Skip to main content Skip to search
31 Jan 2012
1 min 27 sec
Video Overview
Creators: 
Unknown

Two Labrang butter sellers in Lhasa talk about the butter business

Transcript search
No results found for this search
0 of 0
  • སྐྱེས་པ་ Man
    འོ་ལྟ་འོ་འབྲོག་པ་མོ་ཊ་སྐྱོན་ཤོར་བའི་སྐོར་ལབ་ཡོག་མ་རེད། འབྲོག་པ་བྱས་བྱས་ཨཱ་ནི་མར་ཚུར་ཉོ་དགོས་ཡག
    I did not talk about a car breaking down but how we purchase butter from the nomads.
  • དྲི་བ་ལེན་མཁན་ Questioner
    ཨ་ལས།
    I see.
  • སྐྱེས་པ་ Man
    ཨཱ་ནི་མར་ཉོ་ཡག་ཁག་པོ་ཡོད་པ། ཨཱ་ནི་འབྲོག་པ་ཟེར་མཁན་དེ་སེམས་ཅན་གང་ས་གང་ལ་གྲོང་ཚོ་གང་ས་གང་ལ་ཡོག་རེད་པ། འདའི་མི་ཚང་གཅིག ཕ་གིར་མི་ཚང་གཅིག
    Buying butter is not an easy task. That is because the nomadic people are scattered everywhere along with their animals. You will find some families here and others elsewhere.
  • ཨཱ་ནི་འདི་ནས་རྒྱ་མ་བརྒྱ་ཉིས་བརྒྱས་ཉོས། འདི་ནས་བརྒྱ། ཨཱ་ནི་གཡག་དང་སེམས་ཅན་སྒང་ལ་བཀལ་བྱས་འོ་ཨཱ་ནི་རུབ་རུབ་བཟོས།
    So we buy 100 or 200 gyamas (one gyama is roughly 1 lb.) of butter from here and there. Load them on yaks' backs and bring them together.
  • ཨཱ་ནི་ཡར་འཁྱེར་ཡོང་དུས་ལམ་ཀ་མ་གི་ནས་རྩ་རིན་དང་ཆུ་རིན་སྤྲད་དགོས་ཡག
    On the way, you have to pay for the fodder and water.
  • དྲི་བ་ལེན་མཁན་ Questioner
    འོ་འོ།
    I see.
  • སྐྱེས་པ་ Man
    ཚོང་དགོས་ན་དེ་སྟེར་དགོས་ཀྱི་རེད་པ། དེ་ནས་དཔྲ་ཁྲལ་རྒྱག་དགོས་ན་རེད་པ།
    If you need business, you have no other option. Then you have to pay the tax. Right?
  • དྲི་བ་ལེན་མཁན་ Questioner
    འོ་འོ།
    Right.
  • སྐྱེས་པ་ Man
    འོ་ཡག་དེ་ནས་ཡར་ལ་ཡོང་ལ་ལྟ་ན་སྒོར་མོ་བྲོ་ཚད། ལམ་ཀ་ལ་ཡང་གཅིག་སྤྲོད་དགོས་ཀྱི་རེད།
    On the way, then you have to road fee and others.
  • དྲི་བ་ལེན་མཁན་ Questioner
    འོ་རེད།
    Right.
  • སྐྱེས་པ་ Man
    མོ་ཊའི་སྒང་ལ་ཡང་བླུགས་ཡག་མང་དྲགས་བཞག་སེ།
    The authority would notify you if the truck is overweight.
  • དྲི་བ་ལེན་མཁན་ Questioner
    གཞུང་ལམ་ཐོག
    On the way?
  • སྐྱེས་པ་ Man
    འོ་གཞུང་ལམ་གྱི་ཐོག་ལ། འོ་འདའི་ཡོད།
    Yes. On the way.
  • དྲི་བ་ལེན་མཁན་ Questioner
    མང་པོ་བཙགས་བྱས།
    For overloading?
  • སྐྱེས་པ་ Man
    འོ་འོ།
    Yes.
  • དྲི་བ་ལེན་མཁན་ Questioner
    མོ་ཊའི་ནང་་་
    In the car ...
  • སྐྱེས་པ་ Man
    རྒྱ་མ་ཁྲི་གཅིག་དང་སྟོང་ཕྲག་གཉིས་མ་གཏོགས་བླུགས་མ་ཆོག་ན། ཁྲི་གཅིག་དང་སྟོང་ཕྲག་གསུམ་བླུགས་ཡོད་ན་སྟོང་ཕྲག་གཅིག་དེ་ཡང་ཉེས་ཆད་གཏོང་གི་རེད།
    If the limit is 12,000 gyamas, but you put 13,000 gyamas, then you have to pay fine for the extra 1000 gyamas.
  • དྲི་བ་ལེན་མཁན་ Questioner
    ཉེས་ཆད་གཏོང་། གང་བྱས་ནས། ལྗིད་ཁོག་རེད། ལྗིད་ཁོག་ཡིན་ན་གཞུང་ལམ་ཉེན་དང་མ་སོང་ནའི།
    You receive fine for crossing weight limit as it is dangerous on the road.
  • སྐྱེས་པ་ Man
    ཨཱ་ནི་ང་ཚོ་མར་དེ་ཉོ་ས་དེ་སོག་པོ་ཆིང་ཧྲེའི་(མཚོ་སྔོན་)ཧེ་ནན་ཤན་(རྫོང་)ཟེར་ཡག་གཅིག་ཡོག་རེད།
    We buy our butter from Qinghai and Henan county.
  • དྲི་བ་ལེན་མཁན་ Questioner
    ཨ་ལས།
    I see.
  • སྐྱེས་པ་ Man
    འདི་དང་ཨཱ་ནི་ང་ཚོ་གང་ག་རྨ་ཆུ་ཤན་(རྫོང་)རེད།
    We also buy from Machu county.
  • འདི་པ་མར་འབེལ་ཤོས་རེད།
    In those areas, they have plenty of butter.
  • ཨཱ་ནི་མར་ལྷད་མེད་ས་ནས་ཉོས་ཡོང་ན། ལྟ་ལྷ་སར་ཡོང་བྱས་འདི་མ་གིར་ཉོ་དུས་མར་རྒྱ་མ་ལ་སྒོར་བཅུ་གཅིག་ཡིན་པ།
    So we buy pure and unadulterated butter at the cost price of eleven Renminbi per gyama and take them to Lhasa.
  • དྲི་བ་ལེན་མཁན་ Questioner
    ཡཱ།
    Okay.
  • སྐྱེས་པ་ Man
    ཨཱ་ནི་འདའི་ཡོང་ན་སྒོར་མོ་བཅུ་གསུམ་དང་མོའོ་ཙེ་ལྔ་བཅུ་ཞིག་རག་གི་ཡོད་རེད། འོ་འདི་གས་གང་ག་ཆ་ཚང་ཁོ་ར་བསླབས་བཞག་ཡོད། འོ་ཡག
    In Lhasa, we will get about 13.40 or 13.50 Renminbi per gyama. I taught him everything.
  • [གད་མོ།]
    [Laughter]
  • འོ་ཡག ལྟ་འདིའི་ནང་ལྷད་མེད་སྐད་ཆ།
    Good. I told you the truth.
  • དྲི་བ་ལེན་མཁན་ Questioner
    ཡཱ།
    Okay.
  • སྐྱེས་པ་ Man
    རྫུན་བཟོ་བཟོས་རྒྱོག་དེ་འདྲས་ཡོག་མ་རེད། ང་གཉིས་ཀྱིས་གཅིག་ཡག་ཏུ་བཏང་བཞག་པ་དེ་འདྲས་མེད། སྐད་ཆ་རང་ཁ་སྐད་རང་ཡིན།
    Two of us are not making any false claims or exaggerating. We told you the truth.
  • [གད་མོ།]
    [Laughter]
  • དྲི་བ་ལེན་མཁན་ Questioner
    ཁ་སྐད་རྫིག་པོ་བཤད་ཀྱི་རེད་ད།
    You are an eloquent speaker.