོམས། 
  • རྩོམ་གནང་དགོས་རེད་ཟེར་བྱས་བྱས། ལྔ་པ་ལ་ཞུས་པ་རེད་ཟེར།
  • བྱས་ཙང་ད་རིང་གི་འདིའི་ནང་ལ་འཁོར་ལོས་སྒྱུར་བའི་བཀའ་ཡི་དྲི་བཞོན་གྱི་རྒྱལ་པོ། གུ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱི་ཨ་ནི་བཀའ་ལྟར་ཨ་ནི་ངས།
  • ཨ། དེབ་ཐེར་རྫོགས་ལྡན་གསཔར་པའི་དགའ་སྟོན་ཟེར་ཉན༼མཁན༽་འདི། ཨ་ནི་འདའི་བྲིས་པ་ཡིན་ཟེར།
  • འདི་བརྩམས་པར་དམ་བཅའ་བ་དེ་རེད།
  • འོ་ཡ། ད་ཏིག་ཙ༼ཏོག་ཙམ༽་ཅིག་ཚར་སོང་། ཨ་ནི་ག་རེ་ཟག༼ཟེར༽། 
  • མཆོད་བརྗོད། མཆོད་བརྗོད་དེ་འདུག་བཟོ་ཚར་སོང་།