Video Overview
Three folk songs as performed in the Zangkar area of Amdo.
- རྭ་ཁྲ་བརྒྱད་ཤྭ་བོའི་མགོ་ན་ཡོད།
- བརྡུང་འཇོག་གི་སྤོབས་པ་ཤྭ་བོར་མེད།
- མཆེ་དཀར་ཆུང་གླ་བོའི་ཁ་ན་ཡོད།
- བཟུང་འཇོག་གི་སྤོབས་པ་གླ་བོར་མེད།
- གླུ་ཚིག་གསུམ་གླུ་བའི་ཁ་ན་ཡོད།
- བླངས་འཇོག་གི་སྤོབས་ཚོད་གླུ་བར་མེད།
- བྱ་རྒོད་ལོ་འཁོར་འཁོར་དགུང་ལ་འཁོར།
- དགུང་སྤུ་གྲུས་འཁོར་དབང་མ་བཞིན་ན།
- བྲག་དམར་པོར་མི་སྟེན་ཁ་མེད་རེད།
- བྲག་དམར་པོ་ཕ་མ་མ་རེད་མོད།
- བྲག་ཐེམ་རིམ་ཕ་མའི་དོ་སོ་རེད།
- རྟ་འདོ་བ་་འཁོར་འཁོར་ལྷས་ལ་འཁོར།
- སྲབ་སིལ་མས་འཁོར་དབང་མ་བཞིན་ན།
- ལམ་ཕྲ་མོ་མི་འཐེན་ཁ་མེད་རེད།
- ལམ་ཕྲ་མོ་ཕ་མ་རེད་མོད།
- ས་ཟུར་གསུམ་པ་མའི་དོ་སོ་རེད།
- མ་ཨ་སེར་འཁོར་འཁོར་ཡུལ་ལ་འཁོར།
- ཡུལ་ནུ་བོས་འཁོར་དབང་མ་བཞིན་ན།
- གནས་སྲིན་པོ་མི་འཐེན་ཁ་མེད་རེད།
- གནས་སྲིན་པོ་ཕ་མ་མ་རེད་མོད།
- ཁྱོས་ཁྱོ་ག་པ་མའི་དོ་སོ་རེད།
- གསེར་སེར་པོས་མི་ཁུག་རྒྱུ་དེ།
- སྟོད་གཡུ་ལུང་མཚོ་ཁའི་སྲམ་རེད།
- དངུལ་དཀར་པོས་མི་ཁུག་རྒྱུ་དེ།
- ཤྭ་ཡིད་བཞིན་ནོར་བུའི་རྭ་རེད།
- སེམས་ཁྲ་མོས་མི་ཁུག་རྒྱུ་དེ།
- མདང་དོ་དགུང་ཁྲ་ལོ་ཁྱོད་རེད།