Video Overview
Tibetan nomadic folk song of praising the singer and other songs, which are widely known to Zangkar area in Amdo region.
- དགུང་ཨ་སྔོན་ངོ་སོ་བསྟོད་རྒྱུ་བོ།
- ཆར་ཅི་བབས་བདུད་རྩི་དྭངས་མ་རེད།
- རྫ་ཁྲ་ཡག་ངོ་སོ་བསྟོད་རྒྱུ་བོ།
- རྩྭ་ཅི་སྐྱེ་གུར་གུམ་ལོ་མ་རེད།
- ཁྱོད་གླུ་བ་ངོ་སོ་བསྟོད་རྒྱུ་བོ།
- གླུ་ཅི་བླངས་སྲིད་པ་ཆགས་རབས་རེད།
- དགུང་ཨ་སྔོན་ངོ་སོ་བསྟོད་རྒྱུ་བོ།
- ཆར་ཟམ་མི་ཟིམ་མེ་བོབས་གྱིན་སྡོད།
- ས་དོག་མོ་ངོ་སོ་བསྟོད་རྒྱུ་བོ།
- རྩྭ་ཕང་ངུ་ཕུང་ངེ་སྐྱེ་གྱིན་སྡོད།
- ཁྱོད་གླུ་བ་ངོ་སོ་བསྟོད་རྒྱུ་བོ།
- གླུ་ཁར་རེ་ཁེར་རེ་ལོངས་གྱིན་སྡོད།