02 Apr 2019
12 min 33 sec
Video Overview
Creators:
Tibetan and Himalayan Library
A game of Stick Sho.
ཤིང་ཤོ་རྩེད་མོའི་རྩེད་ཚུལ་གྱི་ངོ་སྤྲོད།
བརྙན་འདིར་ཤིང་ཤོ་རྩེད་པའི་རྣམ་པ་དང་དེའི་འགྲོ་སྟངས། རྩེད་མོར་རོལ་ཚུལ་སོགས་ཀྱི་རྣམ་པ་དངོས་སུ་ཐོན་ཆེད་དཔེ་སྟོན་ཐེངས་གཅིག་བྱས་ཏེ་དེའི་རྩེད་ཚུལ་དངོས་སུ་བསྟན་ཡོད།
介绍木根骰子游戏的玩法。
为了带来对藏族传统游戏 - 木根骰子的游戏更深的了解,这个视频演示如何玩木根骰子。
- ལོ་ཤེས།འདི་འདྲ་བྱས་ན་དེ་རེད། ཤོ་རྡེའུ་ཡི་གྲངས་ཀ་རྩི་རྒྱུ་རེད།
- ཤོ་རྡེའུ་འཇོག་རན་ནི་རེད། ད་སྐབས་ཁྱོད་ལ་ཅི་བབས་ན་དེ་འཇོག་རན་ནི་རེད།
- ཁྱོད་བཅུ་རེད། ཤོ་རྡེའུ་བཅུ་རྩིས་རྗེས་ཤོ་ཁྱི་རིང་བོ་གཉིས་དེར་འཇོག་དགོས།
- གསུམ་བཞི། ལྔ། བཅུ་རེད། ཤོ་མ་དེར་འཇོག་དགོས།
- སུས་སྔོན་ལ་འཕེན་རྒྱུ་རྩོད་པ་རེད། དེ་སྔོན་ཁྱོད་ལ་བཅུ་རེད།
- ང་ལ་བཅུ་གཅིག་རེད། རིང་བ་གཉིས་དང་ཐུང་བ་གཉིས་འདིའི་བར་རེད།
- ད་ཡང་ཁྱོས་འཕོང་དང་དེ་རེད།
- དེ་ལྟར་དུ་ངས་གཅིག་འཕང་རྗེས་ཁྱོས་འཕང་བ་ན་དེ་ལྟར་རེད།
- འཛུར་ཤོ་ཡོད་ན་འཛུར་ཤོ་འཕེན་དགོས། བཅུ་གཅིག་རེད།
- ད་འདིའི་ནང་དུ་གཅིག་བཞག་ན་ཆོག་པ་ལས་འདི་སོད་ནི་མ་རེད།
- འདི་མ་ཡིན་པས་ཕྱིར།
- ཁྱོད་ལ་བུ་ལས་མེད་པར་རང་གིས་འདིར་འཇོག་བསམ་ན་བཞག་ན་ཆོག་ནི་རེད།
- བཞག་ན་བཟང་སྲིད། ད་འདིར་བུ་གཅིག་འཇོག་དགོས་པ་ཡིན་ནམ། རེད།
- ཁྱོས་གཅིག་འཕང་རྗེས་ངས་གཅིག་འཕང་སྟེ་ཚང་མ་ཚར་བར་བྱེད་དགོས།
- འདི་ལ་བུ་ཞིག་འཇོག་དགོས་དོན་ཅི། འདི་གོང་དུ་ཅི་ལ་མི་རུང་བ་ཡིན།
- དེ་མི་རུང་ལ་ཁྱོད་རང་གིས་སྔོན་དུ་འདིར་བཞག་ཡོད་པས་ད་དུང་འགྲོ་རྒྱུ་མེད།
- གནས་སྤོར་ཆོག་ནི་མ་རེད། ཚང་མ་བཞག་མ་ཚར་བར་དུ་མི་ཆོག
- ཐོག་མ་དེ་ཧ་ཅང་གལ་ཆེན་ཞིག་ཡིན་འདུག རེད།
- ང་ལྟ་བུ་ཡིན་ན་འདི་བཅུ་གཅིག་རེད།
- ད་ངས་འདིའི་ནང་དུ་ཚུད་ཨེ་ཐུབ་བལྟས་ནས་
- བཅུ་གཅིག་བབས་པའི་དབང་དུ་བྱས་ན་ཁྱོས་འདི་བསད་པ་ཡིན།
- མས་བུ་སོད་པ་ལས་བུས་མ་མི་སོད། ཤེས་སམ།
- ང་རང་ལྟ་བུ་ཡིན་ན་བཅུ་གཅིག་ཞིག་འབབ་དགོས་ཡོད།
- བཅུ་གཅིག་ཨེ་འབབ་བམ་མི་འབབ་ལ་བདུན་ཞིག་རེད།
- བདུན་རེད། གསུམ་་་་་་བདུན། འདིའི་བར་རེད། ད་ཡང་ཁྱོས་འཕོང་དང་དེ་རེད།
- དེ་དུས་མ་གཞི་འབོད་པ་ཡིན་ནམ།
- འབོད་སྲིད་ལ་ད་ཁྱོད་རང་གིས་བཅུ་ལ་བོས་ན་དེ་རེད།
- ཨ་བཅུ་མ་ཐེ་བཅུ་མ། བཅུ་མོ་ཧོར་གྱི་རྟ་འདེད་མ་ཞེས་བོས་དང་དེ་རེད།
- སྐྱ་ཐེངས་སེ་གཏོང་མཁན་མ། རྡུལ་ལོངས་སེ་འཇོག་མཁན་མ།
- ཀི་་་་་་ཞེས་ཐལ་ལྕག་གིས་རྒྱག་ཁུལ་བྱས་ཏེ་འུར་རྒྱག་བྱེད་ཚུལ་ཧ་ལས་པ་ཞིག་ཡིན།
- མི་མང་དུས་མིད་པ་ཡང་སྐམ་ལ་ཁད་དུ་ཀི་འདེབས་སྲིད།
- ཨ་བཅུ་མ་ཐེ་བཅུ་མ། ཅི་ཙམ་རེད། ལྔ་རེད། ལྔའི་བར་དུ་ཞོག་དང་དེ་རེད།
- ལྔ་གེ་ལེ་རེད། རེད་དེ་ལྟར་ཞོག་དང་དེ་རེད།
- བདུན་གྱི་བར་ལ་ངས་བཞག་ནི་ཡིན་ནམ།
- ངེད་གཉིས་ཀྱི་འདི་རིང་ཐུང་གིས་མི་ནོར་བ་ཙམ་ལས་ང་ལ་གསུམ་ཡོད་པས་ནོར་སླ།
- ང་ཡིན་ན་བཅུ་གཅིག་ཐིག ཐིག་རྡོ་རྒོད་ཀྱི་སྤྲུལ་བ། གནམ་ལྕགས་ཀྱི་འཛེར་མ།
- ཨོ་ཐིག་ཞེས་ཟེར་ནས་གཅིག་བརྒྱབ་བཞག་པས་ཁྱོས་ཡར་ལེན་དགོས།
- ཞེས་འུར་རྒྱུག་བྱེད། བཅུ་གཉིས་རེད། བཅུ་གཉིས་ལ་འཛུར་ཤོ་ཡོད་པས་
- འཛུར་ཤོ་འཕང་ཏེ་འདིའི་བར་དུ་གཅིག་ཞོག་དང་དེ་རེད། ད་དུང་གཅིག་འཕང་ཆོག
- བཅུ་གཉིས་རེད་དེ་ནས་འཛུར་ཤོ་བབས་ཡོད་པས་ཡང་གཅིག་འཕང་ཆོག
- ད་ཁྱོད་བཅུ་ལ་འབོད་ན། བཅུ་གཉིས་ལ་འབོད་ན་ཁྱོད་ལ་ཡོད་པ་དེ་དག་རེད།
- བཅུ་གཉིས། བདུན་རེད་ཁྱོད་ཀྱིས་ང་ལ་འདི་བསད་སོང་།
- ཁྱོད་ཀྱིས་འདི་བླངས་ཏེ་འདིར་གཅིག་བཞག་ན་དེ་རེད་དམ། རེད།
- ཁྱོད་ཀྱིས་ང་ལ་ཕྱིར་ལན་འཇལ།
- དེ་ལྟར་མི་མང་དུས་གཅིག་གིས་གཅིག་ལ་བརྒྱབ་སྟེ་མགོ་རྙོག་པར་བྱེད།
- བཅུ་གཅིག་ཐུག བརྒྱད་ཁྲ་གད་ལེ་བོ་བབས་ཡོད། འདི་ལ་འཇོག
- གང་ཡིན་ནམབརྒྱད་འདི་ཡིན་འདུག བརྒྱད་རེད་ཡང་གཅིག་འཕེན་རྒྱུ་ཡོད།
- དེ་ནས་ཁྱོད་རང་གི་གཉིས་བྱས་བཞག་ན་ཆོག་ནི་རེད་དམ། རེད།
- དེའི་ཁར་བཞག་པ་ཡིན་ལ་ཐེངས་འདིར་ཡང་བརྒྱད་བབས་པས་དེ་ལྟར་བཞག་ཆོག
- དཔེར་བཞག་ན་ད་ཁྱོས་ང་ལ་འདི་མ་སོད་ནི་རེད།
- ང་ལ་གཉིས་ཡོད་ཁྱོད་ལ་གཅིག་ལས་མེད་པས་ཡིན།
- ཁྱོད་ལ་ལྔ་བབས་ན་འདི་བསད་ཆོག བཅི་གཅིག་རེད།
- ད་འདི་ཡང་ཡར་ལེན་དགོས་ཡོད། ང་ལ་ཡང་གཅིག་བསད་ཡོད་པ་ཡིན་ནམ།
- རེད། ད་ཁྱོད་ཀྱིས་འཕོང་དང་རེད། བདུན་རེད།
- བདུན་ཡར་སྔོན་ཁྱོད་ལ་ཡོད་པས་གཉིས་མཉམ་དུ་ཡོད།
- དེས་ན་ཁྱོད་ཀྱིས་འདི་མ་སོད་མ་རེད་དམ། རེད།
- ད་ང་ལ་བདུན་ཞིག་བབས་རུང་འདི་མི་སོད་ནི་རེད། ང་འགྲོ་ས་མེད་པ་ཡིན།
- འདི་བཞི་ཙི་ལུ་རེད། ད་འདིར་གཅིག་འཇོག
- བར་སྐབས་སུ་མ་བཞག་ཀྱང་ཆོག་ནི་རེད། རང་མོས་ཡིན།
- ཁྱོད་ཀྱི་འདི་དག་གཏོར་དགོས་མེད་བསམ་རུང་ཆོག བཅི་གཅིག་རེད།
- བཅུ་གཅིག་གོང་གི་ནང་དུ་འཇོག་ན་ཡང་འདི་ངས་བླངས་ཆོག
- འཇོག་གམ འཇོག་ན་ངས་འདི་ཕྱིར་ལེན་དགོས། འཇོག་རྒྱུ་ཡིན།
- གྲངས་ཀ་ཅི་ཙམ་གྱི་ཚད་ནས་འདྲེས་ཆོག་ནི་རེད།
- ངེད་གཉིས་ཀྱི་ལག་ནང་ནས་ཚར་དུས་འདྲེས་ཆོག
- ཡང་འདི་རེད་ཁྱོས་འདི་བསད་སོང་། ཁྱོས་འདི་དོན་མེད་རེད།
- ཡ་འཕོང་།
- དེ་ལ་གྲོས་བྱས་ན་ཆོག་ནི་རེད།
- ངེད་གཉིས་ཀྱིས་ཅིས་ཀྱང་ལག་གི་ཤོ་ཁྱི་མ་ཚར་གོང་དུ་
- འདྲེས་ཆོག་མིན་ཟེར་རྒྱུ་ཡོད།
- དེ་འདྲིའི་སྒྲིག་ལམ་བཞག་ན་གོང་དུ་ཁྱོས་འདིའི་བར་དུ་
- གསུམ་ཡིན་ན་གསུམ་གྱི་བར་དུ་སོང་ཆོག
- མ་གཞི་འདི་དག་མ་ཚར་བར་དུ་མཉམ་དུ་འཇོག་མི་ཆོག་མོད།
- དེར་གྲོས་བྱས་ན་ཆོག
- ལྔ་རེད། ལྔ་ཡིན་ན་ཡང་འདི་ཁྱོས་འཕང་བ་ཡིན་ལ་
- དེ་ཡིན་ན་ཡང་ཁྱོས་འདི་བསད་ཡོད།
- ཡང་ཁྱོས་གཅིག་ལེན་དགོས། འདི་དག་ཀྱང་མི་ཚར་ལ་བྱེད།
- མི་མང་དུས་འདི་ལྟར་འཇོག་རྒྱུར་ཡང་མགོ་རྙོག་པར་བྱེད།
- གཉིས་ཀྱི་འཕང་ན་ཡང་འདི་རེད་ངེད་གཉིས་ཀྱི་ལག་ནས་ཡང་མི་ཚར་ལ་བྱེད།
- ཡང་བདུན་རེད། བདུན་ཡིན་མོད་ངས་མི་འཇོག
- ཁྱོད་བདུན་གྱི་ནང་དུ་ཡོད་པས་ཁྱོད་ལ་བཅོལ་ཆོག་མོད་
- གཉིས་ཡོད་པས་གསད་མི་ནུས། བདུན་རེད་ཡང་དེའི་ནང་རེད།
- དེ་ལྟར་འདྲེས་ཐུབ་ན་དེའི་འཕྲོར་ཁྱོད་འགྲོ་སླ།
- འདི་དག་འདྲེས་ནས་གཅིག་ལ་གྱུར་ན་འདིར་འགྲོ་སླ།
- བཅུ་རེད། ཁྱོད་ཀྱི་ནང་ཡིན་མོད། གཅིག གཉིས་་་་་་བཅོ་ལྔ་འདི་རེད་འདིར་འཇོག
- བརྒྱད་རེད། ད་ཡང་གཅིག་འཕང་ཆོག ད་ཐེངས་ང་ལ་བསད་ཡོད་པ་འདྲ།
- གཉིས། བཞི་་་་་་བརྒྱད། འདི་རེད་དམ། མ་རེད། ཁྱོས་གང་ནས་བརྩིས་པ་ཡིན།
- གཅིག་ནས་རྩིས་དང་། གསུམ་་་་་་བརྒྱད། དེ་བསད་ཡོད།
- ད་དུང་ཁྱོས་འཛུར་ཤོ་འཕང་ཆོག ད་ཐེངས་འཛུར་ཤོ་རེད།
- ངས་ཀྱང་ད་ཐེངས་ང་ལ་བརྒྱབ་ཡོད་བསམ། བདུན་རེད།
- ཁྱོད་བདུན་ལ་སོང་དང་མཉམ་དུ་འཇོག་ཐུབ་པ་འདྲ། དྲུག་རེད།
- བདུན་རེད་འདི་ཁྱོད་ཀྱི་ཡིན་པས་ད་འདིར་དང་མཉམ་དུ་བཞག་ཆོག
- ད་ཁྱོད་རྒྱལ་བཞིན་ཡོད། ང་ལ་གཅིག་་་་་་བཞི་ལས་མེད་པས་ཁྱོད་ཀྱི་མང་།
- མདོར་ན་འདྲེས་ཨེ་ཐུབ་ལྟ་དགོས་པ་ཡིན།
- བཅུ་གཅིག་་་་་་ཐིག་་་་་་ཐིག བདུན་རེད། བདུན་དོ་ལོ་རེད། འདིའི་བར་རེད།
- གསུམ་རེད། ད་ང་ལ་གསུམ་ཅན་ཞིག་ཡོད་དམ། གསུམ་ཅན་ཞིག་མེད།
- འདི་གོང་དུ་གསུམ་ལ་འགྲོ། དེ་རེད། འདི་ཅི་ཞིག་ཡིན་ན་དེ་རེད།
- བདུན་རེད།
- འདི་དང་འདྲེས་ཐུབ་པ་འདྲ། མི་ཐུབ། གཅིག་གཉིས་་་་་་དྲུག
- གཅིག་གིས་གོང་དུ་བུད་ཡོད། གཅིག་གིས་མ་ཐུབ། འདི་རེད།
- འདིའི་བར་དུ་ཁེལ་ཡོད། སོང་དང་དེའི་བཟང་།
- སྤྱིར་འདི་དག་འདྲེས་ཐུབ་མོད་དེ་རིང་འདྲེས་མི་ཐུབ།
- ཡུན་རིང་ལ་མ་འཕང་པས་རེད།
- ཡང་བཅོ་བརྒྱད་རེད། དམར་ལེབ་མ་རེད། ཡང་གཅིག་འཕེན་རྒྱུ་ཡོད་ནི་རེད།
- དྲུག་རེད། གཅིག་་་་་་དྲུག འདི་བདུན་ཞིག་ཡིན་འདུག གཅིག་གིས་མི་ཐུབ།
- འདིའི་བར་ལ་དྲུག་སོང་། འདི་བཅོ་བརྒྱད་ལ་སོང་།
- གཉིས་གསུམ་་་་་་བཅུ། བདུན་བརྒྱད། ཡང་ཁྱོས་འཕོང་།
- བརྒྱད་རེད། ཡང་ཐེངས་གཅིག་འཕོང་། བརྒྱད་ཞིག་ཡོད་ནི་རེད།
- ཡང་བརྒྱད་ཞིག་རེད། ཡང་འཕོང་། བརྒྱད་ཉིས་བཅུ་དྲུག་རེད།
- ལྔ་ཞིག་རེད། ལྔ་འདིར་འདྲེས་ཡོད།
- དེ་སྔོན་ནས་ཁྱོད་རྒྱལ་བའི་ཚུལ་ཡོད་འདུག དེ་ནས་བརྒྱད་ཞིག་ཡིན།
- འདི་ལྔ་དང་དྲུག་རེད། བདུན་བརྒྱད་འདིའི་ནང་དུ་འདྲེས་ཡོད།
- འདི་འདི་ལྟར་བྱེད་པ་ལས་འགྲོ་རྒྱུ་དཀའ་ལས་ཡིན།
- ད་ཁྱོད་ལ་མཉམ་དུ་འཛོམས་ཡོད་པས་
- སླ་མོ་བྱས་ཏེ་བུ་བདུན་པོ་འདིར་ཡོད་ལ་མ་འདིར་ཡོད།
- ཤེས་སམ།
- འདི་གཉིས་མཉམ་དུ་འདྲེས་ན་ཁྱོད་དགུ་མོའི་ཁེར་མདའ་ལ་བུད་པ་ཡིན།
- ད་ཡང་བརྒྱད་ཞིག་ཡིན།
- ད་འདི་རེད། ཁྱོད་ལ་བདུན་ཡིན་ན་མགོར་བུད་ཡོད། དེ་འདྲ་ཞིག་རེད།
- འདི་འདིའི་བར་ན་ཡོད་པ་ཡིན་ནམ། རེད། འདི་དག་འདི་ལྟར་ཡོད།
- ཅི་ཡིན་མི་ཤེས་མོད་གཅིག་འཕང་འཇོག གསུམ་ཞིག་རེད།
- གསུམ་ཡིན་ན་འདི་བསད་ཡོད་པ་ཡིན་ནམ། དེ་བསད་ཡོད།
- ད་ཁྱོད་ཀྱི་བདུན་པོ་བསྐྱར་དུ་འཇོག་དགོས་འདུག ཡིན་ནམ།
- འདི་བདུན་ཡིན་པས་གསོད་ཐུབ་བམ།
- སོད་ནི་རེད་ངའི་འདི་མ་རེད། མས་བུ་སོད་ནི་རེད།
- ཡར་བླངས་ཚར་བས་འདིས་གསད་པར་ནུས་སོ།།