02 Apr 2019
4 min 46 sec
Video Overview
Creators:
Tibetan and Himalayan Library
A folktale about a wager between a lice and a flea.
ཤིག་དང་ལྗི་བ་གཉིས་ཀྱིས་རྒྱན་འཇོག་བྱས་པའི་གནའ་གཏམ།
བརྙན་འདིར་གནའ་གཏམ་ཤིག་དང་ལྗི་བ་ཞེས་པ་བཤད་ཡོད། གནའ་གཏམ་འདིར་ཤིག་དང་ལྗི་བ་གཉིས་ཨོང་བ་རྒུམ་པར་སོང་རྗེས་། སུས་ཨོང་བ་སླེ་བོ་གང་བཏུས་རྗེས་ཁྱིམ་དུ་ལོག་ནས་ཞོ་འཐུང་པའི་རྒྱལ་བཞག་པར། ཤིག་གིས་རྒྱལ་ཁ་བླངས་པ་དང་ཕྱིས་སུ་མཛོ་མོ་འཚོ་བར་སོང་དུས་ཡང་ཤིག་ལ་བྱ་བ་ལམ་འགྲོ་སོང་བ་བརྗོད་ཡོད།
关于虱子和跳蚤之间的赌注.
这段视频介绍 《虱子和跳蚤》的民间故事。 故事主要内容是 -虱子和跳蚤赌喝酸奶,虱子赢了并且当了牛倌。
- ཤུག་དང་ལྗི་བ་གཉིས་ལ་མཛོ་མོ་དཀར་ཐེ་ཞེས་
- མཛོ་མོ་ཐུན་མོང་ཞིག་ཡོད།
- ཉིན་ཞིག་ངེད་གཉིས་ཨོང་བ་རྒུམ་དུ་འགྲོ་ཞེས་
- ཁོ་གཉིས་ཨོང་བ་རྒུམ་དུ་སོང་།
- ཁོ་གཉིས་ཀྱིས་མཛོ་མོའི་འོ་མས་
- ཞོ་རྫ་མ་གང་བརྙལ་ཡོད།
- དེའི་འཕྲོར་སུ་སྔོན་ལ་ཐོན་ན་ཞོ་དེ་
- འཐུང་རྒྱུ་ཡིན་ཟེར་བར་གཉིས་ཀ་འཐད་པ་བྱུང་།
- ཞོ་རྫ་མ་གང་བརྙལ་ཏེ་ཨོང་བ་རྒུམ་དུ་སོང་།
- ཤུག་གིས་ལེབ་ལེབ་ལེབ་ཨོང་བ་རྒུམ་ཏུ་སོང་།
- ལྗི་བས་ལྡིང་མཆོང་རེ་བྱས་ཨོང་བ་རེ་གཏོར་
- ཡང་དེ་བརྒུམ་པ་ལྟར་བསྐྱར་ཟློས་བྱས།
- ཨོང་བ་ཁེར་རུ་རེ་བརྒུམ་པས་ལྗི་བ་ཤུལ་ལ་ལྷག
- ལྗི་བ་ཤུལ་ལ་ལྷག་པས་ཤུག་སྔོན་ལ་ཐོན།
- ལྗི་བ་ཁྲོ་ངར་དང་བཅས་ཤུག་གི་རྒྱབ་ལ་རྫ་མས་བརྒྱབ།
- ལྗི་བའི་འདིའི་ཐོག་ན་དམར་ཐིག་ཞིག་ཡོད་པ་དེའི་ཕྱིར།
- ཤུག་གིས་དེ་རིང་ངེད་གཉིས་མཛོ་མོ་དཀར་ཐེ་
- འཚོ་བར་སུ་འགྲོ་ཞེས་པར།
- ལྗི་བས་སུ་འགྲོ་ཁྱོད་སོང་
- ཞོ་ནི་ཁྱོད་གྱིས་འཐུང་བ་རེད་ཟེར་བར།
- ཤུག་སོང་དུས་ལ་རྩེ་ཞིག་ཡོད་པ་དེས་
- ང་ཨེ་གསོ་ཟེར་བར། ཡ་ཞེས་གསོས་པ་རེད།
- ཆུ་མགོ་ཞིག་ཡོད་པ་དེས་ཡང་
- ང་ཨེ་བྲུ་ཟེར་བར། ཡ་ཞེས་བྲུས་པ་རེད།
- རྟ་རྒན་ཞིག་ཡོད་པ་དེས་ངའི་རྒྱ་
- ཨེ་འཕྲུག་ཟེར་བར། ཡ་ཞེས་འཕྲུགས་པ་རེད།
- དེ་ནས་མར་སོང་བ་ན་ཕ་རོལ་ན་
- ཕ་རོལ་ཁང་བ་ས་གེ་གེ།
- ནང་གི་རྒན་མོ་མགོ་སེ་སེ།
- མཛོ་མོ་དཀར་ཐེ་ཨ་རིག་ཞེས་དྲིས།
- རྒན་མོས་རིག་སོང་ཁྱོད་རང་ཚུར་ལ་ཤོག་དང་
- ཞེས་པར་ཁོ་ཕར་སོང་བ་ན།
- ཨ་ཕྱི་རྒན་མོ་མགོ་སྔོ་སངས་སེ་ཅན་ཞིག་གིས་
- གཏུལ་མ་བྱས་ཏེ་སྔོན་དུ་བཞག ཇ་ཞིག་བླུགས།
- གཡུ་བྱུ་རུ་སྡེར་གང་སྔོན་དུ་བཞག
- བཟང་ལ་ངན་བལྟ་བྱེད་དུ་
- བཞག་སྟེ་མོ་རང་ཆུ་ལེན་ཏུ་སོང་།
- ཕྱིར་ཐོན་དུས་གཅིག་ཀྱང་མ་བརྐུས་པས་
- གཡུ་བྱུ་རུས་རལ་བར་མུ་ཆད་ཀྱི་རབ་གནས་བྱས།
- གཡུ་བྱུ་རུའི་སྐེ་རྒྱན་ཞིག་བཏགས་
- མུ་ཆད་ཀྱི་རབ་གནས་ཞིག་བྱས།
- མཛོ་མོ་དཀར་ཐེ་སྔོན་ལ་བཞག་སྟེ་ཡར་མངགས།
- ཤུག་གིས་མཛོ་མོ་དཀར་ཐེ་དེད་ནས་ཡར་སོང་།
- ཉི་མ་དྲོ་བས་སྐོམ་པས་ན་ཆུ་མགོར་
- ང་ལ་ཆུ་ཨེ་བླུད་ཞེས་པར། ཆུ་མགོས་ལོས་བླུད།
- ཁྱོས་ཁ་ཉིན་ང་བྲུས་པས་ཡིན་ཞེས་བླུད།
- དེ་ནས་ཡར་སོང་དུས་དཀའ་དྲག་པས་རྟ་རྒན་ལ་
- ང་འདིའི་གད་ཁར་ཨེ་ཕུད་ཞེས་པར།
- རྟ་རྒན་གྱིས་ལོས་ཕུད་ཁྱོས་ངའི་རྒྱབ་
- འཕྲུགས་པས་ཡིན་ཞེས་གད་ཁར་ཕུད།
- དེའི་འཕྲོར་སེར་བ་ཆེན་པོ་བབས་པར་
- ལ་རྩེ་ལ་ང་གཞའ་ན་ཨེ་ཆོག་ཟེར་བར།
- ལ་རྩེ་དེས་ལོས་ཆོག་ཁྱོས་ང་གསོས་པས་
- ཡིན་ཞེས་བཞའ་རུ་བཅུག
- དེ་བས་ཤུག་བདེ་ལེགས་ངང་ཡུལ་ལ་ཐོན།
- ཐོན་རྗེས་ལྗི་བས་ཁྱོད་ལ་དེ་འདྲའི་
- བཟང་ཏག་ཏག་བྱས་པས་ཐོ་རེ་
- མཛོ་མོ་འདེད་པར་ང་འགྲོ་དགོས་ཟེར།
- ཕྱི་ཉིན་ལྗི་བ་སོང་དུས་ལ་རྩེས་
- ང་ཨེ་གསོ་ཟེར་བར། ཁྱོད་གསོས་ནས་ཅི་བྱེད།
- ང་རང་གི་མཛོ་མོ་དཀར་ཐེ་མི་རྙེད་ཟེར།
- ཡང་ཆུ་མགོས་ང་ཨེ་བྲུ་ཟེར་བར།
- ཁྱོད་བྲུས་ནས་ཅི་བྱེད།
- ང་རང་གི་མཛོ་མོ་དཀར་ཐེ་མི་རྙེད་ཟེར།
- རྟ་རྒན་གྱིས་ཀྱང་ངའི་རྒྱབ་ཨེ་འཕྲུག་ཟེར་བར།
- ཁྱོས་རྒྱབ་འཕྲུགས་ནས་ཅི་བྱེད།
- ང་རང་གི་མཛོ་མོ་དཀར་ཐེ་མི་རྙེད་ཟེར།
- དེ་ཚོ་ཚང་མའི་ཁར་མ་བཞག་པར་མར་སོང་སྟེ།
- ཁོས་ཤུག་ལ་ལད་མོ་བྱས་ཏེ་
- ཕ་རོལ་ཁང་བ་ས་གེ་གེ།
- ནང་གི་རྒན་མོ་མགོ་སེ་སེ།
- མཛོ་མོ་དཀར་ཐེ་ཨེ་རིག་ཞེས་དྲིས།
- རྒན་མོས་རིག་ཐལ་ཁྱོད་རང་ཚུར་ལ་
- ཤོག་དང་ཞེས་པར་ཁོ་ཕར་སོང་བ་ན།
- གཏུལ་མ་ཞིག་བྱས་སྔོན་དུ་བཞག་སྟེ་
- གཡུ་བྱུ་རུ་སྡེར་གང་སྔོན་དུ་བཞག
- མོ་རང་ཆུ་ལེན་ཏུ་སོང་།
- ཕྱིར་ཐོན་དུས་ལྗི་བས་གཡུ་བྱུ་རུ་རུམ་གང་བརྐུས།
- གཡུ་བྱུ་རུ་ཅི་ཡང་མ་བྱིན་པར།
- ཁྱི་སྐྱག་དཀར་རིལ་ནག་རིལ་གཉིས་ཀས་
- རལ་བ་བཏགས་ཏེ་མུ་ཆད་ཀྱི་རབ་གནས་བྱས།
- ཁྱི་སྐྱག་དཀར་རིལ་ནག་རིལ་གཉིས་ཀས་
- སྐེ་རྒྱན་བཏགས་ཏེ་
- མུ་ཆད་ཀྱི་རབ་གནས་བྱས་ནས་མངགས།
- ཡར་ཡོང་དུས་སེར་བ་རྟ་མགོ་འདྲ་བ་བབས་པར་
- ལ་རྩེ་ལ་ང་གཞའ་ན་ཨེ་ཆོག་ཟེར་བར།
- ལ་རྩེས་མི་ཆོག་ཁྱོས་ང་མ་གསོས་ཟེར།
- དེ་ནས་ཡང་ཉི་མ་དྲོ་བས་ཆུ་མགོར་
- ང་ལ་ཆུ་ཞིག་ཨེ་བླུད་ཞེས་པར།
- ཆུ་མགོས་མི་བླུད། ཁྱོས་ཁ་ཉིན་ང་མ་བྲུས་ཟེར།
- དེ་ནས་རྟ་རྒན་ལ་ང་ཧ་ཅང་དཀའ་བས་
- འདིའི་གད་ཁར་ཨེ་ཕུད་ཞེས་པར།
- རྟ་རྒན་གྱིས་མི་ཕུད་ཁྱོས་ངའི་རྒྱབ་མ་འཕྲུགས་ཟེར།
- ཡར་ཐོན་ཏེ་ཤུག་རྡུང་ཡག་ཞིག་བྱས་ནས་
- ཁོ་གཉིས་བསྡད་དོ།།