19 Jun 2011
25 min 14 sec
Video Overview
Creators:
Norbu Dradul, Tibetan & Himalayan Library
This is part two of a video that presents some insights into the normal and yet exceptional life of Ader the nomad.
ཨ་སྡེར་ནི་སྡེ་བའི་ནང་གི་འབྲོག་པ་དཀྱིལ་མ་ཞིག་ཡིན་ལ། ཁོ་རང་ཆུང་དུས་ནས་ཚན་རིག་དང་ཆོས་ལུགས་སོགས་སློབ་པར་དགའ་བས། རིག་གནས་ཆེ་ཆུང་ཀུན་ལ་མཁས་པའི་མི་ཞིག་ཏུ་གྱུར་པ་མ་ཟད་སྡེ་བའི་ནང་ལ་མཁོ་གལ་ཆེ་བའི་མི་ཞིག་ཏུ་གྱུར་ཡོད། ཁོ་རང་གི་མི་ཚེ་གང་བོར་སྡེ་བར་ཕན་པའི་བྱ་བ་སྒྲུབ་ནའང་ཁོ་རང་ད་ལྟ་སྡེ་བའི་ནང་གི་ཆེས་དབུལ་བའི་ཁྱིམ་ཚང་ཞིག་ཏུ་གྱུར་ཡོད།
阿德尔是一个普通牧民,虽然他从未有过上学的机会但从小时候对学习很感兴趣,完全通过自学掌握了很多知识和工巧。本片讲述他普通而与众不同的生活。
- ཨ་སྡེར།ཨོ་་་ཁག་མེད་ཡ།
- བཤད་མཁན་བཅུ་གཉིས་པ།ཡོང་མ་ཐུབ།
- བཤད་མཁན་བཅུ་གསུམ་པ།ཁག་མེད་གི།
- ཨ་སྡེར།མགོ་ལོག་གི་སྡེ་བ་ཞིག་ཧ་ཅང་ཕྱུག་པོ་ཞིག་ཡིན་པར་བཤད།
- རང་རང་གི་སྒོ་ཁར་ལྕགས་ར་བརྒྱབ་ན།
- སྒོར་མོ་ཁྲི་ཚོ་བརྒྱ་ཉིས་བརྒྱ་ལེན་མཁན་ཡོད་ཀི་ཟེར།
- འདི་ན་བུ་མོ་ཆུང་ཆུང་ཞིག་ཡོད་པ་འདི་སུ་རེད།
- བཤད་མཁན་བཞི་བ།འདི་མཚོ་ལྡེའུ།
- ཨ་སྡེར།ཨེ་རེད།
- བཤད་མཁན་བཞི་བ།འདི་མཚོ་ལྡེའུ་རེད།
- བཤད་མཁན་ལྔ་བ།དེ་བཟང་ཡང་བཟང་གི་ཟེར།
- ཕལ་ཆེར་ཟངས་དཀར་སྟོད་སྨད་བར་གསུམ་དང་ཕར་གྱི་དམེ་བ།
- དེ་འདྲ་ནས་ཉོ་མཁན་མང་གི།
- ཧ་ཅང་མང་གི།
- [གསལ་བོ་མིན་པ]
- དེའི་སྟབས་ཀྱིས་རེད།
- དེ་ཧ་ཅང་འཚོང་བཞིན་འདུག
- དེ་འཚོང་ཡང་འཚོང་ལ་འབྲོག་པ་ཚོར་ཧ་ཅང་བདེ་བས་ཉོ་མཁན་ཡང་མང།
- དེ་ཁོ་ཡིས་གསར་གཏོད་བྱས་པ་རེད།
- དེ་ཁོ་ཡིས་ལས་པ་ཧ་ཅང་དཔེ་མེད་ཅིག་རེད།
- ཨ་སྡེར།འདིར་བླུགས་ཡོད་པ་རེད།
- [གསལ་བོ་མིན་པ]
- ཡིན་ནམ།
- [གསལ་བོ་མིན་པ]
- དེ་རིང་།
- དེ་ཉིན་སྙིང་ཅུང་ཙམ་འཕར་བྱུང་མོད།
- གནམ་ཁབ་ཅིག་བརྒྱབ་ནས་དེ་ལྟར་བྱས།
- ད་བར་ང་ཚོ་མ་གཏོགས་འདི་འདྲ་ཡོད་པ་དཀོན་པ་འདྲ།
- ཁང་བ།
- བཤད་མཁན་དྲུག་པ།ཁང་བ་ཡིན་ནམ།
- ཨ་སྡེར།ཡིན།
- ཕར་ཆེར་མེད།
- ཨ་རོད་་་ཁྱེད་ཚང་གི་མཛོ་དགའ་མ་མགོ་གཞི་ར་ཅན་པོ་དང་ངེད་ཚང་གི་
- རྟོལ་མོ་དཀར་རྫ་མ་སོགས་ལ་ལུང་དེར་རིག་གམ།
- ཁ་སང་དེ་རིང་དེར་མ་ཡོང་ངམ།
- ཁྱེད་ཚང་གི་ཉེ་འཁོར་དུ།
- དེ་རྐུན་མས་ཁྱེར་སོང་ཁ་རེད།
- ང་མར་ལ་བཙལ་དུ་རྐང་ཐང་ལ་སོང་མོད་མེད་ཀི།
- ཡར་ལ་ལྷ་རོང་གྱེན་དུ་སོང་རུང་མེད་ཀི།
- རྐུན་མས་ཁྱེར་སོང་བ་ཡིན་ནམ།
- དགོས་པ་མིན།
- ཐར་བས་མ་རིག
- མཚན་མོར་བུད་སོང་ན་མི་རིག་པ་རེད།
- བཤད་མཁན་བདུན་པ།མཚན་ལ་མི་འགྲོ་བསམ།
- ཨ་སྡེར།རིག་ན་ང་ལ་ཁ་པར་རྒྱག་རྒྱུ་བྱས་ཡོད།
- བཤད་མཁན་བདུན་པ།སྔ་དྲོ་བུད་སོང་བ་ཨེ་ཡིན་ནམ།
- ཨ་སྡེར།ད་ཁྱིམ་ལ་ཁྱེར་ནས་བསྡད་འདུག
- སྔོན་ལ་ཡི་གེ་བྲིས་པ་རྣམས་འདི་ན་བཞག་ཡོད།
- ང་ཚོའི་ཡི་གེ་བཟང་ཤོས་རྣམས་འདི་དག་རེད།
- ཆེས་དགའ་ས་འདི་རེད།
- འདི་ལ་ཧ་ཅང་ཞིབ་དཔྱད་བྱས་ཡོད་པ་རེད།
- དེང་སང་ཨ་མེ་རི་ཁའི་ལྡེ་མིག་གི་ནང་ན་བོའུ་ཡོད་ཀི།
- གྲི་ཡི་ནང་ན་བོའུ་ཡོད་ཀི།
- འབར་ཞུན་བོའུ་རེད།
- དུ་བ་འཐེན་སྤྱད་བོའུ་རེད།
- འདྲ་མི་འདྲ་རེད།
- བཤད་མཁན་བརྒྱད་པ།དེ་ཉིན་གྲགས་བཞིན་པ་འདྲ།
- ཨ་སྡེར།དེ་ཉིན་སྨན་ཁང་ལ་སོང་།
- [གསལ་བོ་མིན་པ]
- འདི་མ་གཏོགས་ཚང་མ་ལས་པ་རེད།
- ལས་པའི་རེ་བ་ཡང་མེད།
- ལས་ན་ཚང་མར་དཀའ་ལས་རེད།
- དེ་འདྲ་དགོས་དོན་མེད།
- ཅུང་བདེ་བོ་ཞིག་མེད་ན་འདི་དག་ལོག་སོང་ཚེ།
- ས་འགུལ་ཞིག་རྒྱུགས་ཚེ་རྩྭ་རྣམས་རུལ་ནས་ལོག་ཨེ་འགྲོ་བསམ།
- ད་ངོ་མས་བཤད་ན་ལོ་བདུན་ཅུ་དོན་བདུན་ལ་ཐོན་ནས།
- མང་ན་ལོ་གཉིས་ནས་གསུམ་རེད།
- དེ་བས་ས་འགུལ་རྒྱུགས་ན་ནང་དུ་མགོ་རེ་རྒྱག་ས་ཁང་བ་སྟབས་བདེ་ཞིག་ཡོད་ན།
- དེ་མིན་རེ་བ་ཅི་ཡང་མེད།
- ངས་ཀུང་ཧྲེ་ལ་ཡང་དེ་ལྟར་བཤད།
- ང་ལ་དེ་མ་གཏོགས་རེ་བ་རེད།
- ཁང་བ་ཏག་ཏག་ཅིག་ལས་རུང་འདུག་ཁོམ་ཡོད་པ་མ་རེད།
- རང་གིས་མ་བཀོལ་ན་ཤུལ་ནས་མི་གཞི་རྩ་ལག་དགོས་ཀྱང་མི་དགོས།
- ཁོ་ཚོས་རང་རང་ས་ནས་རང་རང་གིས་ལམ་རེ་བཙལ་ཡོད།
- ལས་རྒྱུ་ཡོད་པ་མ་རེད།
- ཁང་བ་སྟབས་བདེ་ཞིག་ལ་འགྲོ་སོང་ཡང་མང་པོ་མེད་ཀི།
- ན་ནིང་ཞིང་གྲོང་གི་ལས་བདག་རྣམས་ལ།
- ལམ་ཁའི་ཁྱིམ་ཚང་རྣམས་ལ།
- ལམ་ཁ་མིན་ས་རྣམས་ལ་མེད་ཀི།
- ལམ་ཁ་ན་ཡོད་པ་རྣམས་ལ་དེ་འདྲ་ཞིག་ལས་བྱུང་།
- དེ་དུས་མ་དགོས་པར།
- དེ་བས་དེ་འདྲ་ཞིག་འགྲིག་གི་བསམ་པ་མ་གཏོགས།
- དེ་མིན་ཁང་བ་བཟང་བོ་ཞིག་ལས་རྒྱུ་གཏན་ནས་བསམ་བཞིན་མེད།
- ང་ལ་ཕར་ན་ར་ནང་ཞིག་ཡོད་པ་དེའི་ནང་དུ་ཁོ་ཚང་གི་ཟོག་ཆུད་པ་མ་རེད།
- འདི་ཚང་གི་ར་ནང་ལ་ཨེ་ཆུད་མི་ཤེས།
- གད་སྙིགས་ཟས་རིགས་རྣམས།
- དེ་ཚོ་དུས་ཚོད་འགོར་སོང་ན་དུག་གིས་ལོག་འགྲོ།
- ཞིང་གྲོང་གི་གྲོང་སྡེ་རྣམས་སུ་མི་རྣམས་ཀྱིས་དེ་ཟོས།
- རེད་ལ།
- བཤད་མཁན་དྲུག་པ།བདེན་གི།
- ཨ་སྡེར།དེ་བས་དེ་ཡིས་ནད་སྣ་ཚོགས་སྐྱེལ་ཡོང།
- ཚེ་ཐུང་བར་འགྲོ།
- བཤད་མཁན་ལྔ་བ།དེ་བས་ན་ནིང་བྱིས་པ་ཚོར་ཡང་དེ་ལྟར་བཤད།
- ཨ་སྡེར་དེ་སྔགས་ཀློག་པར་ཧ་ཅང་ངར།
- བོད་ཀྱི་སྔགས་ཀྱི་སྐོར་ལ་ཧ་ཅང་ངར།
- ད་བར་སློབ་གྲྭ་བ་ཞིག་ཡིན་ན།
- ས་གང་དུ་སོང་ནའང་སྔགས་དེ་ཁྲིད་ཀྱིན་མེད།
- བོད་ཡིག་ཁྲིད་ན་སྔགས་ཤེས་མཁན་མང་པོ་མེད་ཀི།
- བྱིས་པ་ཚོས་བསླབ་ན།
- ཨ་སྡེར་གྱི་མདུན་དུ་སོང་ནས་སྔགས་ཀྱི་བཀླག་ཐབས་དེ་ཁྲིད་ན།
- སྔགས་ཀྱི་བཀླག་ཐབས་ལ་ཧ་ཅང་ངར་བ་རེད།
- ཕལ་ཆེར་བློར་བླངས་འདུག
- བོད་ཡིག་གི་སྔགས་ཀྱི་སྐོར་ལ།
- འདི་ལ་རྒྱུད་ཆད་རྒྱུ་ཡོད་པ་རེད།
- དེ་བས་བྱིས་པ་ཚོར་ཁྱོད་ཚོ་ཨ་སྡེར་གྱི་མདུན་དུ་སོང་ནས་སྔགས་དེ་ཁྲིད་ན།
- ཡག་པོ་ཁྲིད་ན་ཧ་ཅང་ལེགས་ཞེས་བཤད་ན།
- བྱིས་པ་ཚོས་ཀྱང་ངར་གི་ཟེར་མོད།
- བྱིས་པ་ཚོས་ཉན་ཁ་མི་ཉན།
- ཨ་སྡེར།འདི་དག་ཀྱང་རེད།
- འདི་ཨེ་ཡིན་ནམ།
- འདི་ཡང་ཡིག་གཟུགས་ཡིན་རྒྱུ་རེད།
- ཡིག་གཟུགས་སྣ་ཚོགས་ཡོད།
- དེ་རེད་ཁྱེད་ཚོས་ལྟོས་དང་།
- འདི་གཏེར་ཡག་ཏག་ཏག་རེད།
- ལོ་རབས་རེ་རེ་རེ་རེ་ཡི་གཏེར་ཡིག།
- གཏེར་ཡིག་དེར་མི་གཅིག་པ་སྣ་ཚོགས་ཡོད་ཀི།
- གཏེར་ཡིག་དེ་འདྲ།
- བཤད་མཁན་དྲུག་པ།འདི་ཆ་བོ་གཏེར་ཡིག་ཏག་ཏག་ཡིན་ནམ།
- ཨ་སྡེར།འདིའི་ནང་གི་དེ་ཁ་ཚང་གཏེར་ཡིག་རེད།
- འདི་ཚོ་རང་བཞིན་གྱི་ཡིག་གཟུགས་ཏག་ཏག་རེད།
- ཡིག་གཟུགས་སྣ་ཚོགས་རེད།
- དེས་བཀའ་འགྱུར་སླ་མོ་བྱས་ནས་ལོན་སོང་།
- དེའི་མ་དཔེ་ངོ་མ་བོ་དྲང་མོར་བཤད་ན་ནང་དུ་སྐོང་ཡོད།
- དེ་དུས་ང་ཚོ་སྙིང་རྗེ།
- དགོན་པའི་དོན་དུ་བདག་གཉེར་ཀྱི་ནང་དུ་ཡོད་དུས།
- བདག་གཉེར་གྱི་བར་ནས་དགོན་པའི་ཅ་ལག་མང་པོ་སྐུང་ནས།
- ང་ཚོས་དེ་ལྟར་ཁུར་ནས་སོང་སྟེ་སྐུང་ནས།
- ཡང་རྗེས་ནས་དགོན་པའི་ཅ་ལག་རྣམས་ཕྱིར་བླངས་ནས།
- ཨ་ཁུ་ཚང་མར་ན་ཡོད་དུས།
- སོར་སྡུད་དང་ངེད་གཉིས་སོང་ནས་བརྐོས།
- [གསལ་བོ་མིན་པ]
- ཞབས་ན་ཅ་ཅང་གཟར་ས་ཞིག་ཡོད།
- དེའི་ནང་ན་ཁུང་སྒོམ་རྒྱག་ས་ཞིག་ཡོད།
- [གསལ་བོ་མིན་པ]
- ངེད་ཚང་གི་མི་རྣམས་འདུག་ས་དེ་ཁྱེད་ཀྱིས་མི་ཤེས་ན་ཐང་།
- དེའི་མཐའ་སྐོར་དུ་བརྒྱབ་བཞག།
- དེ་ནས་ཁོ་ཚོ་དེར་སོང་ནས་བལྟས།
- ཨ་ཕ་ལོ་ལོན་དེ།
- [གསལ་བོ་མིན་པ]
- ད་བར་ཕལ་ཆེར་ཞིག་གིས་ཆོས་ཏག་ཏག་བཤད་ནས།
- དེ་དུས་རྩ་བ་ནས་ཆོག་པ་མ་རེད།
- ཆོག་པ་མ་རེད།
- [གསལ་བོ་མིན་པ]
- ཅི་ཡིན་རུང་འགྲུབ་མི་འགྲུབ་བརྩི་སྲོལ་ཞིག་ཡོད་ཐལ།
- [གསལ་བོ་མིན་པ]
- སྒོར་མོ་སྟོང་རེ་སྟོང་རེ་བྱིན་ཐལ།
- [གསལ་བོ་མིན་པ]
- མི་འདིའི་ལག་ན་རིག་གནས་སྐོར་གྱི་དགོས་མཁོ་ཅན་ཧ་ཅང་མང་གི།
- བཤད་མཁན་ལྔ་བ།གཙོ་བོ་སྔགས་དང་ལཛྙ།
- དེའི་སྐོར་ལ་འདི་ཧ་ཅང་ངར་གི།
- དེ་མིན་ད་དུང་ཆོས་ལུགས་ཀྱི་ཐད།
- བོན་ཆོས་བན་ཆོས་རྙིང་མ་གསར་མ།
- སྣ་མ་སྣ་ཚོགས་ཀྱི་ཐད་ནས་འདི་ན་བཤད་རྒྱུ་ཤེས་རྒྱུ་ཡོད་པ་རེད།
- དེའི་མི་ཚད་ལོ་རྒྱུས།
- བོད་ཀྱི་ཅི་དང་གང་ལའང་།
- ས་ཆ་ཆུང་ཆུང་ཞིག་གི་རིག་གནས་ཧ་ཅང་ཡོད་པ་ཞིག
- ཡང་ཡོད་རུང་གཞན་གྱིས་ཧ་མི་གོ་བ།
- རང་བཞིན་གྱིས་འདི་ལྟར་བསྡད་ཡོད་པ།
- རུལ་འགྲོ་བ་དེ་འདྲའི་ཁ་མཚམས་ཤིག་རེད།
- བཤད་མཁན་དགུ་བ།དེའི་ཡོན་ཏན་དེ་ཅིག་ལ་སྟེར་མ་ཐུབ།
- ཁོས་བེད་སྤྱོད་མ་བྱས།
- རང་བཞིན་གྱིས་འདས་སོང་བ་དེ་གྱོང་ཆེན་པོ་རེད་བསམ།
- ས་གནས་ལ་བཤད་ན་གྱོང་ཆེན་པོ་རེད།
- ཁོ་རང་གི་ངོས་ཐད་ནས་བཤད་ན་གྱོང་ཆེན་པོ་རེད།
- མི་རིགས་ཤིག་ལ་མཚོན་ན་གྱོང་ཆེན་པོ་རེད།
- དེ་སྔོན་ཞིག་ནས་ང་ཚོས་སྐྱོར་རྒྱུ་དང་ཁྱབ་བསྒྲགས་བྱེད་རྒྱུ་དེ་མ་ཐུན་པ་རེད་མ་གཏོགས།
- མ་དྲན་པ་དང་མ་ཐུབ་པ་རེད་མ་གཏོགས།
- དེ་ཐུབ་ཡོད་ན་ཧ་ཅང་ལེགས།
- དེ་བས་འདི་ཚང་མའི་ཐུགས་ཁྲལ་བྱེད་ས་ཞིག་རེད་བསམ།
- ཨ་སྡེར།[གསལ་བོ་མིན་པ]
- དེ་རིང་མ་ཁོམ་པ་རེད་མ་གཏོགས་ཁབ་རྒྱབ་ཚར་རྗེས་སྨན་དེ་འཐུང་དགོས།
- ཕར་ཕྱོགས་ཀྱི་ཁུག་མའི་ནང་གི་དེ།
- བཤད་མཁན་དྲུག་པ།འདི་ཡིན་ནམ།
- ཨ་སྡེར།རེད།
- བཤད་མཁན་དྲུག་པ།ཅི་ཞིག་གི་སྨན་རེད།
- ཅི་ཞིག་གི་སྨན་རེད།
- ཨ་སྡེར།ཕོ་བའི་སྨན་རེད།
- བཤད་མཁན་དྲུག་པ།རིལ་དཀར།
- ཨ་སྡེར།ཨོ་ཡ་་་རིལ་དཀར་འདི་བདུད་རྩི་རིལ་དཀར་རེད།
- སེ་འབྲུ་རིལ་དཀར་སེ་མེ་རིལ་དཀར།
- གྲུབ་ཐོབ་རིལ་དཀར་བདུད་རྩི་རིལ་དཀར།
- རིལ་དཀར་ལ་རིགས་མང་པོ་ཡོད་པ་རེད།
- འདི་བདུད་རྩི་རིལ་དཀར་ཟེར་བ་དེ་རེད།
- བདུད་རྩི་རིལ་དཀར་འདི།
- [གསལ་བོ་མིན་པ]
- མ་ཞུ་འཇུ་ཞིང་ཕོ་བའི་མེ་དྲོད་སྐྱེད། །
- ལྷེན་དང་སྐྲན་བཤིག་བད་ཀན་ལྕགས་དྲེག་འགོག །
- སྐྱ་རྦབ་འཇིལ་ཞིང་འོར་དང་དམུ་ཆུ་སྐེམ། །
- གྲང་སྲིན་གླང་ཐབས་ནད་ལ་བདུད་རྩི་འདྲ་ཟེར་བ་རེད།
- [གསལ་བོ་མིན་པ]
- བཤད་མཁན་དྲུག་པ།རྒྱུ་ཆ་གཙོ་བོ་ཅི་རེད།
- ཨ་སྡེར།གཙོ་བོ་རྡོ་བ་རེད།
- རྡོ་བ་སྲེག་པའི་ནང་ན་དམར་པོ་རྟ་ལོ་ཟེར་བ་ཞིག་ཡོད།
- སྐྱ་བོ་གོར་བརྒྱབ་ཟེར་བ་ཞིག་ཡོད།
- ལྗང་ཁུ་རྨ་བྱ་ཟེར་བའམ་ཕུག་རོན་ཟེར་བ་ཞིག་ཡོད།
- རིགས་ལྔ་འདྲ་ཞིག་ཡོད་ཐལ།
- དམར་པོ་རྟ་ལོ་ང་ཚོའི་ས་ན་ཡོད་པ་ཞིག་མ་རེད།
- [གསལ་བོ་མིན་པ]
- དམར་པོ་རྟ་ལོ་ཡིན་ན་རྟ་ཡི་ལོ།
- ནག་པོ་ཕོ་རོག་ཟེར་བ་ཞིག་ཡོད་དེ་ང་ཚོའི་ས་ཆར་མྱུར་རྡོ་བྱེད་པ་ཞིག་ཡོད་པ།
- མཛོད་དགེ་ཕྱོགས་ན་ཡོད་ཀི།
- བཤད་མཁན་དྲུག་པ།ཨ་ཁུ་་་འདི་ཚང་མ་རྡོ་ཏག་ཏག་ཡིན་ནམ།
- ཨ་སྡེར།རྡོ་རེད།
- རྡོ་སྲེག་ནས་བཞུས་ཏེ།
- ཏ་ར་དང་ཆང་གི་ནང་དུ་འཕངས་ནས།
- སྲེག་ཡག་བྱས་ནས་དུས་ཚོད་གསུམ་རེར་མེ་བུས་ཚེ།
- སྲེག་ནས་དུས་ཚོད་གསུམ་རེར་བཞག་རྗེས།
- དེ་རྡུལ་འདྲ་ཞིག་གིས་ལོག་ནས།
- དེའི་ནང་དུ་འཕངས་རྗེས་ཕྱི་ཉིན་བཞུས་ཡོད་པ་རེད།
- བཞུས་རྗེས་རས་ལ་བཙག་ནས།
- ཡག་པོ་བཞུས་མེད་པ་རྣམས་འགྲོ་རུ་མ་བཅུག
- དཀར་པོ་དེ་བླངས་པ་རེད།
- གཡར་ར་ཞིག་ཕྱེ་དགོས་པ་ཨེ་རེད།
- འདི་ཅི་ལྟར་བྱས་ནས་གཏུབ་དགོས།
- འབར་ཁམས་ཀྱི་ཤིང་བཟང་གི་ཟེར་བཞིན་འདུག
- བཤད་མཁན་དྲུག་པ།ཨོ།
- ཨ་སྡེར།金刚树ཟེར་བ་དེ་རྒྱ་སྐད་རེད།
- བོད་སྐད་ཀྱིས་ཅི་ཞིག་གི་དགུ་ཟེའུ་ཟེར་བ་འདྲ།
- བཤད་མཁན་དྲུག་པ།བོད་སྐད་ཀྱིས་དེ་ཅི་ལྟར་བཤད།
- ཨ་སྡེར།བེར་ལོ་རེད།
- བཤད་མཁན་དྲུག་པ།བེར་ལོ།
- ཨ་སྡེར།བེར་ལོ་རེད།
- འདི་བེར་དམར་ཡིན་པ་འདྲ།
- བེར་ལོའི་ལོ་མ་རགས་མོ་ཅན་ཞིག་ཡོད་མོད་དེ་དེ་འདྲ་མི་ལེགས་པ་འདྲ།
- བེར་སྐྱ་བོ་ཡིན་ཁ་རེད།
- བྲག་ནང་ལ་སྐྱེས་པའི་བེར་དོ་ཞིག་ཡོད།
- འདི་དེའི་རིགས་ཡིན་ཁ་རེད།
- བེར་སྐྱ་བོ་འདི་ཡིན་རྒྱུ་རེད།
- འདི་བེར་ལོ་ཡིན་ལ་འདི་འདྲ་ཞིག་རེད།
- སོ་མང་ཞིག་རེད།
- རི་མོ་འདི་ཡག་ཐལ།
- རི་མོ་ཡག་པོ་རེད།
- འདི་བཟང་དགོས་སྤྱད་ཡོད་པ་མ་རེད།
- [གསལ་བོ་མིན་པ]
- བཤད་མཁན་བཅུ་བ།ཁོ་རང་ལྷ་བཟོ་མ་རེད།
- ལྕགས་མགར་བྱས་ན་ཐུབ་ཀི།
- རྣོ་མགར་བྱས་ན་ཡང་ཐུབ་ཀི།
- འཚེམ་ལས་བྱེད་བཞིན་པ་རིག་མ་མྱོང་མོད་དེར་མི་ཐུབ་པ་མེད་པ་འདྲ།
- ཁོས་བཤད་ཚུལ་ལ་བལྟས་ན།
- དེའི་འཕྲོར་རི་མོ་ཅི་ཞིག་འབྲི་དགོས་ན་ཐུབ་ཀི།
- ཤིང་བཟོ་བྱེད་དགོས་ན་ཐུབ་ཀི།
- འཕྲུལ་ཆས་ལས་དགོས་ན་ཐུབ་ཀི།
- བརྙན་འཕྲིན་གྱི་སྐོར་དང་འཕྲུལ་རྟ་ཡི་སྐོར།
- རླངས་འཁོར་གྱི་སྐོར་ཅི་ཞིག་ལས་དགོས་ན་ཁོས་ལས་ཐུབ་པ་རེད།
- དེའི་མི་ཚད་རིག་གནས་ཀྱི་སྐོར་ནས་བོད་ཡིག་བཤད་མ་དགོས་པ་རེད།
- བོད་རིགས་རང་གི་སྐད་རེད།
- དེའི་སྟེང་ལ་ད་དུང་རྒྱ་ཡིག་དང་དབྱིན་ཡིག
- འཇར་པན་གྱི་སྐད།
- ཨུ་རུ་སུའི་སྐད་ཡིན་ན།
- དེ་འདྲའི་ཕྱི་རྒྱལ་གྱི་སྐད་མང་པོ་ཞིག
- བརྒྱ་ཆའི་བརྒྱ་ཡི་གཏིང་ཟབ་མོ་ཞིག་ཤེས་ཡོད་མིན་མི་ཤེས་མོད།
- རང་བཞིན་གྱི་གོ་བརྡ་སྤྲོད་ཐུབ་ཀྱིན་འདུག
- དེའི་མི་ཚད་ཁོས་ད་དུང་སྨན་ནམ་གསོ་བ་རིག་པར་ཡང་མཁས་པ་ཞིག་རེད།
- ཁོ་རང་ང་ཚོ་རང་བཞིན་གྱི་མི་གཞན་དང་མི་འདྲ་བའི་མི་ཡ་མཚན་ཅན་ཞིག་རེད་བསམ་པའི་
- དེའི་བག་ཆགས་ཡོད།
- ཨ་སྡེར།འདི་སྙན་ངག་ཉིན་ནམ་ཅི་རེད།
- སྤྱིར་ན་ཨ་ཡི་སྒྲ་འདི་རྒྱལ་ཁབ་སུ་ཡིན་རུང་ཡོད་ཀི།
- [གསལ་བོ་མིན་པ]
- དེའི་ནང་གི་ལྔ་བ་བོ་ཨ་རེད།
- [གསལ་བོ་མིན་པ]
- དེ་ལྟར་བཏོན་པ་ཡིན་པ་འདྲ།
- རྒྱ་གར་ལ་ཡང་ཨ་ཨུ་རུ་ཡོད་ཀི།
- དབྱིན་ཡིག་ལ་ཡང་abcd
- རྒྱལ་སྤྱིའི་སྐད་གདངས་ཀྱི་ནང་ན་ཨ་འདི་མང་པོ་ཡོད་ཀི།
- [གསལ་བོ་མིན་པ]
- བར་མཚམས་ཤིག་ལ་སྣུམ་ཚར་སོང་ན་སའི་གོ་ལའི་ཁྲག་རྩ་སྐམ་སོང་།
- མི་ཡིན་ནའང་དེ་དང་འདྲ།
- དེ་ལྟར་སའི་གོ་ལས་ཀྱང་ཨེ་བསྲན་མི་ཤེས།
- འདི་ཚོ་ཡང་འགྲོ་སྤྱད་ཨེ་ཆུད་མི་ཤེས།
- དེ་ངོ་མས་བདེན་གི།
- ང་ཚོའི་མཐའ་ཡས་པའི་འཇིག་རྟེན་འདིའི་ནང་ན།
- འཇིག་རྟེན་དུང་ཕྱུར་མང་པོ་ཞིག་ཡོད་པ་རེད།
- ང་ཚོའི་སྟོང་གསུམ་སྟོང་གི་འཇིག་རྟེན་ལ་ཨ་ལགས་བསེ་ཚང་བློ་བཟང་དཔལ་ལྡན་གྱིས།
- སའི་གོ་ལ་འདི་འདྲ་ཞིག་གི།
- སྟོང་ཕྲག་གཅིག་ལ་སྟོང་ཆེན་པོ་སྟོང་ཟེར་བ་རེད།
- སྟོང་གསུམ་སྟོང་གི་འཇིག་རྟེན།
- སྟོང་ཕྲག་གཅིག་དེ་གཅིག་ལ་བགྲང་ནས་བརྩིས་ན།
- སྟོང་འདྲ་ཞིག་གི་སྟོང་དེ།
- སྟོང་གཉིས་པ་དེར་ཐོན་ཡོད།
- སྟོང་གསུམ་སྟོང་གི་འཇིག་རྟེན།
- དེ་ད་ཐེངས་ཀྱི་འདི་གཅིག་ལ་བགྲང་ནས།
- སྟོང་གཅིག་ལ་བུད་ཚེ་སྟོང་ཆེན་པོའི་ལོག་ཡོད།
- སའི་གོ་ལ་ཏག་ཏག་དུང་ཕྱུར་ཡན་ལ་བུད་ཡོད།
- ཐེར་འབུམ་ཞིག་ལ་བུད་ཡོད།
- དུང་ཕྱུར་བཅུ་ཐམ་པར་བུད་འདུག
- དེ་སྟོང་གསུམ་སྟོང་གི་འཇིག་རྟེན་རེད།
- འཇིག་རྟེན་གཞན་ད་དུང་དེའི་མི་ཚད།
- དེའི་ནང་ན་ད་ལྟ་འཇིག་བཞིན་པ་དང་གསར་དུ་ཡོང་བཞིན་པ།
- ང་ཚོས་རྡུལ་ཕྲ་རབ་ལ་ཕྲ་མཐོང་ཆེ་ཤེལ་གྱི་ནང་ནས་བལྟས་ཚེ་འཇིག་རྟེན་དེ་དེ་འདྲ་རེད།
- རླུང་འཕྲིན་ཁང་གི་ཅིག་རེ་ཡོད།
- ཨ་ཁུ་དཔལ་གཡང་ངའི་རྩིབ་ལ་ཡོང་ནས་ལྷ་བཟོ་བྱས་ཏེ།
- སྦྱངས་བ་འམ་ང་ལ་རོགས་བྱས་ནས།
- ཁོས་རང་སྦྱོང་བྱས་པ་རེད།
- ཚོན་འབྱུག་ལ་གཅིག་བལྟས་པ་མ་གཏོགས་ཅི་ཡང་ལས་ཡོད་པ་མ་རེད།
- ཚོན་འབྱུག་ཀྱང་བལྟས་པ་མ་གཏོགས་ལག་ཏུའང་བླངས་ཡོད་པ་མ་རེད།
- འབྲོག་པ་ཞིག་གིས་ལག་རྩལ་ཞིག་སྦྱང་བ་མ་རེད།
- ནག་ཐོ་མ་རྣམས་བཙོང་ནས་སྒོར་མོ་ལེན་པ་ལས།
- ལག་རྩལ་ཞིག་ལས་ན་དཀའ་ལས་བྱེད་དགོས།
- འབྲོག་པ་ཚོས་དཀའ་ལས་རྒྱག་པ་མ་རེད།
- ནམ་ཅི་ཡིན་རུང་དཀར་ཡོང་བ་རེད།
- ང་ལ་འདྲ་ན་ད་དུང་ལས་ཀ་ཚར་མེད་པས་ད་དུང་མིན་རུབ་ན་མི་འགྲིག་བསམ་ན།
- དེར་བཀོད་པ་མེད་དེ་ཉི་མ་ནུབ་འགྲོ་བ་རེད།
- དབྱར་ཅུང་རིང་བོར་བསྡད་ན་བསམ་རུང་དགུན་ཐོན་པ་རེད།
- དགུན་ཅུང་རིང་བོར་བསྡད་ན་བསམ་རུང་དབྱར་ཐོན་པ་རེད།
- དེ་ལྟར་འགྱུར་ནས་འགྲོ་བའི་མིའི་བསམ་ཐོག་ལ་ཡོང་བ་མེད།
- དེ་ལྟར་ཅི་ཡིན་རུང་གྲུབ་འབྲས་ཤིག་དགོས་པ་རེད།