02 Apr 2019
4 min 39 sec
Video Overview
Creators:
Tibetan and Himalayan Library
A tale of outwitting evil.
རྒན་མོ་མ་བུ་གསུམ་གྱི་གནའ་གཏམ།
གནའ་གཏམ་འདིར་ཨ་མ་བདུད་མོ་ཞིག་གིས་རང་གི་བུ་དག་རེ་རེ་བཞིན་བདུད་དག་ལ་ཤ་ཁྲལ་མཇལ་བར་བྱས་ཏེ་བསད་པར། མནའ་མ་ལྷ་མོ་ཞིག་ཡོད་པས་བུ་ཆུང་བར་བདུད་འདུལ་ཚུལ་བསླབ་ཏེ་མ་འདུལ་བ་བརྗོད་ཡོད།
这段视频介绍 《三母子》的民间故事。
故事主要内容是 一个鬼母亲为了还恶魔的肉债, 她一个接一个得杀死了自己的儿子。然而一个仙女版的新娘教了最小的儿子如何仙妖除魔。
- རྒན་མོ་མ་བུ་གསུམ་ཡོད།
- བུ་ཆེ་བ་དེའི་འཁོར་བ་བཅས་ཏེ་མནའ་མ་བླངས།
- ལོ་གཅིག་གཉིས་ཀྱི་རྗེས་ནས་བུ་ཆེ་བ་ཤི་བར་
- མནའ་མ་བུ་འབྲིང་བ་དང་མཉམ་དུ་བསྡད།
- དེ་ནས་ཡང་ལོ་གཅིག་གཉིས་ཀྱི་རྗེས་སུ་བུ་འབྲིང་བ་དེ་ཤི་བས་
- མི་ཚང་མས་དེ་ཚང་གི་མནའ་མ་འདྲེ་མོ་རེད་ཅེས་བཤད།
- མནའ་མ་བུ་ཆུང་བ་དང་མཉམ་དུ་བསྡད།
- ཉིན་ཞིག་ལ་མགོ་ནས་ཤིག་འཐུས་བཞིན་པའི་སྐབས་ལ་
- མནའ་མའི་མིག་ཆུ་བུ་ཆུང་གི་འགྲམ་པའི་སྟེང་དུ་ལྷུང་བར་
- བུ་ཆུང་གིས་མནའ་མར་ཅི་ཡིན་དྲིས།
- མནའ་མས་ཁོ་ལ་ད་ཁྱོད་ལ་ཚེ་མང་པོ་མི་འདུག
- ཚང་མའི་ང་འདྲེ་མོ་རེད་ཟེར་བཞིན་ཡོད་མོད།
- འདྲེ་མོ་ངོ་མ་དེ་ཁྱོད་ཀྱི་ཨ་མ་ཡིན་པས་
- ད་ཁྱོད་ལ་ཚེ་མང་པོ་མེད་ལ་གསད་ལ་ཡོད་ཟེར།
- ཁོས་ད་ཅི་བྱས་ན་བཟང་དྲིས་པར་མོས་
- དེའི་འཕྲོར་ཁྱོད་ཟོག་རྫིར་སོང་དང་ང་ཐོན་ཡོང་།
- ལུང་ཤུར་དེའི་མགོ་ན་ལྕང་སྡོང་ཆེན་པོ་ཞིག་ཡོད་པར་
- ལྕང་སྡོང་མགོར་འགོས་ཏེ་
- མོའི་སྐེད་རགས་བཤུག་སྟེ་རྗེ་བཙན་འཕགས་མ་སྒྲོལ་མ་ཞེས་
- གསོལ་བ་བཏབས་ནས་མདུད་པ་གསུམ་བརྒྱབ།
- དེའི་འཕྲོར་ཞི་ལུའི་སྐེད་རགས་བཤུག་ནས་
- བླ་མ་དང་དགོན་ཁག་ཚང་མར་གསོལ་བ་བཏབས་ནས་
- མདུད་པ་དགུ་བརྒྱབ་ཏེ་ཁྱོད་དེ་ནས་སྐྲག་རུང་སྙིང་མ་ཤོར་
- སྐྲག་འཇིགས་ཡོང་དུས་རྗེ་བཙན་འཕགས་མ་སྒྲོལ་མར་
- གསོལ་བ་ཐོབས་དང་ཐོ་རེ་ནམ་དཀར་དུས་མོ་བསུ་བར་ཡོང་ཟེར།
- དེར་བསྡད་པར་ལྕང་སྡོང་རྩར་འདྲེ་མོ་མང་པོ་འཚོགས་ཡོང་དུས་
- ཁོའི་ཨ་མ་འདྲེ་མོ་ཡིན་པས་ཁོའི་ཕུ་བོ་གཉིས་ཀྱི་ལྤགས་ལྟེབ་ཏེ་
- བཏང་ནས་དེ་རིང་ཤ་ཁྲལ་སྤྲད་མཁན་སུ་ཡིན་ཞེས་པར།
- གཅིག་གིས་སྐད་དམའ་མོའི་རྒྱལ་མོ་ལགས་ཁྱེད་རང་རེད་ཞེས་པར།
- བུ་ཆུང་གི་མིང་ནས་བོས་ཏེ་དེའི་ཁ་རྗེ་དབང་ཐང་ཆད་པར་བྱོས་ཞེས་
- ཁོལ་མོས་ས་ལ་བརྒྱབ་པར་སྐེད་རགས་ཀྱི་མདུད་པ་གཅིག་གྲོལ།
- ཡང་མགོ་བསྒུར་ཏེ་དམིགས་པ་བཟུང་ནས་ཁོལ་མོས་ས་ལ་
- བརྒྱབ་པར་ཡང་མདུད་པ་གཅིག་གྲོལ།
- དེ་ལྟར་བར་སྐབས་ཤིག་ནས་མདུད་པ་དགུ་བོ་གྲོལ་བར་
- ཁོས་རང་ཉིད་ལྕང་སྡོང་མགོ་ནས་ལྷུང་འགྲོ་བར་དོགས་ནས་
- རྗེ་བཙན་འཕགས་མ་སྒྲོལ་མར་གསོལ་བ་འདེབས་ཞེས་རྩེ་གཅིག་ཏུ་
- གསོལ་བ་བཏབས་ནས་པར་མདུད་པ་གསུམ་པོ་གྲོལ་མ་ཐུབ།
- མོས་ངེད་ཚང་གི་མནའ་མའི་ཆོ་འཕྲུལ་ཡིན་པ་ལས་
- ངས་སྟོད་རྒྱ་གར་ཡན་ཆད།
- སྨད་རྒྱ་ནག་ཚུན་ཆད་ལ་བཙལ་མོད་མ་རྙེད།
- ངའི་འཕྲོར་ཤ་ཁྲལ་སྤྲོད་མཁན་སུ་ཡིན་དེའི་སྤྲོད་དང་ཐོ་རེ་ངའི་སྤྲོད་ཟེར།
- དེར་ཁོའི་ངོ་ཤེས་པའི་བུ་མོ་ཞིག་གིས་ང་རང་གི་བུ་ཡིན་ཟེར་ཏེ་
- བཞིན་ནས་ཁོ་ཚོས་ཟོས་ནས་གྲོལ།
- ཕྱི་ཉིན་བུ་མོ་ལེན་དུ་ཐོན་ནས་ཨེ་རིག་དྲིས་པར་ཁོས་རིག་སོང་ཟེར།
- བུ་མོས་དེ་རིང་ཁྱོད་ལུག་ར་ནང་དུ་སོང་ནས་ལག་སྟར་
- བརྡར་ཡག་བྱོས་དང་མཛོ་མོ་སྔོན་པོ་དེའི་གསེང་དུ་
- འཛུལ་ཡོད་པས་རྟོལ་ཕྲུག་ལེན་དུ་ཤོག་ཟེར་དུས་
- མཛོ་མོ་བརྒྱུགས་ཡོང་བར་སྙིང་མ་ཤོར་བར་
- རྭ་བར་ལ་ཚད་པ་ཙམ་བྱོས་ཟེར།
- དེའི་ནུབ་མོ་ཤ་ཁྲལ་སྤྲོད་མཁན་གྱི་
- བུ་མོ་དེའི་བུ་ཉིན་གོང་ཙམ་ལ་གློ་བུར་དུ་ཤི།
- བུས་མ་རྒན་ལ་ཤེས་སུ་མ་བཅུག་པར་ལུག་ར་ནང་དུ་སོང་ནས་
- སྟ་རེ་བརྡར་བར་རྟོལ་ཕྲུག་ལེན་དུ་ཤོག་ཞེས་པར་མ་རྒན་ཉིན་དེར་
- ཧ་ཅང་ཁྲོ་བའི་ངང་ནས་ཁོ་ལ་ཁྱོས་རྟོལ་ཕྲུག་མི་ལོན་ནམ་ཞེས་འཛང་།
- ཁོ་རྟོལ་ཕྲུག་ལེན་པར་སོང་བ་ན་མཛོ་མོ་སྔོན་པོས་ནམ་མཁའི་
- བྱ་ལ་སོགས་བདའ་ནས་འགྲོ་བཞིན་ཡོད་པས་ཁོ་བདའ་ནས་ཡོང་དུས་
- ཁོ་སྐྲག་དྲག་པས་རྭ་བར་ལ་སྟ་རེས་བརྒྱབ།
- དེར་ཁོས་མཛོ་མོ་བསད་སོང་ཕང་བ་ལ་
- ཟེར་བར་མནའ་མས་མཛོ་མོ་ཅི་ཡང་མིན་
- མར་སོང་དང་ཁྱོད་ཀྱི་ཨ་མ་ཤི་ཡོད་ཟེར་བར།
- མར་སོང་བ་ན་མ་རྒན་ཐལ་ནང་དུ་མགོ་ནས་ཁྲག་ཐོན་ཏེ་ཤི་འདུག
- འདྲེ་དེ་ལྟར་འདུལ་ལ་འདྲེ་ངོ་མ་དེ་མ་ཡིན།
- མནའ་མ་ལྷ་མོ་ཞིག་ཡིན་ནོ།།