25 May 2012
33 min 6 sec
Video Overview
Creators:
Unknown
Aku Pema Jab is a Tibetan painter and artisan, who was invited to Ngawa Teacher's College to train three groups of Tibetan students in mask-making over a one-month time period. This film documents the making of a few different kinds of Tibetan masks and the overall training.
ཨ་ཁུ་པདྨ་སྐྱབས་ནི་བོད་ཀྱི་རི་མོ་ཞིག་དང་ལག་རྩལ་པ་ཞིག་ཡིན། ཁོ་རང་རྔ་བ་དགེ་ཐོན་སློབ་གྲྭར་གདན་འདྲེན་བྱེད་ནས་ཚོགས་པ་གསུམ་གྱི་གྲུབ་པའི་བོད་ཀྱི་སློབ་མར་གདོང་འབག་བཟོ་བའི་གསབ་སྦྱོང་ཟླ་གཅིག་རིང་ལ་བྱས། བརྙན་འདི་ཡིས་རིག་མི་འདྲ་བ་པའི་གདོང་འབག་འགའ་བཟོ་ཚུལ་ཕབས་ལེན་བྱས་ཡོད།
- བཤད་མཁན་དང་པོ།བསྟན་པ་ཡི་མི་དཔལ་དགོན་པ་ཟེར་བ་འདྲ།
- ས་མཁར་དགོན་པ་སོགས་དེ་འདྲ་གཅིག་གཉིས་རེ་མ་གཏོགས་ཡིན་པ་མ་རེད།
- དེའི་ཕྱོགས་སུ་གེ་སེར་འཆམ་རྒྱུ་ཡོད་པ་རེད།
- ཨོ་་་རེད་་་གེ་སེར་འབག་མགོ་ལས་དགོས།
- དེ་འདྲ་འགའ་རེ་ལས་པ་རེད་མ་གཏོགས།
- དེ་མ་གཏོགས་ཞིང་ཆེན་བོད་ཡིག་སློབ་གྲྭ་རུ་འབག་མགོ་ལས་མི་དགོས།
- ང་ཚོར་འཁྲབ་སྟོན་བྱེད་རྒྱུ་ཡོད་པ་རེད།
- སྲོང་བཙན་སྒམ་པོ་འདྲ།
- ཁྲི་སྲོང་སྡེ་བཙན་སོགས་མཁན་སློབ་མཆོག་གསུམ།
- དེ་འདྲ་འཆམ་དུས་རྒྱལ་བོ་ཚོའི་ཞྭ་གོན་དགོས་པ་རེད།
- དེ་འདྲ་རེད།
- འདི་ལ་ཁྱེད་ཚོས་ལྟོས་དང་།
- འདི་དང་པོ་ལས་དུས་འདི་ལྟར་ལས་པ་རེད།
- དེ་ནས་འདི་ལྟར་བྱས།
- འདི་ཆད་འགྲོ་བའི་ས་ཞིག་རེད།
- ས་ཡག་པོ་ཡིན་མོད།
- འདི་ཕྱོགས་ཀྱི་འདི་འདིར་མཐུད་ནས།
- འདི་ཕྱོགས་ཀྱི་འདི་དཀྱིལ་ལ་འཇོག་པ་སྟེ་འགྲོ་ཕྱོགས་དེ་འདྲ་ཞིག་རེད།
- མཐུད་ས་གཅིག་ལ་བུད་སོང་གས་འགྲོ་བ་དང་ཆད་འགྲོ་བ་རེད།
- ཆུ་མ་བླུགས་ན་ཁ་ཁ་ཕྱེ་འགྲོ་བ་རེད།
- འདིའི་མན་ནས་མ་ནེའི་ཆེ་ཆུང་ཚད་འཛིན་པ་རེད།
- ང་ཚོ་སི་ཁྲོན་མི་རིགས་སློབ་གྲྭའི་ནང་ན་འདི་བཅའ་མཁན་གཅིག་མ་གཏོགས་མེད་ཀི།
- ལྷ་བཟོ་མི་འདྲ་བ་མང་པོ་ལས་མཁན་ཡོད་མོད།
- དཀར་མཛེས་ཁུལ་གྱི་འབག་ལས་མཁས་པ་འགའ།
- དེ་ཚོས་སྐུ་འདྲ་བཞེངས་བ།
- དེའི་རིགས་ལས་པ་རེད་མ་གཏོགས་འདི་ལས་པ་མ་རེད།
- འདི་མི་ལས་པའི་རྒྱུ་མཚན་ཅི་ཞིག་རེད་ཟེར་ན།
- འདི་ལ་ཚེགས་ཆེ་སྟེ་ལས་དཀའ་མོ་ཞིག་རེད།
- འདི་ལ་རྫ་ཅ་ཟེར་བ་རེད།
- འདི་ནི་རྫ་མ་བཟོ་སྟངས་ཡིན་པ་རེད།
- ནང་སྟོང་པ་རེད།
- སྐུ་འདྲ་བཟོ་བ་དང་འདྲ་འདྲ་རེད།
- འདི་འདྲ་ཞིག་ཡོད་པ་རེད།
- ནང་དུ་ཤིང་སོགས་ཀྱིས་མི་ཞིག་གི་ཚུགས་ཀ་འདྲ་ལས་ནས།
- སྐུ་འདྲ་ཡིན་ན་དེར་བལྟས་ནས་གཅོད་པ་དང་།
- དེའི་རིགས་ལ་སྣུམ་བཟོ་ཟེར་བ་རེད།
- སྣུམ་བཟོ་ཞེས་ནང་དུ་མི་འདྲ་ཞིག་བཞག་ནས་སྟེང་དུ་འདམ་བག་མང་པོ་འཇོག་དགོས་པ་རེད།
- འདམ་བག་མཐུག་པོ།
- ཡག་པོ་འདི་འདྲ་ཡོད་ན་ཕྱི་ལ་བཀོལ་བ་དང་།
- ནང་དེ་འདྲ་ཡག་པོ་མ་རེད།
- ནང་དུ་འདམ་བག་སྡུག་པོ་བཀོལ།
- ནང་དུ་དེ་འདྲ་བྱེད་པ་དང་ཕྱི་ལ་འདམ་བག་ཡག་པོ་བཀོལ་བ་རེད།
- འདིའི་ནང་དུ་འདི་འདྲ་བྱས་ནས་ཡག་པོར་བྱུག་དགོས་པ་རེད།
- འདིའི་ནང་འཇམ་པོ་བྱས་ནས་ཡག་པར་མ་ལས་ན།
- འདིའི་མཚམས་རེ་རེ་ནས་ལྷུང་འགྲོ།
- སྐམ་དུས་ལྷུང་འགྲོ།
- འདིའི་ནང་ཡར་མར་ལ་ཡག་པོར་མ་བྱུག་ན་ལྷུང་འགྲོ།
- ཁྱེད་ཚོའི་སློབ་ཁང་དུ་ད་སྔ་ས་ལས་པ་གཅིག་ཀྱང་ཐོན་མྱོང་ཡོད་རྒྱུ་མ་རེད།
- བཤད་མཁན་གཉིས་པ།འདི་ལ་རང་བཞིན་གྱི་ས་ཡིན་ན་མི་ཆོག་གམ།
- བཤད་མཁན་དང་པོ།འདི་ལ་རང་བཞིན་གྱི་ས་ཡིས་མི་ཆོག་གི
- འདི་རང་བཞིན་གྱི་ས་ཡིན་ན་འདི་ལྟར་མར་ལ་མྱུལ་འགྲོ་བ་རེད།
- འདི་འདྲའི་འདམ་བག་ཡིན་ན་འདི་ལྟར་ཡག་པོར་འདུག
- རྫ་མ་ཅ་ཞེས་འདི་འདྲའི་ས་ཡག་པོ་ཞིག་རེད།
- འདི་ཕྲ་དྲག་སོང་ན་སྲབ་འགྲོ་བ་རེད།
- འདི་སྦོམ་སོང་ན་མཐུག་འགྲོ་བ་རེད།
- འདམ་བག
- ང་ཚོས་འདི་ལ་ཆག་བཞག་ན་འདི་མཐོ་ཤོས་ཤིག་མ་ལས་ན།
- འདི་ལྟར་གྱུར་འགྲོ་བ་ཞིག་རེད།
- འདམ་བག་མར་ལ་མྱུལ་བ་རེད།
- མཚམས་རེར་སྐེད་འདི་ལྟར་གྱུར་འགྲོ།
- བཤད་མཁན་གཉིས་པ།རེད་རེད།
- བཤད་མཁན་དང་པོ།སྐེ་ཡོད་ན་ནང་ལས་རྒྱུ་སླ་མོ་ཞིག་རེད།
- ས་ཤེས་མཁན་ཞིག་གིས་བལྟ་དགོས་པ་མ་གཏོགས་གཞན་ཞིག་གིས་མི་ཤེས།
- བཤད་མཁན་གཉིས་པ།རེད་རེད།
- བཤད་མཁན་དང་པོ།འདི་ལྟར་ཡར་ལ་ལངས་འདུག་པ་ཞིག་དགོས།
- འདི་ལྟར་ཡར་ལ་ལངས་ནས།
- རེ་རེ་ལེགས་པོ་མ་བཞག་ན་ཆག་འགྲོ་བ་རེད།
- ཆག་འགྲོ་བའམ་མི་ལེགས་པར་གྱུར།
- དེ་བས་རིམ་པ་རེ་རེ་ལེགས་པར་བཞག
- དེ་ལྟར་བྱེད་དགོས།
- ཁྱེད་ཀྱིས་འབག་ལས་རྒྱུ་འདི་དུས་ཚོད་ག་ཚོད་ལ་སྦྱངས་ཡོད་རྒྱུ་རེད།
- གཟའ་འཁོར་གཅིག་ལ་སྦྱངས་ཡོད་རྒྱུ་རེད།
- གཟའ་འཁོར་གཅིག་གི་རིང་ལ་སྦྱངས་ཚར་སོང་ངམ།
- གཟའ་འཁོར་གཅིག་ལ་མ་གཏོགས་མ་སྦྱངས།
- དེའི་རིང་ལ་དགེ་རྒན་ལ་ལས་རོགས་བྱེད་དགོས་པས་ལས་རོགས་བྱས།
- ལས་རོགས་བྱས་པས་ཤེས་སོང་བ་རེད།
- བཤད་མཁན་གཉིས་པ།རེད་རེད།
- བཤད་མཁན་དང་པོ།འདི་བཅའ་སྟངས་དེ་ཅི་འདྲ་རེད་ཟེར་ན།
- འདིའི་རི་མོ་རྣམས་ཟབ་མོ་ཡིན།
- ལྷ་ལས་ན་དེ་འདྲ་ཟབ་མོ་ལས་ཉན་པ་མ་རེད།
- བཙོག་པ་ཞིག་རེད།
- དོང་དོང་རྣམས་དོང་དྲག་པས།
- འདི་ཅུང་ཙམ་མ་ཆེ་ན་རི་མོ་དོང་འགྲོ་བ་རེད།
- མི་འགྲིག་པར་སྔོ་རིལ་སེ་ལོག་འགྲོ་བ་རེད།
- བཤད་མཁན་གཉིས་པ།རེད་རེད།
- བཤད་མཁན་དང་པོ།གཉེར་མ་སོགས་ཡོད་པ་རྣམས་འདུག་པ་མ་རེད།
- བཤད་མཁན་གཉིས་པ།ཐིག་རྒྱག་རྒྱུ་འདི་ལ་མིང་ཞིག་ཡོད་དམ།
- བཤད་མཁན་དང་པོ།ཐུར་དུ་ཡོད་པ་འདི་ལ་ཚངས་ཐིག་ཟེར་བ་རེད།
- བཤད་མཁན་གཉིས་པ།ཚངས་ཐིག
- བཤད་མཁན་དང་པོ།ཚངས་ཐིག་ཟེར་བ་རེད།
- ཚངས་ཐིག་ཟེར་བ་ནི་དྲང་མོར་འདུག་པ་དང་ཕར་ཚུར་ལ་མི་འདུག་སྤྱད།
- འདི་ནས་མར་ལ་དཀྱིལ་ཐིག་བརྒྱབ་ཡོད་པ་དེ་ལ་ཚངས་ཐིག་ཟེར།
- ཚངས་ཐིག་ཟེར་བ་ཕར་ཚུར་ལ་མི་ཡོན་པའི་དོན་དུ་རེད།
- ཕར་ཚུར་ལ་ཤོར་མི་འགྲོ་བའི་དོན་དུ་རེད།
- དྲང་མོར་འདུག་པའི་ཆེད་དུ་རེད།
- འདིའི་བར་ཐག་སོར་མོ་བཞི་རེ་རེད།
- ང་ཚོའི་སོར་མོ་འདི་འདྲ་བཞི་རེ་རེད།
- མི་ཆེ་བ་ཡིན་ན་ཆུང་བ་ཡིན་ན་ཚད་འཇལ་ནས།
- སོར་མོ་བཞི་རེ་བཞི་རེ་རེད།
- སོར་མོ་བཞི་གསུམ་བཅུ་གཉིས་རེད།
- འདི་དག་ལས་འདི་བརྩི་བ་མིན་ཏེ་འདི་སྐས་རེད།
- འདི་ལ་སོར་མོ་བཞི་ཡོད་པ་རེད།
- མགྲིན་པ་སོར་མོ་བཞི་ཞེས།
- སྐེ་ཡི་མཐོ་ཚད་ལ་སོར་མོ་བཞི་ཡོད་པ་རེད།
- དེ་ནས་འདི་ནི་ཅི་ཞིག་རེད་ཟེར་ན།
- འདི་ཚད་དུས་དཀྱིལ་མཐོ་ཡར་ལ་བརྒྱབ་ན།
- ཡར་གྱི་སྐྲ་མཚམས་བར་དུ་མཐོ་བཀང་ཡོད་པ་རེད།
- མཐོ་བཀང་།
- མཐོ་བཀང་བོ་འདི་ཅི་ཞིག་རེད་ཟེར་ན།
- མཐོ་བཀང་བོ་འདི་སོར་མོ་བཅུ་གཉིས་རེད།
- རིམ་པ་གསུམ་ཡིན་པས་བཞི་གསུམ་བཅུ་གཉིས་རེད།
- སོར་མོ་བཅུ་གཉིས་རེད།
- དེའི་འཕྲོ་ནས་ཅི་ཞིག་རེད་ཟེར་ན།
- སོར་མོ་བཅུ་གཉིས་བོ་དེ་འདི་ལྟར་འཇལ་ནའང་མཐོ་བཀང་ཡོད་པ་རེད།
- མཐོ་བཀང་ཡོད་པ་རེད།
- མཐོ་བཀང་ཡོད་པ་དང་འདི་ཕྱོགས་ན་སོར་མོ་དྲུག
- འདི་ཕྱོགས་ནའང་སོར་མོ་དྲུག
- སོར་མོ་བཅུ་གཉིས་རེད།
- མིའི་ངོ་དེ་བཞི་ཁྲེ་མ་ངོ་མ་ཞིག་ཡིན་པ་རེད།
- དེ་ཅི་རེད་ཟེར་ན་འདི་སོར་མོ་དོ་རེད།
- འདི་ལ་སོར་མོ་བཞི་བ་ཞེས།
- འདི་ལྟར་བཞག་པ་རེད།
- འདི་ལྟར་བྱས་ན་སོར་མོ་གཉིས་ལྷག་གི།
- དེའི་ཡན་ཆད་སོར་མོ་རེ་རེ་རེད།
- འདི་གཉིས་ཅི་རེད་ཟེར་ན་འདི་ནི་སྣ་ཡི་ས་རེད།
- སྣ་མགོ་ཡི་ས་རེད།
- འདི་མིག་རེད།
- འདི་ནི་རྫི་མ་རེད།
- མགོ་ལས་འདི་འདི་འདྲ་ཞིག་རེད།
- འདི་ནི་སོར་མོ་གཉིས་ཡིན།
- ཚད་དུས་ཁྲེ་ཙེ་ཡིས་ཚད་ན་ལེགས་ཏེ་ང་ཚོའི་སོར་མོ་དེ་འདྲ་ཡང་དག་མིན་པ་འདྲ།
- དེ་ཚར་དུས་ཅི་ཞིག་རེད་ཟེར་ན།
- འདི་ལྟར་ཡར་ལ་ཐིག་བརྒྱབ།
- འདི་འདྲ་རེད།
- འདིའི་མ་ནེ་འདི་ལ་གོར་གོར་ཟེར།
- མ་ནེའི་ཕན་ཚུན་ཕྱོགས་ལ་སོར་མོ་གཉིས་རེ་རེད།
- ཡར་གྱི་སྐྲ་མཚམས་ཚངས་ཐིག་འབྲེལ་བ་རེད།
- ཡར་ནས་གཉིས་ཀ་སྐྲ་མཚམས་ཚངས་ཐིག་སྦྲེལ་ཟེར་བ་རེད།
- དེ་ཅི་ཞིག་གི་དོན་དུ་རེད་ཟེར་ན།
- གཅིག་ནི་མིག་གི་ཆེ་ཆུང་ཚད་འཛིན་བྱེད་སྤྱད་རེད།
- ཚུར་ལ་ཡོང་ཚད་ཚོད་འཛིན་བྱེད་སྤྱད།
- དེ་ནས་སྣ་ཡི་རྒྱབ་ཀྱི་ཆེ་ཆུང་ཚད་འཛིན་བྱེད་སྤྱད་དང་གཉིས།
- ཁ་ཕར་ཚུར་ལ་འགྲོ་ཚུལ་གྱི་ཚད་སོགས།
- འདི་ནི་ཁ་ཡི་འགྲོ་ཚད་གཏན་འཁེལ་བྱེད་སྤྱད།
- སྣ་ཡི་རིང་ཚད།
- ཕར་ཚུར་ལ་མི་ཤོར་སྤྱད།
- མིག་ཕར་ཚུར་ལ་འགྲོ་ཚད།
- མིག་འདིའི་ཕར་ནང་ལ་སོང་མི་ཆོག་པའི་དོན་རེད།
- མིག་གཉིས་ཀྱི་ཚད་འཛིན་སྤྱད།
- དེ་འདྲ་ཞིག་རེད།
- འདི་ན་ཅུང་ཙམ་ཞིག་ཡར་ལ་སྣ་མགོ་འབུར་འབུར་བྱས་ཡོད།
- འདི་ལྟར་བྱས་ནས།
- འདི་ལྟར་ཚུར་ལ་མནན་ནས།
- འདི་འདྲ་ཞིག་རེད།
- འདི་འདྲ་ཞིག་རེད།
- ཚུགས་ཀ་འདི་འདྲ་ཞིག་བཟོས།
- རྨང་གཞི་ལས་སྟངས་དེ་འདྲ་ཞིག་རེད།
- སྲུང་མ་འདྲ་ཞིག་ཡིན་ན།
- དེ་ནས་དེའི་ཐོག་ལ་འདི་ལྟར་སྦྱར་ནས།
- ཅི་ཞིག་བྱེད་དགོས་ཟེར་ན།
- ཁ་ཡི་ཚུགས་ཀ་ལས་ནས།
- སྤྱིར་ན་ཅི་འདྲ་ཞིག་རེད་ཟེར་ན་ཐད་པ་ནང་ལ་ཅུང་ཙམ་སོང་ཡོད་པ་དང་།
- འདིའི་མ་ནེ་ཡང་ཅུང་ཙམ་ནང་ལ་སོང་ཡོད་པ།
- སྣ་མགོ་ཚུར་ལ་བུད་ཡོད་པ།
- ཅུང་ཙམ་འབུར་འབུར་བྱས་ཡོད་པ།
- དཀྱིལ་འབུར་འབུར་བྱེད་པ་དང་ཚུར་ལ་ཅུང་ཙམ་སྒུར་དགོས།
- ཚུར་ལ་ཅུང་ཙམ་མ་སྒུར་ན་ཚུགས་ཀ་ལེགས་པོ་མི་ཡོང་།
- ངོ་གྲིམ་གྲིམ་དུ་ལོག་འགྲོ་བ་རེད།
- ཐོག་ནས་འདི་ལྟར་ཐིག་ཐོག་ན་ཨེ་ཡོད་བལྟས་ནས།
- དེ་ནས་སྣ་མགོ་འདི་ལྟར་ལས་ནས།
- འདི་ལྟར་མཁུར་མགོ་ཕར་ཚུར་བར་འགྲིག་ཨེ་ཡོད་བལྟས།
- ཕར་ཚུར་ལ་ཅི་ལྟར་འགྲོ་བཞིན་པར་བལྟས།
- དེའི་འཕྲོར་འདིའི་མཚམས་འདི་ནས་མིག་སྤུ།
- འདི་ལྟར་ཕར་ཚུར་ལ་བྲིས་ནས་མིག་སྤུ་ལ་རྟགས་རྒྱོབ།
- འདིའི་མཚམས་འདི་ནས་ཐུར་ལ་འབྲི་བ་དང་རྫི་མ་ཅུང་ཙམ་ཆེ་བ་རེད།
- འདི་ལྟར་རྫི་མ་འགྲོ་ཚད།
- དེ་ནས་ཐིག་སྔོན་མ་ཡི་ནང་ནས་ཁ་ཕར་ཚུར་ལ་བྲིས་ནས་ཁ་ཡི་ཚུགས་ཀ་ལས།
- འདི་ནས་ཐིག་སྔོན་མའི་སྟེང་ནས་ཕར་ཚུར་ལ་བྲིས་ཏེ་མ་ནེ་ཅི་འདྲ་ཞིག་འབྲི་བ་གཏན་འཁེལ་བྱས།
- དེ་འདྲའི་དོན་རེད།
- བཤད་མཁན་གཉིས་པ།ས་ཡིས་མ་འདང་ངམ།
- བཤད་མཁན་དང་པོ།ས་ཡིས་མ་འདང་ལ་ས་དེ་རིང་ང་ཚོས་ཁྱེར་ཡོང་ན་འགྲིག
- ཁྱེར་ཡོང་དགོས་འདུག
- བཤད་མཁན་གཉིས་པ།འདམ་བག་གམ།
- བཤད་མཁན་དང་པོ།འདམ་བག་མ་འདང་བས།
- དེ་རིང་འདམ་བག་ཚར་སོང་།
- བཤད་མཁན་གཉིས་པ།འདི་ལྟར་བསྐྱུར་ན་སྐམ་ཨེ་འགྲོ།
- ང་སོང་ནས་ཁྱེར་ཡོང་དགོས་སམ།
- བཤད་མཁན་དང་པོ།འདིའི་ནང་འདི་འཇམ་པོ་བཟོ་སྤྱད་ཆེན་པོ་མེད་ན་ཆུང་ཆུང་གིས་ཀྱང་ཆོག
- རས་སྦྱོར་དུས་ལེགས་པོར་སྦྱོར་དགོས་པ་རེད།
- རས་ཡག་པོར་མ་སྦྱར་ན་མ་གཞི་ནས་ལེགས་པོ་མི་ཡོང་།
- བཤད་མཁན་གཉིས་པ།རེད་རེད།
- བཤད་མཁན་དང་པོ།འདི་འདྲ་རེད་་་ཡོན་འདུག་གམ།
- འདི་ལས་རྒྱུ་དཀའ་མོ་ཞིག་རེད།
- ཧ་ཅང་འགོར་བས་འདི་སུས་ཀྱང་མི་ལས་པ་རེད།
- བཤད་མཁན་གཉིས་པ།རེད་རེད།
- བཤད་མཁན་དང་པོ།འདི་ལས་རྒྱུར་དགའ་བ་ཞིག་ཡིན་པ་མ་རེད།
- འདི་འདྲ་ལས་རྒྱུར་དགའ་བ་མ་རེད།
- བཤད་མཁན་གཉིས་པ།ངོ་མ་རེད།
- བཤད་མཁན་དང་པོ།འདི་མི་ཤེས་པ་ཞིག་མིན་པ་ངས་ཁ་སང་སློབ་མ་ཚོར་བཤད་པ་བཞིན།
- མི་ཤེས་པ་ཞིག་མ་རེད།
- འདི་ལས་རྒྱུ་དཀའ་བ་དང་ཚེགས་ཆེ་བས་སུས་ཀྱང་མི་ལས་པ་རེད།
- ཚེགས་ཆེ་བ་རེད།
- བཤད་མཁན་གཉིས་པ།དེར་ཁུང་མ་བརྟོལ་ན་གས་འགྲོ་བ་རེད་དམ།
- བཤད་མཁན་དང་པོ།གས་འགྲོ་བ་རེད།
- ཁུང་མེད་ན་གས་འགྲོ་བ་རེད།
- ཚེ་དཔའ།འབག་གི་སྐོར་ལ་ཤེས་བྱ་ཅུང་ཙམ་ཡོད་དམ།
- བཤད་མཁན་བཞི་བ།འབག་ལས་པ་ལ་བལྟས་མྱོང་།
- ཚེ་དཔའ།བལྟས་མྱོང་།
- བཤད་མཁན་བཞི་བ།ཡིན་་་ང་ཚོའི་ས་ན་ལྷ་བཟོ་ཞིག་ཡོད་པ་རེད།
- རྡོ་བརྐོས་དང་འབག་ལས་རྒྱུ་འདྲ།
- ད་དུང་ཐང་ཁ་དང་རི་མོ་འབྲི་བ།
- དེ་དག་ལ་བལྟས་མྱོང་།
- ང་རང་གིས་ལས་མྱོང་ཡོད་པ་མ་རེད།
- མར་གྱིས་ལས་རྒྱུ་ཡོད་པ།
- དེའི་རིགས་འདྲ་མིན་འདྲ་ལས་པ་མ་གཏོགས།
- ད་ལྟ་དེ་དག་མ་ལས་པར་ལོ་ལྔ་ཙམ་འགོར་འདུག
- དེ་བས་ཆེན་པོ་ཞིག་ལས་མི་ཤེས།
- ངའི་བསམ་ཚུལ་ལ།
- སྤྱིར་ན་འདིའི་དམིགས་ཡུལ་གཙོ་བོ་ནི་གང་རེད་ཟེར་ན།
- སྲོལ་རྒྱུན་གྱི་ལག་རྩལ་ཉམས་བཞིན་པ་དག་བསྐྱར་གསོ་བྱེད་རྒྱུ་དེར་བཞག་འདུག
- མི་མང་པོ་ཞིག་འདི་ལ་དགའ་མོས་བྱེད་རྒྱུ།
- རྒྱབ་སྐྱོར་བྱེད་རྒྱུ།
- འདི་སྦྱང་རྒྱུ།
- འདི་དག་དོན་ངོ་མས་བཤད་ན་དགོས་རྒྱུ་ཞིག་རེད།
- འོན་ཀྱང་འདི་ནི་སློབ་གྲྭ་ཆེན་མོ་ན་མེད།
- ལག་རྩལ་སློབ་གྲྭ་ཡིན་ན་དེའི་ནང་ནས་སྦྱང་ན་ཆོག
- ཡང་ན་ལག་རྩལ་གྱི་ཐོག་གི་ཆེད་སྦྱོང་།
- དེ་ཐུབ་པ་ཞིག་རེད།
- དེ་མ་གཏོགས་ཆེད་སྦྱོང་གཞན་པ་ཞིག་གི་ནང་དུ་ལས་ཀ་འདི་བཞག་ན།
- དེ་ནི་ར་མགོ་ལུག་སྦྱོར་གྱི་ཚུལ་དུ།
- ཧ་ཅང་འཚམས་པོ་ཞིག་ཡིན་མིན་གསལ་བོ་ཞིག་མི་ཤེས།
- ཚེ་དཔའ།མང་འདུག་ཅེས་པ་ཨེ་ཡིན།
- བཤད་མཁན་བཞི་བ།མ་རེད།
- སྦྱང་བྱ་དང་འཚམས་མི་འཚམས་ཡོད་པར།
- ཆེད་སྦྱོང་གཞན་པ་ཞིག་གི་སྟེང་དུ་ཡིན་ན་མིན་ན་འདི་སྦྱང་དགོས་ཞེས་བཤད་ན།
- སྣ་མང་པོ་ཞིག་ཤེས་ཀྱིན་ཡོད་མོད།
- འོན་ཀྱང་སྦྱང་བ་དེར་ཕན་ཐོགས་ཆེན་པོ་ཞིག་མེད་པ།
- མ་སྦྱངས་ཟེར་ན་སྦྱངས་ཟིན་པ།
- དེ་འདྲ་ཞིག་གིས་ལོག་འགྲོ་ཁ་རེད།
- ཚེ་དཔའ།དེ་ཡིན་མོད་དཔེ་ཞིག་བཞག་ན་ཁྱེད་ཀྱིས་འདང་བརྒྱབ་ན།
- སློབ་གྲྭ་ཆེན་པོ་ན་སྦྱངས་ཚན་གཞན་མང་པོ་ཡོད།
- ལུས་རྩལ་དང་རི་མོ།
- རོལ་དབྱངས་ལ་སོགས་པ།
- དེའི་རིགས་ཡིན་ནའང་ཁྱེད་ཀྱིས་ཆེད་དུ་རི་མོ་ལེགས་པར་སྦྱངས་བའམ།
- ཡང་ན་རོལ་དབྱངས་བྱང་ཆུབ་འགྲོ་བ་དེ་འདྲ་ཞིག་མེད་ཀི།
- འོན་ཀྱང་ཚང་མ་ལྷན་དུ་ཤེས་དགོས།
- དཔེ་བཞག་ན་འབག་སྐུ་ལས་རྒྱུ་འདི་རི་མོའི་སློབ་ཚན་དང་འདྲ་བར་བཞག་ན།
- ཁྱེད་ཀྱིས་བལྟས་ན་དེ་འགྲིག་གམ།
- བཤད་མཁན་བཞི་བ།དེར་མི་འགྲིག་རྒྱུ་མེད་ཀི།
- ཚེ་དཔའ།རེད་དམ།
- བཤད་མཁན་བཞི་བ།ཟུར་སྦྱངས་ཞིག་གི་ཚུལ་དུ་བཞག་ན་དེ་འགྲིག་གི།
- ཚེ་དཔའ།དེ་རེད་་་ཟུར་སྦྱངས་ཀྱི་ཚུལ་དུ་བཞག་ན།
- དེ་མ་ཡིན་པར་ལག་རྩལ་འདི་སྦྱངས་ན་དེའི་ཆེད་ལས་པར་གྱུར་དགོས་ཞེས་བཤད་ན།
- དེ་འདྲ་ཡིན་དགོས་ཟེར་ན་དཀའ་མོ་ཡིན་རྒྱུ་རེད།
- དེ་རེད།
- བཤད་མཁན་བཞི་བ།ལག་རྩལ་འདི་སྦྱངས་ན་དགའ་མོས་ཡོད་རྒྱུ་དེ་ཧ་ཅང་དཀའ།
- དགའ་མོས་ཡོད་ན་འདི་ལེགས་པར་སྦྱངས་ཐུབ་རྒྱུ་རེད་བསམ།
- ང་ཚོའི་བཤད་རྒྱུན་ལ་གང་ལ་དགའ་ན་དེ་ལ་མཁས་ཞེས་བཤད་པ་ལྟར།
- དཔེ་བཞག་ན་གླུ་དང་བྲོ་ན་དགའ་མཁན་ཚོས་དེ་ཆེད་སྦྱོང་མིན་རུང་ཤེས།
- ཁོ་ཚོ་དེ་ལ་དགའ་བས་དེ་སྦྱང་རྒྱུའི་མོས་པ་ཡོད།
- དེ་སྦྱང་རྒྱུའི་རིག་ལམ་ཡོད།
- དཔེ་བཞག་ན་ང་ཚོའི་འཛིན་གྲྭའི་ནང་གི་རི་མོ་འབྲི་རྒྱུར་དགའ་མཁན།
- དཔེ་བཞག་ན་བསོད་ནམས་ལྟ་བུ་ལ་མཚོན་ན་རི་མོ་འབྲི་རྒྱུར་དགའ་བ།
- ནམ་ཡིན་རུང་ཁོས་རི་མོ་ཏག་ཏག་བྲིས་ནས་འདུག་པ་རེད།
- ཁོས་དེའི་སྟེང་ལ་སྨྱུག་གུ་ཡིས་འབྲི་སྟངས་མི་འདྲ་བ་རེད།
- ཚེ་དཔའ།ལྷན་སྐྱེས་ཀྱིས་ཡོད་དམ།
- བཤད་མཁན་བཞི་བ།ང་ཚོས་ས་སྐུ་ལས་རྒྱུ་དང་འབག་སྐུ་ལས་རྒྱུ།
- འདི་ལ་ཡང་རྨང་གཞི་ཞིག་བཞག་ན་ཧ་ཅང་དགའ་འོས་པ་ཞིག་རེད།
- ཚང་མས་དགའ་མོས་བྱེད་ས་ཞིག་རེད།
- འདི་སྦྱང་འདོད་ཡོད།
- ཚེ་དཔའ།རེད་རེད།
- འབག་ལས་ཤེས་བཞིན་ཡོད་དམ།
- སློབ་མ་ཚོ།ཤེས་བཞིན་འདུག
- ཚེ་དཔའ།ཤེས་བཞིན་འདུག་གམ།
- ངར་གི
- སྔོན་ལ་ཁྱེད་ཚོས་འབག་ལས་ཨེ་མྱོང་།
- སློབ་མ་ཚོ།མ་མྱོང་།
- ཚེ་དཔའ།ཨ་་་།
- སློབ་མ་ཚོ།མ་མྱོང་།
- ཚེ་དཔའ།སྔོན་ལ་འབག་ལས་རྒྱུའི་གོ་རིམ་ལ་བལྟས་ཨེ་མྱོང་།
- སློབ་མ་ཚོ།མ་མྱོང་།
- ཚེ་དཔའ།དེ་རིང་འབག་ལས་རྒྱུའི་གོ་རིམ་ལ་བལྟས་ན་མྱོང་ཚོར་ཅི་འདྲ་རེད།
- སློབ་མ་ཚོ།དཀའ་མོ་འདྲ་རེད།
- ཚེ་དཔའ།ཅི་འདྲ་ཞིག་རེད།
- བཤད་མཁན་དང་པོ།ལས་བསམ་རྒྱུ་ཞིག་རེད་ཟེར།
- ལས་བསམ་རྒྱུ་ཞིག་རེད་ཟེར།
- ལས་བསམ་རྒྱུ་འདྲ་ཞིག་རེད་ཟེར།
- ལས་པར་སྤྲོ་ཞེས་པ་ནི་དེའི་དོན་རེད།
- མོའི་དར་མདོ་སྐད་རེད།
- ཚེ་དཔའ།དར་མདོ་ནས་ཨེ་རེད།
- བཤད་མཁན་དང་པོ།དར་མདོ་སྐད་རེད།
- ཚེ་དཔའ།གཟའ་འཁོར་གཅིག་ལ་སློབ་ཐུན་གསུམ་ཡོད་དམ།
- སློབ་མ་ཚོ།གསུམ་ཡོད།
- ཚེ་དཔའ།སློབ་ཐུན་གསུམ་ཡིན་ན་དུས་ཚོད་རིང་པོ་ཞིག་རེད།
- ཁྱེད་ཚོས་བལྟས་ན་འདི་བཀོད་སྒྲིག་བྱས་པ་འདི་དུས་ཚོད་འཕྲོ་བརླག་ཨེ་རེད།
- སློབ་མ་ཚོ།མ་རེད།
- ཚེ་དཔའ།འབག་ལས་རྒྱུའི་སྦྱང་ཚན་འདི་དེའི་ནང་དུ་བཞག་ན་ནང་དོན་ཡོད་དམ།
- ཁྱེད་ཚོས་བལྟས་ན།
- སློབ་མ་ཚོ།ཡོད་ཀི།
- ཚེ་དཔའ།རྒྱུ་མཚན་ཅི་རེད།
- ཚེ་དཔའ།མང་པོ་ཡོད་ཀི།
- གཅིག་གིས་རྒྱུ་མཚན་ཤོད་དང་།
- ནང་དུ་བཞག་ན་རིན་ཐང་ཡོད་པའི་རྒྱུ་མཚན་ཞིག་ཡོད་དང་།
- སློབ་མ་ཚོ།པ་སངས་ལྷ་མོ་ཡིས་རྒྱུ་མཚན་ཤོད་དང་ཟེར།
- ཚེ་དཔའ།པ་སངས་ལྷ་མོས་ཤོད་དང་།
- སློབ་མ་ཚོ།ངས་གཅིག་སྦྱོར་དང་།
- བཤད་མཁན་དང་པོ།འདི་འདྲ་ཞིག་ཡིན་ན་ཆོག་འདུག
- འདི་མི་དགོས།
- འདི་འདྲ་བྱས་ནས་བཞག་ན་འགྲིག
- འདི་འདྲ་ཞིག་དགོས་འདུག
- དེ་ནས་འདིར་ཡང་འབུར་ཞིག་དགོས།
- འདིར་འབུར་ཆུང་ཞིག་དགོས།
- སློབ་མ་ཚོ།ངས་གཅིག་བལྟ་དང་།
- བཤད་མཁན་དང་པོ།འདི་ལ་ལག་ཆ་གཞན་གྱིས་མ་རྒྱག་མ་གཏོགས་བརླག་འགྲོ་བ་རེད།
- སློབ་མ་ཚོ།མི་སྐྱོན་ཏེ་ཐང་ལ་ལྷུང་སོང་ན་ཤོག་སྒམ་ཁྱེར་ནས་འགྲོ།
- མི་སྐྱོན་ཏེ་ཐང་ལ་ལྷུང་ན་ལྷུང་།
- བཤད་མཁན་དང་པོ།འདི་ནས་ག་ལེར་རྒྱོབ།
- སེར་ཀ་ཤོར་དུ་མ་འཇུག་མ་གཏོགས་ལེགས་པ་མ་རེད།
- ཅུང་ཙམ་ཤེད་བཀོལ་ན་མ་གཏོགས་མི་ཆག་ཐལ།
- འདི་ལ་ཧ་ཅང་གཟབ་དགོས་པ་རེད།
- ཡག་པོ་སྐམ་དགོས་པ་རེད་མ་གཏོགས་མ་སྐམ་ན་ཡང་ཆག་འགྲོ་བ་རེད།
- ཡག་པོ་མ་ལས་ན་འདི་ལྟར་གྱུར་འགྲོ་བ་རེད།
- འགྲམ་ཕྱོགས་ནང་དུ་སོང་ཡོད་པ།
- འབག་མགོ་ལས་རྒྱུ་འདི་འདྲའི་དཀའ་མོ་ཞིག་རེད།
- འདི་ཧ་ཅང་དཀའ་མོ་རེད།
- སློབ་མ།འདི་ངས་གོན་ཐུབ་བམ།
- བཤད་མཁན་དང་པོ།ཁྱོད་ཀྱིས་ཐུབ་མིན་མི་ཤེས།
- སློབ་མ་ཚོ།མི་ཐུབ།
- གོན་མི་ཐུབ་ཀི
- ནང་དུ་ཆུ་ཅུང་ཙམ་བླུགས་ན་ཆོག་གམ།
- བཤད་མཁན་དང་པོ།ཆུ་ཅུང་ཙམ་ནང་དུ་ལྡུག་དགོས་པ་རེད།
- ཅུང་ཙམ་ཞིག
- དམ་ལྷོད་ཚད་དང་རན་དགོས།
- དམ་ལྷོད་རན་པ་འདི་འདྲ་ཞིག་དགོས།
- མགོ་ལ་གོན་སའི་ནང་ངོས་གིས་རས་ཉིས་གཤེག་བྱས་ནས།
- འདིའི་མཐའ་ནས་བཟུང་ན་ཡར་མར་ལ་མྱུལ་བ་མ་རེད།
- འདི་བསྐོན་རྒྱུ་འདི་ཤེས་དགོས་པ་གཙོ་བོ་ཞིག་རེད།
- མི་སྐྱོན་མི་སྐྱོན།
- སློབ་མ་ཚོ།ཁྱེད་ཀྱིས་ལག་པ་ཞོལ་མ་དེས་འཇུས་ནས་སྡོད།
- གཅིག་འགྲོ་མི་ཐུབ་ཀི།
- བཤད་མཁན་དང་པོ།མིག་གི་ནང་དུ་འབྲི་དགོས།
- ཁ་ནང་དང་རྫི་མ་ཚང་མར་བྲིས་ཆོག
- འདི་མཐོ་དགོས་པ་ཡིན་མོད་ངའི་ལག་པ་འདར་བཞིན་འདུག