Video Overview
A collection of five songs performed in nomadic communities.
- རྫ་མཐོན་པོའི་ཁ་འདི་ལ་རྩེ་ཁ།
- ལ་རྩེ་ཁ་ལ་རྟ་བརྒྱ་འཁོར།
- རྟ་བརྒྱ་རྟེའུ་མགོ་འཛོམས་རེད།
- རྟ་རྫི་དངུལ་སྲབ་སུམ་འཛོམས་རེད།
- འདི་གསུམ་འཛོམས་པའི་བཀྲ་རེ་ཤིས།
- སྐེད་རིག་སྐེད་འདི་འཇག་མའི་སྐེད།
- འཇག་མའི་སྐེད་ལ་ལུག་བརྒྱ་འཁོར།
- ལུག་བརྒྱ་ལུ་གུའི་མགོ་འཛོམས་རེད།
- ལུག་རྫི་བྱང་དཀར་གསུམ་འཛོམས་རེད།
- འདི་གསུམ་འཛོམས་པའི་བཀྲ་རེ་ཤིས།
- ཞོལ་རིག་ཞོལ་འདི་རྩི་ཏོག་ཐང་།
- རྩི་ཏོག་ཐང་ལ་འབྲི་བརྒྱ་འཁོར།
- འབྲི་བརྒྱ་བེའུ་མགོ་འཛོམས་རེད།
- བཞོན་མ་གསེར་རྒྱན་གསུམ་འཛོམས་རེད།
- འདི་གསུམ་འཛོམས་པའི་བཀྲ་རེ་ཤིས།
- ངེད་དོ་མགོ་གསུང་རབ་ཆོས་ཀྱིས་བརྒྱན།
- འདི་གནའ་ཡང་བརྒྱན་དང་ད་ཡང་བརྒྱན།
- ཡང་ཡང་བརྒྱན་པའི་སྨོན་ལམ་འདེབས།
- ངེད་དོ་སྐེད་འབྲི་མར་སེར་པོའི་བརྒྱན།
- འདི་གནའ་ཡང་བརྒྱན་དང་ད་ཡང་བརྒྱན།
- ཡང་ཡང་བརྒྱན་པའི་སྨོན་ལམ་འདེབས།
- ངེད་དོ་ཞོལ་འབྲུ་དྲུག་ནས་ཀྱིས་བརྒྱན།
- འདི་གནའ་ཡང་བརྒྱན་དང་ད་ཡང་བརྒྱན།
- ཡང་ཡང་བརྒྱན་པའི་སྨོན་ལམ་འདེབས།
- གླུ་མ་བླང་དར་དཀར་ཁ་གང་།
- བླངས་བཞག་ན་དར་ཚོན་སྣ་ལྔ།
- སྤོས་མ་བསྒྲོན་སྤོས་དམར་ཆགས་གཅིག
- བསྒྲོན་བཞག་ན་ནམ་མཁའ་ཀུན་ཁྱབ།
- མདའ་མ་འཕང་མདའ་དམར་ཆགས་གཅིག
- འཕང་བཞག་ན་མདའ་སྒྲོ་ལེབ་ཅིག
- ངའི་གླུ་ཞིག་བླངས་ན་རྟ་ཞིག་དགོས།
- རྟ་གོམ་ལག་ཅན་ཞིག་ཁྱེད་ལ་ཨེ་ཡོད།
- ངའི་གླུ་ཞིག་བླངས་ན་མཛོ་ཞིག་དགོས།
- མཛོ་རྭ་ཁ་ཅན་ཞིག་ཁྱེད་ལ་ཨེ་ཡོད།
- ངའི་གླུ་ཞིག་བླངས་ན་ལུག་ཞིག་དགོས།
- ལུག་བལ་ཁ་ཅན་ཞིག་ཁྱེད་ལ་ཨེ་ཡོད།
- ཁྱོད་མ་མཐོ་མ་མཐོ་གླུ་བ་ཚོ།
- ཁྱོས་བྱ་རྒྱལ་ཁྱུང་གི་ཚང་ལ་ལྟོས།
- ཁྱོད་མ་ཕྲ་མ་ཕྲ་གླུ་བ་ཚོ།
- ཁྱོས་རྒྱ་གྲོག་དམར་པོའི་སྐེད་པར་ལྟོས།
- ཁྱོད་མ་དམའ་མ་དམའ་གླུ་བ་ཚོ།
- ཁྱོས་བྱི་ལོང་སྔོན་པོའི་མིག་ལ་ལྟོས།