02 Apr 2019
2 min 12 sec
Video Overview
Creators:
Tibetan and Himalayan Library
A series of folk songs from the Zangkar area.
ཟངས་དཀར་ཡུལ་གྱི་འབྲོག་པའི་དམངས་གླུ་རྫ་རི་སྐྱིད་པོ་དང་རི་གསུམ། བན་ཆུང་ལྡེམ་པ། གཟུགས་ཐུང་ལ་བླངས་པའི་དྲི་བ་དང་དྲིས་ལན་བཅས་གླུ་ལྔ།
བརྙན་འདིར་དམངས་གླུ་ལྔ་ཡོད་ལ་སོ་སོའི་ཁ་བྱང་ནི། 1《རྫ་རི་སྐྱིད་པོ།》2《རི་གསུམ།》3《བན་ཆུང་ལྡེམ་པ།》4《གཟུགས་ཐུང་ལ་བླངས་པའི་གླུ།》5《གཟུགས་ཐུང་གིས་བླངས་པའི་གླུ་ལན།》
安多邛溪壤噶地区的传统藏族民歌:秀山之歌, 三山之歌, 见习修士之歌, 矮子的问回之歌等五首歌。
视频中的有《秀山之歌》《三山之歌》《见习修士之歌》《献给矮子的歌》《矮子唱的歌》等五首歌.
- རྫ་མགོ་རི་མགོ་བདེ་ལེ་བོ།
- སྐྱིད་ཀྱི་ཉི་མ་ཤར་ས་རེད།
- རྫ་སྐེད་རི་སྐེད་བདེ་ལེ་བོ།
- སྐྱིད་ཀྱི་བེའུ་ཆུང་འཚོ་ས་རེད།
- རྫ་ཞོལ་རི་ཞོལ་བདེ་ལེ་བོ།
- སྐྱིད་ཀྱི་རྟ་ཕོར་རྒྱུགས་ས་རེད།
- ཕ་རོལ་རི་འདི་གསེར་གྱི་རི།
- ཚུ་རོལ་རི་འདི་གསེར་གྱི་རི།
- གསེར་རི་གཉིས་ཀའི་ཁ་བར་ན།
- གསེར་མཚོ་ཞིག་གིས་གྱ་མ་གྱུ།
- གསེར་སྡོང་སྐུ་ལོའི་འཚམས་པོར་བྱོས།
- ཕ་རོལ་རི་འདི་དངུལ་གྱི་རི།
- ཚུ་རོལ་རི་འདི་དངུལ་གྱི་རི།
- དངུལ་རི་གཉིས་ཀའི་ཁ་བར་ན།
- དངུལ་མཚོ་ཞིག་གིས་གྱ་མ་གྱུ།
- དངུལ་སྡོང་སྐུ་ལོའི་འཚམས་པོར་བྱོས།
- ཕ་རོལ་རི་འདི་དུང་གི་རི།
- ཚུ་རོལ་རི་འདི་དུང་གི་རི།
- དུང་རི་གཉིས་ཀའི་ཁ་བར་ན།
- དུང་མཚོ་ཞིག་གིས་གྱ་མ་གྱུ།
- དུང་སྡོང་སྐུ་ལོའི་འཚམས་པོར་བྱོས།
- སྟོད་དབུས་གཙང་བན་ཆུང་ལྡེམ་པ།
- ཕྲུག་ཐེར་མའི་ལྡེམ་རོགས་བྱེད་པ།
- འདོ་རིག་རྟ་པོ་ལྡེམ་པ།
- འགྲོས་གོམ་པའི་ལྡེམ་རོགས་བྱེད་པ།
- ཕ་ཕྱུག་བུ་མོ་ལྡེམ་པ།
- གཡུ་བྱུ་རུའི་ལྡེམ་རོགས་བྱེད་པ།
- ཁ་ཁེ་ཕུང་བོ་ཐུང་སེ་བོ།
- ཕྱི་རྟིང་ཁྱོགས་ལ་གླུ་ཞིག་ལོངས།
- ཤ་རུས་སྤུ་མདོག་ངན་སེ་བོ།
- ངོ་ཐེངས་གསུམ་བཀྲུས་ཏེ་གླུ་ཞིག་ལོངས།
- སློག་ཧྲུལ་ཁྲ་བོ་ཐེད་སེ་བོ།
- དེ་ཚོ་ཚེམས་ལ་གླུ་ཞིག་ལོངས།
- ང་ཁ་ཁེ་ཕུང་བོ་ཐུང་རྒྱུ་དེ།
- ང་ཙན་ཏན་སྡོང་བོའི་བཅད་འཕྲོ་རེད།
- ངའི་ཤ་རུས་ངོ་མདོག་ངན་རྒྱུ་དེ།
- ང་རྗེ་བཙན་སྒྲོལ་མའི་སྤྲུལ་བ་རེད།
- ངའི་སློག་ཧྲུལ་ཁྲ་བོ་ཐེད་སེ་བོ།
- དེ་ཡང་ཅི་ཞིག་ཟེར་མོད་བརྗེད་སོང་བས་མི་ཤེས།