Video Overview
A series of traditional Tibetan displays of physical prowess.
- འགྱོག་རྡོ་འདེགས་པར།
- འགྱོག་རྡོ་ལ་རྒྱ་མ་བརྒྱ་དང་
- བདུན་ཅུ་བརྒྱད་བཅུ་ཡོད་ས་ཡོད་ལ།
- ཉིས་བརྒྱ་ཡོད་ས་ཡང་ཡོད།
- ཅི་ཡོད་རུང་བཏེགས་ན་སུས་ངར་
- ཞེས་ན་ཆུང་ཚོར་འགྱོག་གི་འཇུག
- གང་ཞིག་ཡིན་རུང་བཏེགས་ན་ལ་ལས་ས་ནས་སྤོ་མི་ཐུབ།
- ལ་ལས་པུས་མོའི་ཚད་ལ་ལེན་ཐུབ། ལ་ལས་བྲང་ཐོག་ཏུ་ལེན།
- ལ་ལས་ཕྲེག་ཁ་ལེན། ལ་ལས་ཕྲེག་ཁ་ནས་འཕེན་ཐུབ།
- ཤེད་ཆེན་ཚོས་ཕྲེག་ནས་འཕེན་ཐུབ།
- ཡར་སྔོན་ང་ཆུང་དུས་སུ་རྡོ་རྒྱ་མ་ཉིས་བརྒྱ་
- ཕྲེག་ནས་འཕེན་མཁན་ཏག་ཏག་ཡིན།
- རྒྱ་མ་ཉིས་བརྒྱ་འཕེན་ཐུབ་ལ་ཉིས་བརྒྱ་དང་
- ལྔ་བཅུ་འཕེན་མཁན་ཡང་ཡོད།
- ཡར་སྔོན་འཇུ་ཤེད་དང་འགྱོག་རྡོ་ཐེག་མཁན་ཚོས་
- ཉིས་བརྒྱ་ལྔ་བཅུ་འཕེན་ཐུབ། དེ་འདྲའི་ཤེད་ཆེན་ཡོད།
- དེ་ནས་འཇུ་རེས་བྱེད་རྒྱུ་ཡོད་ལ།
- འཇུ་རེས་ཐེངས་གསུམ་ལ་བྱེད་དགོས།
- ངས་འཇུ་རེས་ཐེངས་མང་པོ་བྱས་ཡོད།
- ལག་པ་འདི་ལྟར་ཕྲེག་ཁར་བླང་ཏེ་འཇུ་རེས་བྱས་དུས་
- ལུས་པོ་མྱུར་ན་སར་མི་ཕོག
- ལ་ལས་འཇུ་རེས་བྱེད་སྐབས་སྲ་བཟུང་སྟེ་མི་འགུལ་བར་
- ཡར་འགྱོག་གི་མི་འཇུག་པར་སྲ་མོ་བྱས་འདུག
- ཤེད་ཆེན་ལས་ལས་གོར་གོར་བསྐོར་ཏེ་སར་རྒྱག་བརྒྱབ་ནས་
- ང་རྒྱལ་སོང་བསམ་དུས་མྱུར་རྩལ་ཅན་དེ་སར་མི་ཕོག་པར་
- མགོ་གྱེན་དུ་བཟུང་སྟེ་ཕྱིར་ཤེད་ཆེན་དེ་འགྱེལ་བར་བྱས་པ་མང་།
- ལྡིང་ཚད་བྱེད་ན་ས་འདོམ་གསུམ་ཙམ་རེ་འཇལ་
- རིང་ཐུང་ལ་འདོམ་གསུམ་ཙམ་རེའི་ཚད་གཞི་འཇོག
- དེར་གོང་དུ་རྟགས་བཞག་སྟེ་ཕོ་གསར་ཚོ་ལྡིང་ན་
- འདོམ་དོ་ལ་ལྡིང་མཁན་ཕལ་ཆེར་ཡོད་ལ་
- འདོམ་གསུམ་ལ་ལྡིང་མཁན་མང་པོ་ཡོད།
- འདོམ་གསུམ་ཙམ་ལ་ལྡིང་ཐུབ་ན་ཨང་དང་པོ་རེད།
- འདོམ་གཉིས་དང་འདོམ་གཉིས་འདོམ་ཕྱེད་ཡང་ཡོད།
- ད་དུང་འདོམ་གང་ལ་ལྡིང་མི་ཐུབ་མཁན་ཡོད་མོད།
- འདོམ་གསུམ་ལ་ཙོག་སེ། སྤོ་འབུར་ཞིག་ཡོད་ན་
- དེའི་མཚམས་ལ་ཙོག་སེ་ལྡིང་ཐུབ་ན་ངར་བ་རེད།
- གྱེན་ལ་ལྡིང་དུས་མི་ཞིག་གི་མི་ལུས་མཐོ་དམའ་ཞིག
- མི་ཞིག་གི་མགོའི་ཐད་ལ་ཐག་པ་ཤར་སེ་བཞག་སྟེ་
- དེར་ལྡིང་དུས་ལ་ལས་རྐང་ལག་ཙམ་ཡང་མི་ཐུག་པར་
- མི་ལུས་ཞིག་གི་ཡན་དུ་ལྡིང་མཁན་མང་།
- མི་ལུས་ཙམ་ལ་ལྡིང་མི་ཐུབ་མཁན་ཡང་མང་།
- ཡང་ན་རྐང་པ་ཤོར་ཏེ་ལྡིང་མི་ཐུབ་རྒྱུ་སོགས་མང་།
- ལྡིང་ཚད་དང་འགྱོ་རྡོ། འཇུ་རེས་བྱས་པ་སོགས་ཡོད།
- དེ་ནས་གླང་ཆེན་ས་གཤགས།
- གླང་ཆེན་ས་གཤགས་ལ་ཕོ་གསར་དག་གིས་
- ས་བབས་མཐོ་དམའ་སོགས་ལ་བལྟས་ཏེ།
- ཕན་ཚུན་གཉིས་ཀའི་སྐེ་ལ་བཏགས་ནས་བར་དུ་
- རས་དམར་པོར་རྡོ་བཏགས་ནས་བཞག
- བར་ཏུ་ཚད་འཛིན་མཁན་ཡོད།
- གླང་ཆེན་ས་གཤགས་བྱས་ན་
- ལ་ལས་ཤེད་ཡོད་པས་སྲ་འཛིན་ཐུབ།
- ལ་ལས་སྲ་འཛིན་མི་ཐུབ་པར་ཤར་སེ་ཐེན་འགྲོ།
- འཐེན་སྐབས་རང་གི་མི་ཐུབ་ན་དེ་མ་ཐག་ཏུ་
- མགོ་ནས་ལེན་དགོས་པ་ལས་ངར་ཆེ་བས་སྐེ་བཤུས་འགྲོ།
- པགས་བཤུས་ཏེ་དམར་པོ་བྱེད་རྒྱུ་མང་།
- ས་བབས་མཐོ་དམའ་ལྟར་སྐོར་གཉིས་ལ་བརྗེས་ནས་འཐེན།
- ས་བབས་གཉིས་ཀར་ཐུབ་སོང་ན་ཨང་དང་པོ་རེད།
- ས་བབས་གཉིས་ཀར་མ་ཐུབ་པར་གཅིག་ལ་ཐུབ་སྟེ་
- ཅིག་ཤོས་ལ་མ་ཐུབ་ན་རྒྱལ་ཁ་མ་ལོན་པ་ཡིན།
- གླང་ཆེན་ས་གཤགས་ཕན་ཆེར་དེ་འདྲ་ཞིག་རེད།
- ང་ནི་འགྱོག་ཚད་དང་གླང་ཆེན་ས་གཤགས། འཇུ་རེས།
- དེའི་གྲས་སུ་བརྒྱུགས་ཡོད། རྩེ་མྱོངས།