02 Apr 2019
5 min 12 sec
Video Overview
Creators:
Tibetan and Himalayan Library
A tale of deception and cleverness.
བསླུ་ཁྲིད་དང་སྤྱང་གྲུང་སྐོར་གྱི་གནའ་གཏམ།
བརྙན་འདིར་གནའ་གཏམ་མོ་སྟོན་ཕག་མགོ་ཞེས་པ་བཤད་ཡོད། གནའ་གཏམ་འདིར་མི་ལེ་ལོ་དང་གཡོ་རྒྱུ་ཅན་ཞིག་རི་དྭགས་རྔོན་དུ་སོང་བར་རྟ་དང་མེ་མདའ། ཤྭ་ཁྱི་སོགས་བོར་མཐར་ལག་སྟོང་དུ་འཁྱམ། ཁོས་ལྟོ་རྒྱབ་ཀྱི་ཆེད་དུ་ཁྱིམ་ཚང་མང་པོར་མོ་འདེབས་ཁུལ་བྱས་པར་བསམ་ཐོག་ཏུ་སོང་བ་བརྗོད་ཡོད། དེ་ནི་མི་རོ་བརྩེ་སྒྲུང་ལས་མོ་སྟོན་ཕག་མགོའི་ནང་དོན་དང་མཚུངས།
关于欺骗和聪明的民间故事。
这段视频介绍 《猪头卦师》的民间故事。 故事主要内容是 -一个懒惰而狡猾的人去打猎。 他把他的马和枪以及猎狗都丢了。欺骗许多家庭作为算命者后, 他找到了他要找的东西。
- མོ་སྟོན་ཕག་མགོ་ཟེར་རྒྱུ་ཞིག་ཡོད།
- བཟའ་ཚང་ཞིག་ལ་རྒན་རྒོན་གཉིས་ཡོད།
- ཁྱོད་ག་དེ་ཧ་ཅང་ལེ་ལོན་ཅན་
- ཁྱིམ་དུ་བསྡད་འདུག་མཁན་ཞིག་ཡིན།
- རྒན་མོས་ཁོ་ལ་འཁོར་བ་སྐྱོང་ཐབས་
- ཙམ་རེ་སློབ་དགོས་བསམ་སྟེ།
- མར་ཐོ་ཞིག་དང་ཆུར་བ་རྐྱལ་བ་གང་
- ཚལ་གསེབ་ཏུ་བསྐུང་བར་བྱ་ཡིས་ཟོས།
- མོས་ཁྱོ་གར་གན་ན་བྱ་འཕུར་བཞིན་པས་ལྟོས་དང་ཟེར།
- ཁྱོ་ག་ཕར་སོང་བ་ན་ཆུར་བ་རྐྱལ་བ་གང་དང་
- མར་ཐོ་ཞིག་རྙེད་པ་ཁྱེར་ནས་ཐོན་པ་ན།
- རྒན་མོས་གོམ་གསུམ་སོང་ན་རྒན་རྒུམ་རྙེད།
- གུམ་སེ་བསྡད་ན་གཉེར་སེ་འཆི་ཟེར་ནི་རེད་ཞེས་པར།
- ཁྱོ་གས་བདེན་པར་འདུག་བསམ་སྟེ།
- རྟ་བཟུང་སྟེ་མེ་མདའ་ཁུར་ནས་ཁྱི་ཁྲིད་དེ་
- རྒན་མོར་རི་དྭགས་རྔོན་དུ་འགྲོ་རྒྱུ་ཡིན་ཟེར་ནས་སོང་།
- ཁོ་རང་སོང་བ་ན་ཝ་ཞིག་ཁུང་བུར་འཛུལ་བ་མཐོང་།
- ཁོ་རྟ་ལས་བབས་ཏེ་སློག་པ་ཕུད་ནས་རྟ་ཐོག་ལ་བཞག
- ཁྱི་དང་རྟ་གཉིས་ཀྱི་འདོགས་ཐག་སྦྲེལ།
- མེ་མདའ་རྟ་རྒྱབ་ལ་བཞག་སྟེ་ཞྭ་ཁུང་སྒོ་ལ་བཞག་ནས་
- རྐང་ལྡེབ་ཞིག་བྱས་པར་ཝས་ཞྭ་མགོར་གྱོན་ནས་བྲོས།
- ཝ་བྲོས་པ་ཁྱིས་བདའ། ཁྱི་དང་རྟ་གཉིས་འབྲེལ་ཡོད་པས་
- རྟ་ཡང་ཁྲིད་སོང་། ཀི་་་ཝ་ཞ་གོན་ཞིག
- ཁྱི་རྟ་ཁྲིད་ཞིག རྟ་མེ་མདའ་ཁུར་བ་ཞིག་ཨེ་རིག་ཞེས་དྲིས།
- ཚང་མས་མ་རིག་ཞེས་དེ་ལྟར་བོར་སོང་།
- ཁོ་རང་གྲོགས་མེད་གཅེར་བུར་ལུས།
- འཁྱག་གིས་དེད་ནས་རྒྱལ་པོ་ཚང་གི་སོག་མའི་ནང་དུ་ཉལ།
- ཉལ་བསྡད་པར་རྒྱལ་པོ་ཚང་གི་བཅུན་མོ་ཐོན་ནས་
- མཛོ་མོ་བཞོ་སྐབས་སྐེ་ན་བླ་གཡུ་ཡོད་པ་ཆད་ནས་སར་ལྷུང་།
- ཁོས་དེར་བལྟས་བསྡད་དུས་བ་ལུ་མ་
- འཁོར་འཁོར་ནས་དེའི་ཐོག་ཏུ་ལྕི་བ་ཞིག་བཏང་།
- དེར་གཡོག་མོ་ཐོན་ནས་ལྕི་བ་གྱང་ངོར་སྦྱར་བ་མཐོང་།
- དེ་ནས་རྒྱལ་པོ་ཚང་གི་བཙུན་མོའི་བླ་གཡུ་བོར་སོང་ཞེས་
- མོ་འདེབ་པ་ལ་སོགས་བྱས་ཀྱང་གཏན་ནས་མ་རྙེད་པར།
- སྤྲང་བོ་གན་ཤེས་མཁན་རེ་ཡིན་ནམ་ཞེས་ཁོ་ལ་དྲིས་པར།
- ཁོས་ཤེས་མཁན་ཞིག་ཡིན་ཞེས་ལན་བཏབས།
- ཤེས་མཁན་ཞིག་ཡིན་ན་ཁྱིམ་དུ་འགྲོ་ཞེས་ཁྲིད།
- ཁོས་ཕག་ཤ་ཟ་བསམ་པས་ཕག་ཞིག་བཤའ་དགོས་ཟེར།
- རྒྱལ་པོ་ཚང་ནས་ཡ་ཞེས་ཕག་བཤས་པར་
- ཁོས་ཕག་མགོ་རྩྭ་རྫོང་བྱེད་དུ་བཅུག
- ཕག་མགོའི་རྣའི་ནང་དུ་ཙོར་སོགས་བཏགས་ཏེ།
- དེ་ན་མི་འདུག་དེ་ན་འདུག་ཞེས་ལྕི་བ་སྦྱར་ཡོད་སར་
- པག་གི་མཆུ་ཏོས་བརྒྱབ་ནས་བླ་གཡུ་བླངས།
- ཚང་མས་ཁྱོད་བཟང་བ་ལ་ཁྱོས་ཇི་འདྲིས་ཤེས་པ་ལ་ཟེར།
- དེར་རྒྱུ་དང་གོན་པ་སོགས་བྱིན་པས་དེ་བ་ཚང་དུ་བསྡད།
- ཉིན་ཞིག་ཁྱིམ་ཚང་དེར་དགྲ་བོ་ཞིག་ཡོད་པར་
- མི་ཐུབ་པས་ཁྱོད་ལ་ཐབས་རེ་མེད་དམ་ཞེས་བཤད།
- ཁོས་ང་ལ་ཐབས་ཅི་ཡང་མེད་ཟེར་མོད།
- དེ་ཚོས་ཁྱོད་འདི་འདྲའི་ཤེས་མཁན་ཞིག་ལ་
- ཐབས་ཞིག་ཡོད་རྒྱུ་རེད་ཞེས་བཤད།
- དེ་ནས་ཁོའི་བསལ་བློ་གཏོང་བཞིན་བསྡད་པར་སུར་པན་གྱི་
- ཞིང་ཞིག་ཡོད་པར་བལྟས་ཏེ་ངག་ནས་ཁ་ཚ་བར་གྱུར་ཅིག
- སྣེ་རྣོ་བར་གྱུར་ཅིག་ཞེས་ཟེར་བར།
- དེ་ཚོས་ཁ་ཚ་བར་གྱུར་ཅིག སྣེ་རྣོ་བར་གྱུར་ཅིག་ཟེར་བས་
- རྟ་རྒོད་པོ་ཞིག་དང་མདུང་སྣེ་རྣོན་པོ་ཞིག་ཁོའི་ལག་ཏུ་
- འཇོག་དང་ང་ཚོའི་དགྲ་བོ་ཐུབ་པ་འདྲ་ཟེར།
- དགྲ་བོའི་དམག་ལ་རྒོལ་ཐུབ་ཟེར།
- ཁོའི་ཅི་ཡང་མི་ཤེར་རུང་ཤེས་ཞེས་བཤད་ཡོད་པས་
- རྟ་རྒོད་པོ་ཞིག་དང་མདུང་རྣོན་པོ་ཞིག་
- ལག་ཏུ་བཞག་ནས་དམག་གི་གྲས་སུ་སོང་བར།
- ཚང་མའི་ཀི་བཏབས་པར་རྟ་འདྲོགས་ནས་
- བརྒྱུགས་པ་ན་ཁོ་རང་སྐྲག་སྟེ་ངག་ནས་མ་བཟང་།
- ད་ངའི་ཅི་བྱེད་ཞེས་པར་
- དགྲ་ཚང་མས་ང་ལ་ལྟོས་ཟེར་བར་གོ་ནས་བལྟས།
- དགྲ་བོ་ཚང་མས་ཡང་ང་ལ་ལྟོས་ཞེས་ཡོང་བར་གོ་ནས་
- སྐྲག་སྟེ་དམག་ངོ་བླངས། དེ་ནས་ཁོ་རང་རྒྱལ།