Video Overview
A collection of six songs about the natural environment and about singing.
- ཁྱོད་གླུ་བའི་མཁན་པོ་ཡིན་ན།
- ཤར་དུང་རིའི་དབུ་ཞྭ་ཅི་ཡིན་ཤོད།
- ཁྱོད་གླུ་བའི་མཁན་པོ་ཡིན་ན།
- ཤར་དུང་རིའི་མདུན་རི་གང་ཡིན་ཤོད།
- ཁྱོད་གླུ་བའི་མཁན་པོ་ཡིན་ན།
- ཤར་དུང་རིའི་མཆོད་པ་ཅི་ཡིན་ཤོད།
- ང་གླུ་བའི་མཁན་པོ་མིན་མོད།
- ཤར་དུང་རིའི་དབུ་ཞྭ་སྤྲིན་རེད།
- ང་གླུ་བའི་མཁན་པོ་མིན་མོད།
- ཤར་དུང་རིའི་མདུན་རི་འཇའ་རེད།
- ང་གླུ་བའི་མཁན་པོ་མིན་མོད།
- ཤར་དུང་རིའི་མཆོད་པ་མཚོ་རེད།
- དགུང་ཨ་སྔོན་མ་རེད་ལྷ་སྔོན་རེད།
- ལྷར་རབ་གནས་བྱེད་མཁན་སུ་ཡིན་ཤོད།
- རྫ་ཁྲ་ཡག་མ་རེད་ཁྱབ་དཀར་རེད།
- ཁྱབ་གོང་བ་འདོགས་མཁན་སུ་ཡིན་ཤོད།
- ལམ་ཕྲ་མོ་མ་རེད་ལྕུག་གུ་རེད།
- ལྕུག་ཁ་ཙར་བྱིང་མཁན་སུ་ཡིན་ཤོད།
- དགུང་ཨ་སྔོན་མ་རེད་ལྷ་སྔོན་རེད།
- ལྷར་རབ་གནས་བྱེད་མཁན་ཕོ་ཁྱུང་རེད།
- རྫ་ཁྲ་ཡག་མ་རེད་ཁྱབ་དཀར་རེད།
- ཁྱབ་གོང་བ་འདོགས་མཁན་བྲེ་སེར་རེད།
- ལམ་ཕྲ་མོ་མ་རེད་ལྕུག་གུ་རེད།
- ལྕུག་ཁ་ཙར་བྱིང་མཁན་འདོ་བ་རེད།
- ཉི་མ་གནམ་གྱི་ཆུ་ཁོལ་རེད།
- གོན་ཚུལ་ཨེ་ཡོད་གླུ་བའི་ཤོད།
- སྐར་མ་གནམ་གྱི་ཐང་མ་རེད།
- བརྡལ་ཚུལ་ཨེ་ཡོད་གླུ་བའི་ཤོད།
- ཟླ་བ་གནམ་གྱི་གོ་རེ་རེད།
- བགོ་ཚུལ་ཨེ་ཡོད་གླུ་བའི་ཤོད།
- ཉི་མ་གནམ་གྱི་ཆུ་ཁོལ་རེད།
- སེར་གྱི་ལེ་ཤར་དུས་གོན་ནི་རེད།
- ཟླ་བ་གནམ་གྱི་གོ་རེ་རེད།
- སང་ཉི་ཤུ་ཚེས་དུས་བགོས་ནི་རེད།
- སྐར་མ་གནམ་གྱི་ཐང་མ་རེད།
- ཤར་སྐྱ་རངས་ཤར་དུས་བརྡལ་ནི་རེད།