02 Apr 2019
1 min 55 sec
Video Overview
Creators:
Tibetan and Himalayan Library
Traditional Tibetan nomadic folk songs of praising the summer which are widely known around Zangkar area of Khyungchu in Amdo region.
The song lyrics in this video include the following:
The sky is blue-greenish from far away
say, who cleared away the cloud
the mountain is not mottled, but white
say, who whiten up the top
མདོ་སྨད་ཁྱུང་མཆུའི་ཟངས་དཀར་ཡུལ་གྱི་འབྲོག་པའི་ས་ཆར་དར་པའི་སྲོལ་རྒྱུན་དམངས་གླུའི་རིག་གནས་སྐོར་ལས་དབྱར་ཟླ་གསུམ་ལ་དྲིས་པའི་གླུ་དང་གླུ་ལན།
གླུ་ཚིག་གི་ཆ་ཤས་ནི་དགུང་ཨ་སྔོན་གཡུ་སྨུག་རྒྱང་མཐོང་རེད། སྤྲིན་དཀར་པོ་བྱང་མཁན་སུ་ཡིན་ཤོད། རྫ་ཁྲ་ཡག་མ་རེད་ཁྲ་དཀར་རེད། ཁྲ་གོང་བ་འདོགས་མཁན་སུ་ཡིན་ཤོད།
传统藏族牧民民歌 《挑战邀请之歌》在安多邛溪壤噶地区广为流传。
视频中的歌词一部分以如下:
从远方看来天空是蓝绿色的
说,谁清除了云
山不是多色多彩的,而是白色的
说,谁把顶部变白
- དགུང་ཨ་སྔོན་གཡུ་སྨུག་རྒྱང་མཐོང་རེད།
- སྤྲིན་དཀར་པོ་བྱང་མཁན་སུ་ཡིན་ཤོད།
- རྫ་ཁྲ་ཡག་མ་རེད་ཁྱབ་དཀར་རེད།
- ཁྱབ་གོང་བ་འདོགས་མཁན་སུ་ཡིན་ཤོད།
- ས་དོག་མོ་བུ་ལོ་གནས་ས་བོ།
- ལུས་རྒྱན་དྲུག་བྱེད་མཁན་སུ་ཡིན་ཤོད།
- དགུང་ཨ་སྔོན་གཡུ་སྨུག་རྒྱང་མཐོང་རེད།
- སྤྲིན་དཀར་པོ་བྱང་མཁན་དབྱར་ཟླ་གསུམ།
- འདི་དབྱར་ཟླ་གསུམ་པོའི་ཆར་ཆུ་རེད།
- རྫ་ཁྲ་ཡག་མ་རེད་ཁྱབ་དཀར་རེད།
- ཁྱབ་གོང་བ་འདོགས་མཁན་བྲེ་སེར་འབྲོང་།
- འདི་བྲེ་སེར་འབྲོང་གི་གཤར་ལམ་རེད།
- ས་དོག་མོ་བུ་ལོ་གནས་ས་བོ།
- ལུས་རྒྱན་དྲུག་བྱེད་མཁན་དབྱར་ཟླ་གསུམ།
- འདི་དབྱར་ཟླ་གསུམ་པོའི་རྩི་ཏོག་རེད།