Video Overview
A collection of four songs about learning lessons.
- རྟ་དཀར་དཀར་ཤིས་ཐིག་གོར་གོར་ཅན།
- སྔོན་དང་མར་གློ་འཕྲ་མི་འཕེན་མོད།
- མཛོ་ཁྱུང་དཀར་རྭ་ཁ་གོར་གོར་ཅན།
- སྔོན་དང་མར་རྭ་གཡུག་མི་བྱེད་མོད།
- མ་ཨ་སེར་བྱུ་རུའི་སྣ་ཙར་ཅན།
- སྔོན་དང་མར་ཚིག་ཡ་མི་བྱེད་མོད།
- རྟ་དཀར་དཀར་ཤིས་ཐིག་གོར་གོར་ཅན།
- སྔོན་དང་མར་གློ་འཕྲ་མི་འཕེན་མོད།
- དུས་དེང་སང་གློ་འཕྲ་འཕེན་རྒྱུ་འདི།
- ཁྱོད་ཞོན་མཁན་ངན་པས་སློབ་པ་ཡིན།
- ངའི་ལག་ན་རྒྱ་ལྕག་ཕྲ་མོ་ཡོད།
- ལྕག་ཅི་གཤད་རང་གི་ཞེ་ན་ཡོད།
- མཛོ་ཁྱུང་དཀར་རྭ་ཁ་གོར་གོར་ཅན།
- སྔོན་དང་མར་རྭ་གཡུག་མི་བྱེད་མོད།
- དུས་དེང་སང་རྭ་གཡུག་བྱེད་རྒྱུ་འདི།
- ཁྱོད་འགེལ་མཁན་ངན་པས་སློབ་ནི་རེད།
- ངའི་ལག་ན་རྒྱ་སོག་ངར་མ་ཡོད།
- རྭ་ཅི་གཏུབ་རང་གི་ཞེ་ན་ཡོད།
- མ་ཨ་སེར་བྱུ་རུའི་སྣ་ཙར་ཅན།
- སྔོན་དང་མར་ཚིག་ཡ་མི་བྱེད་མོད།
- དུས་དེང་སང་ཚིག་ཡ་བྱེད་རྒྱུ་འདི།
- ཁྱོད་འགྲོ་གྲོགས་ངན་པས་སློབ་ནི་རེད།
- ཚིག་ཅི་བཤད་ཡིག་ཆུང་ངོ་ན་ཡོད།
- བྲག་དཀར་བྲག་རུང་མཐོ་བ།
- བྲག་དམར་རྩེ་མོ་རྣོ་བ།
- བྱ་གང་ཡིན་འབབ་ཐབས་དཀའ་བ།
- བྱ་འབབ་ཤེས་བྱས་ན་སྐྱོན་མེད།
- སྟོད་གཡུ་ལུང་འགུག་པ་དོག་མོ།
- ལམ་ཕྲ་མོའི་རྡོ་སྲུང་བཙན་པ།
- རྟ་གང་ཡིན་རྒྱུགས་ཐབས་དཀའ་བ།
- རྟ་རྒྱུགས་ཤེས་བྱས་ན་སྐྱོན་མེད།
- རི་མགོ་ཆ་ཡོད་ཆ་མེད་ཁ་ཁ་རེད།
- ཁ་བ་དཀར་པོ་བབས་ན་ཆ་ཡོད་རེད།
- ཆུ་ཆེན་ཆུ་ཆུང་ཁ་ཁ་རེད།
- ཆུ་ཐོམ་བུས་བཅུས་ན་འདྲ་འདྲ་རེད།
- རོགས་ཆ་ཡོད་ཆ་མེད་ཁ་ཁ་རེད།
- ཚིག་སྙན་མོ་བཤད་ན་འདྲ་འདྲ་རེད།