Video Overview
A trio of songs about beauty and togetherness.
- སྟོད་བན་ཆུང་དབུས་ལ་འགྲོ་ནི་ཚོ།
- དབུས་ཕོ་འགྲོ་སླའང་ཚུར་ཡོང་དཀའ།
- དབུས་ཚུར་ཡོང་ཁ་ན་ཆོས་ཞིག་དགོས།
- ཆོས་མེད་ན་མཚོ་ཁའི་ངང་བ་འདྲ།
- སེར་ཙིག་སེ་བལྟས་དུས་ཡི་རེ་མུག
- སྟག་ཤར་ལོ་ཇག་ལ་འགྲོ་ནི་ཚོ།
- ཇག་ཕར་འགྲོ་སླའང་ཚུར་ཡོང་དཀའ།
- ཇག་ཚུར་ཡོང་སྔོན་ལ་རྒྱུ་ཞིག་དགོས།
- རྒྱུ་མེད་ན་རི་སྤྱང་སྔོན་མོ་འདྲ།
- སྐྱ་ཐང་ངེར་བལྟས་དུས་ཡི་རེ་མུག
- མ་ཨ་སེར་གནས་ལ་འགྲོ་ནི་ཚོ།
- གནས་པར་འགྲོ་སླའང་ཚུར་ཡོང་དཀའ།
- གནས་ཚུར་ཡོང་སྔོན་ལ་མ་ཞིག་དགོས།
- མ་མེད་ན་རྡོ་ཐོག་སྐྱ་ཀ་འདྲ།
- ཁྲ་ལེམ་མེར་བལྟས་དུས་ཡི་རེ་མུག
- རྟ་རྒྱུགས་ན་བ་ཡན་ཐང་ནས་རྒྱུགས།
- ཁ་འཐེན་ས་ལྷོད་ས་གཉིས་ཀ་ཡོད།
- མདའ་འཕེན་ན་བྲེ་སེར་འབྲོང་ལ་འཕེན།
- ཤ་ཟ་རྒྱུ་ཁུར་རྒྱུ་གཉིས་ཀ་ཡོད།
- གླུ་ལེན་ན་ཁྲོམ་པ་འདུ་སར་ལེན།
- གླུར་ཉན་ནི་ལྟ་ནི་གཉིས་ཀ་ཡོད།
- སྟོད་གན་ན་ཤྭ་བོ་ཉིས་འགྲོས་ཞིག
- རྭར་རིང་ཐུང་མེད་པས་ཡག་རེ་ལྟོས།
- ཐད་གན་ན་ཝ་མོ་ཉིས་འགྲོས་ཞིག
- གྲར་རིང་ཐུང་མེད་པས་ཡག་རེ་ལྟོས།
- སྨད་གན་ན་ཨ་སེར་ཉིས་འགྲོས་ཞིག
- མགོར་མཐོ་དམའ་མེད་པས་ཡག་རེ་ལྟོས།