02 Apr 2019
5 min 23 sec
Video Overview
Creators:
Tibetan and Himalayan Library
A folktale about kindness and preconceptions.
རྒན་མོ་དབུལ་བོ་ཞིག་ལ་བུ་མོ་བྱམས་སེམས་ལྡན་པ་ཞིག་ཡོད་པར། ཨ་མས་བུ་མོ་ཕུལ་པས་བླ་མ་ཚེ་འཚམས་པ་དེས་རོགས་བྱས་མཐར་བུ་མོ་དེ་རྒྱལ་པོའི་བཙུན་མོར་གྱུར།
བརྙན་འདིར་གནའ་གཏམ་བླ་མ་ཚེ་མཚམས་པ་ཞེས་པ་བཤད་ཡོད། གནའ་གཏམ་འདིར་རྒན་མོ་དབུལ་བོ་ཞིག་ལ་བུ་མོ་སེམས་རྒྱུད་དྲང་ལ་བྱམས་སེམས་དང་ལྡན་པ་ཞིག་ཡོད་པར། ཨ་མས་གོ་བ་ལོག་ལེན་བྱས་ཏེ་བུ་མོ་ཕུལ་པས་བླ་མ་ཚེ་འཚམས་པ་དེས་རོགས་བྱས་པར། མཐར་བུ་མོ་དེ་རྒྱལ་པོའི་བཙུན་མོར་གྱུར་བ་མ་ཟད་ཨ་མར་དྲིན་ལན་མཇལ་བ་སོགས་བརྗོད་ཡོད།
一个贫穷的母亲有一个善良的女儿。母亲把女人赠送走了。在闭关者的帮助下,女人嫁给了国王。
这段视频介绍 《闭关者》的民间故事。 故事主要内容是 -一个贫穷的母亲有一个善良的女儿。母亲无意中把女人赠送了。在闭关者的帮助下,女人嫁给了国王。
- མ་བུ་གཉིས་ཡོད་ནི་རེད།
- བླ་མ་ཚེ་མཚམས་པ་ཞིག་ཡོད་ནི་རེད།
- མ་བུ་གཉིས་ལས་བུ་མོ་དེ་ཉིན་ལྟར་སྤྲང་བོར་
- སྤྲང་ཕོག་རྒྱག་པ་ལེན་པར་སོང་བ་རེད།
- གོ་རེ་ཞིག་དང་སྒོར་མོ་ཞིག་སྤྱིན་དཔེ་ནི་རེད།
- བཞིན་པ་ན་མོས་ཕྱེད་ཀ་བླ་མ་ཚེ་མཚམས་པར་
- འབུལ་བ་དང་ཕྱེད་ཀ་ཨ་མར་བཟུང་ཡོང་བ་རེད།
- སྒོར་མོ་ཕྱེད་ཀ་དང་གོ་རེ་ཕྱེད་ཀ་དེ།
- ཉིན་ཞིག་རྒན་མོ་ཚོས་སྒོ་ཁར་འུར་བརྒྱབ་སྟེ་བསྡད་དུས།
- གཅིག་གིས་རྒྱལ་པོ་ཚང་ཅི་འདྲིའི་བཟང་བ་ལའང་།
- ང་ཚོར་གོ་རེ་ཞིག་དང་སྒོར་མོ་ཞིག་སྦྱིན་ཞེས་པར།
- དེ་བ་ཚང་གི་ཨ་མས་ང་ལ་གོ་རེ་ཕྱེད་ཀ་ཞིག་དང་
- སྒོར་མོ་ཕྱེད་ཀ་ཞིག་ལས་ཅི་ཡང་མེད་ཞེས་པར་
- གཞན་དག་གིས་ཁྱེད་ཚང་གི་བུ་མོར་བཞིན་ཡོད་མོད་
- ཅི་ཞིག་བྱེད་གྱིན་པ་མི་ཤེས་ཞེས་པར་
- ནུབ་མོར་བུ་མོས་གོ་རེ་ཕྱེད་ཀ་དང་
- སྒོར་མོ་ཕྱེད་ཀ་བཟུང་ནས་ཐོན་པ་ན།
- མ་རྒན་མོས་ཕུད་བཞག་ནི་རེད།
- ཁྱོད་ཀྱིས་སྒོར་མོ་ཕྱེད་ཀ་དང་
- གོ་རེ་ཕྱེད་ཀ་སུ་ལ་བཞིན་པ་ཡིན་ཞེས་པར།
- མོས་བླ་མ་དཀོན་མཆོག་གསུམ་པོར་བྲག་ཕུག་ནང་གི་
- བླ་མ་ཚེ་མཚམས་པར་འབུལ་བ་རེད།
- དེ་ནས་བླ་མར་ང་ཨ་མས་ཕུད་སོང་ཞེས་ངུས་པར།
- བླ་མས་ཁྱོད་རང་ངུ་མི་དགོས། སྐྱོན་མེད།
- ཉི་མ་བདུན་གྱི་རྗེས་ནས་ངའི་ལོགས་སུ་
- ཤོག་དང་ལན་ཞིག་ཡོད་ཟེར།
- ཉི་མ་བདུན་འགོར་རྗེས་ཐོན་པ་ན།
- ལམ་ཞིག་བསྟན་ཏེ་ལམ་གོང་མར་མ་འགྲོ།
- ལམ་ཞོལ་མར་མ་འགྲོ།
- ལམ་བར་མར་སོང་དང་ཁྱོད་བསུ་མཁན་ཞིག་ཡོད།
- དེའི་རྗེས་ལ་སོང་དང་ཁྱོད་སྐྱིད་སྲིད་ཞེས་ཟེར།
- མོར་རང་ལམ་དེའི་ནང་དུ་སོང་བར་ལམ་གོང་མར་མ་སོང་།
- ཞོལ་མར་ཡང་མ་སོང་བར་ལམ་བར་མའི་ནང་དུ་
- སོང་བ་ན་རྟ་དཀར་དཀར་མདུང་དར་
- དཀར་བོ་ཅན་ཞིག་ཐོན་ཏེ་མོ་བསུས་སོང་།
- དེ་ནི་རྒྱལ་པོ་ཆེན་པོ་ཞིག་ལ་མནའ་མར་སོང་།
- དེ་བ་ཚང་ནས་བསྡད་དུས་ངའི་ཨ་མའི་
- ཅི་བྱེད་གྱིན་ཡོད་དམ་བསམ་སྟེ།
- སྤྲང་པོ་ཚོར་སྤྲང་ཕོག་ཞིག་བརྒྱབ་ན་ངའི་ཨ་མ་
- དེའི་གྲས་སུ་ཨེ་ཡོད་དམ་སྙམས་ཏེ།
- སྤྲང་ཕོག་ཞིག་བརྒྱབ་ནི་རེད།
- མོ་རང་རྒྱལ་པོ་ཚང་ལ་ཡོད་པས་སྤྲང་ཕོག་བརྒྱབ་པར་
- མ་རྒན་གྱི་མིག་ལོང་སྟེ་སྤྲང་བོ་ཚོ་གྲས་སུ་ཡོད།
- གོ་རེའི་ནང་ལ་གསེར་གྱི་དུང་ཙེ་ཞིག་བཞག་སྟེ་
- གཡོག་མོ་ཞིག་གི་ལག་ཏུ་བཞག་ནས་ཨ་ཕྱི་
- མིག་མེད་པ་དེར་འདི་བཞིན་ཟེར་ཏེ་མངགས།
- ཨ་ཕྱིས་བཏེགས་ཏེ་བསམ་པར་ལྗིད་མོ་ཞིག་
- ཡིན་པས་འདི་མ་ཚོས་ཟེར་བ་ན།
- ཟུར་ན་ཡོད་པ་དེས་ངའི་ཁྱོད་ལ་བརྗེ་ཆོག་ཟེར།
- ནང་དུ་གསེར་གྱི་དུང་ཙེ་ཡོད་པས་བརྗེ།
- བུ་མོས་སྙིང་རེ་རྗེ་ངའི་ཨ་མར་གསེར་གྱི་དུང་ཙེ་
- འདིའི་ཟ་ལྷ་ཡང་མ་ཡོད་བསམ།
- ཡང་གཡོག་མོ་ཞིག་ལ་ཚུར་ཁྲིད་ཤོག་ཟེར་ཏེ་
- མོ་རང་གི་མཆོད་ཁང་ནང་དུ་སོང་ནས་གཡོག
- ཟ་རྒྱུ་གོན་རྒྱུ་སོགས་བཞིན། རྒྱལ་པོར་མ་བསྟན།
- ཨ་མ་རིག་མེད་ཞིག་ཡིན་པས།
- དེ་ལྟར་གསོས་པར་ཉིན་ཞིག་མ་རྒན་ཤི་སོང་།
- ཤི་སོང་དུས་མོས་རོ་ལས་རོ་ཁུར་བྱེད་
- ཞེས་ན་རྒྱལ་པོ་གྲིབ་འགྲོ།
- མི་ལས་ན་རྒྱལ་པོ་ཚང་གི་མཆོད་ཁ་བཙོག་འགྲོ་
- བསམ་པས་ཡང་བླ་མའི་ཟུར་ལ་སོང་སྟེ་བཤད་པ་ན།
- བླ་མས་སྐྱོན་མེད། ཉི་མ་བདུན་ལ་སྐྱུར་ཞོག
- ཉིན་བདུན་གྱི་རྗེས་སུ་སྒོ་ཕྱེ་ལ་དེ་དུས་ཁྱོད་ཀྱི་ནང་དུ་
- མཆོད་ཆུ་མཆོད་མེ་འཇོག་ཐུབ་ན་དེ་ཡིན་ཟེར།
- ཉིན་བདུན་གྱི་རྗེས་སུ་མོས་སྒོ་ཕྱེ་པ་ན་
- མ་རྒན་དེ་གསེར་གྱི་སྒུ་གདུང་ཡ་མཚན་ཞིག་ཏུ་གྱུར་འདུག
- མོས་ཉིན་ལྟར་དུ་མཆོད་ཆུ་མཆོད་མེ་བཞག་པ་ན།
- གཡོག་མོ་ཞིག་གིས་རྒྱལ་པོར་ངེད་ཚང་གི་མནའ་མ་ཉིན་ལྟར་
- མཆོད་ཁང་ལ་འགྲོ་བཞིན་འདུག་པ་ཅི་ཡིན་ནམ་ཟེར་བར།
- སོང་ནས་བལྟས་དུས་གསེར་གྱི་
- སྐུ་གདུང་ཡ་མཚན་ཆེན་པོ་ཞིག་ཡོད།
- ཁྱོད་ལ་ཕ་ཡུལ་བཟང་པོ་ཞིག་ཡོད་རྒྱུ་རེད་གསེར་གྱི་
- སྐུ་གདུང་རྒྱལ་པོ་ཚང་ལ་ཡང་མེད་རྒྱུ་ཞིག་ཡོད་པས་
- ཁྱོད་ཀྱི་ཕ་ཡུལ་ལ་འགྲོ་དགོས་ཞེས་རྒྱལ་པོས་བཤད།
- ང་ཚོ་ཁྱོད་ཀྱི་ཕ་ཡུལ་ཐེངས་གཅིག་འགྲོ་ཟེར་བར།
- ང་ལ་ཡུལ་ཟེར་རྒྱུ་ཞིག་མེད་ཟེར་མོད།
- མ་ཉན་པར་འགྲོ་དགོས་ཟེར།
- དེ་ནས་ཡང་བླ་མར་ཞུས་པ་ན། བླ་མས་སྐྱོན་མེད།
- རི་ལུང་བ་གང་ཞིག་ལ་སོང་།
- ཐང་ཆེན་པོ་གང་ཞིག་ལ་སོང་དང་རི་ལུང་བ་རྟས་གང་ཡོད།
- སུའི་རེད་ཟེར་ན་ངའི་རེད་ཟེར་དང་ཁྱོད་ཀྱི་ཡིན།
- རི་ལུང་བ་ཟོག་གི་གང་ཡོད།
- ངའི་རེད་ཟེར་དང་ཁྱོད་ཀྱི་ཡིན།
- རི་ལུང་བ་ལུག་གི་གང་ཡོད།
- ངའི་རེད་ཟེར་དང་ཁྱོད་ཀྱི་ཡིན།
- ཐང་ཐོག་ན་སྤྲ་ཡག་པོ་ཞིག་གི་ནང་དུ་
- ཡ་གྲུ་ན་གསེར་གྱི་འཁོར་ལོ་སྐོར་ནི་ཞིག་ཡོད།
- དེ་ལ་ཁྱོད་ཀྱིས་ཨ་ཕ་ཞེས་བོས།
- མ་གྲུ་ན་དངུལ་གྱི་འཁོར་ལོ་སྐོར་ནི་ཞིག་ཡོད།
- དེ་ལ་ཁྱོད་ཀྱིས་ཨ་མ་ཞེས་བོས།
- དེ་ནས་ཁྱོད་རང་ཤོག་དང་ཁྱོད་ལ་ཕ་ཡུལ་ཞིག་ཡོད་ཟེར།
- ཁོ་ཚོ་སོང་དུས་དངོས་གནས་ཡོད་ནི་རེད།
- དེ་ནས་ཁོ་ཚོ་ཉིན་འགའ་ལ་སྐྱིད་པོ་བྱས་བསྡད་ནི་རེད།
- ཕྱིར་ཡུལ་ལ་འགྲོ་ནི་ཞེས་འགྲོ་དུས་སུ་བླ་མས་བུ་མོར་
- གཟན་གྱི་ཕག་ནས་ཁྱོད་ཀྱི་ལྟོས་དང་ཟེར་བ་ན།
- ཁོ་རང་ལྷ་ཡུལ་དུ་འཕུར་འགྲོ་བཞིན་ཡོད་ནི་རེད།
- ད་ནས་བཟུང་ཁྱོད་ཀྱི་སྟེང་དུ་སྡུག་ཅི་ཡང་
- མི་ཡོང་བས་འབོད་མི་དགོས།
- བོས་རུང་ང་ཡོང་རྒྱུ་མེད་ཟེར།
- དེར་བུ་མོ་ངུས་ཏེ་གཟན་གྱི་སྣེར་བཟུང་བས་
- རྒྱལ་པོ་དང་བཅས་པ་སྟེང་ལྷ་ཡུལ་ལ་ཁྱེར་སོང་ནི་རེད།