02 Apr 2019
2 min 4 sec
Video Overview
Creators:
Tibetan and Himalayan Library
A well-known traditional Tibetan nomadic folk song praising the Zangkar Mountain.
The song lyrics in this video include the following:
The beautiful and resourceful mountain of Zangkar
On the top of this magnificent mountain
Saw a mountain from far away
That is the Mount Meru of India
མདོ་སྨད་ཁྱུང་མཆུའི་ཟངས་དཀར་ཡུལ་གྱི་འབྲོག་པའི་ས་ཆར་དར་ཁྱབ་ཡོད་པའི་དམངས་གླུའི་རིག་གནས་སྐོར་ལས་ཟངས་དཀར་ཡུལ་ལ་བསྟོད་པ་ཞེས་པའི་བསྒྲིགས་གླུ།
བརྙན་འདིའི་གླུ་ཚིག་གི་ཆ་ཤས་ནི་འདི་ལྟར་ཏེ།
རི་ཡག་པ་ཟངས་དཀར་ལྷུན་པོའི་གཏེར་བདག རི་བསོད་ནམས་ཅན་པོའི་མགོ་ནས་བབས། སྟོད་ཡུལ་ན་རྫ་ཞིག་རིག་རྒྱུ་དེ། སྟོད་རྒྱ་གར་སྤོས་རི་ལྔ་ལྡན་རེད།
在安多邛溪壤噶地区广为流传的传统藏族牧民自编歌:赞故乡之歌
视频中的歌词一部分以如下:美丽而资源丰富的壤噶山
在你那美丽的山顶上
能看见远处的一座山
那就是印度香味飘荡之山
- Zangkar
- རི་ཡག་པ་ཟངས་དཀར་ལྷུན་པོའི་གཏེར་བདག
- རི་བསོད་ནམས་ཅན་པོའི་མགོ་ནས་བབས།
- སྟོད་ཡུལ་ན་རྫ་ཞིག་རིག་རྒྱུ་དེ།
- སྟོད་རྒྱ་གར་སྤོས་རི་ལྔ་ལྡན་རེད།
- ཐད་གན་ན་ཐང་ཆེན་རིག་རྒྱུ་དེ།
- ཐང་ཆེན་པོ་མེ་ཏོག་ཆོས་ཐང་རེད།
- སྨད་གན་ན་སྡེ་ཞིག་རིག་རྒྱུ་དེ།
- ཕྱུགས་ཡར་དར་ཨ་མཆོག་ཟངས་དཀར་ཁ་གསུམ་རེད།
- ས་འདབས་ཅན་གད་དམར་ཐང་ནས།
- ཕྱུགས་བེའུ་འཕེལ་ཁ་ཡོང་ས།
- དགའ་བའི་བྲོ་གར་རྡུང་ས།
- སྐྱིད་པའི་གླུ་དབྱངས་ལེན་ས།
- མགྱོགས་པའི་བང་ཁ་འགྲན་ས།
- ཆོས་གདུལ་ཞིང་བདུད་རྩི་འབབ་ས།
- ཁོ་མིན་རུང་ཀུན་དགའ་ཨ་བསམ།
- བྱི་རྐུན་ལྡུམ་རྐོ་ཉ་གསད་རྔོན་པ་བཞི།
- ཡུལ་དེ་ན་མེད་པར་བདེ་སྐྱིད་ཕུན་སུམ་ཚོགས་པ།
- ནད་མུ་གེ་མེད་པའི་བཀྲ་ཤིས་ཤོག
- འབྲུ་དྲུག་ཟས་བཅུད་ལྡན་པའི་བཀྲ་ཤིས་ཤོག
- ལྷ་ཆོས་ཆེན་འགྲུབ་པའི་བཀྲ་ཤིས་ཤོག
- ཡུལ་འཛམ་བུ་གླིང་ལ་འཐབ་རྩོད་འཁྲུག་ལོང་མེད་པར།
- འཛམ་གླིང་ཞི་བདེ་ཡོང་བའི་ཆེད་དུ།
- བདེ་སྐྱིད་ལྡན་པའི་བཀྲ་ཤིས་ཤོག
- ནང་དགོས་སུ་བོད་ཁ་བ་ཅན་གྱིས།
- ལས་རྒྱུ་འབྲས་བསྲུང་་ཏེ། དགྲ་ཇག་ཆོམ་རྐུན།
- མགོ་གཡོག་མགོ་སྐོར། ཕྱི་ཁྲ་ནང་རྒྱུད། མི་གསད་ལག་དམར།
- ནམ་དཀར་དུས་ཡར་ལངས་རྒྱུ་མེད་ལ་
- དགུང་རུབ་དུས་ཐུར་ལ་ཉལ་རྒྱུ་མེད་པའི།
- དུད་འཐེན་ཆང་འཐུང་།
- ལྐོག་ཟ་ལྐོག་འཐུང་རྒྱན་འཇོག་མནའ་ཟན་
- རྩ་བ་ནས་བཅད་དེ།འཛང་ཁ་ནོག་མཆུ་མེད་པར།
- བོད་རིགས་མི་དམངས་ཀྱི་བསམ་དོན་འགྲུབ་པའི་བཀྲ་ཤིས་ཤོག