02 Apr 2019
2 min 10 sec
Video Overview
Creators:
Tibetan and Himalayan Library
"Praising the Horse" is widely known around Zangkar area of Khyungchu in Amdo region.
The song lyrics in this video include the following:
Beautiful region is Dökyé Tang
Beautiful village is Akyi Töma
Beautiful Home is Gar [monk's room]
Beautiful name is Lhamo Döndrup
མདོ་སྨད་ཁྱུང་མཆུའི་ཟངས་དཀར་ཡུལ་གྱི་འབྲོག་པའི་ས་ཆར་དར་ཁྱབ་ཡོད་པའི་སྲོལ་རྒྱུན་དམངས་གླུའི་རིག་གནས་སྐོར་ལས་འདོ་བར་བསྟོད་པའི་གླུ།
བརྙན་འདིའི་གླུ་ཚིག་གི་ཆ་ཤས་ནི་འདི་ལྟར་ཏེ། ས་ཡག་པ་འདོད་སྐྱེ་ཐང་ན། སྡེ་ཡག་པ་ཨ་སྐྱིད་སྟོད་མ་རེད། སྒར་ཡག་པ་སྒར་བའི་ཁྱིམ་ན། མིང་ཡག་པ་ལྷ་མོ་དོན་འགྲུབ་རེད།
传统藏族牧民民歌 《赞马之歌》在安多邛溪壤噶地区广为流传。
视频中的歌词一部分以如下:
美丽的地区是多结唐
美丽的村庄是阿基夺玛
美丽的家是和尚的家
美丽的名字是拉毛东知
- ས་ཡག་པ་འདོད་སྐྱེ་ཐང་ན།
- སྡེ་ཡག་པ་ཨ་སྐྱིད་སྟོད་མ་རེད།
- སྒར་ཡག་པ་སྒར་བའི་ཁྱིམ་ན།
- མིང་ཡག་པ་ལྷ་མོ་དོན་འགྲུབ་རེད།
- ཁྱོས་རིན་ཆེན་གླིང་དཀར་སྟེང་ནས།
- ཁྱོས་མགོ་ཟུར་རྣ་ཡིས་ཉོན་དང་།
- རྟ་རྐྱང་ལུར་བསྟོད་གསུམ་གོས་འཐེན།
- འདི་འདོད་ཆུང་རྒོད་མའི་རྗེས་སུ།
- འདི་འདོ་བ་རྐྱང་ལུ་འཁྲུངས་བ་དེ།
- མགོའི་རྣ་མཆོག་གསེར་གྱི་ལྷུ་མ་རེད།
- འདིའི་རྔ་རྔོག་དྲ་བ་དྲ་ཕྱེད་རེད།
- འདི་ལྷ་ཆེན་ལྷ་ཆུང་བཅུ་གཉིས་རེད།
- འདི་སྒལ་ཚིགས་བཞི་བཅུ་ཞེ་གཉིས་རེད།
- ལྷ་རེ་རེ་མ་གནས་ས་མེད་པ།
- སྐུ་རེ་རེ་མ་འཁྲུངས་ས་མེད་པ།
- སྟོད་རྒྱ་གར་སྤོས་རི་མན་ཆོད་དང་།
- སྨད་རྒྱ་མོའི་དང་ཐོག་ཡན་ཆོད།
- མདོ་དེ་འདྲ་འཁྲུངས་རབས་ཨེ་གོ།
- རྩྭ་འཇག་མའི་ཚུན་དང་ཚུན་ཆོད་དུ།
- འབུ་གྲོག་མའི་ཡན་དང་ཡན་ཆོད་དུ།
- རྨིག་རྭ་བཞིའི་ཁེབ་ཚོད་ཞིག་ལ།
- ཤི་བར་དོར་ངན་སོང་མེད་འདུག