Video Overview
This video is part one of an enactment of the traditional way of requesting a bride according to the local custom in Mangra, Tsongön.
བརྙན་ཐུང་དང་པོ་འདི་ནི་མདོ་སྨད་མང་འབའ་བྱ་གསུམ་གྱི་ཡ་གྱལ་མང་ར་ས་ཆའི་བོད་ཀྱི་སྲོལ་རྒྱུན་ལྟར་འཁྲབ་པའི་མནའ་མ་སློང་ཚུལ་ཞིག་ཡིན།
བརྙན་ཐུང་འདི་ནི་མདོ་སྨད་མང་འབའ་བྱ་གསུམ་གྱི་ཡ་གྱལ་མང་ར་ས་ཆའི་བོད་ཀྱི་སྲོལ་རྒྱུན་ལྟར་འཁྲབ་པའི་མནའ་མ་སློང་ཚུལ་ཞིག་ཡིན་ལ། མནའ་མ་སློང་མཁན་བར་བ་གཉེན་ཚང་གི་ཁྱིམ་དུ་འབྱོར་རྗེས་དང་པོར་གཉེན་ཚང་གི་མི་རྒྱུད་དང་ཕ་མ་བཅས་པར་བསྟོད་པ་བྱས་པ་དང་། དེ་ནས་ཡང་རིམ་བཞིན་བུ་དང་བུ་མོ་གཉི་ག་རང་དབང་རང་འཐད་ཡིན་པས་བུ་བུ་མོའི་འདོད་ཐོག་ལ་བཞག་ན་བཟང་རབས་སོགས་བཤད་དེ། གཉེན་ཚང་ལ་བུ་མོ་སྟེར་བའི་སྐུལ་མ་བྱེད་པ་རེད། ཡང་གཉེན་ཚང་གིས་སྤྱིར་བུ་མོ་འདི་གཞན་ལ་སྟེར་འདོད་མེད་མོད། བར་བ་ཁྱེད་ལྟ་བུ་ཞིག་ཡོང་ན་མི་སྟེར་ཟེར་སྲོལ་མེད་ཀྱང་ད་དུང་ཡུལ་ཕ་མ་དང་བུ་མོ་ལ་འདང་རྒྱག་པའི་དུས་ཡུན་ཞིག་དགོས་ཚུལ་བརྗོད་དེ། དེ་རིང་བུ་མོ་ཕྱིར་སྤྲོད་དགོས་པར་བརྗོད་ཡོད་པ་རེད། དེ་ནས་ཡང་བར་བ་ཉིད་ཀྱིས་དེ་རིང་བུ་མོ་ཕྱིར་སྤྲད་དེ་འདང་རྒྱག་པའི་དུས་ཚོད་བྱིན་ལོས་ཆོག གལ་ཏེ་བུ་མོ་ཕྱིར་གནས་ལ་བྲོས་ན། ཐེངས་རྗེས་མར་གཉེན་ཚང་གིས་མི་སྟེར་ཟེར་མི་ཉན་ཞེས་ཚིག་རྩ་དགག་པ་དང་། ད་དུང་ཡང་མུ་མཐུད་དུ་བུ་མོ་སློང་དུ་ཡོང་རྒྱུའི་འདོད་ཚུལ་བཤད་པ་རེད། ཡང་གཉེན་ཚང་གིས་བུ་མོ་ཕྱིར་འགྲོ་མི་སྲིད་པ་དང་། བུ་མོ་སྟེར་མི་ཐུབ་ཚུལ་སོགས་བརྗོད་ཡོད། བུ་མོའི་ཨ་མས་ཀྱང་སྤྱིར་བུ་མོ་འདི་གཞན་ལ་མནའ་མར་སྟེར་རྩིས་མེད་པ་དང་། བུ་མོའི་ཨ་ཕའི་བསམ་ཐོག་ཏུ་འཇོག་པ་ལས། རང་ཉིད་ལ་དེ་ལས་ལྷག་པའི་བཀོད་པ་དང་བསམ་བློ་མེད་ཚུལ། བར་བ་ཁྱེད་ཀྱང་ཁོང་ཁྲོ་ལངས་མི་ཉན་པ་དང་བུ་མོ་ཡང་བསྐྱར་གནས་ལ་བྲོས་ན་རྗེས་མར་ཡང་བསྐྱར་གྲོས་བྱས་ཆོག་ཚུལ་བརྗོད་ཡོད། ཕྱི་ཉིན་ཞོགས་པར་ཁྱིམ་གྱི་ཀ་བའི་སྟེང་དུ་ཁ་བཏགས་ཞིག་དཀྲིས་ཡོད་པས་བུ་མོ་ཡང་བསྐྱར་གནས་ལ་བྲོས་པ་ཚོར་རྟོགས་བྱུང་བ་དང་། བུ་མོ་རང་འཐད་ཡིན་ཚུལ་བསྟན་ཏེ་བརྙན་ཐུང་འདིའི་མཇུག་བསྡུས་ཡོད། སྤྱིར་མདོ་སྨད་ཨ་མདོའི་ཕྱོགས་ཀྱི་སྲོལ་རྒྱུན་ལྟར་ན། བུ་མོ་གནས་ལ་བྲོས་རྗེས་བར་བ་གཉེན་ཚང་དུ་མནའ་མ་སློང་བར་ཡོང་བ་དང་། གཉེན་ཚང་གིས་ཀྱང་ཉིན་དང་པོར་མནའ་མ་མི་སྟེར་བར་ནང་ཕུ་ནུ་དང་ཁྱིམ་རྒྱུད་ཀྱི་ངོ་སོ་སྲུང་བ་དང་། བུ་མོའི་གལ་ཆེའི་རང་བཞིན་དང་ཕ་མའི་བྱམས་བརྩེ་མཚོན་པ་རེད། དེ་བས། ཉིན་དང་པོར་བུ་མོ་ཕྱིར་གཉེན་ཚང་ལ་སྤྲོད་དགོས་པ་དང་། གལ་ཏེ་བུ་མོ་ཡང་བསྐྱར་གནས་ལ་བྲོས་ན་ད་གཟོད་བར་བ་དང་གྲོས་བྱས་ཏེ་སྟེར་བ་དང་། བུ་མོའི་ནུ་རིན་དང་གཉེན་སྟོན་གྱི་དུས་བཟང་སོགས་ཐག་གཅོད་པ་རེད།
སྤྱིར་ཨ་མདོའི་ཕྱོགས་ཀྱི་སྲོལ་རྒྱུན་ལྟར་ན། བུ་མོ་གནས་ལ་བྲོས་རྗེས་བར་བ་གཉེན་ཚང་དུ་མནའ་མ་སློང་བར་ཡོང་བ་དང་། གཉེན་ཚང་གིས་ཀྱང་ཉིན་དང་པོར་མནའ་མ་མི་སྟེར་བ། དེ་བས། ཉིན་དང་པོར་བུ་མོ་ཕྱིར་གཉེན་ཚང་ལ་སྤྲོད་དགོས་པ་དང་། གལ་ཏེ་བུ་མོ་ཡང་བསྐྱར་གནས་ལ་བྲོས་ན་ད་གཟོད་བར་བ་དང་གྲོས་བྱས་ཏེ་སྟེར་བ་དང་། བུ་མོའི་ནུ་རིན་དང་གཉེན་སྟོན་གྱི་དུས་བཟང་སོགས་ཐག་གཅོད་པ་རེད། བརྙན་ཐུང་འདི་ནི་མདོ་སྨད་བོད་ཀྱི་སྲོལ་རྒྱུན་ལྟར་འཁྲབ་པའི་མནའ་མ་སློང་ཚུལ་ཞིག་ཡིན་ལ། མནའ་མ་སློང་མཁན་བར་བ་གཉེན་ཚང་གི་ཁྱིམ་དུ་འབྱོར་རྗེས་བུ་མོ་སྟེར་མི་སྟེར་བ་དང་ཉིན་དང་པོར་བུ་མོ་ཁྱིམ་ལ་ཕྱིར་སྤྲོད་དགོད་པའི་སྐོར་ལ་སྐད་ཆ་བཤད་པ་དང་། ཕྱི་ཉིན་ཞོགས་པར་ཁྱིམ་གྱི་ཀ་བའི་སྟེང་དུ་ཁ་བཏགས་ཞིག་དཀྲིས་ཡོད་པས་བུ་མོ་ཡང་བསྐྱར་གནས་ལ་བྲོས་པ་ཚོར་རྟོགས་བྱུང་།
- Mangra
- ཡོང་དོན་གཙོ་བོ་ཁྱོད་ཀྱིས་ཀྱང་མི་ཤེས་བ་ཡོད་པ་མ་རེད།
- བྱིས་པ་བུ་མོ་འདིའི་རྒྱུ་མཚན་བཤད་ན།
- དཔོན་ཚང་གི་མི་རྒྱུད་འདི་ལ་མཚོན་ན།
- རི་རྒྱུད་དེད་ནས་དཔའ་མཁར་བརྩིགས།
- ཆུ་རྒྱུད་དེད་ནས་རང་འཐག་སྐོར་ནས།
- རྒྱུ་མཚན་འདི་ཡིས།
- ཤ་སོག་པ་ཟས་ཀྱི་འཕྲོ་མ་ཡིན།
- རྒྱུ་མཚན་འདི་བཤད་ནས།
- གང་ལ་སྐོར་རུང་ང་ཁྱོད་ཀྱི་སྒོ་ཁ་ནས་བུད་དེ་གོ་ཁར་བཙོག
- གང་ལ་སྒོར་རུང་ཁྱོད་ཀྱིས་ཀྱང་དབུགས་ཁ་སྟོད་ལ་མ་རྒྱུགས།
- སྐེད་རགས་སྨད་ལ་མ་འདེད།
- ཁྱོད་ཀྱིས་ང་ལ་གསུང་རིལ་བུ་མ་ཞིག་ཨེ་ཡོད།
- བྱིས་པ་རང་དབང་རང་འཐད་ཡིན་ཟེར།
- རང་དབང་རང་འཐད་ཀྱི་སྲིད་ཇུས་འདི་དེ་རིང་གནངས་ཀར་མཚོན་རྒྱུ་ན།
- གང་ལ་སོང་མི་ཐུབ་པ་དང་ཤེད་ལ་མི་འདང་བ།
- མི་འདྲ་བ་ཉོས་པ་དང་ཤ་རྒྱ་མ་གང་ལ་བརྗེ་བ་ཁྱོད་ཕ་མ་གཉིས་ཡིན་མོད།
- དེ་མིན་པ་མ་རེད་མོད།
- འཇིག་རྟེན་གྱི་ཆོས་ཉིད་ཅིག་བཤད་ནས་སོང་ན་འདི་འདྲ་ཞིག་ཡིན་པ་རེད།
- དེའི་སྟེང་དེ་ནས་ང་ནམ་ལངས་ཀྱི་དང་པོ་ཉི་ཤར་གྱི་རྩེ་མོ།
- ང་ཁྱོད་ཀྱི་སྒོར་ཁར་བུད་ནས་གོ་ཁར་བཙོག་ན།
- ང་ཁྱོད་གསེར་གྱི་ཐོད་ལ་མཇལ་དུ་ཡོང་བ་ཡིན།
- ང་དངུལ་གྱི་ཀ་བར་འཁེན་དུ་ཡོང་བ་ཡིན།
- ང་འཕངས་བའི་མདའ་ཡིན།
- ང་བཅོལ་བའི་མི་ཡིན།
- ཁྱོད་ཀྱིས་ཀྱང་ཐུགས་གསུམ་རིལ་བུ་མ་ཞིག་བཏང་ནས།
- ཁ་རིལ་བུ་མ་ཡི་ནང་ནས་གསུང་སྐྱིད་ལུ་མ་ཞིག་བུད་དང་།
- འུ་ཁ་གཉིས་ཀྱིས་སྟག་ཉེ་གཟིག་ཉེ་འདི།
- ཅི་རེད་ཟེར་ན་ང་ཚོའི་བ་མདོ་བོན་པོ་ཚང་གི་ནང་ན།
- ང་ལ་གཟུགས་ཆུང་མཐའ་ལ་འདལ་རྒྱུ་དང་གཟུགས་ཆེན་གྱེན་ལ་སྐྱེས་རྒྱུ་ཡོད་པ་རེད།
- ཡོད་མོད་དེའི་ནང་ནའང་ཚོན་ལ་རང་ཚོན་དང་རྒྱ་མ་རང་བཏེག་ཡོད།
- བོན་སྐོར་དཔོན་ཚང་ལ་མཚོན་ན་ཅི་འདྲ་ཞིག་རེད་ཟེར་ན།
- འདི་རྒྱལ་ཡུལ་གྱི་བྲག་རི་གཤིག་མེད་ཀི།
- གཏམ་བཤད་པའི་མཚོ་མོ་སྐམ་མེད་ཀི།
- འདི་སྨུག་པོ་མཆེན་པའི་གདུང་རྒྱུད་རེད།
- གཡུ་མཚོ་མཆེན་པའི་ར་ལག
- བུ་འདི་ལ་མཚོན་ན།
- ཁྱོད་ལ་མཚོན་ནའང་བྱ་མདོ་བོན་པོ་ཨ་རིག་ཐར་ཤུལ་ཀྱི་རྒྱུད་པ་རེད།
- བསྐལ་བ་ས་སྐྱེས་པ་དང་བ་སོ་ཁ་ལ་སྐྱེས་ནས་འདི་ལྟར་ཡོང་།
- དེ་བས་ཁྱེད་ཁ་གཉིས་སྟག་གཉེན་གཟིག་གཉེན་བྱས་ན།
- ང་ལ་མཚོན་ན་ཆུ་དཀྱིལ་གྱི་ཕ་བོང་བྱེད།
- ང་མིག་དཀྱིལ་གྱི་གདོང་བ་བྱེད།
- གསེང་བར་ལ་བསིལ་ཞིག་ཡོད་ན་རྩ་གསེང་བར་ནས་བསིལ་དགོས།
- དགུང་ཉི་མར་དྲོད་ཅིག་ཡོད་ན་དྲོད་སྔ་ཕྱི་བར་ནས་འཆར་དགོས།
- ཁྱོད་བོན་སྐོར་ཀ་ཏ་རེད།
- ཁྱོད་ཀྱིས་གང་ལྟར་འདང་རྒྱག་དགོས།
- ཕྱིར་སྐོར་ནས་འདང་རྒྱོབ་ནང་སྐོར་ནས་ཟོན་དེད།
- ཁྱོད་ཀྱི་བུ་མོ་འདི་ལ་རློམ་པ་རློམ་ཐག་ཨེ་ཡོད།
- མེད་ན་ཁྱོད་ཀྱིས་ང་ལ་ཚིག་ཉེ་ཞིག་བྱིན་ན།
- ཁྱོད་རྒན་རྒོན་གཉིས་ཀྱིས་གྲོས་ཤིག་བྱས་ནས།
- རྒྱས་ས་རྒྱས་འཐུང་གི་ཟས་ཡིན་ན་ཆོག་གི།
- ཕ་ཡིས་རྒྱུ་ལེན་ན་ཆོག་གི།
- འདི་ཐམས་ཅན་ལ་ཁྱོད་ཀྱིས་འདང་རེ་རྒྱོབ་དང་ཟོན་རེ་དེད།
- ང་ལ་མཆོན་ན་རུམ་ལ་འཇུག་རྒྱུའི་བྲོ་ཞིག
- སེམས་ལ་འཛིན་རྒྱུའི་ཚིག་ཅིག་ཁྱོད་ཀྱིས་སྟེར་རམ་མི་སྟེར་ཁྱོད་ཀྱིས་ལྟོས།
- གང་ལྟར་དེ་རིང་ཉིན་བཟང་སྐར་བཟང་།
- ང་ལ་ཚིག་སྣེ་ཞིག་བྱིན་ན་ཨེ་ཆོག
- ང་ལ་ཚིག་སྣེ་ཞིག་བྱིན་བཏང་ཆོག་ན།
- འུ་གཉིས་ལ་དེ་ལུགས་ཡོད་པའི་གནས་ལུགས་བྱེད།
- འུ་གཉིས་ཀྱི་སུག་པ་ཆ་བོ་སྒྲུང་ལུགས་བྱེད།
- སྟེང་དེ་ནས་གང་ལྟར་ནང་ནས་ནང་རེད།
- གང་ལྟར་དེ་རིང་གནངས་ཀ་མི་མཐོ་སའང་བྱེད་དགོས་ལ་དམའ་སའང་བྱེད་དགོས།
- བྱིས་པ་གཉིས་གང་ལྟར་ཡིན་འདུག
- དེ་བས་འདིའི་ཤེད་ལ་མི་འདང་།
- འདི་རང་དབང་རང་འཐད་ཡིན་པ།
- འདི་གང་ལྟར་ཁྱོད་ཀྱིས་ཀྱང་ཤེས་པ་རེད།
- ཁྱོད་ཀྱིས་ཀྱང་ད་བར་དུ་བྱིས་པ་གཉོར་ཡོད་ལ་བལྟས་ཡོད་པ་རེད།
- ཁྱོད་ཕ་མ་གཉིས་ཀྱིས་ཀྱང་འདི་ཤེས་པ་རེད།
- དེ་བས་ཁྱོད་ཀྱིས་མདའ་ཞིག་རྒྱག་རྒྱུ།
- ང་ཚོ་ཡང་ཕར་ནས་ཕར་ཞིག་མ་རེད།
- བོན་པོ་དམར་ར་ཚང་ནས་དེད་ན་བོན་པོ་ཁ་ཤོ་ནས་དེད་ན།
- ང་ཚོ་གང་ལྟར་ཤ་རྒྱུད་ཁྲག་རྒྱུད་གདུང་རྒྱུད་གཅིག་རེད་ལ།
- དེ་བས་ང་ཡང་ཁྱེད་ཁ་གཉིས་ཀྱི་བར་ལ་ཡོང་ན།
- ཁྱོད་ཀྱིས་ཀྱང་གང་ལྟར་འདང་རྒྱོབ་དང་ཟོན་ཞིག་ཐོབ་དང་།
- ཕྱིར་སྐོར་ཁྲོམ་ལ་ཟོན་དེད།
- ནང་སྐོར་མར་ལ་གྱང་བཏོད།
- དེ་ལྟར་ཁྱོད་ཀྱི་ཁ་གྱིལ་ལུ་མ་ནས་གསུང་རིལ་བུ་མ་ཞིག་བརྗོད་རྒྱུ་ནི་གཙོ་བོ་ཁྱོད་ལ་གསལ།
- ང་ལ་རྒྱུ་མཚན་དེ་མ་གཏོགས་མེད།
- རེད་རེད་་་གོ་བྱུང་།
- ཁྱོད་ཀྱིས་དེ་ལྟར་བཤད་ན་གོ་བྱུང་།
- གོ་མོད་སང་ཕྱིན་ཆད་རང་གི་བུ་མོ་དེ་གཞན་ཞིག་ལ་སྟེར་བའི་བསམ་པ་ང་ལ་མེད།
- ཁྱོད་རང་སྒོ་ཁར་བུད་ནས་གོ་ཁར་བཙོག་ན།
- འདི་དཀའ་མོ་འགག་མོ་ཞིག་ཡིན་མོད།
- ངའི་བྱིས་པ་དེ་བྱུར་རྒན་པ་ཁུར་མོ་ཡིན།
- འདི་ཅིག་ལ་སྟེར་འདོད་ཀྱི་བསམ་པ་མེད།
- ཁྱོད་ཀྱིས་དེ་རིང་ང་ལ་དེ་འདྲའི་རེ་བ་བཤད་མི་ཉན་གི།
- ངས་ཀྱང་ཐག་རིང་སྣ་ཡིས་མི་གོ་རུང་ཐག་ཉེ་མིག་གིས་རིག་ས་ཞིག་ནས།
- ངས་གཅིག་བཙལ་ན་འདོད་ཀིན་ཡོད།
- ངས་གཅིག་བཙལ་རྒྱུ་ཡིན།
- ངའི་བུ་མོ་ལ་གཅེར་རྒྱུའི་དཔེ་མེད།
- ཁྱོད་འདི་ལྟར་ཡོང་ནས་བཤད་ན་འུ་གཉིས་ཀྱིས་དལ་མོར་བལྟ།
- བལྟ་རྒྱུ་དངོས་གནས་བཤད་ན།
- ངའི་བུ་མོ་དེ་ཕ་མའི་ལམ་ལ་མ་སོང་།
- སྐྱ་མོའི་ལམ་ལ་མ་ཞུགས་པར་བསྡད་ཡོད་པ་ཞིག་མིན་མོད།
- ངས་ཁ་བསླབ་ཚིག་བསླབ་བྱས་ནས།
- ངས་རང་གི་འདོད་པ་ལྟར་དུ་ཨེ་ཡོང་གི་དེར་རེ་བ་ཡོད།
- ཁྱོད་དེ་རིང་འདི་ལྟར་ཡོང་བ་ལ་ངས་འདྲེ་འདྲེ་ཐལ་ཐལ་ཡང་ཟེར་བ་མ་རེད།
- འུ་གཉིས་ཀྱིས་མགོ་ཐོད་པ་གཏུག་ནས་གྲོས་བྱེད།
- འུ་གཉིས་ཀྱིས་ཅི་ཞིག་བྱེད་དགོས་ན།
- གང་ལྟར་ཀྱང་བུ་མོ་འདི་དང་བྱིས་པ་འདི་གཉིས་མཉམ་གཅིག་ཏུ་འཇོག་རྒྱུ།
- ཁྱོད་ཀྱི་བསམ་པ་འདི་འདྲ་ཞིག་ཡིན་མོད།
- ངས་གཞན་ཞིག་དྲན་པས་འུ་གཉིས་ཀྱི་བསམ་པ་ཁ་ཁ་རེད།
- ཁྱོད་ཀྱིས་གཅིག་ལྟོས་དང་།
- ཁྱོད་ཀྱིས་དེ་རིང་ང་ལ་བཙན་གྱིས་འདི་འདྲ་བཤད་མི་ཉན་གི
- འདི་འདྲ་ཞིག་རེད།
- རེད།
- གོ་རྒྱུ་གོ་མོད་ཁྱོད་ཀྱིས་འདང་རྒྱོབ།
- ཕྱི་སྐོར་ནས་འདང་རྒྱོབ་ནང་སྐོར་ནས་ཟོན་དེད།
- ནང་ཕུ་ནུ་རེད།
- གང་ལྟར་ནང་ཕུ་ནུ་ལྕགས་དཀར་སྒོ་དམར་རེད།
- འདི་གང་ལྟར་མི་ཡིན་ན་འགྲིག་ས་འཕྲོད་ས།
- ལོ་བཏབ་ན་སྐྱེས་ས་འཁྲུངས་ས།
- གང་ལྟར་བོན་སྐོར་དཔོན་ཚང་ལ་མཚོན་ན་འདི་ལྟར་ཁྱོད་ཀྱི་བུ་མོ་འདི་རྙེད་པ་རེད།
- བྱིས་པ་རང་འཐད་རེད།
- གཅིག་ན་རང་འཐད་རེད།
- གཉིས་ན་འདི་སྨུག་པོ་མཆེད་པའི་གདུང་རྒྱུད་རེད།
- འདི་གཡུ་མཚོ་མཆེད་པའི་ར་ལག་རེད།
- བོན་སྐོར་དཔོན་ཚང་ལ་མཚོན་ན་རྗེས་དར་དར་དགུང་སྔོན་གནམ་ན་ཡོད་པ།
- འདི་འདྲའི་རྒྱུ་མཚན་རེད།
- ཁྱོད་ལ་མཚོན་ནའང་བོན་པོ་ཨ་རིག་ཐར་ཤུལ་ཚང་ཟེར་ན།
- བྱ་མདོ་བོན་པོ་ཚང་ལ་མཚོན་ན།
- གང་ལྟར་མི་གྲངས་སྟོང་གཉིས་ལྷག་ཡོད་ཀི།
- ཁྱིམ་ཚང་བཞི་བརྒྱ་ལྷག་ཡོད་ཀི།
- འདིའི་ནང་ནས་འདི་ཞོ་ཡི་རུ་མ་ཡིན་པ།
- འདི་ས་འཛིན་གྱི་སྔ་མ་ཡིན་པ།
- བོན་པོ་རྩེ་བོའི་རིང་ནས་བཤད་ན་ཁྱེད་ཚང་སྨུག་པོ་མཆེད་པའི་གདུང་རྒྱུད་ཡིན་པ།
- འདི་གཡུ་མཚོ་མཆེད་པའི་ར་ལག་ཡིན་པ།
- འདི་བྱུ་རུ་དམར་པོ་དྲུད་ཤུལ་ཡིན་པ།
- འདི་ཙན་ཏན་དམར་པོ་དྲས་ཤུལ་ཡིན་པ།
- གང་ལྟར་ཀྱང་འདི་ལྟར་བྱས་ནས།
- ཁྱོད་ཀྱིས་འདི་ཡག་པོ་བྱས་ནས།
- གང་ལྟར་ང་ལ་ཉེ་འདང་ཞིག་བརྒྱབ་ནས།
- གང་ལྟར་ཁྱོད་ཀྱིས་བུ་མོ་འདི་སྟེར་རྒྱུ།
- འདི་ས་རིས་རྡོ་རིས་མི་བྱེད་རྒྱུ།
- གང་ལྟར་ཁྱོད་ཀྱིས་འདི་ལ་འདང་རྒྱོབ།
- ཁྱོད་རྒན་རྒོན་ཚོ་ཡིན་ན།
- ཁྱོད་ཀྱང་ཡུལ་ལུང་པ་ནས་རྩ་བཟང་རེད།
- ཡུལ་ལུང་པར་ཆུ་བཟང་རེད།
- ཁྱོད་ཀྱིས་ཀྱང་གྲོས་བྱས་ནས།
- གལ་ཏེ་བྱིས་པ་ལྡིང་སོང་ན།
- དེ་དུས་ང་ཚོས་བཀོད་པ་ཅི་ཞིག་ཡིན།
- དེ་རིང་ཉག་དེར་འཇོག
- གལ་ཏེ་ཁྱོད་ཀྱིས་དེ་རིང་ང་ལ་ཚིག་ཅིག་བྱིན་ན།
- འུ་གཉིས་དེའི་ཕྱོགས་ལ་ཡུན་གྱིས་སྤོས་ན།
- ཡང་འུ་གཉིས་ལ་གུག་གུག་བརྗེ་ནས་གདུང་མཆོག་ཅིག་ཡོང་མོད།
- ཁྱོད་ཀྱིས་དེ་རིང་ཁྱོད་ལ་སྐད་ཆ་མེད་ཅེས་བཤད་ནའང་བཤད་ཕྱོགས་ཡིན་པ་རེད།
- གང་ལྟར་ཀྱང་ཁྱོད་ཀྱི་ཤ་མཆེད་པའི་བུ་ཕྲུག་རེད།
- རྒྱ་མ་གང་བརྗེ་བ་རེད།
- ཉ་འདྲ་བ་ཉོས་པ་རེད།
- དེ་བདེན་པ་རེད།
- ཁྱོད་མི་གཙོ་སུ་གཙོ་མོད།
- བྱིས་པ་འདི་གཉིས་ཀྱི་ཤེད་ལ་མཐའ་མར་ཤེད་ཀྱིས་མི་འདང་།
- དེ་རིང་གནངས་ཀ་བྱིས་པ་ཚོ་བསྐལ་བ་ཡི་ཆུད་ཚད་ཀྱི་སྟེང་ནས་འདི་འདྲ་ཞིག་ཡིན་པ།
- འདིའི་སྟེང་འདི་ནས་བུ་མོ་ཚོ་རང་དབང་བྱས་ནས་འགྲོ་དགོས་པ།
- གཅིག་གཅིག་གི་ངོར་འདང་བརྒྱབ་ནས་འགྲོ་བ་ཞིག་ཡོད་པ།
- རང་ལ་མཚོན་ན་ཕུ་ནུའི་ནང་རེད།
- ཕྱིར་ཤར་སྡེ་ཞིག་ཡིན་ན་ང་ཚོར་དེའི་ཚོད་ཀྱི་བཤད་ལུགས་དང་འགྲོ་ལུགས་ཤིག་ཡོད་ཀི།
- འདི་འདྲའི་རྒྱུ་མཚན་རེད།
- དེ་རིང་འུ་གཉིས་ཀྱིས་ཉིན་ཐོག་སྐར་ཐོག་ལ་འཇོག་ཐུབ་མིན་མི་ཤེས།
- འུ་གཉིས་དེ་རིང་ས་མགོ་སོ་མ་ནས་ལབ་ཙེ་སོ་མ་རེད།
- དེ་ན་ང་བར་གྱི་བར་བ་རེད།
- ང་མིག་དཀྱིལ་གྱི་གདོང་བ་བྱེད།
- ང་ཆུ་དཀྱིལ་གྱི་ཕ་བོང་བྱེད།
- ཕྱི་ནང་སེང་བྱེད།
- གང་ལྟར་ང་བོན་སྐོར་བར་བ་ཟེར་བ་འདི་ལ་མཚོན་ན།
- ང་ཆུ་གཙང་བོ་བཞུར་རྒྱུན་ཉག་རིང་བ།
- ང་རྡོ་གོར་མོ་བཞི་འགྲིག་ཕུག་བཙན་པ།
- ངའི་རྒྱུ་མཚན་འདི་འདྲ་ཞིག་རེད།
- ང་མི་མི་ཆེ་མི་ཆུང་འཛམ་གླིང་ཡིན་ཟེར་བ་མིན་མོད།
- གང་ལྟར་ང་བོན་སྐོར་བསང་སྒྲོག་ཟེར་བ་འདི།
- མཐོ་ས་ལ་ཡང་ང་བར་བ་ལ་སོང་ས་ཡོད།
- ང་དམའ་སར་ཡང་སོང་ས་ཡོད།
- རྒྱུ་མཚན་འདིའི་སྟེང་འདི་ནས།
- ང་ཚོ་ཡང་སྨུག་པོ་མཆེད་པའི་གདུང་རྒྱུད།
- གཡུ་མཚོ་མཆེད་པའི་ར་ལག
- གང་ལྟར་ཁྱོད་ཀྱིས་འདི་ལ་འདང་གསུམ་བརྒྱབ་ནས།
- དེ་ལྟར་བྱས་ན་ཅི་འདྲ་ཞིག་རེད།
- ད་ཡིན་ནའང་དེ་རིང་ཁྱོད་ཀྱིས་ང་ལ་ཚིག་ཅིག་བྱིན་ཟེར་ན།
- ཁྱོད་ལ་ནམ་ལངས་ན་བསམ་ཁོམ་ཡོད་དགོས།
- ཁྱོད་ལ་དགོང་མིན་པ་འཐིབ་ན་གཉིད་ཁོམ་ཡོད་པར་བྱ།
- དེ་ལྟར་བྱས་ནས་ཁྱོད་ཀྱིས་ཀྱང་འདང་ཞིག་རྒྱོབ།
- མཐའ་མེད་པར་ཐུར་ལ་ལྡིང་སོང་།
- ར་མེད་པར་སྨད་ལ་སྒུར་སོང་།
- བྱིས་པ་གཉིས་རང་དབང་རང་འཐད་ཡིན་ནས།
- སང་ཉིན་བུའི་རྗེས་ལ་བུ་མོ་ལྡིང་སོང་ན།
- ཁྱོད་ཀྱིས་ང་ལ་ཚིག་སྟེར་རྒྱུ་རེད་ལ།
- དེ་དུས་འུ་གཉིས་ལ་སྐད་ཆ་གཞན་ཞིག་མེད་དམ།
- ངའི་བུ་མོ་དེ་ལྟར་མི་འགྲོ།
- དེ་ལྟར་མི་འགྲོ།
- ངས་ཁྱོད་སྟེར་ས་མ་རེད་ཅེས་པའི་རྒྱུ་མཚན་མིན་མོད།
- ང་རང་གི་སེམས་ན་ཐིག་ཅིག་ཡོད་པ་རེད།
- ཐིག་འདི་དང་ད་དུང་ང་ལ་ཡང་བུ་མོ་འདི་ལ་རེ་བ་ཡོད་པའི་རྒྱུ་མཚན་གྱིས།
- འདི་ལྟར་བཤད་པའི་རྒྱུ་མཚན་ཡིན་པ་མ་གཏོགས།
- དེ་མ་གཏོགས་ཁྱོད་སྟེར་ས་ཞིག་མ་རེད་དང་འགྲོ་ས་ཞིག་མ་རེད།
- འདི་ཁ་རྒྱབ་གཅིག་སྟོན།
- ཨ་ཡེ་ལྷ་སྒྲོན་ལ་ཤོག་ཅེས་ཤོད་དང་།
- བུ་མོ་ཁྲིད་སོང་བ་རེད།
- འདིའི་སྟབས་ཀྱི་ངས་བུ་མོ་སུ་ལའང་མི་སྟེར་ཞེས་པའི་རྒྱུ་མཚན་དེ་ཡིན།
- ངས་ཀྱང་རང་གི་བུ་མོ་འདི་ཅིག་ལ་བྱིན་བཏང་ན།
- ང་ལ་ཡང་ཆགས་ས་བརྟེན་ས་ཞིག་དགོས་པ་རེད།
- འདི་ཡིས་ངས་འདི་གཅིག་ལའང་མི་སྟེར་ཟེར་བ་ཡིན།
- བུ་མོ་དེ་ལྟར་མི་འགྲོ།
- སང་ཕྱིན་ཆད་གནས་ལ་བུད་སོང་ན།
- འདི་ཁྲིད་སོང་ན་ང་ཚོས་ཅི་བྱེད་དགོས་པ་ཡུན་གྱིས་བལྟ།
- ཁྱོད་རྒན་རྒོན་གཉིས་ལ་གྲོས་ཤིག་བྱེད་རྒྱུ་མེད་ན།
- གང་ལྟར་དེ་རིང་ཉིན་བཟང་སྐར་བཟང་རེད།
- ལོ་བུ་དུས་བཟང་ཡིན་མོད།
- དེ་རིང་ཁྱོད་ཀྱིས་ང་ལ་སྐད་ཆ་མེད་ཅེས་བཤད་ནའང་དེ་བཤད་ཕྱོགས་རེད།
- ཡིན་ཡང་ང་ད་དུང་ཡོང་རྒྱུ་ཨེ་ཡིན་ཟེར་ན་ང་ཡོང་རྒྱུ་རེད།
- གཅིག་གི་མི་ཚད་གཉིས་དང་གཉིས་ཀྱི་མི་ཚད་གསུམ།
- གང་ལྟར་ང་ཁྱོད་ཀྱི་སྒོ་ཁར་བུད་ནས་གོ་ཁར་བཙོག་སྟེ།
- གང་ལྟར་ང་རི་མགོ་མཐོ་ལ་མཇལ་དུ་ཡོང་བ་རེད།
- ང་གསེར་གྱི་ཀ་ལ་འཁེན་དུ་ཡོང་བ་རེད།
- ཁྱོད་ཀྱིས་དེ་དུས་འདང་རྒྱོབ་ཟོན་དེད།
- གཙོ་བོ་ཁྱོད་རྒན་རྒོན་གཉིས་ཀྱིས་གྲོས་བྱས་ནས།
- ངས་བལྟས་ན་ཁྱོད་ཀྱི་བུ་མོ་འདི་སང་ཉིན་ལྡིང་ནས་ཨེ་འགྲོ།
- ཁོ་ཚང་གི་སྐད་ཆར་བལྟས་ན་འདི་འདྲའི་རྒྱུ་མཚན་རེད།
- ལྡིང་སོང་ན་ང་ཚོར་སྐད་ཆ་ཡར་བལྟ་མར་བལྟ་མེད་དམ།
- དེ་འུ་གཉིས་ཀྱི་ཉག་གཅིག་རེད།
- ཁྱོད་ཀྱིས་དེ་རིང་གང་ལྟར་བུ་མོ་བྱིན་པ་ཡིན་ཞེས་བཤད་ན།
- ཁྱོད་ལ་མཚོན་ནའང་གང་ལྟར་འདྲི་ས་རྟོག་ས་ཡོད་པ་རེད།
- ཨོ་ལེད་་་དེ་ཁྱོད་ཀྱིས་དྲིས།
- ཁྱོད་ཀྱིས་གྲོས་བྱོས།
- གྲོས་རིང་བསྡུ་གསུམ་བྱོས།
- ཁྱོད་ལ་ཨ་ཞང་གྲམ་པར་སྒྲིག་ཡོད་ཀི།
- ཁྱོད་ལ་མ་ཞང་ཅོ་ལོ་བདུན་ཡོད་ཀི།
- ཁྱེད་ཚང་གི་བུ་མོ་ཐར་ཤུལ་ཟེར་ན།
- གང་ལྟར་ཁྱོད་ཚང་གི་མཁས་པ་རི་ན་ཡོད་ཀི།
- དཔའ་བོ་རི་ན་ཡོད་ཀི།
- མཁས་པ་ཡུལ་ན་ཡོད་ཀི།
- གྲོང་རུ་སྡོད་གཉིས་ལ་ཁྱོད་ཀྱིས་གྲོས་བྱོས།
- གང་ལྟར་དེ་རིང་དྲུག་པའི་ཚེས་གསུམ་རེད།
- ཉིན་སྐར་བཟང་འདི་བཟུང་ནས།
- གནངས་ཀ་གནངས་ཉིན་ང་དུང་སྐོར་བ་རྒྱག་ནའང་ཐང་།
- ང་དྲུག་པའི་བཅོ་ལྔ་ཉིན་ཡང་ཡོང་རྒྱུ་ཡིན།
- དེ་དུས་ཁྱོད་ཀྱིས་ང་ལ་ཚིག་དེ་འདྲ་མ་བསྟན་ན་ཨེ་ཆོག་གི
- བར་འདི་ནས་འུ་གཉིས་ཀྱིས་གཅིག་བལྟ།
- སང་རྗེས་ནས་ཕྱི་རྗེས་ལ་བལྟ།
- སྔ་རྗེས་ནས་ཕྱིར་བལྟ།
- ཁྱོད་ཀྱི་བུ་མོ་ལྡིང་སོང་དུས་འུ་ཚོས་གྲོས་བྱས་ན་ཅི་འདྲ་རེད།
- དེ་འདྲ་བཤད་ན་ངས་མི་ཤེས།
- མོའི་ཨ་མ་ཡང་གན་ན་ཡོད་ཀི།
- ངའི་བུ་མོ་འདི་དངོས་གནས།
- ང་ལ་ཡང་བློ་འབབ་ལག་འཐག་ཅིག་ཡོད་པས་ངས་ཁྱོད་ལ་མི་སྟེར་ཞེས་བཤད་པ་ཡིན།
- དེ་མ་གཏོགས་ངས་ཁྱོད་སྟེར་ས་ཞིག་མ་རེད་ཅེས་པའི་རྒྱུ་མཚན་མིན།
- སང་ཕྱིན་ཆད་དེ་འུ་གཉིས་ཀྱི་བལྟ་རྒྱུ་ཞིག་རེད།
- ངའི་བུ་མོ་འདི་ལ་ཁྱོད་ཀྱིས་རེ་བ་མ་བྱེད།
- འདི་ལྡིང་ནས་ཡང་མི་འགྲོ།
- བུ་སོང་ཉིན་ཞིག་ལ་ཡང་འུ་ཚོས་ཅི་ཞིག་བྱེད་དགོས་པ།
- དེར་ངས་ཀྱང་བུ་མོ་ལ་ཁ་འབུད།
- ཁྱེད་ཚང་གིས་ཀྱང་བུ་ལ་ཁ་བུད།
- དེ་བ་ཚང་གིས་སྟེར་རྒྱུ་མ་རེད་ཅེས།
- རྒྱུ་མཚན་འདི་ཁྱོད་ཀྱང་སོང་ནས་དེ་ལྟར་ཤོད།
- དེ་བ་ཚང་ལ་ཁ་བརྡ་བྱོས།
- དེ་མ་གཏོགས་ཁྱོད་སྔོན་ལ་ཡོང་ནས།
- འདི་ན་བུ་མོ་ཞིག་ཡོད་པས་འུ་གཉིས་ཀྱིས་ལེན་དང་ཞེས།
- ངའི་ལག་མགོ་གཅོད་རྩིས་བྱེད་བཞིན་ཡོད་ནའང་ཐང་།
- དེ་བྱིས་པ་ལ་ཡང་གྲོས་བྱོས།
- ངས་ཀྱང་དེ་མི་སྟེར།
- འདི་བཤད་པ་ཡིན།
- བུ་མོ་མི་འགྲོ་ཟེར་བཞིན་ཡོད།
- ཁྱེད་ཚང་གི་བུ་ལ་ཡང་ཁ་བུད།
- སང་ཕྱིན་ཆད་དེ་འགྲུབ་རྒྱུ་མ་རེད་ཅེས།
- རྒད་པོས་ཚིག་ཆེན་བཞག་ཐལ་ཞེས།
- རྒྱུ་མཚན་འདི་བཤད་ན།
- ཚང་མ་མི་སྐད་བཤད་ན་མི་རེད།
- དབྱུག་པ་བསྟན་ན་ཁྱི་རེད།
- འདི་ལ་ཁྱོད་ཀྱིས་ཀྱང་གྲོས་བྱོས།
- ཁྱོད་ཀྱིས་དེ་རིང་ང་ཚིག་སྡུག་ལ་གཅིག་མ་གཏོད་ཅེས་པ་དེ་ཡིན།
- ཡ་ད་ཁྱོད་ཨ་མ་ལ་ཅི་འདྲ་ཞིག་གི་བསམ་འཆར་ཡོད།
- ཁྱོད་འདིའི་སྟེང་ནས་ཅི་ཞིག་བཤད་རྒྱུ་ཡོད།
- ཁྱོད་གཉིས་ཀྱི་བུ་མོ་འདི་སྟེང་ནས།
- ཅི་ལྟར་བྱས་ན་འགྲིག
- ཁྱོད་ཀྱིས་ཀྱང་བུ་མོར་གཅེས་ནས།
- མི་ཡི་བཏང་ནས།
- རྒྱ་མ་གང་རྒྱ་མ་བརྒྱ་ཡིས་བཏང་མོད།
- བྱིས་པ་ཡི་བསམ་ངོ་མ་བྱས་ན་བསད་པ་དང་ཁྱད་མེད།
- འདིའི་སྟེང་ལ་བུད་སོང་ན་བུ་མོའི་མ་ཕྱོགས་བཤད་པ་རེད།
- གང་ལྟར་བུའི་ཕ་ཕྱོགས་བཤད་པ་རེད།
- ཕྱོགས་འདི་འདྲ་ཞིག་ལ་ཨེ་འགྲོ་འདོད་ཀི།
- ངས་མི་ཤེས་མོད་རྒད་པོས་བཤད་བྱུང་།
- དེ་ཡིན་པ་རེད།
- ཕ་ངོ་རང་རང་མི་གཅིག་གི།
- ང་རྒན་མོ་ཞིག་གིས་བཤད་ན་རྒན་མོ་ཚང་གི་ཚིག་ཟེར་བ་རེད།
- གོང་ལ་ཡང་འགྲོ་བ་མ་རེད་མོད།
- བུ་མོ་མི་སྟེར་ཞེས་རྒད་པོས་ཚེ་གང་ལ་དེ་ལྟར་བཤད་པ་རེད།
- དེ་བས་མི་སྟེར་ཟེར་བ་རེད།
- ངས་ཅི་ཡང་མི་ཤེས།
- མོ་སང་ཕྱིན་ཆད་མི་འགྲོ།
- རྒད་པོས་ཁོའི་བུ་མོ་མི་འགྲོ་ཞེས་བཤད་བྱུང།
- མ་སོང་ན་མི་སྟེར་ཟེར།
- མ་བྱིན་ན་ཁྱོད་ཀྱང་ཁོང་ཁྲོ་མ་ལངས།
- ཁོང་ཁྲོ་མ་ལངས།
- ཁྱོད་ཚང་སྟེར་ས་ཞིག་མ་རེད་ཅེས་པ་མིན་མོད།
- ངེད་ཚང་གི་བུ་མོ་འདི་གཞན་ལ་མི་སྟེར་ཟེར།
- རྒད་པོས་བཤད་པ་ལྟར་ན།
- ངས་འདི་སྟེར་དང་གནས་ལ་སོང་ན་གནས་ཁ་ཆོད་ངེས་ཞེས་བཤད་པ་མིན།
- འདི་གཅེས་ལངས་ངན་ལངས་ལ་བཏང་ནས་བཞག་ཡོད།
- མ་རྒྱབ་ཀྱི་བུ་མོ་ཡིན་ཕ་རྒྱབ་ཀྱི་དཔོན་ཡིན།
- གནས་ཟེར་བ་འདི་ལ་སོང་ན་ཅུང་ཙམ་དཀའ་བ་རེད།
- དེ་འདྲ་ཞིག་མིན་མོད།
- ཁ་མ་ཉན་ན་སང་ཕྱིན་ཆད་ཤེས་པ་མ་རེད།
- དེ་ཁྱེད་ཚོས་གྲོས་བྱོས།
- ཕ་ངོ་རང་རང་གྱེན་གྱེན་ཡོད་ཀི།
- མ་ངོ་རང་རང་ཐུར་ཐུར་ཡོད་ཀི།
- འཚོ་བ་རང་རང་ཡོད།
- ཆག་བཞག་ན་རྒྱ་མ་རང་བཏེག་ཡོད་ཀི།
- ཚང་མས་མགོ་ཐོད་པར་གཏུག་ནས་གྲོས་བྱོས།
- ཆ་གཅིག་ནས་རྒད་པོས་སྟེར་ངེས་རེད།
- ཆ་གཅིག་ནས་མི་སྟེར་རྒྱུ་རེད།
- ང་རྒན་མོ་ཞིག་གིས་བཤད་པ་གོང་ལ་འགྲོ་བ་མ་རེད།
- ངས་བཤད་པ་དེ་འདྲ་ཞིག་ཡིན།
- སེམས་ན་ཡོད་པ།
- ཡ་རྒད་པོ་ཁྱོད་ལོངས་དང་།
- བུ་མོ་ཅིག་ལ་བུད་སོང་།
- ཁ་བཏགས་ཤིག་འདུག་ལ་ཅི་ཞིག་ཡིན་ནམ།
- ཁ་བཏགས་ཤིག་འཕངས་ནས་བཞག་ཡོད་པས་བུད་སོང་བ་ལོས་ཡིན།
- དེ་བ་ཚང་གིས་འདུག་ཏུ་མ་བཅུག་པ་རེད།
- དེ་ཁས་ཉིན་གྱི་དེ་ཡིན་པ་རེད།
- དེ་མིན་ན་གང་ཡིན་པས་དེ་ཡིན་པ་རེད།
- ཁས་ཉིན་གྱི་རྒད་པོ་དེས་བཤད་པ་ལ་ལྟོས་དང་།
- རྒད་པོ་དེ་ཡིན།
- དེ་བ་ཚང་ཡིན་པ་རེད།
- དེ་ཡིས་བུ་མོ་ལག་མགོར་དཀྲིས་ཡོད་པས་བུད་སོང་བ་རེད།