02 Apr 2019
2 min 53 sec
Video Overview
Creators:
Tibetan and Himalayan Library
Traditional Tibetan nomadic folk song: the song of praising a mountain as performed in the Zangkar area of Khyungchu in Amdo region.
མདོ་སྨད་ཁྱུང་མཆུའི་ཟངས་དཀར་ཡུལ་གྱི་འབྲོག་པའི་ས་ཆར་དར་ཁྱབ་ཡོད་པའི་སྲོལ་རྒྱུན་དམངས་གླུའི་རིག་གནས་སྐོར་ལས་ཨ་སེར་ཉིས་འགྲོས་ཞེས་པ།
བརྙན་འདིའི་གླུ་ཚིག་གི་ཆ་ཤས་ནི་འདི་ལྟར་ཏེ། ཨོ་་་ ་་་སྟོད་ཡུལ་ན་ཤྭ་བོ་ཉིས་འགྲོས་ཞིག རྭ་རིང་ཐུང་མེད་པར་ཡག་རེ་ལྟོས། བར་གན་ན་ཝ་མོ་ཉིས་འགྲོས་ཞིག གྲ་རིང་ཐུང་མེད་པར་ཡག་རེ་ལྟོས།
在藏族安多邛溪壤噶地区广为流传的传统牧民民歌:两位美女之歌
视频中的歌词的一部分以如下:
在顶部行走的双鹿,
有着一摸一样的鹿角, 它们是多么美丽的。
在中间行走的双狐狸,
有着一摸一样的皮毛, 它们是多么美丽的。
- ཨོ་་་ ་་་
- སྟོད་ཡུལ་ན་ཤྭ་བོ་ཉིས་འགྲོས་ཞིག
- ར་རིང་ཐུང་མེད་པར་ཡག་རེ་ལྟོས།
- བར་གན་ན་ཝ་མོ་ཉིས་འགྲོས་ཞིག
- གྲ་རིང་ཐུང་མེད་པར་ཡག་རེ་ལྟོས།
- ཨོ་་་ ་་་
- སྨད་ཞོལ་ན་ཨ་སེར་ཉིས་འགྲོས་ཞིག
- མགོ་མཐོ་དམན་མེད་པར་ཡག་རེ་ལྟོས།
- གླུ་ཤེས་པ་མིན་མོད་རྟེན་འབྲེལ་རེད།
- ནང་དོན་ནི་སྟོད་ཡུལ་ན་ཤྭ་བོ་གཉིས་འགྲོས་
- ཡོད་པར་ར་ལ་རིང་ཐུང་མེད་པས་ཡག་ཞེས་པའོ།།
- བར་གན་ན་ཝ་མོ་གཉིས་འགྲོས་ཡོད་པ་
- དེ་གྲ་ཁར་རིང་ཐུང་མེད་པས་ཡག་ཞེས་པའོ།།
- སྨད་ཞོལ་ན་ཨ་སེར་ཉིས་འགྲོས་ཞིག་ཞེས་ན་
- བུ་མོ་ཨ་ན་མ་ན་གཉིས་འགྲོག་ཡོང་བ་ཡིན་ན་
- མགོ་མཐོ་དམའ་མེད་པས་ཡག་ཞེས་བསྟོད་པའོ།།
- ཨ་སེར་ཞེས་པ་བུ་མོ་དང་དོན་གཅིག
- བུ་མོ་ཉིས་འགྲོས་ཞེས་པར་ཨ་སེར་ཟེར་དགོས།
- དོན་སྟོན་ས་ནི་བུ་མོ་ཡིན། བུ་མོ་གཉིས་ཡོང་བར་
- མགོ་ལ་མཐོ་དམའ་མེད་པས་ཧ་ཅང་ཡག་ཞེས་པའོ།།