Video Overview
An elderly man who has been wearing Tibetan clothes and singing and dancing for sixty three years.
- པདྨ་བཟང་པོ།ངའི་མིང་ལ་པདྨ་བཟང་པོ་ཟེར་ནི་རེད།
- ང་སྨེ་རི་མ་སྨད་པ་སྡེ་བའི་རེད།
- ང་ཆུང་དུས་ནས།
- ངེད་ཚང་འབྲོག་པ་རེད།
- རྒྱུན་དུ་རྫི་བོར་འགྲོ་རྒྱུར་དགའ་བོ་ཡོད།
- མཚམས་ལ་རེར་རྟར་ཞོན་ནས།།
- ནོར་ལུག་དེད་ནས་འགྲོ་རེད།
- ཞོར་དུ་ལ་ལས་གླུ་ལེན་པ་དང་ལ་ལས་གླིང་བུ་འབུད་པ།
- བྲོ་འཁྲབ་ནས་ས་ཆ་གང་ལའང་འགྲོ་རེད།
- གླུ་ཏག་ཏག་ལེན་པ་དང་བྲོ་ཏག་ཏག་འཁྲབས་ནས་འགྲོ་ནི་རེད།
- ད་སྐབས་ཡིན་ན་ང་ལོ་དྲུག་ཅུ་རེ་གསུམ་རེད།
- ངས་གླིང་བུ་འདྲ་འབུད་པ་དང་བྲོ་འཁྲབ།
- གླུ་ལེན་པ་རེད།
- ང་རང་ཁྱིམ་ན་འདུག་སྐབས་སེམས་ཧ་ཅང་སྐྱིད་པོ་ཡིན་ནི་རེད།
- ལོ་བཅུ་གསུམ་སྟེང་ནས་ད་ལྟ་དྲུག་ཅུ་རེ་གསུམ་བར་དུ་བོད་ཆས་ཏག་ཏག་གྱོན་པ་རེད།
- བོད་ཆས་མ་གཏོགས་གཞན་ཅི་ཡང་གྱོན་རྒྱུ་ལ་དགའ་བོ་མེད།
- བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་ང་ཧ་ཅང་དགའ་ནི་རེད།
- དཔེར་ན།སྐྲ་བསླས་རྒྱུ་རེད་བོད་ལྭ་དང་བོད་ལྷམ་སོགས་གྱོན་རྒྱུ་ལ་དགའ་ཞེན་ཡོད།
- སྐེད་རགས་ཚུན་ཆད་བོད་ཆས་ཏག་ཏག་ཡིན་ནི་རེད།
- ངས་བོད་ཆས་མ་གཏོགས་གཞན་ཅི་ཡང་གྱོན་ནི་མ་རེད།
- རི་བརྒྱ་རི་ཡི་རི་འགོ་ན།།
- རྨ་བྱའི་སྒྲོ་ཡི་ལབ་ཙེ་བརྩིགས།།
- ལབ་ཙེ་བརྩིག་མཁན་རྗེ་བླ་མ་རེད།།
- རླུང་རྟ་བཏགས་མཁན་སེར་མོ་རེད།།
- ཆོས་ར་དར་གི་རྗེ་ལབ་ཙེ་རེད།།
- ཆོས་གཡང་འཁོར་གི་རླུང་རྟ་རེད།།
- རི་བརྒྱ་རི་ཡི་རི་སྐེ་ན།།
- ངང་ལུ་སྒྲོ་ཡི་ལབ་ཙེ་བརྩིགས།།
- ལབ་ཙེ་བརྩིག་མཁན་རྗེ་དཔོན་པོ་རེད།།
- རླུང་རྟ་འདོག་མཁན་ཕོ་འདྲ་རེད།།
- ཁྲིམས་ར་དར་གི་མཁན་རྗེ་ལབ་ཙེ་རེད།།
- ཁྲིམས་གཡང་འཁོར་གི་རླུང་རྟ་རེད། །
- རི་བརྒྱ་རི་ཡི་རི་འདབས་ན།།
- ཁྱུ་བྱུག་སྒྲོ་ཡི་ལབ་ཙེ་བརྩིགས།།
- ལབ་ཙེ་བརྩིག་མཁན་རྗེ་སྨན་ཆུང་རེད།།
- རླུང་རྟ་འདོག་མཁན་མ་སྲུང་རེད།།
- བྲོ་ར་དར་གི་རྗེ་ལབ་ཙེ་རེད།།
- བྲོ་གཡང་འཁོར་གི་རླུང་རྟ་རེད།།
- གསེར་གྱི་རི་དང་གསེར་གྱི་ཐང་།།
- གསེར་གྱི་ཐང་ལ་ཡར་སྐྱེ་ཤིང་དང་མར་འབབ་ཆུ།།
- མར་འབབ་ཆུ་ལ་གསེར་ཟམ་བཙུགས།།
- ད་ལྟ་དགའ་ལེར་གསེར་ཟམ་རེད།།
- ཕྱི་མ་དགའ་ལེར་ཆོས་ཟམ་རེད།།
- དངུལ་གྱི་རི་དང་དངུལ་གྱི་ཐང་།།
- དངུལ་གྱི་ཐང་ལ་ཡར་སྐྱེ་ཤིང་དང་མར་འབབ་ཆུ།།
- མར་འབབ་ཆུ་ལ་དངུལ་ཟམ་བཙུགས།།
- ད་ལྟ་དགའ་ལེར་དངུལ་ཟམ་རེད།།
- ཕྱི་མ་དགའ་ལེར་ཆོས་ཟམ་རེད།།
- དུང་གི་རི་དང་དུང་གི་ཐང་།།
- དུང་གི་ཐང་ལ་ཡར་སྐྱེ་ཤིང་དང་མར་འབབ་ཆུ།།
- མར་འབབ་ཆུ་ལ་དུང་ཟམ་བཙུགས།།
- ད་ལྟ་དགའ་ལེར་དུང་ཟམ་རེད།།
- ཕྱི་མ་དགའ་ལེར་ཆོས་ཟམ་རེད།།
- བཅར་འདྲི་བ།ཁྱེད་ཀྱིས་གླིང་བུ་བུས་ནས་ལོ་ག་ཚོད་རེད་ལགས།
- པདྨ་བཟང་པོ།གླིང་བུ་བུས་ནས་ལོ་བཅུ་བདུན་ཙམ་རེད།
- འབྲོག་གླུ་དང་ཉག་གླུ་རྫ་གླུ་སོགས་འབུད་ནི་རེད།
- བཅར་འདྲི་བ།དེ་དག་ཁྱེད་ཀྱིས་དགེ་རྒན་མདུན་ནས་སྦྱངས་ནི་ཨེ་རེད་ལགས།
- པདྨ་བཟང་པོ།སྦྱང་བ་མ་རེད། རང་སྦྱོང་བྱས་ནི་རེད།
- གླིང་བུ་ཡང་ཉར་ནས་རང་སྦྱོང་བྱས་ནས་ཤེས་ནི་རེད།
- རྫ་གླུ་དང་ཉག་གླུ་འབྲོག་གླུ་སོགས་བུས་ནས་ཤེས་པ་རེད།
- བཅར་འདྲི་བ།ཁྱེད་ཀྱིས་ཐོག་མར་གང་འབུད་རྒྱུ་ཡིན།
- པདྨ་བཟང་པོ།ཨ།
- བཅར་འདྲི་བ།ཁྱེད་ཀྱིས་ཐོག་མར་གང་འབུད་རྒྱུ་ཡིན།
- པདྨ་བཟང་པོ།སྔོན་ལ་རྫ་གླུ་འབུལ་དང་།
- བཅར་འདྲི་བ།རྫ་གླུ་ཟེར་ན་གང་གི་གླུ་རེད།
- པདྨ་བཟང་པོ།རྫ་གླུ་ནི་རྫ་པའི་སྡེ་བའི་འབུད་སྲོལ་རེད།
- རྫ་གླུ་ཁ་འདུར་མ་ཟེར་རེད།
- རོགས་ཨ་རེ་ལོ་ཟེར་ནས་འབུད་པ་རེད།
- ད་ངས་ཉག་གླུ་འབུད་རྒྱུ་ཡིན།
- རི་འགོ་ཤྭ་བ་དཀར་པོ་རེད།།
- ར་དཀར་དཀར་འདབ་ལག་རྒྱས་འདྲ་རེད།།
- བཀྲ་ཤིས་ལུང་པའི་ཕུ་ལ།།
- བཀྲ་ཤིས་གངས་རི་ཆགས་ཡོད།།
- བཀྲ་ཤིས་གངས་རི་ཆགས་ནས།།
- གངས་ཆུ་བསིལ་མ་བབས་ན།།
- བླ་མའི་གསོལ་ཆུ་ཡིན་ནོ།།
- བཀྲ་ཤིས་ལུང་པའི་སྐེ་ལ།།
- བཀྲ་ཤིས་བྲག་རི་ཆགས་ཡོད།།
- བཀྲ་ཤིས་བྲག་རི་ཆགས་ནས།།
- བྲག་ཆུ་བསིལ་མ་བབས་ན།།
- དཔོན་པོའི་གསོལ་ཆུ་ཡིན་ནོ།།
- བཀྲ་ཤིས་ལུང་པའི་འདབས་ན།།
- བཀྲ་ཤིས་ནགས་རི་ཆགས་ཡོད།།
- བཀྲ་ཤིས་ནགས་རི་ཆགས་ནས།།
- ནགས་ཆུ་བསིལ་མ་བབས་ན།།
- མ་སྲུང་གསོལ་ཆུ་ཡིན་ནོ།།