02 Apr 2019
4 min 13 sec
Video Overview
Creators:
Tibetan and Himalayan Library
A folktale about a wager over trust and belief.
རྟ་རྫི་ཞིག་གི་ལྷག་བསམ་དང་ཡིད་ཆེས་ལ་རྒྱན་བཞག་པའི་དམངས་ཁྲོད་གཏམ་རྒྱུད།
གནའ་གཏམ་འདིར་ཤར་ཕྱོགས་རྒྱལ་པོས་ནུབ་ཕྱོགས་རྒྱལ་པོར་རྫུན་གཏམ་མི་སྨྲ་བའི་རྟ་རྫི་ཞིག་ཡོད་ཅེས་ཡིད་ཆེས་མ་བྱས་ཏེ། རྫུན་བཤད་མིན་ལ་རྒྱལ་བཞག་ནས་ཕམ་ཁ་མྱངས་པ་བརྗོད་ཡོད། མི་རོ་བརྩེ་སྒྲུང་ལས་རྫུན་མི་སྨྲ་བའི་རྟ་རྫི་དང་འདྲ།
关于对信任和信仰的民间故事。
这段视频介绍 《不说谎的马夫》的民间故事。 故事主要内容是 -东王告诉西王关于不说谎的牧马人,但西王不相信,所以他们打赌试探不说谎的牧马人会不会说谎,最后西国王输了。
- ཤར་ཕྱོགས་རྒྱལ་པོ་དང་ནུབ་ཕྱོགས་རྒྱལ་པོ་གཉིས་ཡོད་པར།
- ནུབ་ཕྱོགས་རྒྱ་པོར་རྒྱུ་ནོར་ལོངས་སྤྱོད་སོགས་
- ཡོད་པའི་རྒྱལ་པོ་ཆེན་པོ་ཞིག་ཡིན།
- ཤར་ཕྱོགས་རྒྱལ་པོར་རྒྱུ་ལོངས་སྤྱོད་སོགས་མང་པོ་མེད་མོད།
- ཁོ་གཉིས་ཀྱིས་ཁ་བརྡ་བྱས་པར་ཁོ་ལ་རྒྱུ་ལོངས་སྤྱོད་སོགས་
- མང་པོ་མེད་མོད་རྟ་རྫི་ཚེ་གང་བོར་
- རྫུན་མི་བཤད་མཁན་ཞིག་ཡོད།
- རྟའི་ནང་དུ་རྟ་ཁྱུང་གི་མིག་ཅན་ཞིག་ཡོད།
- དེ་ལས་ཁོ་ལ་རྟེན་ཅི་ཡང་མེད་ཟེར་བར།
- ནུབ་ཕྱོགས་རྒྱལ་པོས་ཁྱོད་ཀྱི་རྟ་རྫིའི་རྫུན་མི་བཤད་ན་
- ངེད་གཉིས་ཀྱི་རྒྱལ་ཞིག་འཇོག་ཟེར།
- ཤར་ཕྱོགས་རྒྱལ་པོས་འཇོག་ཞེས་ཁོ་གཉིས་ཀྱི་
- རྒྱལ་སའི་ཕྱེད་ཀ་རྒྱལ་ལ་བཞག
- ཉིན་བདུན་བརྒྱད་ཞིག་འགོར་རྗེས་རྟ་རྫིའི་ཟུར་དུ་
- བུ་མོ་ལྡོམ་བུ་ཞིག་ཐོན།
- བུ་མོས་ང་ཆགས་ས་འཁོར་ས་ཅི་ཡང་མེད་པའི་
- བུ་མོ་ལྡོམ་བུ་ཞིག་ཡིན་ཟེར་ཏེ་རྟ་རྫི་ལ་མེ་འབུད་ཐལ་ཕྱག་
- སོགས་བྱས་པར་རྟ་རྫི་ཁ་གཉིས་འགྲིག་པར་གྱུར།
- ཉིན་ཞིག་བུ་མོར་མགོ་གཟེར་བརྒྱུག་སྟེ་མ་སྲོན་པར་
- རྟ་རྫིས་ཅི་བྱས་ན་བཟང་ངས་ཁྱོད་ལ་སྨན་པ་ཞིག་བོས་ཡོང་
- ཟེར་བར་མོས་སྨན་པ་ཞིག་གིས་ངའི་ནད་སེལ་མི་ཐུབ།
- ཁྱོད་ཀྱི་རྟའི་ནང་ན་རྟ་ཁྱུང་གི་མིག་ཅན་ཞིག་ཡོད་པ་དེའི་
- སྙིང་ང་ལ་བྱིན་ན་ནད་སངས་ཐུབ་པ་ལ་གཞན་
- ཤི་རྒྱུ་ལས་ཐབས་ཅི་ཡང་མེད་ཟེར།
- རྟ་རྫིས་བསལ་བློ་ཞིག་བཏང་སྟེ་མི་ཞིག་གི་སྲོག་ལ་
- རྟ་འདི་གསད་དགོས་བསམ་སྟེ་རྟ་ལ་སྐོར་བ་བྱས་ནས་
- གྲི་བརྡར་དུས་རྟའི་འགྲེས་ལྡོག་ཞིག་བརྒྱབ་ནས་ཤི།
- ཁོས་རྟའི་སྙིང་བཞིན་པར་ཚྭ་དང་མཉམ་དུ་ཟོས།
- དེ་ནས་ཉིན་འགའ་འགོར་རྗེས་བུ་མོ་ལྡོམ་བུ་དེ་བོར།
- གང་དུ་སོང་ཡང་མ་ཤེས།
- དེ་དུས་ཁོས་རྒྱལ་པོའི་ཟུར་དུ་སོང་ན་རྟ་ཡང་མེད་ལ་བུ་མོ་
- ཡང་མེད་པས་ཅི་བྱས་ན་དགའ་བསམ་སྟེ་སྒང་མཐོ་ས་ནས་
- བྱེ་རྩམ་བྱེ་མར་ཞིག་གི་ནང་དུ་མདའ་སྒྲོ་ཞིག་བཙུགས་ནས།
- ཕྱག་གསུམ་མཚལ་ཏེ་སྐོར་བ་གསུམ་བྱས་ནས་རྟ་ཁྱུང་གི་
- མིག་ཅན་དེ་རྐུ་མས་བརྐུས་སོང་ཞེས་པར་མདའ་སྒྲོ་ལོག
- མིག་ཁ་ཕྱེས་པ་ན་བྱེ་རྩམ་བྱེ་མར་ཡང་ཞིག
- དེའི་མི་ཐུབ་བསམ་སྟེ་སླར་ཡང་དེ་ལྟར་བྱས་རྗེས་
- ཇག་པས་འཕྲོག་སོང་ཞེས་མིག་ཁ་ཕྱེ་དུས་ཡང་ལོག་འདུག
- དེའི་ཀྱང་མི་ཐུབ་བསམ་སྟེ་དྲང་བཤད་བྱས་ན་ཅི་བྱེད་དམ་
- རྒྱལ་པོའི་བཀའ་ལ་འགལ་རུང་དེ་ལས་ཐབས་མེད་
- བསམ་པར་བུ་མོ་ཡོང་ཚུལ། རྟ་ཤི་ཚུལ།
- སྙིང་བྱིན་ཚུལ་སོགས་ཚང་མ་བཤད་དེ་
- མགོ་བཏེགས་ནས་བལྟས་པར་བྱེ་རྩམ་བྱེ་མར་ཞིག་མེད།
- མདའ་སྒྲོ་ཡང་ལོག་མེད།
- དེ་ནས་ཉིན་འགའ་འགོར་རྗེས་ནུབ་ཕྱོགས་རྒྱལ་པོ་ཐོན་དེ་
- ཤར་ཕྱོགས་རྒྱལ་པོ་ལ་ཁྱོད་ཀྱི་རྟ་ཁྱུང་གི་མིག་ཅན་དེ་
- མེད་ཟེར་བས་རྟ་རྫི་བོས་ཤོག་དང་རྫུན་ཨེ་བཤད་ལྟ་ཟེར།
- ཤར་ཕྱོགས་རྒྱལ་པོས་རྟ་རྫི་བོས་ནས་ཐོན་ཏེ་རྟ་རྫི་ལ་
- རྟ་ཁྱུང་གི་མིག་ཅན་དེ་ཨེ་ཡོད་དྲིས་པར།
- ཁོས་སྔོན་ལ་བྱེ་རྩམ་བྱེ་མར་བྱས་པར་བསམ་ཏེ་
- ཕྱག་གསུམ་མཚལ་ཏེ་ཁ་བཏགས་ཞིག་ལག་ཏུ་
- བཟུང་ནས་བུ་མོ་ཡོང་ཚུལ། རྟ་ཤི་ཚུལ།
- སྙིང་བྱིན་ཚུལ་སོགས་ཚང་མ་བཤད་དེ་
- མགོ་བཏེགས་པར་སྔན་གྱི་བུ་མོ་དེ་ནི་
- ནུབ་ཕྱོགས་རྒྱལ་པོས་བཙུན་མོ་ཡིན་པས་དེར་འདུག
- དེ་ལྟར་ནུབ་ཕྱོགས་རྒྱལ་པོའི་རྒྱལ་སའི་ཕྱེད་ཀ་ཤོར།
- ནུབ་ཕྱོགས་རྒྱལ་པོས་རྟ་རྫི་དེ་ང་ཚོར་
- རྒྱལ་སྲིད་སྐྱོང་བར་ཨེ་སྟེར་དྲིས་པར་ཤར་ཕྱོགས་རྒྱལ་པོས་
- མི་སྟེར་ལས་ངེད་ཚང་གི་རྒྱལ་སར་འཇོག་དགོས་ཟེར་བར།
- ཤར་ཕྱོགས་རྒྱལ་པོའི་རྒྱལ་ས་རྟ་རྫི་དེས་བཟུང་ངོ་།།