Skip to main content Skip to search
15 Dec 2011
34 min 27 sec
Rating
0
No votes yet
Video Overview
Creators: 
Unknown

In a series of over 20 videos, scholars read from and provide oral commentaries on the historical annals written by the Fifth Dalai Lama.

Show More

  • ནོར་བྲང་ཨོ་རྒྱན།
    ད་གོང་དུ་ཞུས་པ་དེ་ནི་ཡུམ་བརྟན་གྱི་རྒྱུད་པ་ཟེར་ཡས་དེ་རེད་པ། མངའ་བདག་ཡུམ་བརྟན་གྱི་རྒྱུད་པ་ནི་དེ་ནི་སྐྱིད་ཤོད་དང་། གཡོར་པོ་ཀུན་ལ་ཤིན་ཏུ་མང་ཞིང་། དེ་ནི་སྐྱིད་ཤོད་དང་དེ་ནི་གཡོར་ལ་ཀུན་ལ་ཤིན་ཏུ་མང་བ་གཅིག་ཡོའོ་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    དེ་ནི་འོད་སྲུངས་གཤེགས་པའི་བང་སོ་དེ་འཕྲུལ་རྒྱལ་གྱི་རྒྱབ་ཏུ་བརྩིགས་ནས་ཟེར། དེ་ནི་བང་སོ་བརྩིགས་པའི་སྲོལ་དེ་ཡང་ནུབ་པ་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    ད་འོད་སྲུངས་ཀྱི་བཙུན་མོ་ལ་ད་དེ་ནི་སྲས་ཁྲི་བཀྲ་ཤིས་བརྩེགས་པ་དང་། ཆེན་མའི་སྲས་ཁྲི་སྐྱིད་ལྡེ་ཉི་མ་མགོན་གཉིས་འཁྲུངས་སོ།ཟེར།
  • ནོར་བྲང་ཨོ་རྒྱན།
    འོད་སྲུངས་སྲས་ལ་དེ་ནི་དེ་འདྲས་གཉིས་འཁྲུངས་པ་རེད་ཟེར། དེ་གཉིས་ཀྱི་སྲིད་ཕལ་ཆེར་དེ་ཉིད་ད་སྲས་ཁྲི་སྐྱིད་ལྡེ་ཉི་མ་མགོན་དང་ཁྲི་བཀྲ་ཤིས་བརྩེགས་པ་དཔལ་དང་། སྐྱིད་ལྡེ་མགོན་གཉིས་ཀྱིས་སྲིད་ཕལ་ཆེར་དེ་ནི་ཡུམ་བརྟན་གྱིས་འཁྱེར་བས་དེ་ནི་སྟོད་དུ་བྱོན་པ་དེ་ནི་ད།
  • ནོར་བྲང་ཨོ་རྒྱན།
    ལ་སྟོད་ལ་ཡ་ཕེབས་དགོས་ཡས་དེ་འདྲས་བྱུང་ཡོའོ་རེད། ག་རེ་རེད་ཟེར་ན། ལྷ་སར་ཁྱོན་ནས་བཞུགས་མ་ཐུབ་པ་བྱས། དེ་འདྲས་བྱུང་བ་རེད་ཟེར། 
  • ནོར་བྲང་ཨོ་རྒྱན།
    ཕེབས་དུས་ཙམ་པ་དེ་ནི་ལ་སྟོད་ལ་ཕེབས་ནས་ག་རེ་བྱས་པ་རེད་ཟེར་ན། བྱོན་པ་ལས་ཉི་མ་མགོན་གྱིས་དེ་ནི་མངའ་རིས་སུ་ཆབ་སྲིད་བཟུང་ཟེར། དེ་ནི་ཁྲི་ལྡེ་ཉི་མ་མགོན་གྱིས་མངའ་རིས་སུ་ཕེབས་ནས་ཡིན་ན་དེ་ནི་ཁོང་གིས་འོང་ཆབ་སྲིད་བཟུང་བ་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    ད་ཡར་ཕེབས་དུས་ཙམ་པ་ད་གང་ཟེར་དགོས་རེད། སྐབས་དེ་དུས་དེ་ནི་དཱ། ལྷ་ས་བཞུགས། གང་ཟེར། གཡོ་རུ་བཞུགས་མ་ཐུབ་པ་བྱས། དེ་འདྲས་བྱེད་དུས་ཙམ་པ་དེ་ནི་རྦད་དེ། ཐུགས་སེམས་སྐྱོ་པོ་འདྲ་གཅིག་བྱུང་བྱས། ད་རྦད་དེ་སྟོད་ལ་ཕེབས་དགོས་དུས་ཙམ་ད་ཁོང་གི་རྦད་དེ། བློན་པོ་པ་ཚབ་དང་། དེ་ནི་ཅོག་རོ་ལེགས་སྒྲ་ལྷ་ལོད་ཟེར་ཡས་ཅིག་ཡོའོ་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    བྱས་ནས་ཁོང་ཚོ་གཉིས་ཀྱིས་སེམས་སྐྱོ་པོའི་ཐོག་ནས་དེ་ནི་གཙང་གི་དེ་ནི་གཙང་རོང་དེ་ནས། བྱེ་མ་གཡུང་དྲུང་བར་དུ་ཕེབས་སྐྱེལ་ལ་ཞུས། 
  • ནོར་བྲང་ཨོ་རྒྱན།
    ཕེབས་སྐྱེལ་ཞུས་ནས་དེ་ནི་པ་ཚབ་ཀྱིས་དེ་ནི་ག་རེ་བྱས་པ་རེད་ཟེར་ན། དེ་ནི་་་་་་་་ལྕགས་དོང་གཅིག་ཕུལ་ཨེ་དེ་འདྲས་ཉི་མ་རྒྱུད་ནས་དྲི་བ་གཅིག་ཕུལ། དེ་ནས་དེ་གང་ར་༼ཟེར༽། ལྕོག་རོས་དེ་ནི་དེ་གཅིག་གང་ཟེར་དྲི་བ་གཅིག་ཕུལ་བྱས་དེ་ནི་ཁོང་ཚོས། ད་ཞེ་དྲག་གི་ངུས་བྱས་དེ་འདྲས་དེ་བྱས་པ་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    ཞེ་དྲག་གི་ངུསྦྱེད་དུས་ཙམ་པ་དེ་ནི་ཁོང་རང་གཉིས་གསུངས་ཡས་ལ་གང་འདྲས་གསུངས་ཡོའོ་རེད་ཟེར་ན། 
  • ནོར་བྲང་ཨོ་རྒྱན།
    ད་རྗེས་མ་ང་ཚོར་སྲིད་དེ་ཟིན་པ་ཐུབ་ན། དེ་ནི་ཁྱེད་རང་ཚོའི་ཡིན་ནའི་ཡར་བུ་མོ་རེ་རེ་ཡར་ང་བཏང་ཤོག་བྱས་ནས་དེ་འདྲས་ཀྱི་གསུངས་བ་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    བྱས་ནས་བྱེད་དུས་ཙམ་། ཕྱིན་ཆད་ད་ཁོང་ཚོ་གཉིས་ཀྱི་རྦད་དེ་ད་དེ་གནང་ང་རེད་ཟེར། ཨེ་སྲས་གསུམ་བྱུང་བའི་སྲས་ཆེ་བ་དཔལ་ལྡེ་རིག་པ་མགོན་གྱིས་དེ་ནི་མང་ཡུལ་བཟུང་། བར་པ་བཀྲིས་ལྡེ་མགོན་གྱིས་སྤུ་རངས་བཟུང་། ཨེ་ཆུང་བ་ལྡེ་གཙུག་མགོན་གྱིས་དེ་ནི་ཞང་ཞུང་བཟུང་བྱས་དེ་འདྲས་རེད། ཟེར།
  • ནོར་བྲང་ཨོ་རྒྱན།
    ལྡེ་གཙུག་མགོན་ལ་སྲས་ཁོ་རེ་དང་ཀྲོང་ངེ་གཉིས་བྱུང་བའི་ཟེར། ད་དེ་འདྲས་ཀྱི་ལྡེ་གཙུག་མགོན་ལ་སྲས་ཁོ་རེ་དང་ཀྲོང་ངེ་གཉིས་བྱུང་ང་དེ་འདྲས་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    ཀྲོང་ངེ་གཉིས་བྱུང་བའི་དེ་ནི་གཅེན་་་་་་་་། ཀྲོང་ངེ་ལ་དང་པོ་དེ་ནི་ཁབ་བཞེས་ཁབ་ལ་བཞེས་ཟེར་ན། ད་གང་ཟེར་བཙུན་མོ་དེ་བྱས་དེ་འདྲས་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    ཁབ་བཞེས་ད་དེ་ནས་དེ། ཁབ་བཞེས་པའི་སྲས་ལ་དེ་ནི་དེ་ནཱ་ག་ར་ཛ་དང་། དེ་བ་ར་ཛ་ཟེར་ཡས་དེ་འདྲས་གཉིས་བྱུང་བ་རེད་ཟེར། དེ་འདྲས་རེད།
  • ནོར་བྲང་ཨོ་རྒྱན།
    བྱས་ཙང་ད་གཅེན་གྱི་རབ་ཏུ་བྱུང་བའི་དེ་ནས་འདུག་བཟོ་བྱས་ནས་ད། ད་ཁོང་རྣམ་གཉིས་ཀྱི་རྦད་དེ་དང་པོ་ལ་དེ་ནི་རབ་ཏུ་བྱུང་བ་གང་ཟེར། ཁབ་ཏུ་བཞེས་དེ་ནས་གང་ཟེར། དེ་ན་གཅེན་རབ་ཏུ་བྱུང་བ་གྲ་པའི་ནང་ལ་བཞུགས་བྱས་དེ་ནི་མཚན་ལ་ལྷ་བླ་མ་ཡེ་ཤེས་འོད་བྱས་ནས་དེ་འདྲས་ཞུ་གི་ཡོའོ་རེད་ཟེར། 
  • ནོར་བྲང་ཨོ་རྒྱན།
    དེའི་དུས་བསྟན་པ་སྔ་དར་ཉམས་ཏེ་པཎྜི་ཏ་བོད་དུ་བྱོན་པའི་སྲོལ་ནུབ་ནས་ཡུན་རིང་བར་སོང་ཞིང་། ད་ལྷ་བླ་མ་ཡེ་ཤེས་འོད་ཀྱི་དུས་ལ་གང་འདྲས་བྱུང་ཟེར་ན། དེ་ནི་བོད་ལ་དེ་ནི་ད་བསྟན་པ་སྔ་དར་གྱི་ད་གཅིག་གི་འོང་། སྲོང་བཙན་སྒམ་པོ་དང་། ད་ག་ནང་ལྟར་གྱི་ཁྲི་སྲོང་ལྡེའུ་བཙན་དང་། རལ་པ་ཅན་ལ་སོགས་པ་དེ་འདྲས་ཀྱི་སྒོ་ནས་བསྟན་པ་སྔ་དར་གྱི་དེ་ནི་ཤིན་ཏུ་དར་པ་ཡོད་པ་དེ་གས་དེ་ཉམས་ནས་ད་པཎྜི་ཏ་ཡིན་ནའི་བོད་ལ་ཡོང་ཡས་ཕལ་ཆེར་དེའི་སྲོལ་དེ་ཡིན་ནའི་ནུབ་ནས་དེ་ནི་ཡུན་རིང་ཕྱིན་བྱས་དེ་འདྲས་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    ད་དེའི་སྐབས་དེ་ལ་ཡིན་ན་བོད་འདིར་བལ་པོ་སླེ་རུ་རྩེ་ཟེར་མཁན་གྱི་མི་གཅིག་གི་ལོ་ཙཱ་མཁས་པ་གཅིག་གི་དེ་ནི་པཎྜི་ཏ་ཕྲ་ལ་རིང་བ་དང་། པཎྜི་ཏ་སྨྲི་ཏི་ཟེར་ཡས་གཅིག་དེ་གཉིས་ཚུར་རྒྱ་གར་ནས་ཚུར་གདན་འདྲེན་ཞུས་པ་རེད་ཟེར། བོད་ལ།
  • ནོར་བྲང་ཨོ་རྒྱན།
    ཨེ་པཎྜི་ཏ་སྨྲི་ཏི་ཟེར་ཡས་དེ་ལེགས་སྦྱར་སྐད་ལ་སྨྲི་ཏི་ཛྙ་ན་ཀིརྟི་བྱས་ནས་ཞུ་གི་ཡོའོ་རེད་ཟེར། ཁོང་གཉིས་ཚུར་བོད་ལ་གདན་དྲངས་ནས་ཡོང་དུས་ཙམ་པ་དེ་ནི་ལམ་བར་ལ་དེ་ནི་ད་ལོ་ཙཱ་བ། བལ་པོ་སླེ་རུ་རྩེ་ཞུ་མཁན་དེ་ལོ་ཙཱ་དེ་ནི་འཕོ་བའི་སྐྲན་ནད་ཀྱིས་དེ་ནི་སྙུང་ནས་གྲོངས་བྱས་རེད་པ། གྲོངས་ནས་དེ་ནི་པཎྜི་ཏ་གཉིས་པོ་ཁོ་ད་གང་ཟེར་དགོས་རེད་གཅིག་གི
  • ནོར་བྲང་ཨོ་རྒྱན།
    ཕ་ནས་ཚུར་ཕེབས་དུས་ཙམ་པ་ཁོང་གཉིས་ཡོན་ཏན་ད་ཞེ་དྲག་ཆེན་པོ་ཡོའོ་རེད་དའི། ཡིན་ནའི་ད་བོད་སྐད་མ་མཁྱེན་པ་བྱེད་དུས་ཙམ་པ། བོད་སྐད་མ་མཁྱེན་པ་དེ་འདྲས་རེད།  དེ་འདྲས་ཡིན་དུ་ཙམ་པ། དེ་ནི་ཡུན་རིང་པོར་ཕ་གའི་བོད་ཀྱི་གང་ས་གང་ལ་འཁྱམས་པ་དེ་འདྲས་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    དེ་ནི་སྨྲི་ཏིས་ཡིན་ནའི་གཙང་གི་རྟ་ནག་ཟེར་མཁན་དེ་རུ་དེ་ནི་མི་ཚང་གཅིག་གི་ལུག་རྫི་ལ་ཞུགས་དགོས་ཡས་དེ་འདྲས་ཀྱི་རྒྱུན་རིང་པོ་ལུག་རྫི་ལ་ཞུགས་དགོས་ཡས་ཀྱི་གནས་ཚུལ་དེ་འདྲས་བྱུང་ཡོའོ་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    བྱས་ནས་གང་ཟེར་ན། སྐབས་དེ་དུས་ཁོང་ཚོ་མཁས་པ་ད་ཞེ་དྲག་རེད་དའི་ཡིན་ན་ཡང་ད། བོད་སྐད་མ་མཁྱེན་པ་ཡིན་དུས་ཙམ་པ་དེ་ནི་། སོ་སོའི་ནུས་པ་དེ་ཕར་གཅིག་གི་ཡོན་ཏན་དེ་དཔེར་ན་གཞན་ལ་ཁྱབ་བསྒྲགས་གནང་ཡས་ཀྱི་ནུས་པ་མེད་པ་ཡིན་ཙང་། དེ་ནི་གཙང་ལ་པཎྜི་ཏ་སྨྲི་ཏི་ཡིན་ན། གཙང་རྟ་ནག་ཏུ་མི་ཚང་གཅིག་གི་ལུག་རྗི་ལ་ཡིན་ན་རྒྱུན་རིང་པོ་བཞུགས་པ་རེད། ཟེར།
  • ནོར་བྲང་ཨོ་རྒྱན།
    ད་དེ་འདྲས་ཀྱི་རྒྱུན་རིང་པོ་བཞུགས་པའི་རྗེས་ལ་དེ་ནི་དུས་ཚོད་རྒྱུན་རིང་པོ་སོང་བའི་རྗེས་ལ། དེ་ནི་མཁས་པ་ཡིན་པ། མཁས་པ་འདྲ་སྟེ་དཔྱལ་ལོ་ཙཱ་བ་བསོད་ནམས་རྒྱལ་མཚན་ཞུ་མཁན་གཅིག་ཡོའོ་རེད་ཟེར། 
  • ནོར་བྲང་ཨོ་རྒྱན།
    བསོད་ནམས་རྒྱལ་མཚན་འཕྲད་དུས་ཙམ་པ་དེ་ནི་ཁོང་རང་གཉིས་རང་དེ་ནི་སྨྲི་ཏིའི་གསུང་རྩོམ་དེ་འདྲས་ཀྱི་དཔེར་ན་དེ་ནི་གོ་བ་འདྲ་པོ་དེ་གས་དེ་ལ་དེ་ནི་དཔྱལ་ལོ་ཙཱ་བས་མཁྱེན་དུས་ཙམ་པ་དེ་ནི་རྦད་དེ་མཁས་པ་ཆེན་པོ་ཡིན་པ་ཚོར་ནས་ག་རེ་བྱས་པ་རེད་ཟེར་ན།
  • ནོར་བྲང་ཨོ་རྒྱན།
    དཔྱལ་ལོ་ཙཱ་བས་དེ་ནི་མི་ཚང་སྔ་མའི་དེ་ནི་སྨྲི་ཏི་མི་ཚང་ལུག་རྫི་བཞུགས་ས་དེ་ལ་དེ་ནི་སླེབས་ནས་དེ་ནི་གསེར་གྱི་རྔན་པ་མང་པོ་སྦྱིན་བྱས་དེ་ནི་རྦད་དེ། བླུས་བྱས་དེ་འདྲས་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    བྱས་ནས་ད་བླུས་བྱས་ཁོང་རང་ཕར་ཨེ་ཁོང་གཅིག་གི་བླ་མ་དང་སློབ་མ། བླ་མ་དེ་ནི་སྨྲི་ཏི་དང་། དེ་ནི་སློབ་མ་དེ་ནི་དཔྱལ་ལོ་ཙཱ་བ་ཁོང་ཚོ་གཉིས་རང་དེ་གནང་བ་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    ཨེ་མདོ་ཁམས་ལ་ཕེབས་བྱས། མདོ་ཁམས་ལ་ཕེབས་ནས་དེ་ནི་མདོ་ཁམས་ཀྱི་དེ་ནི་ལྡན་མ་ཟེར་ས་དེ་རུ་ཡིན་ན་ད། ཨ་ནི་འཆད་ཉན་གྱི་འཕྲིན་ལས། མདོ་ཁམས་ལྡན་མ་ལ་ཕེབས་ནས་དེ་ནི་རྦད་དེ་དཱ། འོང་ཆོས་བསྒྱུར་ཡས་ལ་སོགས་པ་དེ་འདྲས་ཀྱི་དཔེར་ན་འཆད་ཉན། གཞན་དག་ལ་དཔེར་ན། འཆད་འཁྲིད་གནང་ཡས་ལ་སོགས་པ་དེ་འདྲས་ཀྱི་འཕྲིན་ལས་ཡིན་ན། འགའ་ཞིག་བྱུང་བ་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    ཨེ་དེའི་གཞུག་གུ་ལ་ཆ་བཞག་ན། སྐབས་དེ་དུས་དེ་ནི་སྨྲི་ཏིས་ཡིན་ན། སྨྲ་སྒོའི་མཚོན་ཆར་གྲགས་པའི་བརྡ་སྤྲོད་པའི་བསྟན་བཅོས་དེ་དག་ཀྱང་མཛད་དོ། ཟེར།
  • ནོར་བྲང་ཨོ་རྒྱན།
    སྨྲི་ཏིས་ཡིན་ན་སྨྲ་སྒོའོ་མཚོན་ཆ་ཟེར་ཡས་དེ་ནི་བོད་ཀྱི་དཔེར་ན་བརྡ་སྤྲོད་པའི་ནང་ནས་ཡིན་ན་སྐད་གྲགས་ཆེ་ཤོས་ཀྱི་གྲས་གཅིག་རེད་དེ་ཡིན་ན། དེ་ནི་སྐབས་དེ་དུས་དེ་ནི་སྨྲི་ཏི་ཡིན་ན། བཀའ་རྩོམ་གནང་བ་དེ་འདྲས་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    འོང་། ཡིན་ནའི་ལར་ནི་དུས་སྐབས་བཟང་པོ་དེ་དག་དུ་ཡང་ཟེར་ན། ད་གཞི་ནས་ཡིན་ན་དེའི་ཁ་གཏུག་ལ་ཆ་བཞག་ན། ད་སྔ་པའི་དུས་སྐབས་ལས། ད་དེའི་ཁ་ཐུག་དུས་སྐབས་བཟང་ང་དེ་འདྲས་རེད་དའི། དེ་ཡིན་ནའི་དུས་སྐབས་བཟང་པོ་དེ་དག་དུ་ཡང་དེ་ནི་བོད་སྟོན་གསུང་རབ་ཀྱི་གནས་ལ་བལྟ་བའི་མིག་དང་བྲལ་བའི་དྲེགས་ལྡན་བླུན་པོ་དག་ལ་བཀུར་ཞིང་ཟེར།
  • ནོར་བྲང་ཨོ་རྒྱན།
    དེའི་ཁ་གཏུག་ལ་ཆ་བཞག་ན་ད་གང་ཟེར་དགོས་རེད་པས། དུས་སྐབས་བཟང་པོ་དེ་འདྲས་གཅིག་ཡིན་ན་ཡང་། དེ་ནི་བོད་ཀྱི་སྟོན་པ་གསུང་རབ་ཀྱི་གནས་ལ་བལྟ་བའི་མིག་དང་བྲལ་བའི། གསུང་རབ་གནས་ལ་ཞེ་དྲག་གི་དཔེར་ན་མཁས་པ་མེད་མཁན་དཔེར་ན་བླུན་པོ་དག་ལ་བཀུར་བ། དེ་འདྲས་ལ་ཡིན་ན་བཀུར་བསྟི་བྱེད་ཡས་དང་།
  • ནོར་བྲང་ཨོ་རྒྱན།
    དེ་ནི་པཎྜི་ཏ་སྨྲི་ཏི་ཛྙ་ན་ཀིརྟི་ལྟ་བུ། སྨྲི་ཏི་ལྟ་བུའི་མཁས་པ་ཡང་དེ་ནི་རྫི་བོ། སྨྲི་ཏི་ལྟ་བུའི་མཁས་པ་ཡང་ལུག་རྫི་གནང་དགོས་ཡས། གནས་ཚུལ་དེ་འདྲས་སེམས་སྐྱོ་བའི་གནས་ཚུལ་དེ་འདྲས་བྱུང་བ་རེད། ཟེར།
  • ནོར་བྲང་ཨོ་རྒྱན།
    རྫི་བོ་སོགས་ངན་པའི་ལས་འཚོལ་བ་འདི་དག་ལ་དཔགས་ཀྱང་རྗེ་བཙུན་ས་པཎ་གྱིས། དེ་དག་ལ་དཔགས་ན་གནས་ཚུལ་དེ་དག་ལ་བལྟས་ནས་ན། རྗེ་བཙུན་ས་པཎ་གྱིས་ལེགས་པར་བཤད་པའི་རིན་པོ་ཆེའི་གཏེར་ནང་ལ་གང་འདྲས་རེད་ཟེར་ན།
  • ནོར་བྲང་ཨོ་རྒྱན།
    ལེགས་པར་བཤད་པའི་གཏེར་ཏེ་ས་སྐྱ་ལེགས་བཤད་ནང་ལ་གང་འདྲས་གསུངས་ཡོའོ་རེད་ཟེར་ན། ཙུ་ཏའི་ཡུལ་དུ་ཕྱིན་པ་ན༎   རྐང་གཉིས་པ་ལ་མིར་མི་བརྩི༎ ཟེར། དེ་ནི་ཡུལ་ཙུ་ཏ་ཟེར་ཡས་དེའི་ནང་ལ་ཕྱིན་པ་ཡིན་ན་དེ་ནི་རྦད་དེ། དེ་ནི་ཡིན་ན་རྐང་པ་ཁོང་རང་ཚོའི་ལུང་པར་རྐང་པ་བཞི་བཙུགས་འགྲོ་གི་ཡོད་པ་ཡིན་ཙང་། དེ་ནི་མི་རྐང་པ་གཉིས་བཙུགས་འགྲོ་མཁན་ཡིན་དུས་ཙམ་པ་དེ་ནི་དེ། མི་མ་རེད་ཟེར་བྱས་ནས་ད་དུང་།  ཚུར་འཕྱ་ལས་འདྲ་པོ་བྱེད་ཀྱི་ཡོའོ་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    དེ་དང་གཅིག་པ་གཅིག་རྐྱང་རེད་ཟེར། གང་ཡིན་ཟེར་ན། རྦད་དེ་དེ་ནི་བོད་ཀྱི་ཡུལ་དུ་སྐབས་དེ་དུས་དེ་ནི་མཁས་པ་མ་ཆགས་པའི་དེ་ནི། ག་རེ་ཟེར་དགོས་རེད་དེ། དེ་རྦད་དེ་བོད་ཡུལ་དུ་དུད་འགྲོའི་གནས་ལྟ་བུ་སླེབས་དུས་ཙམ་པ་དེ་ནི། རྦད་དེ་གང་ཟེར་དགོས་རེད་རྦད་དེ། སྨྲི་ཏི་ལྟ་བུ་རྦད་དེ་མཁས་པ་དེ་འདྲས་ཕེབས་དུས་ཙམ་པ། ཁོང་མཁས་པ་ལ་མི་བརྩིས་བའི་གནས་ཚུལ་དེ་འདྲས་ཡིན་ནའི་བྱུང་ཡོའོ་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    བྱས་ནས་དེ་ཚོ་ད་བླུན་པོ་བརྟག་པའི་སྐབས་གསུངས་པ་དེ་འདྲས་རེད་ཟེར། ད་ག་ནང་ལྟར་དེ་ཡིན་ན་གང་འདྲས་རེད་ཟེར་ན།
  • ནོར་བྲང་ཨོ་རྒྱན།
    ཆོ་ག་ཉམས་པར་བྱེད་པ་རྣམས། ཆོ་ག་ཚང་བར་བྱེད་ལ་བརྙས་ཟེར། ད་དཔེ་དོན་གཉིས་བྱས་ནས། ད་གང་ཟེར་དགོས་རེད།
  • ནོར་བྲང་ཨོ་རྒྱན།
    ཨེ། དེ་ལ་ག་རེ་ཟེར་དགོས་རེད། ས་སྐྱ་ལེགས་བཤད་ལ་ཆ་བཞག་ན་དེ་ནི་རྦད་དེ་དཔེ་དོན་གཉིས་སྦྱར་ར་རེད་པ། དོན་དེ་ལ་བྱས་། ཨེ། ལགས་སོ། ཨེ་་་་་་། དཔེ་དོན་གཉིས་གསུངས་ཡོའོ་རེད་པ། དོན་དག་ལ་ཆ་བཞག་ན་ཆོ་ག་ཉམས་པར་བྱེད་པ་མ་ཟད། ཆོ་ག་ཉམས་པར་བྱས་ནས། མི་ཟེར་མཁན་དེ་རྐང་པ་གཉིས་བཙུགས་འགྲོ་གི་ཡོའོ་རེད་མ་གཏོགས། རྐང་པ་བཞི་བཙུགས་ནས་འགྲོ་གི་ཡོའོ་མ་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    ཡིན་ནའི་དེ་ནི་མི་དང་མི་དུད་འགྲོ་ལ་ལྟོས་ན་རྐང་པ་བཞི་ལ་འགྲོ་མཁན་དེ་ཚོ་ལ་ཆ་བཞག་ན་རྐང་པ་བཞི་ལ་ཆོ་ག་ཚང་བར་བྱེད་པའི་མི་ལྟ་བུ། རྐང་པ་གཉིས་བཙུགས་ནས་འགྲོ་མཁན་ཐོག་ལ་ཡིན་ན་བརྙས་བྱས་པ་དེ་འདྲས་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    ད་དེ་གི་དོན་ཐོག་ནས་དོན་དེའི་ཐོག་ནས་དཔེར་གསུངས་ཡས་ད་ལྟ་དེ་རེད། ཙུ་ཏའི་ཡུལ་དུ་ཕྱིན་པ་ན། རྐང་གཉིས་པ་ལ་མིར་མི་བརྩི། དེ་འདྲས་རེད་པ།
  • ནོར་བྲང་ཨོ་རྒྱན།
    ཡང་ས་སྐྱ་ལེགས་བཤད་དེའི་ནང་ལ་གང་འདྲས་གསུངས་ཡོའོ་རེད་ཟེར་ན། ཙན་དན་གསེར་བས་རིན་ཆེ་བ། བླུན་པོས་སོལ་བར་བྱས་ཞེས་གྲགས། ཞེས་གསུངས་པ་དང་། དེ་ནི་ས་སྐྱ་ལེགས་བཤད་ནང་ལ་དེ་ནི། ཙན་དན་དེ་ནི་གསེར་ལས་རིན་ཆེ་བ་དེ་འདྲས་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    ཙན་དན་ཞེས་པ་དེ་ཞེ་དྲག་དཀོན་པོ་དང་། གསེར་ལས་རིན་ཆེ་གི་རེད་དའི་ཡིན་ནའི་བླུན་པོས་གང་བྱེད་ཀྱི་རེད་ཟེར་ན།
  • ནོར་བྲང་ཨོ་རྒྱན།
    དེ་ནི་སོལ་བར་བྱས་པ་ལ་ལྟོས་ཤིག་བྱས་ནས་དེ་འདྲས་གསུངས་བ་རེད། ཟེར། ཟླ་བ་དངོས་པོའི་དཔེའི་ཐོག་ནས་གསུང་པ་དེ་འདྲས་རེད། ཟེར།
  • ནོར་བྲང་ཨོ་རྒྱན།
    ཞེས་གསུངས་པ་དངོས་འབྲེལ་ཐུགས་མད་པར། དེ་གསུངས་ཡས་དེ་ནང་ལྟར་དངོས་གནས་དྲང་གནས་ཀྱི་གང་ལྟར། ་ས་སྐྱ་པཎྜི་ཏ་ལ་ཐུགས་ཁག་ཁྱོན་ནས་མི་འདུག་བྱས་ནས་དེ་འདྲས་གསུངས་པ་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    ལྷ་བླ་མ་ཡེ་ཤེས་འོད་ཀྱིས་མཐོ་ལྡིང་ལྷ་བླ་མ་ཡེ་ཤེས་ཁོང་དེ་ནི་རྦད་དེ་དེ་བ་ར་ཛ་རབ་ཏུ་བྱུང་བའི་མཚན་ལ་ལྷ་བླ་མ་ཡེ་ཤེས་འོད་ཞུ་གྱི་ཡོའོ་རེད་ཡོའོ་རེད་པ། ཁོང་གིས་ཡིན་ན་མཐོ་ལྡིང་དཔལ་གྱི་གཙུག་ལག་ཁང་ཟེར་མཁན་དེ་ད་མངའ་རིས་ལ་ཡིན་ན་མཐོ་ལྡིང་དཔལ་གྱི་གཙུག་ལག་ཁང་ཟེར་ཡས་དེ་བཞངས༼བཞེངས༽།
  • ནོར་བྲང་ཨོ་རྒྱན།
    ཁྱིའུ་བློ་རྣོ་བ། ཁྱིའུ་བློ་རྣོ་བ་ཉེར་གཅིག་རྒྱ་གར་ལ་བརྫངས་པས། དེའི་ནང་ནས་ལོ་ཆེན་རིན་ཆེན་བཟང་པོ་དང་། ལོ་ཆུང་གྲགས་འབྱོར་ཤེས་རབ་གཉིས་བོད་དུ་ལོག་སྟེ་བསྟན་པ་ལ་ཕན་ཆེ་བ་དང་ཟེར་ན།
  • ནོར་བྲང་ཨོ་རྒྱན།
    དེའི་ནང་ནས་དཱ། ཨེ་་་། ལྷ་བླ་མ་ཡེ་ཤེས་འོད་ཀྱིས་གང་གནང་བ་རེད་ཟེར་ན། དེ་ནི་མངའ་རིས་ནས་དེ་ནི་ཁྱིའུ་རིག་པ་རྣོ་བ་རེད་པ། དེ་འདྲས་བློ་རྣོ་བ་ཉི་ཤུ་རྩ་གཅིག་ཡིན་ན་དཔེར་ན་རྒྱ་གར་ལ་ཆོས་སློབ་ལ་བརྫངས་བ་དེ་འདྲས་རེད། ཟེར།
  • ནོར་བྲང་ཨོ་རྒྱན།
    བརྫངས་བའི་དེའི་ནང་ནས་ད་མང་ཆེ་བ་གཅིག་དེ་རེད་ཟེར། ཚ་བས་ཤི་པ་དང་། རྐྱེན་སྣ་ཚོགས་ཀྱི་ཐོག་ནས་བོད་ལ་ལོག་ཡས་བྱུང་ཡོའོ་མ་རེད་བྱས་ཙང་། ད་དེའི་ནང་ནས་ལོག་ཐུབ་པ་དེར་ལོ་ཆེན་རིན་ཆེན་བཟང་པོ་དང་། ལོ་ཆུང་འོང་་་་་གྲགས་འབྱོར་གྲགས་པ་ཤེས་རབ་གཉིས་དེ་ནི་བོད་དུ་ཕེབས་པ་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    བོད་དུ་ཕེབས་ནས་དེ་ནི་གང་བྱས་པ། དེ་ནི་བསྟན་པ་ལ་ཡིན་ནའི་ཕན་ཐོག་ཆེན་པོ་བྱུང་ཡོའོ་རེད། ཟེར།
  • ནོར་བྲང་ཨོ་རྒྱན།
    ད་རིན་ཆེན་བཟང་པོ་ཟེར་མཁན་དེ་བོད་ཀྱི་དཔེར་ན། གསང་སྔགས་གསར་མའི་ད་ཨེ་ནི་མགོ་བཙུགས་ས་རིན་ཆེན་བཟང་པོ་ནས་བརྩིས་ཀྱི་ཡོའོ་རེད་པ། བྱས་ཙང་དེ་འདྲས་རེད།
  • ནོར་བྲང་ཨོ་རྒྱན།
    བྱས་ཙང་བསྟན་པ་ལ་ཕན་ཆེན་པོ་བྱུང་བ་རེད་ཟེར། རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་དྷརྨ་པཱ་ལ་སོགས་སྤྱན་དྲངས་ནས་འདུལ་བའི་བསྟན་པ་དག་ལ་རྒྱས་པར་མཛད། སྐབས་དེ་དུས་དེ་ནི་རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་དྷརྨ་པཱ་ལ་སོགས་ཟེར་ཡས་ཀྱི་ད་ལྟ་རྒྱ་གར་གྱི་དྷ་རྨ་པཱ་ལ་དང་། འོང་སོགས།  སྤྱན་དྲངས་ནས་འདུལ་བའི་བསྟན་པ་དང་། འདུལ་བའི་བསྟན་པ་རེད་པ། ད་སངས་རྒྱས་ཀྱི་འདུལ་བའི་བསྟན་པ་རེད་པ།
  • ནོར་བྲང་ཨོ་རྒྱན།
    འདུལ་བའི་བསྟན་པ་དང་དེ་ནི་འཆད་པ་དང་ལག་ལེན་མཛད་ཟེར། སློབ་མ་དེ་ནི་དྷརྨ་པཱ་ལ་སློབ་མ་ཡིན་ན་དེ་ནི་པཱ་ལ་རྣམ་གསུམ་ཟེར་ཡས་དེ་འདྲས་བྱུང་བ་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    ས་དྷུ་པཱ་ལ་དང་། གུ་ཎ་པཱ་ལ་དང་། པྲཛྙ་པཱ་ལ་ཟེར་ཡས་དེ་འདྲས་ཀྱི་དཔེར་ན། པཱ་ལ་རྣམ་གསུམ་ཟེར་ཡས་དེ་འདྲས་ཡིན་ན་བྱུང་བ་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    དེ་འདྲས་བྱུང་འགྲོ་དུས་ཙམ་པ། དེ་འདྲས་བྱུང་འགྲོ་དུས་ཙམ་པ་དཱ། འོང་། དེ་འདྲས་བྱུང་འགྲོ་དུས་ཙམ་པ་ད་དེ་ནི་སྟོད་ཀྱི་འདུལ་བ་དེ་སྟོད་འདུལ་འམ་སྟོད་ཀྱི་འདུལ་བ་ཟེར་ཡས་དེ། འདུལ་བ་དང་སྟོད་འདུལ་ཟེར་ཡས། འདུལ་བ་དེ་ལ་སྟོད་ནས་བྱུང་བ་གཅིག་དང་སྨད་ནས་བྱུང་བ་གཅིག་ཡོང་ཟེར་ཡས་དེ་འདྲས་རེད་པ།
  • ནོར་བྲང་ཨོ་རྒྱན།
    སྨད་ནས་བྱུང་བ་དེ་ལ་བླ་ཆེན་དགོངས་པ་རབ་གསལ་གྱི་དུས་ལ་དེ་ནི་འདུལ་བ་སྨད་ནས་དར་བ་དེ་འདྲས་རེད། ཡིན་ནའི་སྐབས་དེ་དུས་ཆ་བཞག་ན། འདུལ་བ་དེ་སྨད་ནས་དར་བ་དེ་ཉམས་ཆགས་འདྲ་པོ་ག་ལ་གང་འཚམས་ཕྱིན་བྱས་དེ་ནི་སྐབས་དེ་དུས། འདུལ་བ་སྟོད་ནས་འདུལ་བ་དེ་གཙོ་བོ། ལྷ་བླ་མ་ཡེ་ཤེས་འོད་ཀྱིས་ཨེ་བཀའ་དྲིན་ལ་བརྟེན་ནས། ཡེ་ཤེས་འོད་ཀྱི་བཀའ་དྲིན་ལ་བརྟེན་ནས། དེ་འདྲས་གཅིག་བྱུང་བ་རེད། ལྷ་བླ་མ་ཡེ་ཤེས་འོད་ལ་སོགས་པ་དེ་ཚོའི་བཀའ་དྲིན་ལས་དེ་ནི་འདུལ་བ། སྟོད་འདུལ་དེ་འདྲས་བྱུང་བ་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    འོང་། ཁོ་རེའི་སྲས་ལྷ་ལྡེས་པཎྜི་ཏ་སུ་བྷུ་ཏི་ཤྲཱི་ཤཱནྟི་གདན་དྲངས་ནས། ཤེར་ཕྱིན་ཕྱོགས་ཀྱི་བསྟན་བཅོས་མང་དུ་བསྒྱུར། དེ་ནི་ཁོ་རེའི་སྲས་ལྷ་ལྡེས་དེ་ནི་པཎྜི་ཏ་སུ་བྷུ་ཏི་ཤྲཱི་ཤཱནྟི་ཨེ་གདན་དྲངས་ནས། ཤེར་ཕྱིན་ཕྱོགས་ཀྱི་བསྟན་བཅོས་མང་དུ་བསྒྱུར་ཞིང་། ད་ཤེར་ཕྱིན་ཟེར་ཡས་དེ་དེ་རེད། གང་ཟར༼ཟེར༽།
  • ནོར་བྲང་ཨོ་རྒྱན།
    ཨེ་་་་། གང་ཟར༼ཟེར༽བཀའ་འགྱུར་ནང་ལ་ཤེར་ཕྱིན་ཟེར་ཡས་དེའི་ནང་ལ་་ཡིན་ན་དེ་ནི་བསྟན་བཅོས་མང་པོ་གཅིག་ཡོའོ་རེད། བྱས་ཙང་ད་ཤེར་ཕྱིན་ཕྱོགས་ཀྱི་ཤེས་རབ་ཀྱི་ཕར་རོལ་དུ་ཕྱིན་པ་ཟེར་ཡས་དེ་རེད། ཤེར་ཕྱིན་ཕྱོགས་ཀྱི་དེ་ནི་བསྟན་བཅོས་ཡིན་ན་དེ་ནི་མང་པོ་བསྒྱུར་ར་རེད། ཟེར།
  • ནོར་བྲང་ཨོ་རྒྱན།
    ལོ་་་ལོ་ཆིན་རིན་ཆེན་བཟང་པོས་དབུའི་མཆོད་གནས་སུ་མཛད་ཅིང་། དེ་ནི་ལོ་ཆེན་རིན་པོ། འོང་། ཁོ་རེའི་སྲས་གང་ཟེར་གྱི་ཡོའོ་རེད། ལོ་ཆེན་བཟང་པོ་དེ་ནི་རང་ཉིད་ཀྱིས་དཔེར་ན་དབུའི་མཆོད་གནས་སུ་མཛད་ནས། དེ་ནི་མཛད་ནས། མཛད་པ་དེ་འདྲས་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    ལོ་རིང་པོ། ལོ་ཆེན་རིན་ཆེན་བཟང་པོ་ཟེར་ཡས་དེ་ག་ལ་གང་འདྲས་ཅིག་བྱུང་བ་རེད་ཟེར་ན།
  • ནོར་བྲང་ཨོ་རྒྱན།
    དེ་ནི་སྤྱི་ལོ་༩༥༨ལོ་ལ་འཁྲུངས་བ་དང་ད་ག་ནང་ལྟར་འོང་། ཨེ་སྤྱི་ལོ་༡༠༥༥ལ་སྐུ་གཤེགས་པ་དེ་འདྲས་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    ལོ་ཆེན་རིན་ཆེན་བཟང་པོ་དེ་ཡིན་ན་དེ་ནི་མངའ་རིས་གུ་གེའི་སའི་ཆར་སྙུང་ཝོ་རཏྣ་དུ་ཞེས་བྱས་བར་དེ་ནི་འཁྲུངས་པ་ཟེར།
  • ནོར་བྲང་ཨོ་རྒྱན།
    མངའ་རིས་ས་ཆ་སྙུང་ཝ་རཏྣ་ཞེས་དུ་ཟེར་ཡས་དེ་དེ་རུ་ཡིན་ན། འཁྲུངས་པ་དེ་འདྲས་གཅིག་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    འོང་། ལོ་གཉིས་ལོན་པའི་ཚེ། ཁོང་དེ་ནི་དགུང་ལོ་གཉིས་ལ་ལོན་པའི་ཚེ་ལ་ཡིན་ན། དེ་ནི་རྦད་དེ་རང་བཞིན་གྱི་དབྱངས་དང་གསལ་བྱེད་ལ་སོགས་པ་ཨོའོ་དེ་ཚོ་ཡིན་ན་ཐག་ཐག་གསུངས་ཐུབ་པ་ལ་སོགས་པ་སྐྱེ་བོ་སྔོན་མའི་དེ་ནི་སྦྱངས་སྟོབས་དེ་གས་དེ་དཔེར་ན་མ་མཉེས་པ་ནང་ལྟར་གྱི་ཐོག་ནས། དཔེར་ན་གསུངས་ཐུབ་ཡས། དེ་འདྲས་བྱུང་བ་རེད། ཟེར།
  • ནོར་བྲང་ཨོ་རྒྱན།
    ཨེ་ད་ག་ནང་ལྟར་ས་ལ་རི་མོ། ས་ལ་་རི་མོ་འབྲི་བ་སོགས་ས་ལ་རི་མོ་འབྲི་བ་ཟེར་ཡས་དེ་ཡིན་ན་དེ་ནི་སྔ་མའི་སྒྲ་སྦྱངས་དེ་འདྲས་ཡིན་ན། ས་རིས་འབྲི་དགོས་ཀྱི་ཡོའོ་རེད་པ། དེའི་བག་ཆགས་དེ་དེ་ནི་དགུང་ལོ་གཉིས་ལ་ཕེབས་དུས་ཙམ་པ། ས་ལ་རི་མོ་བྲིས་ཡས་ལ་སོགས་པ། ཨོའོ་དེ་ལྟར་ཀྱི་དཔེར་ན། བྱས་ནསསྔ་མའི་བག་ཆགས་གསལ་བའི་གནས་ཚུལ་དེ་འདྲས་གསལ་པོ་བྱུང་བ་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    འོང་། འོང་བྱས་ནས་དེ་འདྲས་ཀྱི་སྔ་མའི་བག་ཆགས་དེ་འདྲས་ཡིན་ན་སྔ་མ་བག་ཆགས་སྐུ་སྐྱེ་སྔ་མ་ཡིན་ན། དེ་ནི་བླུན་པོ་ལུག་ལྟ་བུ། གང་ཡང་མ་ཤེས་པ་དེ་འདྲས་ལྟ་བུ་མ་ཡིན་པ་རེད་པ།
  • ནོར་བྲང་ཨོ་རྒྱན།
    མ་ཤེས་པ་མ་ཡིན་པ། ཁོང་གི་སྐུ་ཚེ་དེ་ཡིན་ན་མཁས་པ་ཆེན་པོའི་སྐུ་སྐྱེ་ཡིན་པ་ལ་སོགས་པ། དེ་འདྲས་ཀྱི་དཔེར་ན། འོང་། འོང་། ཨེ་སྐུ་སྐྱེ་མང་པོ་ལ་བརྟེན་ནས་མཁས་པ་པཎྜི་ཏ་རིམ་པར་གྱུར་པའི་དེ་ནི་མཛད་པ་ཡིན་ན་ངོ་མཚར་ངོ་་་མཚར་བ་དེ་འདྲས་མང་པོ་ཡིན་ན་བསྟན་པ་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    ངོ་མཚར་མང་པོ་བསྟན་པ་ཟེར། ཁྱད་པར་དེ་ནི་ཁྱད་པར་དེ་ནི་ཁོང་རྒྱ་གར་ལ་ཕེབས་ཡས། ཐོག་མར་རྒྱ་གར་ལ་ཕེབས་ཡས་་ཀྱི་དེ་ནི་ཁོང་ལ་གཅིག་གི་དགོངས་པ་དེ་འདྲས་ཟེར་བྱུང་བ་རེད་ཟེར་ན།
  • ནོར་བྲང་ཨོ་རྒྱན།
    དེ་ནི་པཎྜི་ཏ་བསོད་སྙོམས་པ་གཅིག་གིས་རྒྱ་དཔེ་ཀློག་མ་མཁྱེན་པ་ཐུགས་ཕྱུང་ནས་ཟེར། དེ་ནི་ད་པཎྜི་ཏ་གང་ཟེར་དགོས་རེད། ཨེ་མཚན་ལ་ད་པཎྜི་ཏ་ཞུ་གྱི་ཡོའོ་རེད་དའི་ཡིན་ན་ཡང་གཅིག་གི་རྒྱ་དཔེ་དེ་འདྲས་ཀློག་མ་མཁྱེན་པ་དེ་འདྲས་ཀྱིས་དཔེར་ན་ཁོང་ལ་ཐུགས་ཕྱུང་ནས་ད། ད་ཁོང་པཎྜི་ཏ་ད་དེ་འདྲས་རེད་དའི་རྒྱ་དཔེ་ཡའི་ཀློག་མ་ཐུབ་པ་ཤིན་ཏུ་ནས་སྐྱོ་པོ་རེད་བསམ་བསམ་གྱིཨི་ཐོག་ནས་ཁོ་ལ་ཐུགས་སྐྱོ་པོ་བྱུང་བྱས་དེ་འདྲས་ཀྱི་ད།
  • ནོར་བྲང་ཨོ་རྒྱན།
    དེ་འདྲས་རྐྱེན་གྱིས་དེ་ནི་ཨོའོ་ཤིང་སྡོང་ཤིང་གི་སྡོང་མ་གཅིག་ལ་གིས་གྲིབ་མ་ལ་གཟིམ་པ་རེད་ཟེར། ཤིང་གི་སྡོང་པོ་གཅིག་གི་མར་གྲིབ་མ་བྱས་བྱ་བ་དེའི་འོག་ལ་གཟིམས་གནང་དུས་ཙམ་པ་དེ་ནི། མནལ་ལམ་གང་འདྲས་ཟེར་ན། མཁའ་འགྲོའི་རྟགས་དང་ལྡན་པའི་དེ་ནི་བུད་མེད་ཅིག་གིས། དེ་ནི་གང་འདྲས་རེད་ཟེར་ན།
  • ནོར་བྲང་ཨོ་རྒྱན།
    སྲིན་བུའི་ཁ་ཆུས་རང་ལུས་བཅིང་པ་ལྟར། ཡུལ་ལ་ཞེན་པས་བདུད་ཀྱི་རྒྱ་རུ་ཚུད། དེ་འདྲ་ཐར་བའི་འདོད་པའི་མི་སུ་དག བྱང་ཕྱོགས་ཁ་ཆེའི་ཡུལ་དུ་ཕྱིན་ནས་ཀྱང་། རྒྱ་གར་ཤར་ནུབ་ཆུ་བཞིན་མྱུལ་ནས་ནི། དམ་ཆོས་རྒྱ་མཚོ་བོད་དུ་བསྒྱུར་ན་བདེ། ཞེས།
  • ནོར་བྲང་ཨོ་རྒྱན།
    ད་དེ་གང་འདྲས་ཟེར་སྲིན་བུས་ཁ་ཆུས་ཁ་ཆུ་ཟེར་ན། དར་གྱི་རྒྱུ་ཆ་དེ་འདྲས་སྲིན་བུ་གཅིག་དེ་ཡིན་གང་ཟེར་ན། སོ་སོའི་ཁ་ནས་བྱུང་བ་དེ་ནི། ཁ་ཆུ་དེ་ཁ་ཆུ་དེ་དེ་ནི་སྲིན་བུ་ཟེར་མཁན་དེ་ཁ་ཆུ་དེ་དར་ལ་འགྲོ་གི་ཡོའོ་རེད་པ།
  • ནོར་བྲང་ཨོ་རྒྱན།
    དར་ལ་འགྲོ་དུས་ཙམ་ཁོའི་ཁ་ཆུ་དེ་རྦད་དེ་མར་སྐྱུགས་པའི་མཇུག་གུ་ལ་དེ་ནི་སོ་སོའི་ལུས་པོ་དེ་གང་ག་ཁ་ཆུས་དེས་འཐུམས་བྱས་དེ་ནི་འགུལ་བརྒྱབ་དེ་ནི་ཁྱོན་ནས་བརྒྱས་ས་མེད་པ་བྱས་དེ་འདྲས་ཀྱི་གནས་ཚུལ་འདྲ་གཅིག་ཡོའོ་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    ཨེ་ནི་གཅིག་ནས་རང་ལུས་བཅིངས་པ་ནང་ལྟར་འགུལ་བརྒྱབ་རྒྱག་མ་ཐུབ་པ་དེ་འདྲས་ཡོའོ་རེད་ཟེར། དེ་འདྲས་ཀྱི་ཡུལ་ལ་ཞེན་པའི་བདུད་ཀྱི་རྒྱ་རུ་ཚུད། ད་དེ་འདྲས་ཀྱི་བྱས་ནས་ཨེ་དེ་འདྲས་ནང་ལྟར་གྱི་ཐོག་ནས། ད་སོ་སོའི་དཔེར་ན་རང་ཡུལ་ལ་ཞེན་པ་དང་ད་ག་ནང་ལྟར་གྱི། སོ་སོའི་རྦད་དེ་གནས་སྐབས་འདིའི་རང་གི་ཡུལ་ལ་ཞེན་པ་འདི་འདྲས་གཅིག་བྱས་སོང་ན་མཐའ་མ་དེ་ནི་བདུད་ཀྱི་རྒྱ་རུ་ཚུད་ཀྱི་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    བདུད་ཀྱི་རྒྱ་རུ་ཚུད་ཀྱི་རེད་ཟེར། འདི་འདྲ་ཐར་འདི་འདྲས་ལས་ཐར་བར་འདོད་པའི་མི་དེ་ནི་གང་འདྲས་གཅིག་རེད་ཟེར་ན། 
  • ནོར་བྲང་ཨོ་རྒྱན།
    འདི་འདྲས་ལས་ཐར་བའི་འདོད་པའི་མི་གཅིག་ཡིན་ན། དེ་ནི་བྱང་ཕྱོགས་ཁ་ཆེའི་ཡུལ་དུ་ཕྱིན་ནས་ཡིན་ན་དེ་ནི་བྱང་ཕྱོགས་དེ་ནི་བྱང་གི་ཕྱོགས་དེ་ནི་སྐབས་དེ་དུས།  དེ་ནི་ཁ་ཆེ་དང་རྒྱ་གར་དང་ཟེར་ཡས་དེ་ཚོ་སྔོན་མ་བྱང་གི་ཕྱོགས་ནས་དེ་འདྲས་གཅིག་རེད་པ། དེའི་ཚོའི་ཐོག་ལ་ཕྱིན་ནས་ཀྱང་། རྒྱ་གར་ཤར་ནུབ་ཡུལ་ནས་ཆུ་བཞིན། 
  • ནོར་བྲང་ཨོ་རྒྱན།
    ཨེ་ཐོག་མར་རྒྱ་གར། བྱང་ཕྱོགས་ཁ་ཆེའི་ཡུལ་དུ་ཕེབས་དེ་ནས་རྒྱ་གར་ཤར་ནུབ་ནས་དེ་ནི་ག་ས་ག་ལ་ཕེབས་ནས་དེ་ནི། དམ་ཆོས་ཀྱི་རྒྱ་ཚོ་དམ་པའི་ཆོས་རྒྱ་མཚོ་ལྟ་བུ་རེད། དེ་ནི་བོད་དུ་རྦད་དེ་བོད་ཀྱི་སྐད་ལ་བསྒྱུར་ན་ཡག་པོ་ཡོའོ་རེད་བྱས་ནས་དེ་འདྲས་ཀྱི་དཔེར་ན། ལུང་བསྟན་དེ་འདྲས་བྱུང་བ་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    ཨེ་ཞེས་པའི་ལུང་བསྟན་བྱུང་བས་རྐྱེན་བྱས་དེ་དཀའ་སྤྱད་དུ་མས། དེ་ནི་དཀའ་བ་མང་པོ་སྤྱད་བྱས་དེ་ནི་ཁོང་གིས་ཁ་ཆེར་བྱོན་པ་རེད་ཟེར། 
  • ནོར་བྲང་ཨོ་རྒྱན།
    ཨེ་ཁ་ཆེར་བྱོན་ནས་ཀ་ལ་ཝ་རི་བྱ་བའི་གྲོང་དུ་ཕེབས། ཀ་ལ་ཝ་རི་བྱ་བའི་དེ་ནི་གྲོང་ཁྱེར་དུ་རུ་ཕེབས་པ་ཞིག་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    དེ་ནི་སྐབས་དེ་དུས་དེ་ནི་བྲམ་ཟེ་གཅིག་གིས་རིན་ཆེན་བཟང་པོའི་ཕྱག་གི་རི་མོ་ལ་བལྟས་ཏེ་ཤིས་པ་བརྗོད་པ་དེ་ནི། བྲམ་ཟེ་གཅིག་གི་ཡིན་ན་རིན་ཆེན་བཟང་པོའི་ཕྱག་གི་རི་མོ་ལ་བལྟས་ནས་ད་ལག་པའི་རི་མོ་ལ་རྦད་དེ་ཤེས་པ་ཆེ་ཆུང་དང་ཡོན་ཏན་ཆེ་ཆུང་དང་བསོད་ནམས་ཆེ་ཆུང་ལ་སོགས་པ་དེ་འདྲས་ཡིན་ན་བལྟ་ཐུབ་ཀྱི་ཡོད་ཟེར་བྱས་ནས་དེ་འདྲས་ཀྱི་བལྟ་ཐུབ་ཀྱི་ཡོད་ཟེར་བྱས་ནས་བཤད་ཀྱི་ཡོའོ་རེད་པ།
  • ནོར་བྲང་ཨོ་རྒྱན།
    དེ་འདྲས་ཡིན་དུས་ཕྱག་གི་རི་མོར་བལྟ་དུས་ཙམ་པ་དེ་ནི་ཁོང་མཁས་པ་ཆེན་པོ་གཅིག་རེད་ཟེར་བྱས་ནས་དེ་ནི་བསྔགས་བརྗོད་དེ་འདྲས་ཞུས་པ་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    རྐང་མགྱོགས་ཡེ་ཤེས་ནོར་བུའི་བསམ་འཕེལ་བྱ་བ་བསྒྲུབ་པ་དེ་ལ་བརྟེན་ནས་གྲོང་ཁྱེར་ཏ་མ་ལ་ད་ག་ནང་ལྟར་གྱི་དེ་ནི་སྐབས་དེ་དུས་དེ་ཚོ་བྱས་ནས་རྐང་མགྱོགས་ཡེ་ཤེས་ནོར་བུ་ཟེར་ཡས་ཀྱི་དེ་ནི་རྐང་པ་མགྱོགས་པོ་ཟེར་ན། དེ་འདྲས་ཀྱི་གསང་སྔགས་ཀྱི་སྒྲུབ་པ་གཅིག་གྲུབ་སོང་ན།
  • ནོར་བྲང་ཨོ་རྒྱན།
    དེ་ནི་གཅིག་གོམ་པ་བརྒྱབ་དུས་ཡིན་ནའི་མགྱོགས་པོ་ལ་འགྲོ་དགོས་ཡས་དེ་འདྲས་ཀྱི་དཔེར་ན། ནོར་བུ་བསམ་འཕེལ་གྱི་དེ་ནི་བྱ་བ་བསྒྲུབ་པ་དེ་ལ་བརྟེན་ནས། གྲོང་ཁྱེར་ཏ་མ་ལ། ཏ་མ་ལ་སནྟི་བྱོན་པ་རེད།
  • ནོར་བྲང་ཨོ་རྒྱན།
    ཏ་མ་ལ་དེ་ནི་རྒྱ་གར་གྱི་དཔེར་ན་རྒྱ་གར་གྱི་ཏ་མ་ལ་སནྟི་བྱོན་པ་རེད། དེ་རུ་བྱོན་པ་རེད་ཟེར། པཎྜི་ཏ་ཤྲདྷ་ཀ་ར་རྨ་དང་མཇལ་ཏེ་གསང་སྔགས་ཀྱི་ཆོས། པཎྜི་ཏ་ཤྲདྷ་ར་རྨ་དང་མཇལ་ནས་གསང་སྔགས་ཀྱི་ཡོ་གའི་རྒྱུད་སྒྲུབ་ཐབས་རྣམས་ལེགས་པར་གསན་ཅིང་དེ་ནི་བོད་སྐད་དུ་བསྒྱུར། དེ་འདྲས་ཀྱི་དཔེར་ན་གསང་སྔགས་ཀྱི་ཡོ་གའི་རྒྱུད། བསྒྲུབ་ཐབས་དང་དེ་གས་དེ་དཔེར་ན་དང་པོ་དེར་པཎྜི་ཏ་ལ་གསན་ནས། དེ་ནི་དེ་སྐད་དེ་ཡིན་ན་བོད་སྐད་དུ་བསྒྱུར་ར་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    ཨེ་དེ་མིན་གྱི་པཎྜི་ཏ་གཞན་མང་པོ་ལ་ཡང་བསྟེན་ཏེ་ཟེར། ད་ཁོང་ད་ལྟ་ཤྲདྷ་རྨ་ལ་མ་ཡིན་པའི་གཞན་དག་གི་དེ་ནི་པཎྜི་ཏ་ཡིན་ན་ཤིན་ཏུ་མང་པོ་ལ་བསྟེན་ནས་དེ་ནི་གཞུང་ལུགས་མང་པོར་དེ་་ནི་ཐོས་བསམ་གྱིས་དེ་ནི་གཅིག་གི་དཱ། ཨེ་མདོ་སྔགས་ཀྱི་གཞུང་ལུགས་མང་པོ་ལ་ཡིན་ནི་ཐོས་བསམ་གྱིས་སྒྲོ་འདོགས་བཅད་ནས། ཐོག་མ་ལ་ཚུར་གསན། གསན་པའི་ཐོག་ནས་ཁོང་རང་གིས་བསམ་དོན་བཞིན་དུ་རྦད་དེ། དེ་ནི་དཔྱད་པ་གནང་བྱས། དེ་འདྲས་ཀྱིས་སྒྲོ་འདོགས་བཅད་ནས། བོད་དུ་འབྱོན་པའི་ཚེ།
  • ནོར་བྲང་ཨོ་རྒྱན།
    ད་དེ་གས་དེ་དཔེར་ན་བསྒྱུར་ནས་ད་བོད་ལ་ཕེབས་ཡས་ཀྱི་དེ་དགོངས་པ་བཞེས་པའི་ཚེ། རྨིས་ལམ་གྱི་ལྟས་ལ་བལྟས་ནས། པཎྜི་ཏ་ནཱ་རོ་པ་དང་། ཐོག་མ་ལ་ད་དེ་གས་དེ་བསྒྱུར་ནས། ཨེ་བོད་ལ་ཚུར་ཕེབས་ཀྱི་དགོངས་པ་དེ་འདྲས་བྱུང་པ་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    བོད་ལ་ཕེབས་ཡས་ཀྱི་དགོངས་པ་བྱུང་དུས་ཙམ་པ་དེ་ནི་མནལ་ལམ་ལ། མནལ་ལམ་གྱི་རྟགས་ལ་བརྟེན་ནས་དེ་ནི་པཎ་ཆེན་ནཱ་རོ་པ་དང་། ཀ་མ་ལ་གུཔྟ། ཛི་ན་མི་ཏྲ་སོགས་ལ་ཟབ་པ་དང་། རྒྱ་ཆེ་བའི་ཆོས་དཔག་ཏུ་མེད་པ་ཟེར། ད་གནས་སྐབས་དེ་ནི་བོད་ལ་ཕེབས་ནས་དེ་ནི་འགྲིག་གི་མེད་པ་ད་ལྟ། ཨེ་ད་ལྟ་པཎྜི་ཏ་དེ་ག་ཙམ་གཅིག་བསྟེན་ནས་འགྲིག་གི་མེད་པ། ད་དུང་ཡིན་ནའི་དཔེར་ན།
  • ནོར་བྲང་ཨོ་རྒྱན།
    པཎ་ཆེན་ནཱ་རོ་པ་ཟེར་ཡས་དེ། དེ་ནི་རྦད་དེང་རབས་ཀྱི་་བཀའ་བརྒྱུད་ཀྱི་ཁུངས་གཏུགས་ས་ནཱ་རོ་པཎ་ཆེན་ཞུ་ཡས་དེ་རེད་པ།
  • ནོར་བྲང་ཨོ་རྒྱན།
    བྱས་ཙང་ནཱ་རོ་པ་དང་། ཀ་མ་ལ་གུཔྟ་དང་། ཛི་ན་མི་ཏྲ་ལ་སོགས་པ་དེ་འདྲས་ཀྱི་དཔེར་ན་རྒྱ་གར་གྱི་པཎྜི་ཏ་བསམ་གྱིས་མི་ཁྱབ་པ་དེ་ཚོ་ལ། ཟབ་པ་དང་རྒྱ་ཆེ་བའི་ཆོས་ཡིན་ན་མང་པོ་ལེགས་པར་གསན་པ་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    མདོར་ན་པཎྜི་ཏའི་བླ་མ་ཡང་བདུན་ཅུ་རྩ་ལྔ་བསྟེན་པས་གསུང་རབ་རྒྱ་མཚོ་ཆེན་པོའི་ཕར་རོལ་ཏུ་སོན། ཁོང་གིས་ཡིན་ན། ད་སྔ་རྗེས་བསྡོམས་པའི་པཎྜི་ཏ། པཎྜི་ཏ་བླ་མ་དེ་འདྲས་གང་འདྲས་བསྟེན་པ་གནང་པ་རེད་ཟེར་ན།
  • ནོར་བྲང་ཨོ་རྒྱན།
    བདུན་ཅུ་རྩ་ལྔ། བདུན་ཅུ་དོན་ལྔ་ཙམ་བསྟེན་པ་གནང་བྱས། དེ་ནི་རྦད་དེ་གསུང་རབ་གྱི་རྒྱ་མཚོ་ཆེན་པོའི་ཕ་རོལ་ཏུ་གསུང་རབ་རྒྱ་མཚོ་ཆེན་པོ་ལ་གསན་བསམ་གནང་བྱས། དེ་ནི་རྒྱ་མཚོའི་ཕ་རོལ་ཏུ་གསོན་པ་ཅིག་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    ཨེ། ཟབ་ཅིང་གསང་བ་ཟབ་གསང་གི་ཆོས་དུ་མ་བོད་སྐད་དུ་བསྒྱུར་ཏེ། ད་དེ་འདྲས་ཀྱི་དཔེར་ན། ཟབ་ཅིང་གསང་བ་ཆོས་ཀྱི་གསང་བ་དུ་མ་ཨ་ནི་བོད་སྐད་དུ་བསྒྱུར་ནས། དར་བ་ལ་གསང་སྔགས་གསར་མ་ཞིག་ཟེར་བ་གཅིག་དེ་ནི། ཟབ་ཅིང་གསང་བའི་ཆོས་དེ་ནི་དུ་མ་བསྒྱུར་བ་ལ། ཨེ་དར་བ་ལ་གསང་སྔགས་གསར་མ་ཞིག་ཞེས་བྱ་བ་བྱུང་།
  • ནོར་བྲང་ཨོ་རྒྱན།
    འོང་། ཞེས་རླུང་ལྟར་གྲགས་པ་་བྱུང་། གྲགས་པ་བཅས་ཨེ། རླུངས་ལྟར་གྲགས་པ་བཅས་བསྟན་པ་ཕྱི་དར་ལ་སྐད་གཉིས་སྨྲ་བ་རིན་ཆེན་བཟང་པོ་འདི་ཉིད་འགྲན་ཟླ་ཐམས་ཅད་དང་བྲལ་བ་ཞིག་ཡིན་པས། མཁས་པའི་དབང་པོ་ཡེ་བཟང་རྩེ་མོ་འམ། འགོས་ལོ་གཞོན་ནུ་དཔལ་གྱིས་ཀྱང་ཟེར།
  • ནོར་བྲང་ཨོ་རྒྱན།
    ད་དེ་འདྲས་ཀྱི་དཔེར་ན་ད་བསྟན་པ་ཕྱི་དར་ལ་ཆ་བཞག་པ་ཡིན་ན། བསྟན་པ་ཕྱི་དར་ལ་ཆ་བཞག་པ་ཡིན་ན་སྐད་གཉིས་སྨྲ་བ། སྐད་གཉིས་སྨྲ་བ་ཟེར་ན། ལོ་ཙཱ་བ་རེད་པཱ། རིན་ཆེན་བཟང་པོ་ཟེར་མཁན་དེ་ཉིད་ཡིན་ན། འགྲན་ཟླ་ཐམས་ཅད་དང་བྲལ་བ་སུས་ཡང་འགྲན་པ་མེད་པ། འགྲན་པའི་ཟླ་ཐབས་ཅད་དང་བྲལ་བ། དེ་འདྲས་ཞིག་ཡིན་པས།
  • ནོར་བྲང་ཨོ་རྒྱན།
    མཁས་པའི་དབང་པོ་ཡེ་བཟང་རྩེའམ། མཁས་པའི་དབང་པོ་གཞོན་ནུ་དཔལ་གྱིས་ཡིན་ན་གང་འདྲས་གཅིག་གསུངས་ཡོའོ་རེད་ཟེར་ན།
  • ནོར་བྲང་ཨོ་རྒྱན།
    ཡེ་བཟང་རྩེ་མོས། ཡེ་བཟང་རྩེ་མོའམ། འགོས་ལོ་གཞོན་ནུ་དཔལ་ཟེར་ན། ད་ལྟ་འདིའི་དེབ་ཐེར་སྔོན་པོ་རྩོམ་པ་པོ་རྩོམས་པར་གནང་མཁན་གྱི་ཨེ་མཁས་པ་ཆེན་པོ་དེ་རེད།
  • ནོར་བྲང་ཨོ་རྒྱན།
    ཁོང་གིས་ཡིན་ནའི་དེ་དེ་ནི་བསྟན་པ་སྔ་དར་ལ་སྔ་དར་ཏེ། སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པ་ལས་ཕྱི་དར་གསང་སྔགས་ཀྱི་བསྟན་པ་བོད་དུ་དར་བ། དར་ཆེ་བ་དེ་ཡང་ལོ་ཙཱ་བ་འདི་ཁོ་ནའི་བཀའ་དྲིན་ཡིན་ཞེས་ཆེ་བ་མཛད་པ་ཡིན་ནོ།ཟེར། ཡེ་བཟང་རྩེ་བ་ཡིན་ནའི་དེ་ནི་གསང་སྔགས་བསྟན་པ་སྔ་དར། བསྟན་པ་སྔ་དར་ཟེར་ཡས་དེ་ནས། སྲོང་བཙན་སྒམ་པོའི་དུས་སྐབས་དེ་ནས་ཨེ་ཁྲི་སྲོང་གི་དུས་སྐབས། འོང་ཁྲི་རལ་པའི་དུས་སྐབས་ལ་སོགས་པ། ཨོའོ་དེ་འདྲས་ཀྱི་བསྟན་པ་སྔ་དར་དེ།
  • ནོར་བྲང་ཨོ་རྒྱན།
    དེ་ལ་སྔ་དར་གྱི་སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པ་ལས། སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པ་ལས་ཕྱི་དར་གྱི་གསང་སྔགས་ཀྱི་བསྟན་པ། གསར་མ་བོད་དུ་དར་བ། ཕྱི་དར་དེ་ནི་ལོ་ཆེན་རིན་ཆེན་བཟང་པོ་བརྒྱུད་ནས་དེ་ནི་ཨེ་གསང་སྔགས་རྒྱུད་དེ་ནི་མང་པོ་ཨ་ནི་བོད་ལ་བསྒྱུར་བ། དེ་འདྲས་ཀྱི་གསང་སྔགས་བསྟན་པ་བོད་དུ་དར་བ་དེ་ནི་ཨེ། བསྟན་པ་གསར་མ་དར་ཆེ་བ་ཡང་དེ་ནི་གཙོ་བོ་ཡིན་ན།
  • ནོར་བྲང་ཨོ་རྒྱན།
    ལོ་ཙཱ་བ་རིན་ཆེན་བཟང་པོ་དེ། དེ་ཁོ་ནའི་བཀའ་དྲིན་ཡིན་ཞེས་ཨེ་ཆེ་བ་མཛད་པ་ཡིན་ཟེར། ད་དེ་ཚོ་རྦད་དེ་ད་ལྟ་གང་ཟེར་དགོས་རེད།
  • ནོར་བྲང་ཨོ་རྒྱན།
    ཨེ་འགོས་ལོ་གཞོན་ནུ་དཔལ་གྱི་ཆེ་བ་མཛད་པ་ནང་ལྟར་དངོས་གནས་དྲང་གནས་ཀྱི་དཔེར་ན། བསམ་གྱིས་མི་ཁྱབ་པ་དང་། མཁས་པ་ཆེན་པོ་དང་བོད་ལ་བཀའ་དྲིན་ཆེན་པོ་ཡིན་ཟེར་བྱས་ནས། ལྔ་བ་ཆེན་པོས་ཡིན་ན། དེ་ལ་བསྔགས་བརྗོད་གནང་བ་དེ་འདྲས་གཅིག་ཡིན་ཟེར།
  • ནོར་བྲང་ཨོ་རྒྱན།
    ཨེ་ད་དེ་ནས་གོང་དུ་ཞུས་པའི་ལྷ་ལྡེ་ལ་སྲས་འོད་ལྡེ། ཞི་བ་འོད་དང་། བྱང་ཆུབ་འོད་དང་གསུམ་བྱུང་བ་ལས་ལྷ་ལྡེ་ཞུ་ཡས་དེའི་ནང་ལ་སྲས།  འོད་ལྡེ་དང་། ཞི་བ་འོད་དང་བྱང་ཆུབ་འོད་དང་བྱས་ནས་གསུམ་བྱུང་བ་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    ཆུང་བ་ཆུང་བ་དགེ་སློང་བྱང་ཆུབ་འོད་བྱ་བ་ཕྱི་ནང་གི་ཆོས་དང་ལོ་ཙཱ་བ་ཤིན་ཏུ་མཁས་པ་ཞིག་བཞུགས་ཤིང་། ཟེར། ད་དེའི་ནང་ནས་ཆུང་བ་དེ་ནི་བྱང་ཆུབ་འོད་ཟེར་ཡས་བྱང་ཆུབ་འོད་ཟེར་ཡས་དེ་རབ་ཏུ་བྱུང་བ་དགེ་སློང་བསྒྲུབ་བྱས་ད་དེ་ཁོང་གིས་ཡིན་ན་རྦད་དེ། ཕྱི་ནང་གི་ཆོས་དང་ལོ་ཙཱ་བ་གནང་ཡས་ལ་དེ་ནི་ཤིན་ཏུ་མཁས་པ་གཅིག་བྱུང་ཡོའོ་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    འོང་བྱང་ཆུབ་འོད་ཟེར་ཡས་དེ་ཤིན་ཏུ་མཁས་པ་ད་དེ་བོད་ལ་ཡིན་ན་བཀའ་དྲིན་ན་ཆེན་པོ་བྱུང་བ་དེ་འདྲས་གཅིག་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    དེ་ཡང་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་རང་གིས་རང་གི་གཅུང་ལ་རྒྱལ་སྲིད་སྔོན་ནས་གཏད་ཟིན་ཀྱང་། ལྷ་བླ་མ་ཡེ་ཤེས་འོད་ཀྱིས་དེ་ནི་གཅུང་རྒྱལ་སྲིད་ན་ག་ར་ཛཱ་ལ་རྒྱལ་སྲིད་སྔོན་དུ་གཏད་ཟིན་ནའང་། གཏད་ཟིན་ན་ཡང་། སྔོན་དུ་ཡིན་ན་རྒྱལ་སྲིད་གཏད་བྱས་ཁོ་རང་རང་དཔེར་ན་དམ་པའི་ཆོས་ལ་བཞུགས་བྱས། དམ་པའི་ཆོས་ལ་བཞུགས་བྱས་དེ་འདྲས་རེད་དའི། ཡིན་ན་ད་རྒྱ་གར་ནས་པཎྜི་ཏ་སྤྱན་འདྲེན་པའི་ཚེ། རྒྱ་གར་ནས་དེ་ནི་པཎྜི་ཏ་སྤྱན་འདྲེན་པའི་འོང་བོད་ལ་སྤྱན་འདྲེན་ཡས་ཀྱི་ཆེད་དུ་ཡིན་ན།
  • ནོར་བྲང་ཨོ་རྒྱན།
    དཔེར་ན་སྐུ་ངལ་ཡིན་ན་ཚད་མེད་བསྐྱོན་བྱས་གར་ལོག་ཡུལ་ལ་ཕེབས་བྱས་དེ་འདྲས་རེད། ཟེར། དེ་ནི་གར་ལོག་རྒྱལ་པོས་དེ་ནི། གར་ལོག་ཡུལ་ལ་ཕེབས་ནས་གར་ལོག ཁ་ཆེ་རྒྱལ་པོས་དེ་ནི་དམག་དང་དེ་ནི་འཐབ་ནས་དེ་ནི་གང་རེད་ཟེར་ན་དེ་ནི་རྦད་དེ། ཁོང་དེ་ནི་དམག་ཕམ། དམག་ཕམ་ནས་གང་བྱས་པ་རེད། གར་ལོག་གིས་དེ་ནི་བཙོན་ལ་ཤོར་ར་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    ཨེ་དེ་ནི་བཙོན་ལ་ཤོར་དུས་ཙམ་པ་དེ་ནི་གར་ལོག་རྒྱལ་པོས་ཁོང་ལ་དེ་ནི་ཁོང་ལ་གང་འདྲས་ཟེར་ཞུས་པ་རེད་ཟེར་ན། ཨེ་ཞི་བ་ལྷ། ཞི་བ་འོད་ལ་གང་འདྲས་ཞུས་པ་རེད་ཟེར་ན
  • ནོར་བྲང་ཨོ་རྒྱན།
    ཡེ་ཤེས་འོད་ལ་གང་འདྲས་ཟེར་ཞུས་པ་རེད་ཟེར་ན། ད་འོང་ན་དེ་བྱེད་ཟེར། ཡང་ན་དཔེར་ན་ཁྱེད་རང་གིས་དེ་རེད་ཟེར། དཀོན་མཆོག་གི་སྐྱབས་འགྲོ་དོར་ཟེར། དོར་གྱི་ཡིན་པ་མིན་པ་ཟེར། ཡང་ཁྱེད་རང་གིས་དཀོན་མཆོག་གི་སྐྱབས་འགྲོ་དོར་ན་དེ་ནི་ངས་བཙོན་ནས་གློད་དགོས་ཟེར།
  • ནོར་བྲང་ཨོ་རྒྱན།
    ཡང་ཁྱེད་རང་གིས་དཔེར་ན། ཁྱེད་རང་བླུ་ཡས་ཀྱི་རིན་ལ་ཆ་བཞག་ན། ཨ་ནི་ཁྱེད་རང་གི་སྐུ་ལུས་དང་མཉམ་པའི་གསེར་བྱུང་ན། དེ་ནི་ངས་དེ་ནི་བཙོན་ནས་བཏང་གི་ཡིན་ཟེར།
  • ནོར་བྲང་ཨོ་རྒྱན།
    ཨེ་དེ་མ་བྱུང་ན་བཏང་གི་མིན་བྱས་ནས་དེ་འདྲས་ཀྱི་དཔེར་ན། བདམས་ཁ་ཡིན་ན་དེ་འདྲས་བྱུང་པ་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    བདམས་ཁ་བྱུང་དུས་ཙམ་པ་དེ་ནི་ཁོང་གི་དབོན་སྲས་དེ་ནི་དེ་ནས་འོད་ལྡེ་དང་། ཞི་བ་འོད། བྱང་ཆུབ་འོད་ལ་སོགས་པ་ཁོང་ཚོས་དཔེར་ན་དབོན་སྲས་རྣམས་ཀྱིས་དེ་ནི་ག་རེ་གནང་བ་རེད། ཟེར་ན།
  • ནོར་བྲང་ཨོ་རྒྱན།
    ད་གསེར་མང་པོ་བཙལ་བྱས་གསེར་མང་པོ་བཙལ་བྱས་ད་རྦད་དེ་ཞི་བ་འོད་ཀྱིས་ཨེ་ཤེས་འོད་ཀྱི་དེ་ནི་སྐུ་ལུས་དང་མཉམ་པའི། དབུ་ཕུད་པའི་དེ་ནི་སྐུ་གཟུགས་དང་མཉམ་པའི་སྐུ་གཟུགས་ཀྱི་ལྗིད་ཙམ་བྱུང་བའི་དེ་ནི་གསེར་དེ་འདྲས་བྱུང་བ་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    གསེར་དེ་འདྲས་བརྙེད་བྱས་ད་དབུ་མ་ལོངས་པ་མ་གཏོགས་བརྙེད་པ་དེ་འདྲས་རེད་ཟེར། བརྙེད་དུས་ཙམ་པ་ད་དེ་གསེར་འཚོལ་ཡས་ཐོག་ལ་ཡིན་ན་དུས་ཚོད་ཡིན་ན་ཞེ་དྲག་འགོར་དུས་ཙམ་པ། དེ་ནི་འགོར་བྱས་ནས་དེ་ནི་མགོ་ནས་མཐའ་མ་དེ་སྐུ་གཟུགས། དབུ་ཕུད་པའི་སྐུ་གཟུགས་ཀྱི་ལྗིད་ཙམ་གྱི་གསེར་འབྱོར་པའི་མཇུག་གུ་ལ་དེ་གསེར་བརྙེད། གསེར་དེ་དེ་ནི་ཡེ་ཤེས་འོད་བླུ་ཡས་ལ་གར་ལོག་རྩ་ལ་དེ་ཡེ་ཤེས་འོད་བླུ་ཡས་གར་ལོག་རྩ་ལ་ཕྱིན་ནས། བླུ་ཡས་རྩ་ལ་བྱེད་དུས་ཙམ་པ་དེ་ནི་ཡེ་ཤེས་འོད་ཀྱི་གསུངས་ཡས་ཙམ་པ་ལ། 
  • ནོར་བྲང་ཨོ་རྒྱན།
    དེ་ནི་ག་རེ་ཟེར། ད་ང་ལོ་ཡིན་ན་ཆེན་པོ་ཆགས་པ་རེད། ཟེར། ང་ལོ་ཡིན་ནའི་ཆེན་པོ་ཆགས་པ་རེད། དེས་མ་ཟད་པས་བཙོན་དེ་ནས་ཐོན་ན་ཡང་རྦད་དེ་མུ་སྟེགས་ཀྱི་སྨན་ལོག བཙོན་འདི་ནས་ཐོན་ན་ཡང་ད་འདུག་རུ་བཙོན་ལ་བསྡོད་པའི་ཁ་གཏུག་ལ་མུ་སྟེགས་ཀྱི་སྨན་ལོག་དང་དཔྱད་ལོག་སོགས་མང་པོ་བྱེད་དུས་ཙམ་པ་ད་ཤེས་པ་ཡིན་ནའི་སྔ་ས་ལ་བསྡད་མི་འདུག གསལ་པོ་མི་འདུག་ཟེར།
  • ནོར་བྲང་ཨོ་རྒྱན།
    ཤེས་པ་ཡིན་ནའི་གསལ་པོ་འདུག་ད་ལོ་རྒན་ཁོག་རེད་དེ་འདྲས་བྱེད་དུས་ཙམ་ད་ཕྱིན་ཆད་དེ་ནི་ད་བསྟན་འགྲོ་ལ་ཕན་པར་དཀའ་བས། ཕན་ཐོག་ཡས་དཀའ་པོ་ཡིན་ན་དེ་ལས་ང་བླུ་ཡས་ཀྱི་གསེར་དེ་ཡིན་ན། དེ་བསྐུར་བྱས་དེ་ནི་རྒྱ་གར་ནས་དེ་ནི་རྒྱ་གར་གྱི་པཎྜི་ཏ་སྤྱན་འདྲོངས་ལ། རྒྱ་གར་ནས་པཎྜི་ཏ་སྤྱན་དྲངས་ནས་དེ་ནི་བོད་ལ་དམ་པའི་ཆོས་དར་བའི་བྱེད་པའི་དེ་ནི་བཀའ་གནང་དེ།
  • ནོར་བྲང་ཨོ་རྒྱན།
    དེ་ནི་དེ་ལས་དེ་འདྲས་གསེར་དེ་བསྐུར་བྱས་རྒྱ་གར་ལ་མི་བཏང་བྱས་རྒྱ་གར་ལ་པཎྜི་ཏ་གདན་འདྲེན་ཞུ་ག་བཏང་བྱས། ཨ་ནི་རྦད་དེ་དམ་པའི་ཆོས་བསྒྱུར་ཡས་དེ་འདྲས་ཀྱི་ཡིན་ན་རྦད་དེ་བཀའ་ཕབ་བྱས། བཀའ་གནང་བྱས་དེ་འདྲས་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    བཀའ་གནང་བྱས་ནས་བཀའ་གནང་དུས་ཙམ་པ་དེ་ནི་རྦད་དེ་འོང་སྐུ་མཆེད་ཚོས་ཡིན་ནི་ད་ག་རང་ཞུས་ཡས་བྱས་པའི་མཇུག་གུ་ལ་ཡིན་ན། དེ་ནི་དུས་ཚོད་མི་རིང་བར་ཁོང་ཡིན་ན་བཙོན་ཁང་ལ་བཙོན་ཁང་རུ་དགོངས་པ་རྫོགས་པ་རེད་ཟེར། ཁོང་བཙོན་ཁང་དེར་དགོངས་པ་རྫོགས་སོང་ཟེར།
  • ནོར་བྲང་ཨོ་རྒྱན།
    དེའི་སྐོར་ལས་ཆེན་ཀུན་དགའ་འོད་ཞུ་མཁན་གཅིག་ཡོའོ་རེད། དེས་ཡིན་ན་གང་འདྲས་གཅིག་བཤད་ཡོའོ་རེད་ཟེར་ན།
  • ནོར་བྲང་ཨོ་རྒྱན།
    འོང་ལྷ་བླ་མ་ཡེ་ཤེས་འོད་ནི་གསེར་འཚོལ་དུ་ཕྱིན་པས་གར་ལོག་གིས་བཙོན་དུ་བཟུང་བར་བཤད་པ་ནི། ལྷ་བླ་མ་ཡེ་ཤེས་འོད་ནི་རྦད་དེ་གར་ལོག་གིས་བཟུང་ཡས་ནི་གསེར་གྱི་འཚོལ་ལ་ཕེབས་པ་འགྲོ་དུས་ཙམ་པ་དེ་ནི་གར་ལོག་གིས་བཙོན་དུ་འོང་བཟུང་བར་བཤད་པ་དེ་ནི། འོང་སྐྱེ་བོ་ཕལ་པ་ནོར་སློང་བ་ལྟ་བུའི་རྣམ་པར་རྣམ་པ་ཤར་བ་བློ་གྲོས་དམན་པ་ཞིག་རེད། ད་དེ་འདྲས་ཀྱི་དཔེར་ན་ལས་ཆེན་ཀུན་དགའ་བས་བཤད་ཡས་དེ་ནི་སྐྱེ་བོ་ཤིན་ཏུ་དམན་པ་གཅིག་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    སྐྱེ་བོ་དམན་པ་དེ་ནི་ནོར་སློང་ག་ཕྱིན་པ་ནང་ལྟར་གྱི་ཐོག་ནས་དེ་ནི་དཔེར་ན་གཅིག་ད་ཁོང་ལྷ་བླ་མ་ཡེ་ཤེས་འོད་ཆེན་པོ་ལ་བྱས་ན། བྱས་ནས་དེ་འདྲས་བཤད་ཡས་དེ་ནི་བློ་གྲོས་དམན་པ་ཞིག་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    ལྷ་བླ་ཡེ་ཤེས་འོད་དེ་ནི་གང་འདྲས་རེད་ཟེར་ན། མངའ་རིས་ཀྱི་དེ་ནི་བཙད་པོ་ཆེན་པོ་གཅིག་རེད་ཟེར། མངའ་རིས་ཀྱི་བཙད་པོ་གཅིག བཙད་པོ་ཟེར་ན་ད་རྒྱལ་པོ་གཅིག་རེད་པ། མངའ་རིས་ཀྱི་བཙད་པོ་གཅིག་ཡིན་འགྲོ་དུས་ཙམ་པ། དེ་ནི་ཁོང་ལ་གསེར་འདུ་འགོད་གནང་ཡས་ཀྱི་ཆེད་དུ་སྐུ་ངལ་སྤྱད་དགོས་རྒྱུ་མཚན་རྒྱུ་ནས་ཡོའོ་མ་རེད་ཟེར། གསེར་ཡིན་ན་ཤིན་ཏུ་མང་པོ་ཡོད་པ་དེ་འདྲས་གཅིག་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    བྱས་ཙང་དེ་འདྲས་ཡིན་དུས་ཙམ་པ་ད་དེ་འདྲས་བཤད་ཡས་དེ་ནི་ཨེ་ལོ་རྒྱུས་ཀྱི་གནས་ཚུལ་བཤད་ཡས་ཐོག་ལ་རྒྱུ་མཚན་ཞིབ་ཏུ་མ་དཔྱད་པའི་སྐྱོན་ནོ་ཟེར།
  • ནོར་བྲང་ཨོ་རྒྱན།
    ལོ་རྒྱུས་ཀྱི་གནས་ཚུལ་ལ་རྒྱུ་མཚན་ལ་ཞིབ་ཏུ་མ་དཔྱད་པའི་སྐྱོན་རེད་ཟེར། ད་དེ་ཚོ་རྦད་དེ་དགག་པ་བསྐྱོན་བྱས་དེ་འདྲས་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    ད་སྐབས་དེ་དུས་དེའི་ཁ་གཏུག་ལ་ཡེ་ཤེས་བླུས་སྐབས་དེ་དུས་གང་འདྲས་གཅིག་རེད་ཟེར་ན། དེ་ལྟར་དུ་རྔ་ལ་བཞོན་ནས་ནམ་མཁའ་ལ་འཕུར་ཐུབ་པའི་རྫུ་འཕྲུལ་ཅན་ཨ་ར་མོ་བནྡེ་བཅོ་བརྒྱད་སོགས་ཀྱི་ལུགས་འཛིན་དུ་མའི་སྐྱེ་བོ་མཚོན་གྱིས་གསོད་པ་དང་། དེ་འདྲས་དེའི་སྐབས་དེར་ཆ་བཞག་ན།
  • ནོར་བྲང་ཨོ་རྒྱན།
    དེ་ནི་གང་ཟེར་དགོས་རེད། བོད་ལ་ཆ་བཞག་ནའི་རྦད་དེ་རྔ་ལ་བཞོན་ནས་ནམ་མཁའ་ལ་འཕུར་ཐུབ་པའི་རྫུ་འཕྲུལ་བཏོན་ཡས་ལ་སོགས་པ། ཨོའོ་དེ་འདྲས་ཀྱི་ཨ་ར་མོ་བནྡྷེ་ཟེར་ཡས་ཀྱི་བན་དེ་བཅོ་བརྒྱད་ལ་སོགས་པ། དེ་འདྲས་ཀྱི་དཔེར་ན་ལུགས་འཛིན་མཁན་གྱི་སྐྱེ་བོ་དུ་མའི་ཡིན་ན། གང་འདྲས་རེད། སྐྱེ་བོ་དུ་མའི་དེ་ནི་སྐྱེ་བོ་ལུགས་འཛིན་མཁན་མང་པོས་ཡིན་ན།
  • ནོར་བྲང་ཨོ་རྒྱན།
    དེ་ནི་སྐྱེ་བོ་ཡིན་ན་མཚོན་གྱིས་གསོད་པ་དང་། ད་ག་ནང་ལྟར་ལ་ཤ་ཆང་། ཤ་དང་ཆང་། བུད་མེད་ལ་སོགས་པ་དེ་འདྲས་བག་མེད་དུ་སྤྱོད་པ་དང་། གཅིག་འདུལ་བའི་བསྟན་པ་ཡང་འདུལ་བའི་བསྟན་པ་ཡང་གོང་དུ་བླ་ཆེན་ལ་སོགས་པ་ནས་རྒྱུད་དེ་དར་རྒྱས་ཆེན་པོ་ཡོད་ན་ཡང་། བསྟན་པ་སྔ་དར་གྱི་བན་དེ་ཨེ་དེ་ནི་ད་ཕྱོགས་གཅིག་ནས། དེ་འདྲས་ཟེར་སྔགས་ཀྱི་ཐོག་ནས་དེ་འདྲས་ཟེར་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    ད་ག་ནང་ལྟར་འདུལ་བའི་བསྟན་པ་ལ་ཆ་བཞག་ན་དེ་ནི་གོང་དུ་བླ་ཆེན་པོ་བླ་ཆེན་དགོངས་པ་རབ་གསལ་ལ་སོགས་པ་དེ་འདྲས་ནས་བརྒྱུད་ནས། ཨེ་བོད་བསྟན་ལ་ཆ་བཞག་ན། བོད་ལ་དར་རྒྱས་ཡིན་ན་ཆེ་ཙམ་བྱུང་བ་ཡིན་ན་ཡང་། ད་བསྟན་པ་སྔ་དར་གྱི་པཎྜི་ཏའི་ཕྱག་སྲོལ་ཕལ་ཆེར་ཉམས་ཟེར།
  • ནོར་བྲང་ཨོ་རྒྱན།
    ཨེ་བསྟན་པ་སྔ་དར་གྱི་པཎྜི་ཏའི་ཕྱག་སྲོལ་ཕལ་ཆེར་ཉམས་པ་དང་། གསར་དུ་པཎྜི་ཏ་ད་ག་ནང་ལྟར་པཎྜིཏ་ཡིན་ནའི་གསར་དུ་རྒྱ་གར་ནས། པཎྜི་ཏ་གསར་དུ་དེ་འདྲས་མ་འབྱོན་པ་ལ་སོགས་པའི་དེ་ནི་བོད་སྟོན་རྣམས་ཀྱིས་ཀྱང་། རང་རང་སོ་སོའི་ལུགས་སུ་བྱས་པས་དེ་ནི་བོད་བསྟན། བོད་ཀྱི་བསྟན་པ་རྣམས་ཀྱིས་བོད་ཀྱི་བླ་མ་རྣམས་ཀྱིས་ཡིན་ནའི་སོ་སོའི་དཔེར་ན་འདོད་པ་དུ་བྱས་པས་དེ་ནི་སོ་སོའི་ལུགས་རེ་རེ་བྱས་པ་ཡིན་དུས་ཙམ་པ་དེ་ནི་འདུལ་བའི་བསླབ་བྱ་དེ་གནས་ཤིང་ཕྲ་ཞིང་ཞིབ་པ་མཐའ་དག་དེ། འདུལ་བའི་བསླབ་བྱ་ཟེར་མཁན་དེ།
  • ནོར་བྲང་ཨོ་རྒྱན།
    གནས་ཕྲ་ཞིང་ཞིབ་པ་དང་དེ་ནི་འདུལ་བ་ལུང་སྡེ་བཞི་ཟེར་ཡས་དེ་རེད་པ། འདུལ་བ་ལུང་སྡེ་བཞི་ཟེར་ཡས་དེ། འདུལ་ལུང་འབྱེད་པ་དང་། འདུལ་བ་ལུང་གཞི་དང་། འདུལ་བ་ཕྲན་ཚེགས། འདུལ་བ་གཞུང་ཟེར་ཡས་དེ་དཔེར་ན། ད་འདི་བཀའ་འགྱུར་ནང་ལ་ཡིན་ནའི་ད་ལྟ་འདུལ་བ་རང་ལ་པོད་བཅུ་གསུལ་ཡོད་བྱས་དེ་འདྲས་རེད།
  • ནོར་བྲང་ཨོ་རྒྱན།
    བྱས་ཙང་དེ་ཚོའི་ནང་ལ་འདུལ་བ་ཟེར་ཡས་དེ་འདུལ་ཁོ་རང་རང་ལ་འདུལ་བ་ལུང་རྣམ་པར་འབྱེད་པ་ཟེར་ཡས་དེའི་ནང་ལ་ཡིན་ན། དེ་ནི་བཅོམ་ལྡན་འདས་ཀྱི་ག་རེ་ཟེར། ག་རེ་ཟེར་དགོས་རེད།
  • ནོར་བྲང་ཨོ་རྒྱན།
    གཅིག་གི་ག་རེ་ཟེར་དགོས་རེད་པས། དགེ་སློང་ཕོ་མོ་དང་དགེ་ཚུལ་ཕོ་མོ་དང་དགེ་བསྙེན་ཕོ་མོ་ལ་སོགས་པ་དེ་འདྲས་ཀྱི། དེ་འདྲས་ཀྱི་གཅིག་གི་དགེ་སློང་མ་དེ་འདྲས་མང་པོས་ཐོག་ནས་དེ་ནི་རྦད་དེ་གཅིག་གི་སྤྱི་ཚོགས་ནང་ལ་བྱ་བ་གང་འདྲས་བྱས་ན། ཉེས་པ་གང་འདྲས་ཡོད་པ་ལ་སོགས་པ། ཨོའོ་དེ་འདྲས་དེ་ནི་ཞིབ་ཅིང་རྣམ་པར་ཕྲ་བ་དེ། འདུལ་བ་རྣམ་པར་འབྱེད་པ་ཟེར་ཡས་དེ།
  • ནོར་བྲང་ཨོ་རྒྱན།
    དེ་འདྲས་ཀྱི་དཔེར་ན་བཀའ་འགྱུར་ནང་ལའི་དཔེར་ན་ཞིབ་ཞིང་ཕྲ་བ་གསུངས་བྱས་དེ་འདྲས་རེད། བྱས་ཙང་དེའི་ཁ་གཏུག་ལ་ཆ་བཞག་ན། དེ་ཚོའི་འོང་། འོང་དོན་དག་མང་པོ་གསུངས་བྱས་དེ་འདྲས་ཀྱི་དཔེར་ན་ཉེས་པ་རེ་རེ་ལ་གཅིག་གི་ཁྲིམས་རེ་རེ་ཡོད་པ་གཅིག་བྱས་བྱས། ད་དེ་འདྲས་རེད། ད་དེ་འདྲས་ཀྱི་དཔེར་ན། ད་འགྲེལ་པ་དང་བཅས་པའི་དགོངས་པ་ཇི་ལྟ་བ་བཞིན། དེ་ནི་འཕགས་ཡུལ་མཁས་པའི་ལུགས་དང་མཐུན་པ་ཞིག་རེད་པ།
  • ནོར་བྲང་ཨོ་རྒྱན།
    འཕགས་ཡུལ་མཁས་པའི་ལུགས་དང་མཐུན་པ་ཞིག་ད་བཅོམ་ལྡན་འདས་ཀྱི་གསུངས་པ་ནང་ལྟར་གྱི་དེ་ནི་འཕགས་ཡུལ་མཁས་པའི་ལུགས་དང་མཐུན་པ་ཞིག་ལག་ལེན་བྱེད་མཁན་ནི་མེད་པར་མཁྱེན་ནས་ཟེར།
  • ནོར་བྲང་ཨོ་རྒྱན།
    མེད་པར་མཁྱེན་ནས་ལྷ་བླ་མ་བྱང་ཆུབ་འོད་ཀྱིས་གངས་ཅན་ཡུལ་ལ་ད་དེ་ནི་སྐབས་དེ་དུས་དེ་ནི་ལྷ་བླ་མ་བྱང་ཆུབ་འོད་ཀྱི་གང་འདྲས་གཅིག་དགོངས་ཡོའོ་རེད་ཟེར་ན། ད་སྐབས་དེ་དུས་འདུལ་བའི་བསྟན་པ་ཡོད་པ་ཡིན་ནའི་ཡིན་ན་ཡང་བླ་མ། བསྟན་པ་སྔར་དར་གྱི་འདུལ་བའི་བསྟན་པ་བྱུང་བ་ནས་བར་སྐབས་ད་ལྟ། དངོས་གནས་དྲང་གནས་གཅིག་གི་གསེར་ལྷད་འདྲ་པོ་མང་པོ་ཤོར་བྱས། དེ་འདྲས་འདུལ་བའི་བསྟན་པ་ཡང་དག་པ་གཅིག་མེད་པ་ཡིན་དུས་ཙམ་པ།
  • ནོར་བྲང་ཨོ་རྒྱན།
    དེ་ནི་གངས་ཅན་གྱི་ལྗོངས་འདིར་ལོག་པར་རྟོག་པའི་ཚུལ་མིན་གྱི་མུན་པ་དྲུངས་ནས་ཕྱུང་བར་བྱ་བའི་སླད་དུ་ཟེར་ན། ད་གངས་ཅན་ལྗོངས་ལ་འདུལ་བའི་བསྟན་པ་ཨེ་ཡག་པོ་གཅིག་མེད་དུས་ཙམ་པ་དེ་ནི། ཨ་ནི་རྦད་དེ་ལོག་པར་སྤྱོད་པ་ཚུལ་མིན་སྤྱོད་པ་དེ་འདྲས་ཀྱི་ཚུལ་མིན་གྱི་མུན་པ་དེ། མུན་པས་ཁེངས་བསྡད་པ་དེ་དྲུངས་ནས་ཕྱུང་བའི་གསལ་བར་བྱེད་ཀྱི་ཆེད་དུ། སྐྱེས་བུ་དམ་པ་གནས་ལྔ་འོང་། སྐྱེས་བུ་དམ་པ་གནས་ལྔ་མཁྱེན་པ་རྟ་ལྗང་གི་དབང་པོ་ལྟ་བུ་ཞིག་སྤྱན་དྲངས་བར་དགོངས་སོ། བོད་ཀྱི་དཔེར་ན།
  • ནོར་བྲང་ཨོ་རྒྱན།
    དཔེར་ན་མུན་པ་དེ་གས་དེ་སེལ་ཡས་ཆེད་དུ་དེ་ནི་གནས་ལྔ་རིག་པའི་གནས་ལྔ་དེ་ནི་རིག་པ་གནས་ལྔ་མཁྱེན་པ་རེད་པ། དེ་ནི་གནས་ལྔ་མཁྱེན་པ་རྟ་ལྗང་དབང་པོ་ཟེར་ཡས་དེ། ཉི་མ་རེད་པ། ད་ཉི་མ་ལྟ་བུ་ཞིག་ད་རིག་པའི་གནས་ལྔ་མཁྱེན་པའི་དེ་ནི་ཉི་མ་ལྟ་བུ་ཞིག་དེ་ནི་བོད་ལ་སྤྱན་དྲངས་བ་ལ་དགོངས་པ། སྤྱན་དྲངས་པར་དགོངས་པ་བཞུགས་སོ་ཟེར།
  • ནོར་བྲང་ཨོ་རྒྱན།
    འོན་ཀྱང་གནད་དོན་འདིའི་སྐོར་ལས་ཆེན་ཀུན་རྒྱལ་བས། ཡང་ག་རེ་བྱས་པ་རེད་ཟེར་ན།
  • ནོར་བྲང་ཨོ་རྒྱན།
    ཨ་ཙརྱ་དམར་པོ་ཞེ་བྱ་བའི་གསང་སྔགས་ཏིག་ལེའི་སྐོར་བསྒྱུར་ནས་རབ་ཏུ་བྱུང་བ་དུ་མ་ཁྱིམ་དུ་ཕབ་པའི་ཆོས་ལོག་མཁན་པོ་ཡིན་ཞེས་སྨྲ་བ་ནི། པཎྜི་ཏ་རང་གི་རྟོགས་པའི་ཡོན་ཏན་གྱི་དོད་མ་མཉམ་པའི་རབ་ཏུ་བྱུང་བ་འགའ་ཞིག་སྔགས་ཀྱི་དེ་ཁོ་ཉིད་མ་རྟོགས་པར་འཆལ་བའི་སྐྱོན་བྱུང་བར་བདེན་ནའང། འོང་ད་དེ་འདྲས་ཀྱི་དཔེར་ན་པཎྜི་ཏ་རང་ཉིད་ཀྱི་དཔེར་ན། 
  • ནོར་བྲང་ཨོ་རྒྱན།
    རྟོགས་པ་དང་ཡོན་ཏན་གྱིས་དོད་མ་མཉམ་པའི་རབ་ཏུ་བྱུང་བ་འགའ་ཞིག་གི་དེ་ནི་སྔགས་ཀྱི་ཐེག་པ་དེ་ཁོ་ཉིད་མ་རྟོགས་པའི་རྐྱེན་གྱི་དེ་ནི་འཆལ་བའི་སྐྱོན་བྱུང་བ་ཨོའོ་དེ་འདྲས་བདེན་ན་ཡང་། པཎྜི་ཏ་གསང་བ་ཤེས་རབ་ལྟ་བུའི་གྲུབ་པའི་དབང་ཕྱུག་ལ་དེ་ནི་རྦད་དེ་ཆོས་ལོག་མཁན་པོ་ཟེར་ཡས་དེ་འདྲས། བཤད་པ་དེ་ནི་རྩ་བ་ནས་མ་འགྲིག་པ་རེད། ཟེར།
  • ནོར་བྲང་ཨོ་རྒྱན།
    ཡིན་ཞེས་ངན་སྨྲས་བྱེད་པ་ནི། རང་ཉིད་དེ་ནི་ངན་སོང་། ད་དེ་འདྲས་དཔེར་ན་དམ་པ་ལ་སྐྱེ་བོ་དམ་པ་དཔེར་ན་སྨྲོས་པ་བཏབ་ཡས་དེ་ཡིན་ན་དེ་ནི་རང་ཉིད་དེ་ནི་ངན་སོང་མུ་མཐའ་མེད་པའི་བསྒྲུབ་པའི་རྒྱུ་ཡིན་ཞེས་པས་ཤེས་ལྡན་རྣམས་བག་ཡོད་པར་བྱོས་ཤིག དེ་འདྲས་ཡིན་དུས་ཙམ་པ་ད་དེ་ཚོའི་ཐོག་ལ་ཡིན་ན་ཚང་མས་ཡིན་ན་གཟབ་གཟབ་བྱེད་དགོས་རེད་མ་གཏོགས་དེ་འདྲས་གང་བྱུང་མ་བྱུང་བྱས་པ་ཡིན་ན།
  • ནོར་བྲང་ཨོ་རྒྱན།
    སོ་སོ་ལ་ཕན་ཐོག་མེད་པ་དེ་ནི་སོ་སོ་ལ་ཡིན་ན་གནོད་པ་ཆེན་པོ་སྐྱེས་ཀྱི་རེད་བྱས་ནས། དེ་འདྲས་ཐོག་ལ་ཚང་མས་གཟབ་གཟབ་བྱེད་དགོས་རེད་བྱས་ནས། ལྔ་པ་ཆེན་པོས་ཚང་མ་ལ་ཕར་ལྕགས་སྐུལ་གཅིག་གནང་བྱས་དེ་འདྲས་རེད།
  • ནོར་བྲང་ཨོ་རྒྱན།
    ད་དེའི་བསྡོམ་དེ་ལ་སྨྲས་པ། ཡིད་བསྲུབས་བྱེད་པོའི་དཔུང་གིས་སྔོ་བསངས་མའི༎ བདེ་སྲིད་རྣམ་པར་བཞད་པའི་འདབས་སྟོང་ཚལ༎ ཟུམ་ཚེ་སླར་ཡང་སྐལ་བཟང་རྟ་བདུན་གྱིས༎ ཐུབ་བསྟན་ཉིན་བྱེད་གསར་དུ་དྲངས་སོ་ཀྱེ༎ ཅེས་ཟེར།
  • ནོར་བྲང་ཨོ་རྒྱན།
    ཞེས་གསུང་པ་དེ་ད་ལྟ་དེའི་དུམ་བུ་དེ་གས་དེ་གླང་དར་མ་ལ་སོགས་པ་དེ་གས་དེ། དེའི་ཚོའི་གནས་ཚུལ་ལ་གསུངས་པ་དེ་འདྲས་གཅིག་རེད། བྱས་ནས་རེད་པ།
  • ནོར་བྲང་ཨོ་རྒྱན།
    བྱས་ནས་སྐྱེས་བུའི་ཡིད་བསྲུབས་པར་བྱེད་པ་པོ་ཟེར་ཡས་དེ་སྐྱེས་བུའི་ཡོད་བསྲུབས་པར་བྱེད་པོ་ཟེར་ཨེ་མཁན་དེ་ཨེ་སྐྱེས་བུའི་ཡིད་ལ་དེ་ནི་རྦད་དེ། འདོད་ཆགས་ཞེ་སྡང་གཏི་མུག་ལ་སོགས་པ་དེ་ལྟར་ཀྱི་བསྲུབས་པར་བྱེད་པ་པོ། དེ་ནས་གླང་དར་མ་དང་། བློན་པོ་སྦས་སྟག་སྣ་དེ་ནི་བློན་པོ་སྦས་སྟག་སྣ་ལ་སོགས་པ་དེ་འདྲས་ཀྱི་དཔུང་སྔོ་བསངས་མ་ནམ་མཁའི་ཁྱོན་དང་མཉམ་པ་ཟེར་ན།
  • ནོར་བྲང་ཨོ་རྒྱན།
    སྔོ་བསངས་མ་ཟེར་ཡས་དེ་ནམ་མཁའ་རེད་པཱ། ནམ་མཁའི་ཁྱོན་དང་མཉམ་པའི་དེ་ནི་གངས་རིའི་ལྗོངས་ཀྱི་དེ་ནི་ཁམས་འདིར་བདེ་སྐྱིད་བྱུང་བའི་ཉེར་ལེན་སྲིད་དང་འབྱོར་པ་རྣམ་པར་བཞད་པའི་རྩ་ལག་བསྟན་པའི་དེ་ནི་གངས་ཅན་གྱི་་ལྗོངས་འདིར་དེ་ནི་བདེ་ཞིང་སྐྱིད་པ་འབྱུང་བ་རྩ་བའི་ཉེར་ལེན་དེ་གང་ཡིན་ཟེར་ན།
  • ནོར་བྲང་ཨོ་རྒྱན།
    དེ་སྲིད་འབྱོར་འཕེལ་ཡས་ཀྱི་ཉེར་ལེན་དེ་གང་ཡིན་ཟེར་ན། བསྟན་པའི་དེ་ནི་བསྟན་པ་སངས་རྒྱས་ཀྱི་བསྟན་པ་དེ་རེད་ཟེར། དེ་འདྲས་ཡིན་དུས་ཙམ་པ་དེ་ནི་བསྟན་པའི་འདབ་སྟོང་གི་ཚལ་རབ་ཏུ་རྒྱས་པ་དེ་གས་དེ། འདབ་སྟོང་གི་ཚལ་རབ་ཏུ་རྒྱས་པ་དེ་དག་རེ་ཞིག་ཟུམ་པར་བྱེད་པ་དེ་འདྲས་ཡིན་ན་ཟེར།
  • ནོར་བྲང་ཨོ་རྒྱན།
    འདབ་སྟོང་ཟུམ་ཚེ་ཟུམ་པར་བྱེད་པ། ཟུམ་པར་བྱེད་པ་དེ་དེ་དག་རེ་ཞིག་ཟུམ་པར་གྱུར་པ་དེའི་ཚེ་སླར་ཡང་། འགྲོ་བའི་བསོད་ནམས་ཀྱི་བགོ་སྐལ་དུ་ཐོབ་པ་བླ་ཆེན་དགོངས་པ་རབ་གསལ་དང་། དེའི་དུས་སྐབས་ལ་ཆ་བཞག་ན་སླར་ཡང་དེ་ནི་ད་གང་ཟེར་དགོས་རེད་པས།
  • ནོར་བྲང་ཨོ་རྒྱན།
    ཨེ་འགྲོ་བའི་བསོད་ནམས་ཀྱི་བགོ་སྐལ་དུ་ཐོབ་པ་བླ་ཆེན་དགོངས་པ་རབ་གསལ་དང་། འོང་། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ལ་སོགས་པ་བསྟན་པ་ཕྱི་དར་ལ་བསུབ་ཏུ་མེད་པའི་མཛད་རྗེས་མངའ་བ་སྐལ་བ་བཟང་པོ་དང་ལྡན་པ། རྟ་ལྗང་བདུན་གྱིས་ཟེར། ད་དེ་འདྲས་ཀྱིས་བོད་ལ་ད་གང་ཟེར་དགོས་་རེད། སྔོན་མ་འདུལ་བའི་བསྟན་པ་མེད་དུས་མེད་པའི་དེ་ནི་མུན་པའི་བསྟན་པ་ལྟ་བུ་དེ་འདྲས་ལ་གྱུར་པ་ཡིན་ནའི་དེ་འདྲས་གཅིག་གི་དཱ། བླ་ཆེན་དགོངས་པ་རབ་གསལ་དང་ད་ག་ནང་ལྟར་ཇོ་བོརྗེ་དཔལ་ལྡན་ཨ་ཏི་ཤ་ལ་སོགས་པ་དེ་འདྲས་ཀྱི་ཐོག་ནས། བསྟན་པ་སྔ་དར། བསྟན་པ་ཕྱི་དར་ལ་རེད་པ།
  • ནོར་བྲང་ཨོ་རྒྱན།
    བསྟན་པ་ཕྱི་དར་ལ་བསུབ་ཏུ་མེད་པའི་རྒྱུ་ནས་བསུབ་ཏུ་མེད་པའི་དེ་ནི་མཛད་རྗེས་མངའ་བ་སྐྱེ་བུ་དམ་པ་དེ་ཚོས་རྦད་དེ་ཉི་མ་དེ་ཤར་ཡོང་དུས་ཙམ་པ། ག་རེ་བྱས་ཡིན་ཟེར་ན། ལེགས་པར་བཤད་པའི་འདུལ་བའི་བསྟན་པ་ཉིན་མོར་བྱེད་པ་གསར་བ་བྱུང་བའི་གངས་ཅན་ལྗོངས་ཀྱི། ལྷ་ལམ་ཡངས་པོར་དྲངས་སོ་ཀྱེ། ཟེར།
  • ནོར་བྲང་ཨོ་རྒྱན།
    ད་དེ་འདྲས་ཀྱི་དེ་ནི་འདུལ་བའི་བསྟན་པ་སླར་ཡང་གསར་དུ་ཨེ། སྔོན་མ་དེ་རྦད་དེ་སྔོན་མའི་བསྟན་པ་དེ་གས་དེ་བསྟན་པའི་པད་ཚལ་དེ་གས་དེ་རྦད་དེ་ཟུམ་ནས་བསྡད་པ་དེ་གས་དེ་བར་དུ་ལ་རྦད་དེ། ཨེ་སྨག་རུམ་མུན་པའི་ཨེ་ཟུམ་པ་དེ་གས་དེ་སླར་ཡང་དེ་ནི་དེ་བྱས་སོང་། ཨེ། གངས་ཅན་ལྗོངས་ལ་རྦད་དེ་ཉི་མ་ཤར་བ་དང་ལྷ་བླ་མ་གང་ཟེར། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་དང་དེ་ནི་འོང་། བླ་ཆེན་དགོངས་པ་རབ་གསལ་ཟེར་ཡས་ལ་སོགས་པ་དེ་ཚོས་དཔེར་ན་འདུལ་བའི་བསྟན་པ་སླར་ཡང་གསར་དུ་བྱེད་པའི་དེ་ནི་བོད་ཀྱི་རྦད་དེ་འདུལ་བའི་བསྟན་པ་དེ་སླར་ཡང་། དེ་ནི་གངས་ཅན་ལྗོངས་ལ་དེ་ནི་ཨེ་གསར་དུ་སྐྱེས་པ་དེ་འདྲས་གཅིག་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    དེ་འདྲས་ཡིན་དུས་ཙམ་པ། བློ་དང་ལྡན་པ་རྣམས་ཀྱིས་དེའི་གནས་ཁོང་དུ་ཆུད་པར་བྱས་ཏེ། དྲིན་གཟོ་བའི་ཐབས་ལ་འབུངས་ཤིག་ཟེར། ད་དེ་འདྲས་ཡིན་དུས་ཙམ་པ་ད་དེ་ཚོའི་མི་སྐྱེ་བོ་དམ་པ་དེ་ཚོ་ལ་བལྟས་ན་ད་ང་རང་ཚོ་དཔེར་ན་ང་རང་ཚོས་དྲིན་གཟོ་བྱེད་དགོས་ཡས་ཐོག་ལ་ཡིན་ན་འབུངས་དགོས་ཀྱི་རེད་བྱས་ནས་སྐུལ་མ་གནང་བ་དེ་འདྲས་གཅིག་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    ནུས་པའི་སྟོབས་ལྡན་དཔའ་དང་རྟུལ་ཕོད་པའི༎   དཔལ་ལྡན་ཕྱོགས་ལས་རྒྱལ་བའི་རྡོ་རྗེའི་སྡེས༎      རྣོན་པོའི་ཉག་ཕྲན་རྒྱུད་ལས་འཕོས་པའི་ཚེ༎    སྡིག་ཅན་བཙད་པོའི་སྙིང་ལ་ཟུག་རྔུ་བྱིན༎ ཟེར།
  • ནོར་བྲང་ཨོ་རྒྱན།
    ཞེས་གསུངས་པ་ནི་མཐུ་དང་ལྡན་པས་སྟོབས་དང་ལྡན་ལ་ཟེར། ཨེ། ཞེས་གསུངས་པ་ནི་མཐུ་དང་ལྡན་པ་སྟོབས་དང་ལྡན་ལ་ཆུ་སྲིན་རྒྱལ་མཚན་གྱིས་སྡེར་བཅས་བཅོམ་ལ་དཔའ་བ་དང་།ཟེར།
  • ནོར་བྲང་ཨོ་རྒྱན།
    ཨེ། ཞུམ་པ་མེད་པ་བརྟུལ་ཕོད་པ་དཔལ་དང་ལྡན་པ་ཕྱོགས་ཀུན་ནས་རྣམ་པར་རྒྱལ་བ་ལྷ་ལུང་དཔལ་གྱི་རྡོ་རྗེ། ད་དེ་འདྲས་ཀྱིས་རང་ཉིད་ལས་དཔེར་ན་ད་མཐུ་དང་ནུས་པའི་སྟོབས་དང་ལྡན་པ་རེད་པ། དཔལ་དང་རྟུལ་ཕོད་པ་དཔལ་ལྡན། དཔལ་དང་ལྡན་པ་ཕྱོགས་ཀུན་ལས་རྣམ་པར་རྒྱལ་བ་རྡོ་རྗེའི་སྡེས་ཟེར།
  • ནོར་བྲང་ཨོ་རྒྱན།
    དེ་ནི་དཔལ་འོང་། དཔལ་འོང་རྣམ་པར་རྒྱལ་བ་ལྷ་ལུང་དཔལ་གྱི་རྡོ་རྗེས་ཡིན་ན་གང་འདྲས་རེད་ཟེར། རྡོ་རྗེས་དེ་ནི་རྣོན་པོའི་ཉག་ཕྲན་དེ་ནི་རྣོན་པའི་ཉག་ཕྲན་ཟེར་ན། ཉག་ཕྲན་ཟེར་ཡས་དེ་ནི་་མདའ་རེད་པ་དེ་ནི་ད་དེ་འདྲས་ཀྱི་ཐོག་ནས་དེ་ནི་གནམ་རུའི་རྒྱུད་ལས་འཕོས་པའི་ཚེ་ན། གནམ་རུ་ཟེར་ཡས་དེ་ནི་གཞུ་རེད་པ། གཞུ་ལས་འཕོས་པའི་དེ་ནི་བྱས་ནས་གཞུ་ལས་འཕོས་པའི་དེ་ནི་དེ་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    ཚེ་ན་དེ་ནི་བསྟན་པ་བསྣུབ་པའི་སྡིག་ཅན་དེ་ནི་བཙད་པོ་གླང་དར་མའི་སྙིང་ལ་དེ་ནི་ཟུག་རྔུ་མི་བཟད་པ་མི་བྱིན་པ་ཅི་ཞིག་དེ་ནི་དེ་འདྲས་ཀྱི་དཔེར་ན། ལྷ་ལུང་དཔལ་རྡོར་གྱི་དེ་ནི་ཨེ་གླང་དར་མ་ལ་རྦད་དེ་མདའ་འཕངས་དུས་ཙམ་པ་དེ་ནི་ཁོའི་སྙིང་ལ་ཟུག་རྔུ་མི་བཟད་པ་བྱིན་ནས་མཐའ་མ་བ་ཁོ་རང་ཉིད་ཤི་དགོས་ཡས་གནས་ཚུལ་དེ་འདྲས་བྱུང་ཡོའོ་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    བྱས་ཙང་དེ། ཨེ་་་། ལྷ་ལུང་དཔལ་རྡོར་གྱི་ཡིན་ན་ལྷ་ལུང་དཔལ་གྱི་རྡོ་རྗེས་གླང་དར་མ་བསྒྲལ་བའི་གནས་ལུགས་ཀྱི་བྱ་བ་མཐའ་གསལ་གྱི་རྒྱན་དང་སྦྱར་བའོ་དེ་འདྲས་ཡིན་ན་གཅིག་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    ཟུག་རྔུ་བྱིན་བྱས་ནས་མཐའ་མ་སྡིག་ཅན་བཙད་པོའི་སྙིང་ལ་ཟུག་རྔུ་བྱིན་བྱས་ནས་བྱ་བ་མཐའ་གསལ་གྱི་ཐོག་ནས་ཨེ་གསུང་བ་དེ་འདྲས་གཅིག་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    ཨེ་མ་མཁས་བཙུན་བཟང་པོའི་སྙན་གྲགས་ཀྱི༎   ཡོན་པོར་བལྟ་བའི་མིག་གི་ལྕགས་ཀྱུ་ཡིས༎       བྱང་ཆུབ་འོད་སྟོངས་གསལ་མཛད་སྒྲ་འཛིན་གྱི༎    ཞགས་པའི་ཕོན་པོ་ཡང་ཡང་འགུགས་སམ་སྙམ༎ ཟེར།
  • ནོར་བྲང་ཨོ་རྒྱན།
    ཞེས་གསུངས་པ་ནི་ཨེ་མ་ཧོ་ཟེར། ད་ཡང་ངོ་མཚར་ཆེ་སོང་ཟེར་གྱི་ཡོའོ་རེད་པ། འོང་ད་མཁས་བཙུན་བཟང་གསུམ། མཁས་པ་དང་བཙུན་པ་དང་བཟང་བ་དང་དེ་འདྲས་ཀྱི་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་གྱིས་དེ་ནི་ཡོངས་སུ་རྫོགས་པ་དཱི་པ་ཀ་ར་ཤྲཱི་ཛྙ་ནའི་དེ་ནི་དཔལ་མར་མེ་མཛད་པ་རེད་པ།
  • ནོར་བྲང་ཨོ་རྒྱན།
    ཤྲཱི་ཛྙ་ནའི་སྙན་གྲགས་སྲིད་པའི་ཁྱོན་ཏུ་མངོན་པར་གསལ་བ་ཡོན་པོར་བལྟ་བའི་མཛེས་མའི་མིག་ཟེར། ད་དེ་འདྲས་ཀྱི་དཔལ་ཤྲཱི་ཛྙ་ན་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་སྙན་གྲགས་དེ་རྦད་དེ་སྙན་གྲགས་དེ་དེ་ལ་ཆ་བཞག ཡོན་པོར་བྱ་བའི་མཛེས་མིའི་མིག་གི་ལྕགས་ཀྱུས་ཟེར།
  • ནོར་བྲང་ཨོ་རྒྱན།
    སྙན་གྲགས་དེ་ནི་དེ་རེད་ཞག་ཟེར་མཛེས་མའི་མིག ཨེ་མཛེས་མའི་མིག་དེ་ནི་མིག་གི་ལྕགས་ཀྱུ་ལ་ཆ་བཞག ལྕགས་ཀྱུས་འགྲོ་བ་རྣམས་ལ་བུ་གཅིག་ལྟར་བརྩེ་བའི་བྱང་ཚུབ་སེམས་ཀྱི་འོད་སྟོང་ཕྱོགས་ཀུན་ཏུ་གསལ་བ་མཛད་པ་སྐྱེས་བུ་དམ་པའི་གནས་ལུགས་ཇི་ལྟ་བ་ལྷ་བླ་མ་བྱང་ཆུབ་འོད་ཀྱི་སྒྲ་འཛིན་གྱི་དེ་ནི་ད་དེ་འདྲས་ཀྱི་ཁོང་གིས་རྦད་དེ་ལྷ་བླ་མའི་རྦད་དེ་འོང་། འོང་་་། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་དེ་ནི་རྦད་དེ། སྙན་གྲགས་དེ་གས་དེ་དཔེར་ན་རྦད་དེ་མཛེས་མའི་མིག་གི་ལྕགས་ཀྱུ་ལ་ཆ་བཞག་པ་དེ། གང་ལ་ཟེར་ན་དེ་ནི་འགྲོ་བ་ཀུན་ལ་བུ་བཞིན་བརྩེ་བའི་བྱང་ཆུབ་ཀྱི་སེམས་ཀྱི་འོད་སྟོང་ཕྱོགས་བཞིར། ཕྱོགས་ཀུན་ཏུ་གསལ་བར་མཛད་པ་སྐྱེས་བུ་དམ་པའི་གནས་ལུགས་ཇི་ལྟ་བ། ལྷ་བླ་མ་བྱང་ཆུབ་འོད་ཀྱི་དེ་ནི།
  • ནོར་བྲང་ཨོ་རྒྱན།
    དེ་ནི་སྒྲ་འཛིན་གྱི་ཞགས་པའི་ཕོན་པོ་སྒྲ་འཛིན་གྱི་སྙན་ལ་དཔེར་ན་ན་ད་ལྕགས་ཀྱུ་དེ་ཡང་ཡང་ཟུགས་པ་ནང་ལྟར་བྱས་ནས་ཡང་ཡང་འགུགས་སམ་སྙམ་དེ་ནི་ལྕགས་ཀྱུ་དེ་ཡིན་ན། དེ་ནི་ལྷ་བླ་མ་བྱང་ཆུབ་འོད་ཀྱིས་དེ་ནི་སྙན་ཅོག་དེ་ཡང་ཡང་བཀུགས་པ་ནང་ལྟར་དེ་འདྲས་ཡིན་ན་བྱུང་སོང་ཟེར།
  • ནོར་བྲང་ཨོ་རྒྱན།
    བྱས་ནས་འདི་རབ་རྟོག་གི་རྒྱན་གི་ཐོག་ནས་དེ་ནི་བྱང་ཆུབ་འོད་ཀྱི་མཛད་པ་ལ་བསྟོད་པ་གནང་བ་དེ་འདྲས་གཅིག་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    བྱས་ནས་ད་དེའི་དུམ་བུ་དེ་དེ་འདྲས་གཅིག་ཞུ་ཡས་ཚར་སོང་ལགས།