Video Overview
The film focuses on Tseten Wangchuk’s winter life and also reflects on annual traditional rituals.
- ཚེ་བརྟན།ང་སྨུག་རོང་བ་རེད།
- སྨུག་རོང་ཟམ་པ་ཁ་ཡི་མི་ཡིན།
- ངའི་མིང་ལ་ཚེ་བརྟན་ཟེར།
- ང་ཚོའི་ཟམ་པ་ཁ་གྲོང་དུ་ཁྱིམ་ཚང་ལྔ་ཡོད་རེད།
- ཞོགས་པ་འདྲ་ཡིན་ན།
- ངའི་ཆུང་མ་ཡར་ལངས་ནས་ཞོགས་ཇ་སྐོལ་བ་དང་།
- སྔ་མོའི་ལས་ཀ་ཐམས་ཅན་སྒྲུབ་ཀྱིན་ཡོད་རེད།
- དེ་ནས་འོ་མ་བཞོ་བ་དང་།
- ནོར་རྣམས་རྩྭ་སྦྱིན་ནི་རེད།
- ང་སྔ་མོ་ཡར་ལངས་ནས་བསང་དང་གསུར་གཏོང་ནི་རེད།
- དེ་འདྲ་མ་གཏོགས་ལས་ཀ་གཞན་པ་མེད།
- རང་ཡུལ་གྱི་གཞི་བདག་གཙོ་བོ་ནི་ལྕི་ཤེལ་དང་ར་བྲ་རེད།
- ལྕི་ཤེལ་དང་ར་བྲ་སོགས་ནི་ང་ཚོའི་མདུན་ཕྱོགས་སུ་བཤམས་ཡོད་རེད།
- གཞི་བདག་དེ་རྣམས་ང་ཚོས་རྟག་པར་མཆོད་ཀི་ཡོད།
- མཆོད་་་མཆོད།
- མཆོད་་་མཆོད།
- ལྕི་ཤེལ་དང་ར་བྲ་་་མི་གུ་་་སྐུ་ཝ་སོགས་མཆོད་་་མཆོད།
- ཅི་བསམ་པའི་དོན་འགྲུབ་དགོས།
- བརྒྱ་བསམ་པའི་སྟོང་འགྲུབ་དགོས།
- མི་ལ་ན་ཚ་མེད་དགོས། ཕྱུག་ལ་གོད་ཁ་མ་འོང།
- མི་ལ་བར་ཆད་མ་གཏང་། ཟ་ཁ་ཕྱེ་དགོས། འཐུང་ཁ་ཕྱེ་དགོས།
- ཟ་ཡི་རི་རབས་དང་འཐུང་བའི་རྒྱ་མཚོ།
- ཅི་བསམ་པའི་དོན་འགྲུབ་དགོས། བརྒྱ་བསམ་པའི་སྟོང་འགྲུབ་དགོས།
- མཆོད་་་མཆོད།
- མགྲོན་པོ་ལ་སྔོན་དུ་བསུ་བ་བྱེད་དགོས། རྒྱབ་ཏུ་སྐྱེལ་མ་མཛོད་ཅིག
- མཆོད་་་མཆོད།
- དྲིན་ཆེན་ཕ་མ་གཙོ་བྱས་པའི་འགྲོ་བ་ནམ་མཁའ་དང་མཉམ་པའི།
- འགྲོ་བ་རིགསད་ྲུག་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྔོ།
- སྤྱིར་ན་ང་ཚོས་ལོ་རེ་རེ་ལ།
- གཡང་སྒྲུབ་རེ་དང་རྒྱ་བཞི་རེ་འདོན་གྱིན་ཡོད་རེད།
- ད་ལྟ་ང་ཚོས་བརྒྱ་བཞི་འདོན་བཞིན་པའི་སྐབས་ཡིན།
- དུད་ཚང་རེ་རེས་འདོན་རྒྱུ་ཡང་མི་འདྲ་ལ།
- ལ་ལས་སེང་གདོང་དང་མགོན་པོ་འདྲ་མཆོད་མཁན་ཡང་ཡོད་རེད།
- མ་ཚད་རྟ་མགྲིན་དང་ངེད་ཚང་གིས་ཚེ་སྒྲུབ་འདོན་ནི་རེད།
- ལོ་གཅིག་ལ་ཚེ་སྒྲུབ་ཉིན་གསུམ་ལ་འདོན་པ་དང།
- དེའི་རྗེས་བརྒྱ་བཞི་རེ་ཡང་འདོན་གི་ཡོད།
- དེ་ནས་བཛྲ་གུ་རུ་ཉིན་གཅིག་ལ་འཚོག་ནི་རེད།
- སྐུ་རིམ་དེ་དག་བཏོན་ཚར་རྗེས།
- ལོ་གཅིག་གི་སྐུ་རིམ་ཚང་མ་བསྒྲུབས་ཚར་ནི་རེད།
- ང་ཚོའི་དབྱར་ཁའི་ལས་ཀ་འདྲ་ཡིན་ན།
- ཐོགས་མར་ཞིང་རྨོ་བ་དང་ལོག་རྒྱག་ནི་རེད།
- ལོག་རྒྱག་ཚར་རྗེས་ཞིང་འདེབས་ནི་རེད།
- ཕ་ཕ་རྒྱག་ནི་རེད།
- དེ་རྗེས་ནས་ཞིང་ལ་ཡུར་མ་ཡུར་ནི་རེད།
- ཡུར་མ་ཡུར་ཚར་ནས།
- དེའི་རྗེས་བུ་མེད་རྣམས་ཀྱིས་ལས་ཀ་ལས་ནི་རེད།
- ལྡུམ་བུ་བསལ་ནི་རེད།
- དེ་མིན་ལས་ཀ་གཞན་པ་ཡང་མང་པོ་འདུག
- ལས་ཀ་དེ་དག་རིམ་བཞིན་ལས་ནི་རེད།
- དེ་ནས་སྟོན་ཤར་དུས།
- ལོ་ལེན་རྒྱུ་སོགས་སྟོན་ལས་ལས་རྒྱུ་རེད།
- ལོ་ལེན་ཚར་རྗེས།
- བམ་པོ་ཉི་མར་བཞག་ནི་རེད།
- དེ་ནས་དགུན་ཤར་ཡོང་ནི་རེད།
- དགུན་ཤར་དུ།
- སྡེ་མི་ཚང་མས་མཉམ་དུ།
- བཛྲ་གུ་རུ་འཚོག་པ་དང་གསུར་ཡང་བསྔོ་ནི་རེད།
- ཁྱིམ་ཚང་རང་རང་གིས་སྐུ་རིམ་བསྒྲུབས་ནས།
- ལོ་གཅིག་གི་ལོ་སྲུང་དེ་འདྲ་བྱེད་ནི་རེད།