Video Overview
Five praise-offering songs from Zangkar.
- དགུང་ཨ་སྔོན་ངོ་སོ་བསྟོད་རྒྱུ་བོ།
- ཆར་ཟམ་མི་ཟིམ་མེ་བོབས་གྱིན་སྡོད།
- རྫ་ཁྲ་ཡག་ངོ་སོ་བསྟོད་རྒྱུ་བོ།
- རྩྭ་ཕང་ངུ་ཕུང་ངེ་སྐྱེ་གྱིན་སྡོད།
- ཁྱོད་གླུ་བ་ངོ་སོ་བསྟོད་རྒྱུ་བོ།
- གླུ་ཁར་རེ་ཁེར་རེ་ལོངས་གྱིན་སྡོད།
- རྫ་དབུ་སྟོད་ཁ་རི་གོང་མ་ན།
- རྟ་སྔོ་ནག་མིག་གི་བུ་ལོ་འཁོར།
- རྟ་ཁྱིད་ཀྱི་ཚེ་རྟ་བྱེད་རྒྱུ་ན།
- ངས་འབྲུ་དྲུག་ནས་ཡིས་གསོ་རྒྱུ་རེད།
- རྫ་དབུ་སྟོད་ཁ་རི་བར་མ་ན།
- མཛོ་ཀྭ་བ་མིག་གི་བུ་ལོ་འཁོར།
- མཛོ་ཁྱོད་ཀྱི་ཁལ་མཛོ་བྱེད་རྒྱུ་ན།
- གོས་དར་ཚོན་སྣ་ལྔའི་བརྒྱན་རྒྱུ་རེད།
- རྫ་དབུ་སྟོད་ཁ་རི་ཞོལ་མ་ན།
- གོས་འཁམ་ནག་མིག་གི་བུ་ལོ་འཁོར།
- གོས་ཁྱོད་ཀྱི་ཚེ་གོས་བྱེད་རྒྱུ་ན།
- ངས་གོང་བ་སྲམ་གྱིས་བསྟོད་རྒྱུ་རེད།
- སྟོད་གན་ན་ལམ་ཞིག་རིག་རྒྱུ་བོ།
- ལམ་ཡག་པ་དགའ་ལྡན་ལྷ་ལམ་རེད།
- དེའི་ནང་ན་རྟ་ཞིག་མཚེར་རྒྱུ་དེ།
- རྟ་ཡག་པ་གཡུ་འབྲུག་རྔ་སྐྱ་རེད།
- ཕར་གན་ན་ནགས་ཞིག་རིག་རྒྱུ་བོ།
- ནགས་ཡག་པ་ཙན་ཏན་སྡོང་བོ་རེད།
- དེའི་མགོ་ན་བྱ་ཞིག་གྲགས་རྒྱུ་དེ།
- བྱ་ཡག་པ་ཁུ་བྱུག་སྔོན་ཆུང་རེད།
- སྨད་གན་ན་མཚོ་ཞིག་རིག་རྒྱུ་བོ།
- མཚོ་ཡག་པ་གཡུ་མཚོ་གོར་མོ་རེད།
- དེའི་ཁ་ན་བྱ་ཞིག་འབབ་རྒྱུ་དེ།
- བྱ་ཡག་པ་ངང་བ་གསེར་ལྡན་རེད།
- མཛོ་ཁྱུང་དཀར་ལས་དག་ལས་མ་རེད།
- ལས་དག་ན་བླ་མའི་སྒར་མཛོ་རེད།
- ལས་མ་དག་ཤར་ལུའི་ཚོང་མཛོ་རེད།
- རྟ་འདོ་བ་ལས་དག་ལས་མ་རེད།
- ལས་དག་ན་བླ་མའི་ཆིབས་རྟ་རེད།
- ལས་མ་དག་ཤར་ལུའི་ཇག་རྟ་རེད།
- མ་ཨ་སེར་ལས་དག་ལས་མ་རེད།
- ལས་དག་ན་ཕ་མའི་གོ་གཡོག་རེད།
- ལས་མ་དག་ཤར་ལུའི་ཚེ་གཡོག་རེད།
- རི་མཐོན་པོའི་མགོ་ནས་བསང་ཞིག་ཕུད།
- བསང་ཡོད་ནས་ངོམས་ནི་མ་རེད་མོད།
- རི་ཨེ་མཐོ་མི་མཐོ་ལྟ་བྱེད་རེད།
- རི་མཐོ་ན་ལ་རྩེ་འཇོག་ས་རེད།
- ཐང་ཆེན་པོའི་ཐོག་ནས་རྟ་ཞིག་བརྒྱུགས།
- རྟ་ཡོད་ནས་ངོམས་ནི་མ་རེད་མོད།
- ཐང་ཨེ་བདེ་མི་བདེ་ལྟ་བྱེད་རེད།
- ཐང་བདེ་ན་དགོན་པ་ཆགས་ས་རེད།
- ཆུ་ཆེན་པོའི་ཁ་ནས་ཇ་ཞིག་བསྐོལ།
- ཇ་ཡོད་ནས་ངོམས་ནི་མ་རེད་མོད།
- ཆུ་ཨེ་དྭངས་མི་དྭངས་ལྟ་བྱེད་རེད།
- ཆུ་དྭངས་ན་མཆོད་པ་འཇོག་བྱེད་རེད།