Video Overview
This video is part two of an enactment of the traditional way of requesting a bride according to the local custom in Mangra, Tsongön.
བརྙན་ཐུང་གཉིས་པ་འདི་ནི་མདོ་སྨད་མང་འབའ་བྱ་གསུམ་གྱི་ཡ་གྱལ་མང་ར་ས་ཆའི་བོད་ཀྱི་སྲོལ་རྒྱུན་ལྟར་འཁྲབ་པའི་མནའ་མ་སློང་ཚུལ་ཞིག་ཡིན།
བུ་མོ་གནས་ལ་བྲོས་རྗེས་བར་བ་གཉེན་ཚང་དུ་ཡང་བསྐྱར་གྲོས་བྱེད་དུ་ཡོང་བ་དང་། བུ་མོའི་ཕ་མ་གཉིས་ཀྱིས་ཀྱང་གྲོས་བྱས་རྗེས་བུ་མོའི་འདོད་ཐོག་ལ་འཇོག་རྒྱུའི་བསམ་ཚུལ་བསྟན་ཚུལ་བསྟན་ཡོད་པ་དང་། ཚེས་བཅོ་ལྔའི་དུས་བཟང་གི་ཉིན་མོར་བར་བ་རྣམས་ཡང་བསྐྱར་གཉེན་ཚང་དུ་སླེབས་པ་དང་། ཐོག་མར་བླ་མ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་དང་གནས་འདིའི་ཡུལ་ལྷ་གཞི་བདག་ཀུན་ལ་མཆོད་བསྟོད་ཀྱི་ཁ་གཡང་བོས་པ་དང་། བུ་མོའི་ཕ་མ་གཉིས་ཀྱིས་བུ་མོའི་ནུ་རིན་དང་གཡུ་བྱུར་རྒྱན་ཆ་སོགས་ཅི་འདྲ་དགོས་མིན་གྱི་གྲོས་ལ་དངོས་སུ་ཞུགས་པ་རེད། དེ་ནས་གཉེན་སྟོན་གྱི་ཉིན་མོ་དང་ཨ་ཞང་གི་མང་ཉུང་སོགས་རིམ་པ་བཞིན་ཐག་གཅོད་བྱས་ཡོད་པ་དང་། དེ་ནས་གཉེན་ཚང་གིས་ཀྱང་དེང་གི་འགྲོ་ཕྱོགས་ལྟར་དཀར་ཟས་ཀྱི་སྟོན་མོ་བྱེད་དགོས་པ་དང་ཇ་ཆང་དུ་བ་སོགས་མང་པོ་མི་དགོས་ཚུལ་བརྗོད་དེ་གྲོས་མཇུག་བསྡུས་ཡོད།
བརྙན་ཐུང་འདི་ནི་གཉེན་སློང་ཚུལ་ཚན་པ་གཉིས་པའི་རྗེས་སུ་མཐུད་པ་ཞིག་ཡིན་ལ། འདིར་བུ་མོ་གནས་ལ་བྲོས་རྗེས་བར་བ་གཉེན་ཚང་དུ་ཡང་བསྐྱར་གྲོས་བྱེད་དུ་ཡོང་བ་དང་། བར་བས་ད་ནི་བུ་མོའི་འདོད་ཐོག་ལ་འཇོག་དགོས་པ་དང་ཡང་བསྐྱར་གནས་ལ་བྲོས་པ་འདིས་བུ་བུ་མོ་གཉིས་ཀྱི་བརྩེ་དུང་བརྟན་པོ་ཡིན་པ་སོགས་བརྗོད་ཡོད། དེ་ནས་བུ་མོ་ཡང་བསྐྱར་ཕ་མ་གཉིས་ལ་སྤྲད་དེ་བུ་མོའི་འདོད་བློ་དང་བསམ་ཚུལ་ལ་རྒྱུས་ལོན་བྱེད་དུ་འཇུག་པ་རེད། བུ་མོའི་ཕ་མ་གཉིས་ཀྱིས་ཀྱང་གྲོས་བྱས་རྗེས་བུ་མོའི་འདོད་ཐོག་ལ་འཇོག་རྒྱུའི་བསམ་ཚུལ་བསྟན་ཚུལ་བསྟན་ཡོད་པ་དང་། བར་བ་ལ་ཚེས་བཅོ་ལྔའི་ཉིན་ཤ་ཉེ་རིང་དང་གཉེན་ཚོ་བ་ཐམས་ཅད་ལྷན་དུ་འཛོམས་དུས་གྲོས་ཐོག་ལ་འཇོག་རྒྱུའི་བསམ་ཚུལ་བསྟན་ཡོད། ཚེས་བཅོ་ལྔའི་དུས་བཟང་གི་ཉིན་མོར་བར་བ་རྣམས་ཡང་བསྐྱར་གཉེན་ཚང་དུ་སླེབས་པ་དང་། ཐོག་མར་བླ་མ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་དང་གནས་འདིའི་ཡུལ་ལྷ་གཞི་བདག་ཀུན་ལ་མཆོད་བསྟོད་ཀྱི་ཁ་གཡང་བོས་པ་དང་། བུ་མོའི་ཕ་མ་གཉིས་ཀྱིས་བུ་མོའི་ནུ་རིན་དང་གཡུ་བྱུར་རྒྱན་ཆ་སོགས་ཅི་འདྲ་དགོས་མིན་གྱི་གྲོས་ལ་དངོས་སུ་ཞུགས་པ་རེད། བུ་མོའི་ཨ་མས་དང་པོར་བུ་མོའི་གནས་ཡུལ་གྱི་བསྔགས་པ་དང་གཉེན་གྱི་དགེ་མཚན་བརྗོད་དེ་དེང་སང་གི་དུས་སུ་སྟག་གཟིག་གི་པགས་པ་སོགས་མི་དགོས་མོད། གསེར་དངུལ་གྱི་སྐེ་རྒྱན་དང་གོར་ཚར་གོས་ལྭ་སོགས་མ་བུ་མོས་སྨོན་པ་འཆོར་ནི་ཞིག་དང་སྟག་ཤ་རའི་མྱི་ཁ་ཆོད་ནི་ཞིག་ངེས་པར་མཁོ་ཚུལ་བརྗོད་ཡོད། བར་བས་ཀྱང་གསེར་དངུལ་དང་གྱོན་ཆས་ཀྱི་སྟ་གོན་ཅི་འདྲ་བྱས་ཡོད་ཚུལ་སོགས་སྨྲས་ཏེ་སེམས་ཅན་ཀུན་དང་མཐུན་པ་ཞིག་བྱས་ན་ནང་རུ་སྡེའི་དཔེ་སྲོལ་མཐུན་པ་དང་། དེང་གི་འགྲོ་ཕྱོགས་དང་མཐུན་པ་ཞིག་བྱས་ན་བཟང་རབས་རྒྱན་རབས་སོགས་བཤད་ཡོད་པ་རེད། དེ་ནས་གཉེན་སྟོན་གྱི་ཉིན་མོ་དང་ཨ་ཞང་གི་མང་ཉུང་སོགས་རིམ་པ་བཞིན་ཐག་གཅོད་བྱས་ཡོད་པ་དང་། དེ་ནས་གཉེན་ཚང་གིས་ཀྱང་དེང་གི་འགྲོ་ཕྱོགས་ལྟར་དཀར་ཟས་ཀྱི་སྟོན་མོ་བྱེད་དགོས་པ་དང་ཇ་ཆང་དུ་བ་སོགས་མང་པོ་མི་དགོས་ཚུལ་བརྗོད་དེ་གྲོས་མཇུག་བསྡུས་ཡོད།
- Mangra
- གན་ན་སྐྱ་མི་འགའ་ཡོང་བཞིན་པ་མཐོང་ངམ།
- སྔུན་ལ་བུད་ནས་ལྟོས་དང་།
- དེ་བ་ཚང་ཡིན་རྒྱུ་རེད། ཡ་ཡ།
- དེ་མིན་ན་སུ་ཡིན།
- ཡ་ཨ་མྱེས་སྐལ་ཐར་ཁྱོད་བདེ་མོ་ཡིན་ནམ།
- བདེ་མོ་ཡིན་མོད་ཁྱོད་ཀྱིས་ང་མི་བདེ་བར་གཏད་འདུག
- རེད་རེད།
- ཁྱོད་ལ་ཁག་མེད་ཀི།
- ཁྱོད་ཡོང་དོན་ཅི་ཞིག་ཡིན།
- ངས་ཚིག་མགོ་མར་དབུ་ཁྲིད་འཇོག་དུས།
- ངས་སྐྲ་ལན་བུར་ལན་མགོ་ལེན་དུས།
- ཐོག་དང་པོར་ངས་ཁྱོད་ཁ་གསལ་བོ་བྱས་ཡོད།
- ལག་པ་རྩེབས་སུ་བཞག་ཡོད།
- བྱིས་པ་འདི་གཉིས་རང་དབང་རང་འཐད་རེད།
- ཉིན་ཞིག་ཁྱོད་ཕ་མ་གཉིས་མི་བདེ་བར་གཏོད་རྒྱུ་རེད་ཅེས།
- ངས་ཁྱོད་ལ་མོ་རྩིས་ལུང་བསྟན་བརྒྱབ་ཡོད།
- ང་ལ་ཡང་ད་ནངས་བརྡ་ཡོང་ཐལ།
- ངེད་ཚང་གི་བུ་ཡིས་བུ་མོ་ཁྲིད་བྱུང་ཟེར།
- ཁྱོད་གཅིག་འགྲོ་དགོས་ཟེར།
- ཨ་རོད་་་རྒད་པོ་དེ་རྒན་རྒོན་གཉིས་ཀྱིས་མི་སྟེར་ཟེར་བཞིན་འདུག
- ཁོང་གཉིས་ལ་དེ་གཅིག་པུ་ལག་འོག་ལ་མེ་འབུད་མཁན་དང་།
- ལག་ཐོག་ལ་ཆུ་ལྡུག་མཁན་ཡིན།
- ཁོང་གཉིས་ཀྱིས་མི་ཞིག་ལ་མི་སྟེར་ཟེར།
- གཞན་རྣམས་ཡར་མར་ལ་བྱིན་རུང་དེ་ནི་ཁོང་གཉིས་འཆི་ས་བརྟེན་ས་བྱེད་རྩིས་ཡིན་མོད།
- ཡ་ད་་་དེ་རིང་བཀོད་པ་མེད་ན་ང་གཅིག་འགྲོ།
- དེ་རིང་དེ་ངའི་ཐོག་ལ་རྒྱུགས་ནའང་ཐང་མོད།
- རྒྱུགས་རུང་གང་ལྟར་ང་འགྲོ་དགོས་པ་རེད།
- དེ་ལྟར་བཤད་དགོས་པ་རེད་ལ།
- དེ་ལྟར་ངས་ཁྱོད་དེ་སྔོན་བཤད་པ་དེ་ཡིན།
- རེད་རེད་་་གོ་སོང་།
- ཁྱོད་ཀྱི་དབུགས་ཁ་སྟོད་ལ་མ་འཚང་།
- བུ་མོ་འགྲོ་རྒྱུའི་འཆར་གཞི་རྩ་བ་ནས་མེད་མོད།
- ཁྱེད་ཚང་གིས་ཞིམ་པོ་མངར་མོ་བྱས་ནས་ཁ་མངར་ཏེ།
- ལག་ཁྲ་ཁྲ་མ་ཞིག་བསྟན་ནས་སེམས་འཕྲོག་སྟེ།
- འདི་ལྟར་ངའི་བུ་མོ་ཁྱེད་ཚང་གིས་ཁ་གཡོག་མགོ་གཡོག་བྱས་ནས་ཁྲིད་པ་ཡིན།
- ངེད་ཚང་གི་བུ་མོར་འགྲོ་རྒྱུའི་བསམ་པ་མེད་མོད།
- ཁྱེད་ཚང་གིས་འདི་ལྟར་བྱས་ནས།
- ཁྱེད་ཚང་ཕྱུག་པོ་ཡིན་པ་རེད།
- ཁྱེད་ཚང་དེ་ཡིན་པ་དང་ང་མེད་པོ་ཡིན་པ་རེད།
- ངའི་བྱིས་རྒན་མ་ཁྱེད་ཚང་གིས་ཁ་གཡོག་མགོ་གཡོག་བྱས་ནས་ཁྲིད་མོད།
- ཡ་ད་སོང་ནས་བུ་མོ་ཁྲིད་ནས་ཤོག
- དེ་ལྟར་བྱེད་དགོས་པ་རེད་དམ།
- རྒན་མོ། བུ་མོ་ཁྲིད་ནས་ཡོང་དགོས་པ་རེད་དམ།
- ཁྲིད་ནས་ཡོང་སྟེ་ས་རིལ་རྡོ་རིལ་དེ་འདྲ་བྱས་ནས་ཅི་བྱེད།
- དེས་འུ་གཉིས་ཐེངས་གཅིག་ལ་འཕང་པས་ཆོག་གི
- ཡང་དང་ཡང་དུ་དེ་ལྟར་བྱས་ན་དེ་ཡང་དང་ཡང་དུ་བུད་སོང་ན་བཀོད་པ་མེད་ཀི།
- དེ་ཤི་སོང་བ་མ་རེད་གནས་ལ་བུད་སོང་བ་རེད།
- ཁྱོད་ལ་གསལ་ཏེ་ཁྱོད་ངའི་ཐོག་ལ་ཁོང་ཁྲོ་མ་ལངས།
- དེ་མ་གཏོགས་ཨ་ཁུ་བར་བས་ཀྱང་འདང་ཞིག་རྒྱོབ་དང་།
- ས་ཁ་ཐག་རིང་བ་རེད།
- དེ་རིང་ཁྱོད་ཀྱིས་དེ་འདྲ་གསུང་མི་ཉན།
- ང་ཚོའི་བར་ན་གང་ལྟར་ཉིན་ལམ་ཞིག་ཡོད་ཀི།
- ཁ་ཐག་རིང་བ་རེད།
- ང་དེ་ལྟར་ཐོན་པ་མ་རེད།
- ང་མི་ལོ་ལོན་རེད།
- གང་ལྟར་ཐོན་པ་མ་རེད།
- འུ་གཉིས་ཀྱིས་བཤད་དུས་སྟེ།
- ང་ཁྱེད་ཚང་གི་སྒོ་ཁར་བུད་ནས་གོ་ཁར་བཙོག་དུས་ཚེས་གསུམ་ཉིན་རེད།
- དེ་ནས་ད་བར་དུ་ཉིན་ཅང་མ་འགོར།
- དེ་རིང་ལ་མཚོན་ན་དྲུག་པའི་བཅུ་གཅིག་རེད་རེད།
- མདང་དགོང་ཁྲིད་པ་རེད།
- གང་ལྟར་ངས་བཤད་པའི་ཐོག་ལ་འགྲོ་ཡ།
- ངས་དྲུག་པའི་བཅོ་ལྔའི་ཉིན་ང་ཚོས་གྲོས་ཤིག་བྱེད་ཅེས་བཤད་པ།
- མགོ་རིལ་རིལ་བྱས་ནས་གྲོས་བྱོས།
- ཁྱེད་ཚང་ལའང་ཕ་ངོ་རིང་རིང་ཐུར་ཐུར་ཡོད་ཀི།
- མ་ངོ་རིང་རིང་ཐུར་ཐུར་ཡོད་ཀི།
- ཁྱེད་ཚང་ལ་མཚོན་ན་གོར་གོར་བྱས་ན་དཀྱིལ་ན་ཡོད་པ།
- གཤར་གཤར་བྱས་ན་མགོ་ན་ཡོད་པ།
- ཁྱེད་ཚང་ཚོན་པོ་རང་གྱུར་རེད་ལ་རྒྱ་མ་རང་བཏེགས་རེད།
- དེ་ནས་ང་བོད་ཀྱི་བར་བ་ཟེར་བ་འདི།
- ངས་ས་ནག་པོ་འདོམ་ལ་འཇལ་ནས།
- སྤྲིན་དཀར་པོ་ཐོད་ལ་བཞག་ནས།
- ངས་རྟ་མགོ་བར་ཐོང་རྔུལ་བྱས་ནས།
- ང་ཁྱེད་ཚང་ལ་ཡོང་གོ་ཁར་བཙོག་ན།
- ཐོག་དང་པོར་ཡང་ང་ཁྱེད་ཚང་གི་དངུལ་གྱི་ཐོད་ལ་མཇལ་དུ་ཡོང་བ་རེད།
- གསེར་གྱི་ཀ་བ་ལ་ང་འཁེན་དུ་ཡོང་བ་རེད།
- ཁྱོད་ཀྱིས་བསམ་བློ་བཞི་གསུམ་བཅུ་གཉིས་ཐོངས།
- འདང་སུམ་ཅུ་སོ་གཅིག་རྒྱོབ།
- གང་ལྟར་བཅུ་གཅིག་གི་ཉིན་དེར་ཁྱེད་ཚང་གིས་ཀྱང་མི་རི་ན་ཡོད་ན་ཆོག་གི།
- ཡུལ་ན་ཡོད་ན་ཆོག་གི།
- གང་ལྟར་ཤ་ཁྲག་སྟོང་གསུམ་ཡིན་ན་ཆོག་གི།
- གང་ལྟར་འདི་ཐམས་ཅན་ཁྱེད་ཚང་གིས་ཀྱང་བོས་ནས་ཞོག
- རི་མར་རིག་ཏུ་བཅུག་ཆུ་མར་གོ་བར་བྱོས།
- ངས་སང་ཉིན་བུ་མོ་ཁྱེད་ཚང་ལ་སྤྲོད།
- འདི་ངས་ཁས་བླངས་པ་ཡིན།
- དེ་ན་དེའི་བར་དེ་ནས་ཁྱེད་ཚོས་བུ་མོ་ལ་སློབ་གསོ་བཏང་ནས་ཡ་ཞེས་བཤད་ཚེ་ཅི་བཤད་རྒྱུ།
- མིན་ན་འུ་ཚོས་ཐག་གཅོད་དགོས་པ་རེད།
- ངས་སང་ཉིན་བུ་མོ་ཁྲིད་ནས་ཡོང་།
- དེ་རིང་འུ་གཉིས་ལ་ཁ་བརྡ་མང་པོ་མེད་ཀི།
- དེ་ན་ངས་སང་ཉིན་བུ་མོ་ཁྲིད་ནས་ཡོང་།
- རྒད་པོ་་་བུ་མོ་ཁྲིད་ནས་ཡོང་བཞིན་འདུག
- ད་ཡོང་དུ་བཅུག་ཡོང་དུ་བཅུག
- ཡོང་རྗེས་བུ་མོའི་བསམ་འཆར་ལེན་དང་།
- ཁྱོད་ཀྱིས་སྡུག་ནས་མ་ལེན།
- སེམས་ལྷོད་ལ་བབས་ནས་ཤོད་དང་ཁ་མ་ཉན་ན་བཀོད་པ་ཡོད་པ་མ་རེད།
- སྡུག་རྒྱུ་མ་རེད།
- བུ་མོ་རང་གིས་བཙལ་ནས་བུད་སོང་ན་འུ་གཉིས་ཀྱིས་ས་རིལ་རྡོ་རིལ་བྱས་ནས་ཅི་བྱེད་མོད།
- མོ་མ་གཞི་ནས་གནས་ལ་འགྲོ་བའི་བུ་མོ་མིན།
- ཁོ་ཚང་གིས་དེ་ལྟར་བྱས་པ་རེད།
- དེ་བས་ཡོང་ན་བལྟ།
- ཨ་མྱེས་སྐལ་ཐར་ཁྱོད་ཁོང་ཁྲོ་ལངས་མེད་དམ།
- ལངས་མེད་ལངས་མེད།
- ཐུགས་བརྒྱ་བཞེང་མེད་དམ།
- མེད་མེད་མེད།
- ང་ཡང་ཐག་རིང་བ་རེད།
- ཁྱོད་ལ་ཡང་ཁག་མེད་ཀི།
- དེ་རིང་གནངས་ཀ་རྫ་མགོ་ན་ཡོད་པའི་སྟབས་ཀྱིས།
- རྐང་ལམ་ནས་ཡོང་ན་སྐོར་བ་རེད།
- རླངས་འཁོར་མི་ཡོང་གི།
- འདི་བ་ཚང་རྫ་མགོ་ཞིག་ན་ཡོད་པས།
- དེ་བས་རྟ་རྒན་ཚོ་བཟུང་ནས་དེ་ལྟར་བྱས་ན་འགོར་སོང་མོད།
- ཁྱོད་ཐུགས་བརྒྱ་བཞེང་མི་ཉན།
- ཐུགས་བརྒྱ་བཞེང་བ་མ་རེད།
- ཁྱོད་ཀྱང་དངོས་གནས་བཤད་ན་བར་བ་དྲིན་ཆེན་ཡིན་པ་རེད།
- ཁྱོད་འདི་ལྟར་ས་ཐག་རིང་བོ་ནས།
- ཁྱོད་ཀྱིས་འདི་ལྟར་རྟ་མདོ་བར་ཐོང་རྔུལ་བྱས་ནས།
- འདི་ལྟར་ཡོང་བ་ནི་ངེད་ཁ་གཉིས་ཀྱི་བྱིས་པའི་དོན་དག་འདི་ཨེ་འགྲིག་བསམ་ནས།
- འདི་ལྟར་ཁྱོད་ཀྱང་དེ་རིང་ཡོང་བ་རེད།
- ང་ལ་ཡང་ངོ་མས་བཤད་ན་བུ་མོ་འདི་ཅིག་ལ་སྟེར་བའི་བསམ་པ་འདུན་པ་མེད་མོད།
- བཅོ་ལྔའི་ཉིན་ལ་འུ་གཉིས་ཀྱིས་དངོས་གནས།
- འུ་གཉིས་ཀྱིས་བརྒྱ་བཤད་པ་བརྒྱད་ལ་གཏུག་ནས་བརྒྱད་པོ་ནང་ནས་གཅིག་ལ་གཏུག་ནས།
- ང་ཡང་སོང་ནས་རི་མར་རིག་ཏུ་བཅུག་ནས་ཆུ་མར་གོ་བར་བྱས་ནས།
- ང་བྱ་མདོ་བོན་པོ་ཚང་གི་སྐལ་ཐར་ཟེར་ན།
- རྩ་བ་མེད་པའི་ལོག་ལོག་ཅིག་མ་རེད།
- ང་རྩེ་མོ་མེད་པའི་སྡེར་སྡེར་ཞིག་མ་རེད།
- ང་ལ་བཤད་ས་འདྲི་ས་བློ་གཏོད་ས་ཨ་ཁུ།
- ང་ལ་གྲོ་སློང་ས་ཆོས་རྒན་ཡོད་མོད།
- ངས་འདི་དག་ཚང་མ་ལ་རི་མར་རིག་དང་ཆུ་མར་གོ་བར་བྱས་རྗེས།
- ཁྱོད་བཅོ་ལྔའི་ཉིན་དེར་སྐོར་ཞིག་བརྒྱབ་ན་འུ་གཉིས་ཀྱིས་ཅི་ཞིག་བྱེད་དགོས་བལྟ།
- ང་དེ་རིང་འདི་མ་གཏོགས་གཞན་བཤད་རྒྱུ་མེད།
- རྒན་མོ་ཡང་གན་ན་ཡོད་ཀི།
- བུ་མོ་ལ་ཡང་མོས་དྲིས་ཡོད་རྒྱུ་རེད།
- བུ་མོའི་བསམ་འཆར་བླངས་ན་བུ་མོས་ཨ་ཡ་་་ཨེ་སྟེར་གི།
- ཨ་ཡ་མི་སྟེར་གི།
- ཁ་གཅིག་ཀྱང་མི་གྲགས་ཀི།
- འགྲོ་རྒྱུ་ཡིན་ཁ་རེད།
- ཁྱེད་ཚང་གིས་བུ་མོ་ལ་མངར་མོ་བཤད་ནས་ཁ་མངར་ནས།
- ཁྲ་ཁྲ་རིག་རིག་བསྟན་ནས་མིག་འཕྲུལ་དུ་བཅུག་ནས།
- དེ་ལྟར་བྱས་པ་ཡིན་རྒྱུ་རེད།
- ཁ་མི་གྲགས་པས་འགྲོ་རྒྱུ་ཞེས་པ་ཡིན་རྒྱུ་རེད།
- ཅི་ཞིག་བྱེད་དགོས་པ་རྒན་པོར་གསལ།
- རེད་རེད།
- བླ་མ་ཡི་དམ་སངས་རྒྱས་བྱང་སེམས།
- དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ།
- ཡུལ་ལྷ་གཞི་བདག
- སྐྱབས་རེ་ས་བཀའ་བཙན་གྱི་བདག་པོ།
- རང་སྐྱོང་གོང་མ་རྒྱལ་མོ་གླིང་ས་ཕ་མ་གན་གི།
- ས་བཅུ་བ་ཐོབ་པའི་སངས་རྒྱས་ལྔ་བརྒྱ་ལྔ་བཅུ།
- རྨ་མགོ་སྟོང་དང་ལྔ་བརྒྱ་རྨ་ཕྲུག་སུམ་བརྒྱ་ལྔ་བཅུ།
- ས་འདིའི་ས་བདག་གནས་བདག
- ས་འདིའི་ཡུལ་ལྷ་གཞི་བདག
- ཆུ་ཆེན་གྱི་ཁ་ན་བཞུགས་པ།
- བདེ་ཆེན་གྱི་གྲོང་ན་བཞུགས་པ།
- གཞོལ་ལག་གཉིས་ཀྱི་ས་མཚམས་ན་བཞུགས་པའི།
- གང་ལྟར་དེ་རིང་ཁྱེད་ཚང་ལ་མཚོན་ན་ཁྱོད་བྱ་མདོ་བོན་པོ་ཐར་ཤུལ་ཚང་།
- ཁྱེད་ཚང་ལ་སྟག་འདུས་ནགས་འདུས་བྱས་འདུག
- ཁྱེད་ཚང་གིས་ཀྱང་ཁ་གྱི་ལོ་མ་ནས་གསུང་རིལ་བུ་མ་ཞིག་བརྗོད་ནས།
- རི་མར་རིག་ཏུ་བཅུག་འདུག་ལ་ཆུ་མས་གོ་བར་བྱས་འདུག
- དེ་བས་ཁྱེད་ཚང་གིས་ཀྱང་ཐུགས་གསུམ་ཞིག་བཏང་ནས།
- ཁྱེད་ཚང་ལ་དེ་རིང་ཕ་ངོ་རིང་རིང་ཐུར་ཐུར་ཡོད་ཀི་མ་ངོ་རིང་རིང་ཐུར་ཐུར་ཡོད་ཀི།
- ང་བར་བ་རྒད་པོ་ལ་སེམས་ལ་འཛིན་རྒྱུའི་ཚིག་ཅིག
- ང་རུམ་ལ་འཛིན་རྒྱུའི་བྲོ་ལ་ཅི་ཞིག་དགོས་པ་རེད་ཟེར་ན།
- ས་ཆ་རེ་ན་དཔེ་ཡོད་ཀི།
- ལུང་བ་རེ་ན་ཆུ་ཡོད་ཀི།
- ཁྱེད་ཐར་ཤུལ་ཚང་གི་བུ་མོའི་རྒྱབ་གོན་འདོགས་ཟེར་ན་ཆོག
- ཁོ་ཚང་གི་རེ་བ་རེད།
- བྱིས་པ་ཚོ་རང་བཞིན་དུ་བཞག་ནས་ཅི་བྱེད།
- ཐུང་ཐུང་རྔ་མ་ལྕགས་ལ་འདུད།
- དེ་རིང་མ་བྱིན་གལ་ཆེན་ཡིན་ལ།
- བྱིན་པའི་ཉི་མ་གོང་རོལ་འདི་ལ།
- ཁྱེད་ཚང་གིས་གཅིག་ན་གོན་འདོགས་ཀྱི་རྒྱུ་མཚན་བཤད་དགོས།
- གཉིས་ན་རྟགས་སྟོན་མོ་ཡི་ཆེ་ཆུང་བཤད་དགོས།
- ཁྱེད་ཚང་གིས་ང་ལ་འདི་གཅིག་བཤད་ན།
- ངས་ཀྱང་ཕྱིར་སོང་ནས་བོན་སྐོར་དཔོན་ཚང་ལ་འདི་ལྟར་བཤད་ནས།
- ངས་མཉེས་པའི་པགས་པ་མཉེས་ལེགས་བྱེད་པ་རེད།
- གང་ལྟར་ང་ཚོར་གཉེན་གྱི་རིགས་ལ་དཔེ་ཡོད་པ་རེད།
- ས་འཛིན་ཐང་ན་ལམ་ཡོད་པ་རེད།
- ཁྱེད་ཚང་གི་བུ་མོ་འདི་ཡང་སྨུག་པོ་མཆེད་པའི་གདུང་རྒྱུད་རེད།
- གཡུ་མཚོ་མཆེད་པའི་ར་ལག་རེད།
- བོན་སྐོར་དཔོན་ཚང་ལ་མཚོན་ནའང་།
- འདིའི་གྲོ་ཤུལ་གྲོ་སྐྱེས་ཡོད་ལ་ནས་ཤུལ་ན་ནས་སྐྱེས་ཡོད།
- མི་ཡིན་ན་འགྲིག་གི་འཕྲོད་ཀི་ཞེས་བཤད་འདུག
- ལོ་བཏབ་ན་སྐྱེས་ཀི་འཁྲུང་གི་ཞེས་བཤད་འདུག
- ཁོ་གྲོགས་པོ་བཟང་བོ་ཤེལ་དཀར་གྱི་མེ་ལོང་ཡིན་ཟེར།
- གང་ལྟར་ས་གནས་ཀྱི་མཆོད་རྟེན་འདྲ་བོ་རེད།
- ཁོ་ཚང་ལ་མཚོན་ན་རྩ་བ་གཏུག་ས་ཀླུ་ཡུལ་ཡིན་ཟེར།
- རྩེ་མོ་ལྷ་སའི་སྡེ་བརྒྱད་ཡིན་ཟེར།
- འདི་རྟ་བདག་དགུང་སྔོན་གནམ་ན་ཡོད་ཟེར།
- གོས་ཐམ་ག་གོར་མོ་སྣོད་ན་ཡོད་པ་ཞིག་ཡིན་ཟེར།
- འདི་ལྟར་བཤད་བཞིན་འདུག
- གང་ལྟར་ངེད་ཚོའི་ཕ་རིང་གི་མངའ་ཐང་བཤད་ན།
- འདིའི་སྨུག་པོའི་གདུང་རྒྱུད་ཆད་མ་མྱོང་།
- མ་རིང་གི་མངའ་ཐང་བཤད་ན།
- གཡུ་མཚོའི་ར་ལག་སྐམ་མ་མྱོང་བ་རེད།
- ཁོ་ཚང་དེ་འདྲ་རེད།
- དེ་རིང་གནངས་ཀ་དུས་སྐབས་ཀྱི་བྱ་བ་ཡིན་མོད།
- སྔ་མོའི་རིང་ལ་མཚོན་ན།
- ལྔ་བཅུ་ལྔ་བརྒྱད་ལོའི་ཡར་སྔོན་ལ་སོང་ན་ང་ཚོར་འདི་ལྟར་དུ་བཤད་རྒྱུ་ཡོད།
- འདི་སྟག་སྟག་ཁྱུ་ན་ཡོད་དུས་ཐིག་ལེ་ཁྲ་ལམ་མེར་ཡོད་ཀི།
- འབྲོང་འབྲོང་ཁྱུ་ན་ཡོད་དུས་འབྲོང་ར་སྨུག་གེར་སེ་ཡོད་ཀི།
- ཁོ་ཚང་དེ་འདྲ་ཞིག་རེད།
- ཡིན་ཡང་ཁ་སང་དེ་རིང་འདི་འདྲ་མིན་མོད།
- གང་ལྟར་འདི་ཚང་ལ་གཟུགས་ཆེན་གྱེན་ལ་སྐྱེས་རྒྱུ་ཡོད་ཀི།
- གཟུགས་ཆུང་མཐའ་ལ་འདལ་རྒྱུ་ཡོད་ཀི།
- འདི་གང་ལྟར་མ་རྒན་ལྷག་ཆད་ཅིག་མ་རེད།
- འདི་ལ་ལུ་གུ་མང་པོ་ཡོད་ཀི།
- ང་ལྟར་ང་ཚོར་ཁང་མིག་སྟོང་ཚོ་གཉིས་ཡོད་ཀི།
- ཁྱིམ་ཚང་བཞི་བརྒྱ་དང་ལྔ་བཅུ་ཡོད་ཀི།
- དེའི་ནང་ནས་ཁྱོད་ཀྱི་བུ་མོ་འདི་བསལ་དོན།
- ཁྱོད་བལྟ་རྒྱུ་ཅན་གྱི་ཐོ་རུ་རེད།
- མི་རྒྱུད་ཅན་གྱི་བུ་མོ་རེད།
- རི་རྒྱུད་དེད་ནས་དཔའ་མཁར་བརྩིགས་པ་རེད།
- ཆུ་རྒྱུད་དེད་ནས་རང་འཐག་སྐོར་བ་རེད།
- མི་རྒྱུད་ལ་བལྟས་ནས་བསལ་བ་རེད།
- མི་ཡིན་ན་འགྲིག་གི་འཕྲོད་ཀི་ཞེས་བཤད་པ་རེད།
- ལོ་བཏབ་ན་སྐྱེས་ཀི་འཁྲུངས་ཀི་ཞེས་བཤད་པ་རེད།
- དེ་བས་ཁྱེད་ཚང་གིས་རྒྱབ་གོན་འདོགས་བཤད་ནས་ངའི་སེམས་ལ་དེ་ཞོག་དང་།
- ཤ་ཚ་བའི་ཚིག་ལ་སྙན་མོ་དང་ནད་དྲག་པའི་སྨན་ལ་ཞིམ་པོ་ཟེར་བ་བཞིན།
- ཁྱོད་ཀྱིས་འདི་ལྟར་སེམས་ཐོག་ལ་སེམས་བཞག་ནས།
- ཁྱོད་འདི་ལྟར་ཡོང་ནས་བཤད་ན་བདེན་པ་ཡིན་མོད།
- ངས་ཀྱང་བུ་མོ་འདི་གཅིག་ལའང་མི་སྟེར་ཞེས་དེ་ཉིན་ཡང་དེ་ལྟར་བཤད་པ་རེད།
- ཁྱོད་ད་ཐེངས་འདི་ལྟར་བུད་ཡོང་ན།
- བུ་མོ་ཡང་རང་དབང་རང་འཐད་བྱས་ནས་མོ་ལྡིང་ནས་བུད་སོང་།
- ལག་པས་ལམ་བཙལ་ནས་བུད་སོང་ན།
- ང་ཚོར་གཞན་བཤད་རྒྱུ་མེད།
- དེ་རིང་འདི་གཙོ་བྱས་ནས།
- ངེད་ཚང་ཡང་བོན་པོ་ཐར་ཤུལ་ཚང་ཟེར་ན།
- ཐར་ཤུལ་སངས་ཆེན་སྐྱེས་པའི་ཡུལ་ཞེས།
- འདི་ལྟར་བཤད་ན་ཕར་ཚུར་གཉིས་ལ་བཤད་རྒྱུ་ལུང་བ་གང་ཡོད་མོད།
- དེ་རིང་ཁྱོད་འདི་ལྟར་སྒོར་ཁར་བུད་ནས་གོ་ཁར་བཙོག་ན།
- ང་ཅང་བཤད་ཤེས་མཁན་ཞིག་མིན་མོད།
- མགོ་ནག་དཔེ་བརྒྱ་དཔེ་སྟོང་རེད།
- འདི་དཔེ་གང་ལ་ཞུགས་དགོས་ན།
- ང་ཡང་བཤད་ཤེས་མཁན་ཞིག་མིན་མོད།
- གང་ལྟར་འུ་ཚོས་གཅིག་བཤད་དགོས་ན།
- ངའི་བུ་མོའི་ཁ་མགོ་རྔ་ལ་ཅིག་བཅའ་དགོས།
- མིག་ཁྲ་རིལ་ཁ་ཅིག་ཕུད་དགོས།
- སྐྱང་སྐྱ་མོའི་ངོར་ཅིག་ཕུར་དགོས།
- འདི་ལྟར་བཤད་ན་ཅི་ཞིག་དགོས་ཟེར་ན།
- ཚ་རུ་ཟེར་བ་བཤད་མི་དགོས།
- དེའི་ཕན་ཆད་ནས་གློ་འདོགས་དང་བཞོ་བཟུང་བཤད་མི་དགོས།
- དེ་དག་ཁྱེད་ཚང་ལ་ལོས་ཡོད།
- སངས་རྒྱས་དང་རྒྱལ་བ་རིན་པོ་ཆེ་ཚང་མས་གསུང་བཞིན་པ།
- དེ་བས་འདི་རྣམས་ང་ཚོར་མི་འཛའ་བ་ཞིག་ཡིན་མོད།
- དེར་འགའ་རེ་འདོགས་དགོས་རྒྱུ་རེད།
- དེའི་ཕན་ཆད་ནས་བྱུ་རུའི་སྐེ་རྒྱདང་གསེར་གྱི་སྣ་ལུང་སོགས་ངས་བཤད་ཀྱིན་མེད།
- དེ་ཁྱེད་ཀྱི་གོ་ཁ་ནས་བཏགས་ཏེ་བསྣར་དགོས་པ་ཞིག་རེད།
- ཕྱུག་གི་དགེ་དང་ཕྱུག་གི་ནོམ་རེད།
- འདི་ངས་ཁྱེད་ཚང་ལ་བཀལ་བ་ཡིན།
- དེ་ན་ང་ཚོས་ཅི་བྱེད་དགོས་པ་དེའི་ཕྱོགས་ལ་ཡུན་གྱིས་སྤོས་ནས།
- ཉིན་བཟང་སྐར་བཟང་ཞིག་ལ།
- ཉིན་ཐོག་སྐར་ཐོག་ལ་འཇོག་དང་།
- ཁོ་ཚང་གི་སྐྱེས་རབས་ཀྱི་རྣམ་ཐར་སོགས་བཤད་བཞིན་འདུག
- བར་བ་ཡིས།
- དེ་བས་ང་ཚོས་མགོ་མཐོ་སར་བཏེགས་པ་རེད།
- འུ་ཚང་གི་བུ་མོས་གནས་འདེམ་ནས།
- བྱ་མདོ་བོན་པོ་ཚང་གི་མགོ་ན་ཡོད་པ།
- གོར་གོར་བྱས་ན་དཀྱིལ་ན་ཡོད་པ།
- གཤར་གཤར་བྱས་ན་མགོ་ན་ཡོད་པ་ཚང་ལ་བུད་སོང་བ་རེད།
- འུ་ཚང་གི་བུ་མོ་ཐར་ཤུལ་ཡིན་ན་ཁྱོད་ལ་ཕ་རིང་གི་མངའ་ཐང་བཤད་རྒྱུ་མེད་དམ།
- དེང་མ་ཐར་ཤུལ་སངས་ཆེན་སྐྱེས་བའི་རིང་ལ།
- དགྲ་ནག་འཆམ་ལ་ཕབ་ནས།
- སྡེ་བརྒྱད་དབང་དུ་བསྡུས་ནས་དེ་ལྟར་སོང་བ་ཞིག་རེད།
- དེ་ནས་བུ་མོ་དགེ་བཤེས་ཟེར་ན།
- ས་ཆ་བྱ་མདོའི་དགེ་བཤེས་ཟེར་ན།
- མཚན་སྙན་གྲགས་དབུས་གཙང་ཡུལ་ལ་གྲགས་པ།
- འབྲུག་ལྡ་ལྡུར་དགུང་སྔོན་གནམ་ལ་གྲགས་པ།
- ཆོས་བཏོན་ནས་སྟོང་ཉིད་མཐའ་ལ་ཕུད་ནས།
- གཏམ་བཤད་དེ་སྲིད་པ་མགོར་འཕེན་པ།
- དེ་འདྲ་ཞིག་མིན་ནམ།
- དེང་སང་འཇིག་རྟེན་འདི་ན་མི་བཞུག་མོད།
- སེམས་ཅན་གྱིས་རིག་ན་ཐར་མོ་སྦྱར་ནས་མིག་ཆུ་ཤོར་བ་དེ་འདྲ་སྐྱེས་པ་རེད།
- དེ་བས་འུ་ཁ་གཉིས་སྟག་ཉེ་གཟིག་ཉེ་ཡིན་པ་རེད།
- སྟག་ཉེ་གཟིག་ཉེ་ཡི་ཚོད་ཀྱི་ཁ་མགོར་རྔ་ཞིག་བཅའ་དགོས།
- རྒྱལ་བ་རིན་པོ་ཆེ་ཟེར་ན་དགུང་གི་ཉི་མ་རེད།
- རྒྱལ་བ་པན་ཆེན་གཉིས་ཀ།
- རྒྱལ་བ་རིན་པོ་ཆེ་ཡིས་གསུང་བཤད་གནང་ནས་དེང་སང་གསེར་མ་འདོག་ཅེས།
- རི་དྭགས་རྩ་ཆེན་གྱི་པགས་པ་མ་གོན་ཞེས།
- འདི་ལྟར་གསུང་འདུག་མོད།
- དེ་བས་ཅུང་ཙམ་མི་འདྲ་བ།
- སེམས་ཅན་བརྒྱད་སྡེ་ཡིས་མི་འཕྱ་བ་དང་མི་སྨོད་པ།
- འདི་ཁ་ཉེ་སྟག་ཉེ་གཟིག་ཉེ།
- བོན་པོ་ཐར་ཤུལ་ཚང་དང་དཔོན་ཚང་གཉིས་ཀྱིས་གཉེན་བྱས་ན།
- ཨ་ལ་ལ་བལྟ་རྒྱུ་ཡོད་ཀི།
- བུ་མོ་གན་གི་ཁ་མགོར་རྔ་ཡག་གི་ཞེས།
- ཤོམ་རེད་ཅེས་བཤད་པ་ཞིག་བཅའ་དགོས།
- ང་རྒན་མོ་ཞིག་གིས་སྐད་ཆ་བཤད་ན་གོང་ལ་འགྲོ་བ་མ་རེད་མོད།
- མིན་རུང་སེམས་ལ་བཞག་པ་ཡིན།
- སང་ཕྱིན་ཆད་དེ་རིང་ནས་བཟུང་བུ་མོ་འདི་ཁྱེད་ཚང་ལ་བྱིན་པ་རེད།
- ཁ་སྐྱིད་སྡུག་གི་ཕྱོགས་ནས་བུ་མོ་འདི་ང་ཕ་མ་གཉིས་ཀྱི་རྩིབ་ན་ཡོད་པ་བཞིན།
- བསམ་པ་དེ་འཛིན་དགོས།
- སང་ཕྱིན་ཆད་དེ་ཚང་མནའ་མར་བཟང་གི་ཟེར་བ།
- དེ་ཚང་མནའ་མར་གཅེས་ཟེར་བ།
- མནའ་མ་དེས་ཨ་ནེ་དང་ཨ་མྱེས། སྐྱེས་པ།
- རོགས་རོགས་ཁྱིམ་མཚེས་ཐམས་ཅད་ལ་བྱམས་ཟེར་བ།
- བུ་མོ་ཡང་དེ་འདྲ་ཡིན་དགོས་ལ།
- ཨ་ནེ་ཨ་མྱེས་སོགས་གནས་ས་ཚང་ཡང་དེ་འདྲ་ཡིན་དགོས།
- དེ་ང་ཚོས་སྔོན་ལ་བཤད་ན་བཟང་གི།
- དེ་ལྟར་བྱེད།
- ཅི་ལྟར་བྱེད་དགོས་པ་རྒད་པོས་ཀྱང་བཤད་སོང་།
- བྱུ་རུ་ཡིན་ནའང་ཅུང་ཙམ་རགས་པོ་སྐྱ་མ་གཉིས་ནས་གསུམ།
- སེམས་ཅན་གྱིས་གང་ནས་ཡིན་རུང་།
- མ་ཕར་རོལ་ཚུར་རོལ་མཚོ་གཡས་རུ་གཡོན་རུ།
- ས་མ་གཞིའི་སྡེ་བ་བརྒྱད་པོ་གོང་འོག་ན་འདི་འདྲ་ཡོད་ཀི།
- འདི་འུ་ཚང་གི་བུ་མོ་ལའང་དགོས་པ་རེད།
- གསེར་གྱི་རྣ་ལུང་ཁྱེད་ཚོས་གྲོས་བྱོས།
- འདི་ན་མི་ཁྱིམ་གང་ཡོད་པ་འདི་ཚང་མས་གྲོས་བྱོས།
- དེ་མིན་ད་དུང་རྒྱབ་ལ་འདོག་རྒྱུ་དང་གོན་རྒྱུ་གོས་སེར་གོས་ལྭ་དེ་ཚང་མ་རེད།
- ང་ལ་བཤད་རྒྱུ་ཡོད་པ་དེ་འདྲ་རེད།
- ད་གོ་སོང་།
- ཁོ་ཚང་གིས་ང་བར་གྱི་བར་བར་ཁྲ་མ་སྤྲད་ཚུལ་ངས་ཁྱེད་ཚང་ལ་གཅིག་བཤད།
- གོང་ཐང་ཡིན་ནའང་དེ་རེད།
- དེང་སང་སྒོར་མོ་ཁྲི་བཤད་པའི་ས་ཡང་ཡོད་ཀི།
- སྟོང་བདུན་རེ་བརྒྱད་རེ་བཤད་པའི་ས་ཡང་ཡོད་མོད།
- སངས་རྒྱས་ཀྱི་གསུང་བཤད་དེ་དག་ལ་ཉན་ནས་དེ་ཙམ་ཞིག་ཤོད་ཅེས་པ་དེ་ཡིན།
- གང་ལྟར་བོན་སྐོར་དཔོན་ཚང་གིས་ཀྱང་།
- ཕ་ཤུལ་བུ་མོ་ལེན་རྒྱུ་ཞིག
- གྲོག་སྒམ་ལ་བརྩིག་རྒྱུ་ཞིག
- དེ་རིང་བུ་མོ་སློང་བྱེད་ཀྱི་སྟེང་ནས།
- ང་ཚོའི་ས་ནག་ཐང་ན་ལམ་ཡོད་ཀི།
- མགོ་ནག་བོད་ལ་དཔེ་ཡོད་ཀི།
- བླ་མ་རྣམ་གསུམ་གྱི་གསུང་ཡོད་ཀི།
- དེ་དག་ལ་དཔེ་བྱས་ནས་ཆེ་ཆེ་ཆུང་ཆུང་དུ་བྱས་ནས།
- ཆུང་ཆུང་བསྡུ་མ་བྱས་ནས་བསྡད་དེ།
- ཅི་ལྟར་བྱེད་དགོས་ཟེར་ན་སྡེ་རྒྱས་ཚོ་རྒྱས་བྱས་ནས་བསྡད་དེ།
- རྨ་ཕར་རོལ་ཚུར་རོལ།
- མཚོ་གཡས་རུ་གཡོན་རུ།
- སྐྱེས་རབ་འབྲིང་མཐའ་གསུམ།
- གང་ལྟར་གོང་འོག་བར་གསུམ་ན་ང་ཚོར་དཔེ་ཡོད་ཀི
- དེའི་སྟེང་ན་ཅི་ལྟར་བཤད་ཀྱིན་འདུག་ཟེར་ན།
- རྟགས་དང་སྟོན་མོ་ཆུང་ཆུང་བྱས་ནས།
- ཁ་རྒྱུ་གོན་རྒྱུ་ཉུང་ཉུང་བྱས་ནས་འདི་ལྟར་བྱེད་དགོས།
- གང་ལྟར་བོན་སྐོར་དཔོན་ཚང་ལ་མཚོན་རྒྱུ་ན།
- ཞོ་ཡི་རུ་མ་ཡིན་ལ་ས་འཛིན་གྱི་སྔ་བ་རེད།
- དེའི་སྟེང་དེ་ནས་གང་ལྟར་མི་བྱ་མིག་གིས་རིག་པ།
- མི་སྐད་རྣ་ཡིས་གོ་བ།
- གང་ལྟར་དཔོན་ཚང་ཐར་ལེ་རྒྱལ་ལ་མཚོན་ན།
- གང་ལྟར་རི་མགོ་ཡི་ལབ་ཙེ་རེད།
- སྡེ་མགོ་ཡི་དཔོན་པོ་རེད།
- འདིའི་སྟེང་ནས་ཆེ་ཆེ་ཆུང་ཆུང་བྱེད་རྒྱུ་དང་།
- ཆུང་ཆུང་བསྡུ་མ་བྱེད་དགོས་པའི་རྒྱུ་མཚན་འདི་བཤད་པ་ཡིན།
- དེ་བཤད་ན་དེ་རིང་འདི་ན་སློང་བྱེད་ལ་སྒོར་ལྔ་བརྒྱ་ཡོད་ཀི།
- ཆང་སྒམ་གང་ཡོད་ལ་ཕྲུག་བཟོ་མགོ་ཞིག་ཡོད་ཀི།
- དེའི་ཕན་ཆད་ནས་གོས་ཤིག་ཡོད་ཀི།
- གང་ལྟར་རིན་ཆེན་གོང་ཐང་གི་སྟེང་ནས་སྒོར་སྟོང་གསུམ་ཡོད་ཀི།
- དེའི་ཕན་ཆད་ནས་སྒོར་སྟོང་ལྔ་ཡི་ཡན་ཆད་ལ་བུད་མི་ཆོག་ཅེས།
- ང་ཚོས་སྡེ་གྲོས་ཚོ་གྲོས་བྱས་ཡོད་པ་རེད།
- དེའི་གྲོས་སྟེང་ལ་ཁྱོད་ཚོ་ཡང་ཞུགས་དགོས་པ་རེད།
- གང་ལྟར་གྲོས་ཐོག་གདན་ཐོག་འདི་རེད།
- ཕོ་ཚོས་བཤད་ན་འདི་ཡིན་ལ་མོ་ཚོས་བཤད་ནའང་འདི་རེད།
- སྟེང་དེ་ནས་ཆེ་ཆེ་ཆུང་ཆུང་དང་ཆུང་ཆུང་བསྡུ་མ་བྱེད་དགོས།
- དེའི་ཕན་ཆད་ནས་ཁྱོད་ཀྱིས་བཤད་པ་ལྟར་གོན་རྒྱུ་བཤད་ན།
- གང་ལྟར་ཕྲུག་དང་ཚ་རུ་གཉིས་གཞི་བཞག་རེད།
- གོན་རྒྱུ་ཡི་ནང་གི་མགོ་མ་རེད།
- དེའི་ཕན་ཆད་ཀྱི་རྒྱབ་ལ་གོན་འདོག་གི་སྟེང་ནས།
- དེང་མ་འཇིག་རྟེན་རྙིང་བའི་ནང་དུ་དངུལ་རྡུང་དང་དམར་རྡོའུ་ཡོད་པ་རེད།
- དེའི་སྟེང་ནས་འདི་ཆུང་ཆུང་བྱས་ནས།
- དེ་རིང་གནངས་ཀའི་སྲིད་ཇུས་དང་མཐུན་པ།
- དེ་རིང་གནངས་ཀའི་བླ་མ་དཔོན་པོ་ཡི་ཚིག་དང་མཐུན་པ།
- དེའི་སྟེང་དེ་ནས་གསེར་གྱི་རྣ་ལུང་ཁེ་དགུ་ཅན་ཞིག་ཡོད།
- དེའི་ཡན་ཞིག་ཁྱེད་ཚང་གིས་ཅང་བཤད་མི་ཉན།
- འདི་ཡོད་ཟེར།
- ཁྱེད་ཚང་ལ་ཁྲ་མ་སྤྲད་པ་ཡིན།
- འདི་ཆེའམ་ཆུང་བ་ཁྱེད་གཉིས་དང་ཁྱེད་ཚང་གིས་ལྟོས།
- ཕྲུག་དབུས་ཀྱི་ཕྲུག་ཡིན་ལ་སྒོར་མོ་སྟོང་གཅིག་གི་ཕྲུག་ཡིན།
- ཚ་རུ་ཉོས་ཚར་མིན་ལ་རྒྱ་ཚར་མིན།
- དེང་སང་གི་ཚ་རུ་ངོ་མ་ཡིན།
- རང་གིས་ཚ་རུ་གཅིག་རེ་གསོག་ནས་དེ་ལྟར་བཟོས་པ་ཡིན།
- གང་ལྟར་གཅེས་ལོ་ཡི་རྩིབ་ལ་གཅེས་མ་བཙལ་བ་ཡིན་ཞེས་བཤད་ཀྱིན་འདུག
- ཁོ་ལ་ཆེ་ཡོད་ཀྱི་སྟེང་ལ་ལུག་རྫི་ཡི་གོ་ཆོད་པ་དང་།
- ཟས་ཆོད་དང་ཁྱིམ་གྱི་རྒན་མོ་ཡིན་པ།
- ཁྱོད་ཚོར་གསལ་མོད།
- དེའི་སྟེང་ནས་བརྒྱ་སྡེའི་ནང་ནས་གོས་འདྲ་བའི་ནང་ནས་མི་འདྲ་བ།
- གོས་རི་མོ་བསྟན་ན་རིག་པ།
- དེ་འདྲ་ཞིག་བཅའ་བ་རེད་ཅེས་རྒྱུ་མཚན་འདི་ལྟར་བཤད་ཀི།
- དེ་བས་བཤད་རྒྱུ་གཅིག་ཡོད་པ་ནི།
- དེ་བས་དྲུག་པའི་བཅོ་ལྔའི་ཉིན།
- དེ་རིང་བཅུ་གཅིག་གི་ཉིན་དཀར་ང་ཚོས་ཐག་གིས་བཅད་པ་རེད།
- བཅོ་ལྔའི་ཉིན་ཁྱེད་ཚང་ལ་མཚོན་ནའང་།
- ཆེ་ཆེ་ཆུང་ཆུང་དང་ཆུང་ཆུང་བསྡུ་མ་བྱས་ནས།
- ཁྱེད་ཚང་གི་ཨ་ཞང་ཡང་ཉུང་ཉུང་ཞིག་ཡོང་ནས།
- གང་ལྟར་བྱིས་པ་གཉིས་ཀྱང་བསྐྱུར་ནས་ཅི་བྱེད།
- ཁོ་ཚང་གིས་ཀྱང་མི་འགྲུབ་པ་མེད་ལ་དེ་རིང་གནངས་ཀ་ཁོམ་སྐབས་ཡོད་ཀི།
- དེ་བས་དྲུག་པའི་བཅོ་ལྔའི་ཉིན།
- ཁྱོད་ཀྱིས་བུ་མོ་སྐྱེལ་རྒྱུ་འདི་ཐག་གཅོད་བྱེད་དགོས།
- དེ་རྗེས་ཨ་ཞང་གི་མང་ཉུང་དང་།
- དེ་ང་ལ་བཤད་ན་ང་ཡང་ཕྱིར་སོང་ནས་དེ་ལྟར་བཤད་དགོས་པ་རེད།
- ང་བར་གྱི་བར་བ་རེད།
- བར་བ་ཡིས་བཤད་རྒྱུ་བཤད་དགོས་པ་རེད།
- འདིའི་སྟེང་འདི་ནས་ཁྱོད་ཚང་གིས་སྔོན་ལ་སྒོར་སྟོང་ལྔ་བཤད་ཀྱིན་འདུག
- བརྒྱད་ཀྱང་བཤད་བཞིན་འདུག
- རྒྱུ་འབོར་ཆེན་བླངས་ས་མི་འགྲོ།
- སྒོར་སྟོང་ལྔ་ཡི་སྟེང་དུ་བཞག་པར་ང་རྟ་ར་ར་དང་དགའ་ཁྲ་ཁྲ་ཡིན།
- དེའི་ཕན་ཆད་ནས།
- དེ་ནས་ཁྱོད་ཀྱིས་ཨ་ཞང་བཅུ་ཐམ་པ་མ་གཏོགས་མི་ཡོང་ཟེར།
- འདིའི་སྟེང་འདི་ནས་ཁྱོད་ཀྱིས་ཚིག་ཁ་ཤས་ཀྱིས་ཁ་བརྡ་བྱོས་དང་དེ་ནས་ང་ལམ་ལ་ཆས་རྒྱུ།
- དེ་འདྲ་ཞིག་བཤད།
- ཡ་ཡ་དེ་ལྟར་བྱེད།
- ཁྱོད་ཀྱིས་ཨ་ཞང་གི་མང་ཉུང་ཡང་བཤད་བྱུང་།
- རྒད་པོས་འགོག་དང་།
- བཀག་ནས་ཨ་ཞང་མང་རྒྱུ་ཉུང་རྒྱུ་མེད་པའི་ཨ་ཞང་ཅ་བཅུག་ཞིག་ཡོང་།
- འདི་ཇ་ཁ་ཆང་ཁ་ཡིན་རུང་རྟགས་སྟོན་མོ་ཡི་ཆེ་ཆུང་གི་སྟེང་ནས་ཡིན་རུང་།
- ཆེ་ཆེ་ཆུང་ཆུང་བྱེད་པ་དང་ཆུང་ཆུང་བསྡུ་མ་བྱེད་རྒྱུ་ངའི་རེ་བ་ཡིན།
- ཁྱེད་ཀྱིས་རྒད་པོ་ཅ་བཅུ་ཙམ་ཐོན་བྱུང་ཞེས།
- ཤ་སྟོན་དང་དམར་སྟོན་བྱས་ན་མི་འགྲིག
- དཀར་སྟོན་བྱེད་དགོས།
- དེང་སང་གནངས་ཀ་ཚང་མས་སྡུག་པ་གཅོད་བཞིན་འདུག
- དེ་བས་ངོ་མས་བཤད་ན་རྩ་མོ་བདེ་མོ་བྱས་ནས།
- མི་ཁ་ཤས་ཡོང་ན་དེ་ལྟར་བྱེད་པར་རྒྱུ་མཚན་མེད།
- འདི་འདྲ་ཞིག་ཡོང་ཞེས་པ་དེ་ཡིན།
- ཇ་ཁ་ཆང་ཁ་ནས་ཁྱེད་ཚང་གིས་ཀྱང་ཆེ་ཆེ་རགས་རགས་མ་བྱེད།
- ངས་ཀྱང་འདི་ནས་ཐུབ་ཚོད་ཀྱིས་བཀག་ནས་ཡོང་རྒྱུ་བྱེད།