02 Apr 2019
2 min 52 sec
Video Overview
Creators:
Tibetan and Himalayan Library
Five folk songs as performed in Zangkar.
In this video there are five songs: Three Verses, Love Song, Contrast Song, Same Direction Song and In Praising Three lines.
ཟངས་དཀར་ཡུལ་གྱི་འབྲོག་པའི་སའི་དམངས་གླུ་གླུའི་མགོ་མཇུག་བར་གསུམ་དང་བརྩེ་གླུ། དང་ལྷོད་ཤོར་བ། འགྲོ་ཕྱོགས་མཐུན་པ། གྲལ་གསུམ་བསྟོད་གླུ་བཅས་གླུ་ལྔ།
བརྙན་འདིར་དམངས་གླུ་ལྔ་ཡོད་ལ་སོ་སོའི་ཁ་བྱང་ནི། 1《གླུའི་མགོ་མཇུག་བར་གསུམ།》2《བརྩེ་གླུ།》3《དང་ལྷོད་ཤོར་བ།》4《འགྲོ་ཕྱོགས་མཐུན་པ།》5《གྲལ་གསུམ་བསྟོད་གླུ།》
在藏族安多邛溪壤噶地区广为流传的传统牧民民歌:三曲之歌, 情歌, 反差之歌, 同路之歌, 赞三行之歌等五首歌。
视频中的有 1《三曲之歌》2《情歌》3《反差之歌》4《同路之歌》5《赞三行之歌》等五首歌。
- ངའི་གླུ་མགོ་ཤྭ་རྭ་དཀར་པོ་རེད།
- རྭ་དཀར་པོར་འདབ་ལག་རྒྱས་འདྲ་རེད།
- ངའི་གླུ་སྐེད་གཙོད་རྭ་སྨུག་པོ་རེད།
- རྭ་སྨུག་པོར་ཐེམ་པ་བབས་འདྲ་རེད།
- ངའི་གླུ་རྔ་རྒྱ་སྨུག་དར་དཀར་རེད།
- དར་དཀར་པོར་མདུད་པ་བརྒྱབ་ཡག་རེད།
- རྫ་གངས་རྩེ་གངས་ལུང་གོང་མ་ན།
- རྟ་ཡོད་པ་སེར་པོ་སེར་མ་རེད།
- སྒ་བསྟད་པ་གསེར་སྒ་ཉི་མ་རེད།
- རྟ་དེ་ཚོ་བཟུང་གི་ཕན་ཆོད་དུ།
- རྟ་གཞན་པ་མེད་ནི་མ་རེད་མོད།
- རྟ་གཞན་པ་འཛིན་ན་མི་འདོད་གི།
- རྫ་གངས་རྩེ་གངས་ལུང་བར་མ་ན།
- མཛོ་ཡོད་པ་ཀ་བ་མིག་ནག་རེད།
- རྒྱབ་འགེལ་རྒྱུ་དངུལ་དང་དུང་ཙེ་རེད།
- རྭ་གཉིས་ཀ་བ་སོའི་ཐུར་མ་རེད།
- མཛོ་གཞན་པ་མེད་ནི་མ་རེད་མོད།
- མཛོ་དེ་ཚོ་ཁྲིད་པའི་ཕན་ཆོད་དུ།
- མཛོ་གཞན་པ་དེད་ན་མི་འདོད་གི།
- རྫ་གངས་རྩེ་གངས་ལུང་ཞོལ་མ་ན།
- རོགས་ཡོད་པ་ཕ་ཕྱུག་བུ་མོ་རེད།
- ཁ་ཕར་འཁོར་སྙུག་མ་ཚིགས་དྲུག་རེད།
- ཁ་ཚུར་འཁོར་དམར་ཆུང་བྱུ་རུ་རེད།
- རོགས་དེ་ཚོར་འགྲོགས་པའི་ཕན་ཆོད་དུ།
- རོགས་གཞན་པ་མེད་ནི་མ་རེད་མོད།
- རོགས་གཞན་པར་འགྲོགས་ན་མི་འདོད་གི།
- བྲག་དཀར་ལྷ་རིའི་མགོ་ན་།
- ལྷ་རྟ་རྐྱང་ལུ་འཚེར་གི།
- མཚེར་བའི་སྐད་ལ་ཉན་དུས།
- སྔོན་དང་མའི་གྱོ་ལུའི་སྐད་རེད།
- རྒྱུགས་གོམ་པར་དང་ལྷོད་ཤོར་གི།
- བྲག་སྐད་ལྷ་རིའི་སྐེད་ན།
- ལྷ་འབྲུ་བཞོན་མོ་ངུར་གི།
- ངུར་བའི་སྐད་ལ་ཉན་དུས།
- སྔོན་དང་མའི་ཐུལ་མའི་སྐད་རེད།
- ཞོ་འོ་མར་དང་ལྷོད་ཤོར་གི།
- བྲག་དཀར་ལྷ་རིའི་ཞོལ་ན།
- མ་ཨ་སེར་གླུ་ཆུང་ལེན་གི།
- གླུ་ལེན་པའི་སྐད་ལ་ན་དུས།
- སྔོན་དང་མའི་ཆུང་མའི་སྐད་རེད།
- ལག་ལས་ཀར་དང་ལྷོད་ཤོར་གི།
- རྫ་དཀར་དཀར་བུམ་པའི་མགོ་ན།
- རྟ་དཀར་དཀར་སྒྲོག་ལ་བརྒྱབ་ཡོད།
- སྒྲོ་ཆ་རུ་གྲོལ་རོགས་བྱོས་དང་།
- རོགས་ངེད་གཉིས་འགྲོ་ཕྱོགས་གཅིག་རེད།
- རྫ་དཀར་དཀར་བུམ་པའི་སྐེད་ན།
- མཛོ་རོག་ལུ་རྡང་ལ་བརྒྱབ་ཡོད།
- ངར་རྡང་ནས་གཏོང་རོགས་བྱོས་དང་།
- རོགས་ངེད་གཉིས་འགྲོ་ཕྱོགས་གཅིག་རེད།
- རྫ་དཀར་དཀར་བུམ་པའི་ཞོལ་ན།
- རོགས་ཆུང་ལོ་རྨུ་ཁར་ཐུག་ཡོད།
- རྟ་རྨུ་ཁའི་བསལ་རོགས་བྱོས་དང་།
- རོགས་ངེད་གཉིས་འགྲོ་ཕྱོགས་གཅིག་རེད།
- ངས་གྲལ་མགོ་རིག་ལ་གླུ་ཞིག་བླངས།
- མགོའི་ཞ་མོན་ཅན་པོར་བླངས་ནི་ཡིན།
- མགོའི་ཞ་མོན་ནམ་མཁའི་ལྷ་མོའི་སྲུང་།
- ངས་གྲལ་སྐེད་རིག་ལ་གླུ་ཞིག་བླངས།
- སྐེ་ཕྱག་མདུད་ཅན་པོར་བླངས་ནི་ཡིན།
- སྐེ་ཕྱག་མདུད་ཕྱག་ན་རྡོ་རྗེས་སྲུང་།
- ངས་གྲལ་རྔ་རིག་ལ་གླུ་ཞིག་བླངས།
- རྐང་སོག་ལྷམ་ཅན་པོར་བླངས་ནི་ཡིན།
- རྐང་སོག་ལྷམ་ས་གཞི་རྟེན་པའི་སྲུང་།