Skip to main content Skip to search
01 Sep 2018
2 min 4 sec
Video Overview
Creators: 
Sherig Dentshog , Ngawang Loday

Lingi from Khominang village sings a Khoray song. Its origin is unknown, it was passed down through the generations by the elders. The song is sung in the local dialect Tshanglakha. It is not popular in other parts of Bhutan. Khoray songs are often sung when one feels bored, sad or tired.

 

པདྨ་དགའ་ཚལ་རྫོང་ཁག་ མཁོ་མི་ནང་གཡུས་ཚན་ལས་ ལིང་གི་གིས་ གདུང་བསམ་པའི་ཁོ་རེ་ཅིག་འཐེནམ་ཨིན་རུང་ ག་གིས་བརྩམས་ཅི་ག་དང་ ནམ་བརྩམས་བརྩམསམ་ཨིན་ན་མི་ཤེས་དོ་ཡོདཔ་ད་ དུས་དང་ཕུ་ལས་ར་ ཕམ་རྒས་ཤོས་ཚུ་གིས་འཐེན་ཏེ་ཡོདཔ་ལས་ རིམ་པ་བཞིན་དུ་བརྒྱུད་དེ་ ད་ལྟོའི་བར་ན་ཡང་འཐེན་སྲོལ་ཡོདཔ་ཨིན་པས། ཚངས་ལའི་ཁ་སྐད་ནང་སྦེ་འཐེན་མི་ གླུ་གཞས་ཀྱི་ཚིག་འདི་ ཤར་ཕྱོགས་རྫོང་ཁག་ཚུ་ནང་མ་གཏོགས་ རྫོང་ཁ་གཞན་མི་ཚུ་ནང་ ཡོངས་གྲགས་མེདཔ་ད་ ལིང་གི་དང་འཁྲིལ་བ་ཅིན་ ཁོ་རེ་འདི་ མི་རང་ར་སོ་སོའི་ཚོར་སྣང་དང་འཁྲིལ་ཏེ་འཐེན་དོ་ཡོདཔ་ལས་ ཚིག་འདི་ཡང་སོ་སོར་འོང་དོ་ཡོདཔ་ད་ ཁོ་རེ་འདི་ གཙོ་བོ་ར་ དབངམོ་ངལ་སུ་ཅིག་སྦེ་སྡོད་པའི་སྐབས་དང་ སེམས་འཁྲུལ་བའི་གནས་སྐབས་ དེ་ལས་འུ་སྡུག་སྡོད་པའི་སྐབས་འཐེནམ་ཨིན་མས།

Transcript search
No results found for this search
0 of 0
  • གླིང་གི་ Lingi
    ཡ་ཟ་ལེ་ཟས་ཏ་ཡ་དཀོན་ཆེན་ས་ཁོ་རེད། །ཡ་ཐོག་པེ་ཤིང་ཆང་དཀོན་ལ་ས་ཁོ་རེད། ། ཡ་ཟ་ནི་ཟས་འདི་ཡ་དཀོན་བཅུག་ས་ཁོ་རེད། །ཡ་ཐབ་ཀྱི་ཤིང་ཡང་དཀོནམ་མས་ས་ཁོ་རེད། །
    Let there be shortage in food, Khoray! Even there is shortage in firewood, Khoray!
  • གླིང་གི་ Lingi
    ཡ་གཏན་རྐྱང་ཟ་ལེ་ཡ་ཟས་སྨོ་ས་ཁོ་རེད། །ཡ་ཟ་ན་དུས་ཤེབ་ཐུར་ཤ་ས་ཁོ་རེད། ། ཡ་གཏན་རྐྱང་ཟ་ནི་ཡ་ཟས་ཡ་ས་ཁོ་རེད། །ཡ་ཟ་ན་ཚར་རེ་རྐྱངམ་ཅིག་ས་ཁོ་རེད། །
    We will eat everyday, should we eat? Khoray! To eat, there is only one time, Khoray!
  • གླིང་གི་ Lingi
    ཡ་གཏན་རྐྱང་གོའེ་བེ་ཡ་གོའེ་སྨོ་ས་ཁོ་རེད། །གོས་ལ་དུས་ཤེབ་ཐུར་ས་ཁོ་རེད། ། ཡ་གཏན་རྐྱང་གྱོན་ནི་ཡ་གོས་སྨོ་ས་ཁོ་རེད། །ཡ་གོས་ལ་ཚར་རེ་རྐྱངམ་ཅིག་ས་ཁོ་རེད། །
    We will wear everyday, Should we wear, Khoray! To wear, there is only one time, Khoray!
  • གླིང་གི་ Lingi
    ཡ་འཇིག་རྟེན་འཛམ་བུ་ཡ་གླིང་ཏེ་ས་ཁོ་རེད། །ཡ་རྟག་པ་བརྟན་པ་མ་ལ་ས་ཁོ་རེད། ། ཡ་འཇིག་རྟེན་འཛམ་བུ་ཡ་གླིང་འདི་ས་ཁོ་རེད། །ཡ་རྟག་པ་བརྟན་པ་མིན་འདུག་ས་ཁོ་རེད། །
    The external world, Khoray! Is not assurable, Khoray!
  • གླིང་གི་ Lingi
    ཡ་ཐི་ནོང་ཅ་ཀ་ཡ་དག་པ་ས་ཁོ་རེད། །ནམ་ནིང་མ་ཀ་རིན་ལ་ས་ཁོ་རེད། ། ཡ་ད་རེས་ཡོད་ཟེར་ཡ་སླབ་ད་ས་ཁོ་རེད། །ནངས་པར་མེད་པ་འགྱོཝ་མས་ས་ཁོ་རེད།། ཡ་ལགས་སོ། ཧུ་ཧེ་ཧེ་ཧེ་་་་།། །།
    Even if you have it, today, Khoray! You will not have it tomorrow, Khoray! Alright.