Video Overview
A series of folk songs about specific places and animals.
- སྟོད་ལྷ་སའི་གསེར་ལུང་གོང་མ་ན།
- སེར་གྱི་ལེ་ཉི་རྩེ་ཤར་འདྲ་བོ།
- ཆགས་མ་བཞག་ཡིད་ལ་མ་ཡོང་མོད།
- ཆགས་བཞག་ན་ཇོ་བོའི་གསེར་མགོ་རེད།
- སྟོད་ལྷ་སའི་གསེར་ལུང་བར་མ་ན།
- དམར་ཤུག་སེ་ཨ་ལ་གཏོར་འདྲ་བོ།
- ཆགས་མ་བཞག་ཡིད་ལ་མ་ཡོང་མོད།
- ཆགས་བཞག་ན་སེ་འབྲས་དགེ་གསུམ་རེད།
- སྟོད་ལྷ་སའི་གསེར་ལུང་ཞོལ་མ་ན།
- ཁམ་རག་ཤའི་ཕྲེང་བ་གཏོར་འདྲ་བོ།
- ཆགས་མ་བཞག་ཡིད་ལ་མ་ཡོང་མོད།
- ཆགས་བཞག་ན་ཨ་མདོའི་མཇལ་བ་རེད།
- ཤིང་སྤེན་མའི་ཨ་མཚོ་གོང་མ་ན།
- ཟོག་གཡང་ལ་འཚོ་སའི་རྟེན་ཞིག་ཡོད།
- ཟོག་སྔོན་མ་འབྲོང་དང་འདྲེས་སོང་ཐལ།
- ཟོག་བར་མས་རྩྭ་མགོ་ཟོས་སོང་ཐལ།
- ཟོག་རྗེས་མ་ད་དུང་ལྷས་ན་ཡོད།
- རྒྱུ་ངོམ་ནི་མིན་མོད་འདྲ་ཐང་རེད།
- ཤིང་སྤེན་མའི་ཨ་མཚོ་བར་མ་ན།
- རྟ་གཡང་ལ་འཚོ་སའི་རྟེན་ཞིག་ཡོད།
- རྟ་སྔོན་མ་རྐྱང་དང་འདྲེས་སོང་ཐལ།
- རྟ་བར་མས་རྩྭ་མགོ་ཟོས་སོང་ཐལ།
- རྟ་རྗེས་མ་ད་དུང་ལྷས་ན་ཡོད།
- རྒྱུ་ངོམ་ནི་མིན་མོད་འདྲ་ཐང་རེད།
- ཤིང་སྤེན་མའི་ཨ་མཚོ་ཞོལ་མ་ན།
- ལུག་གཡང་ལ་འཚོ་སའི་རྟེན་ཞིག་ཡོད།
- ལུག་སྔོན་མ་དགོ་དང་འདྲེས་སོང་ཐལ།
- ལུག་བར་མས་རྩྭ་མགོ་ཟོས་སོང་ཐལ།
- ལུག་རྗེས་མ་ད་དུང་ལྷས་ན་ཡོད།
- རྒྱུ་ངོམ་ནི་མིན་མོད་འདྲ་ཐང་རེད།
- རྫ་གངས་རྩེ་གངས་ལུང་གོང་མ་ན།
- རྗེ་བླ་མ་རེ་ཡིས་གུར་རེ་ཕུབ།
- གུར་མགོར་ཆོས་ཀྱི་ཉི་མ་ཤར།
- གུར་རྩར་བན་ཆུང་སྟོང་གིས་བསྐོར།
- ཆོས་དེ་ན་མི་འདུག་གང་ན་ཡོད།
- སྟོད་ས་དཀར་སེ་ལུང་བར་མ་ན།
- ཁྲིམས་རྒྱལ་པོ་རེ་ཡིས་མཁར་རེ་ཕུབ།
- མཁར་མགོར་དཔའ་ཡི་ཉི་མ་ཤར།
- མཁར་རྩར་དམག་མི་སྟོང་གིས་བསྐོར།
- ཁྲིམས་དེ་ན་མི་འདུག་གང་ན་ཡོད།
- སྟོད་ས་དཀར་སེ་ལུང་ཞོལ་མ་ན།
- མ་ཨ་སེར་རེ་ཡིས་སྦྲ་རེ་ཕུབ།
- སྦྲ་མགོར་སྐྱིད་ཀྱི་ཉི་མ་ཤར།
- སྦྲ་མཐའ་འབྲི་མོ་སྟོང་གིས་བསྐོར།
- སྐྱིད་དེ་ན་མི་འདུག་གང་ན་ཡོད།
- འཕུར་སྐྱེད་གླག་མོ་འདབས་དཀར་མ།
- དགུང་ཨ་སྔོན་འདབས་ཁ་གར་ཡོད་ཤོད།
- འགྲོ་མཁན་ཝ་མོ་སྣ་ནག་མ།
- ལམ་རིང་པོའི་མགོ་ཐག་གར་ཡོད་ཤོད།
- རྐོ་མཁན་བྱི་ལོང་སྡེར་དམར་མ།
- ས་ནག་པོའི་མཆིན་པ་གར་ཡོད་ཤོད།
- འཕུར་སྐྱེད་གླག་མོ་འདབས་དཀར་མ།
- དགུང་ཨ་སྔོན་འདབས་ཁ་ཤར་ན་ཡོད།
- ཤར་ཉི་སྡེ་དྲོད་ལམ་གར་ཡོད་ཤོད།
- འགྲོ་མཁན་ཝ་མོ་སྣ་ནག་མ།
- ལམ་རིང་པོའི་མགོ་ཐག་དབུས་ན་ཡོད།
- དབུས་རྫ་རིའི་རྩེ་སྐོར་གར་ཡོད་ཤོད།
- རྐོ་མཁན་བྱི་ལོང་སྡེར་དམར་མ།
- ས་ནག་པོའི་མཆིན་པ་གཏིང་ན་ཡོད།
- རྡོ་གོར་མོའི་གས་སྲུབས་གར་ཡོད་ཤོད།