Skip to main content Skip to search
02 Apr 2019
4 min
Video Overview
Creators: 
Tibetan and Himalayan Library

Nine folk songs commonly performed in the Zangkar area.

This video includes nine songs: Inviting the Stove Deity, Connecting Bridge, From South to North, No Song Singer, Not Buying Your Miscellaneous, Limited Song Singer, Sergyé, No Song No Tremble.

མདོ་སྨད་ཁྱུང་མཆུའི་ཟངས་དཀར་ཡུལ་གྱི་འབྲོག་པའི་ས་ཆར་དར་ཁྱབ་ཆེ་བའི་དམངས་གླུའི་རིག་གནས་སྐོར་ལས་ཐབ་ལྷ་རང་འཁོར་སོགས་གླུ་དགུ་བཀོད་ཡོད།

བརྙན་འདིར་དམངས་གླུ་དགུ་ཡོད་ལ་སོ་སོའི་ཁ་བྱང་ནི།1 ཐབ་ལྷ་རང་འཁོར། 2 འབྲེལ་ཟམ། 3 ང་གླུ་བས་སྲིད་ལ་བླངས། 4 གླུ་མེད་ལ་བླངས་པ། 5 ཁ་ཁུག་ལུ་རང་གིས་ཉོ་འདོད་རེད། 6 གླུ་ཕུགས་མེད་ལ་མ་སྐྲག 7 གསེར་སྒྱེད། 8 གནས་སྐྱིད་པོ། 9 གླུ་མེད་མ་འདར།

在藏族安多邛溪壤噶地区广为流传的传统牧民民歌 -《邀请火炉神之歌》等九首歌。

视频中的有歌曲有:《圆梦之歌》《连接桥之歌》《唱给纵向之歌》《唱给无歌者的歌》《不买杂物之歌》《唱给歌有极限者的歌》《塞节之歌》《欢地之歌》《无歌者不慌之歌》等九首歌。

Transcript search
No results found for this search
0 of 0
  • ཨ་སྐྱིད།
    སྟོད་ལྷ་སའི་ཆོས་ར་གོང་མ་ན།
  • སྐོར་མི་དགོས་འཁོར་ལོ་བཅུ་གཅིག་ཡོད།
  • སྐོར་མི་དགོས་འཁོར་ལོ་རང་འཁོར་རེད། རྗེ་བླ་མའི་ཆོས་སྐྱོང་རང་འཁོར་རེད།
  • སྟོད་ལྷ་སའི་ཆོས་ར་བར་མ་ན། སྐོར་མི་དགོས་འཁོར་ལོ་བཅུ་གཅིག་ཡོད།
  • སྐོར་མི་དགོས་འཁོར་ལོ་རང་འཁོར་རེད། སྟག་ཤ་རའི་དགྲ་ལྷ་རང་འཁོར་རེད།
  • སྟོད་ལྷ་སའི་ཆོས་ར་ཞོལ་མ་ན། སྐོར་མི་དགོས་འཁོར་ལོ་བཅུ་གཅིག་ཡོད།
  • སྐོར་མི་དགོས་འཁོར་ལོ་རང་འཁོར་རེད། མ་སྲུ་མོའི་ཐབ་ལྷ་རང་འཁོར་རེད།
  • སྟོད་ཡུལ་ན་རྫ་ཞིག་རིག་རྒྱུ་བོ། སྟོད་རྒྱ་གར་གངས་རིའོ་དབུ་རྩེ་རེད།
  • རྫ་གན་ཚོར་སྨུག་པ་མ་ཆད་ན། ཚེ་གཅིག་གི་ཤྭ་ཡུ་འཁོར་ས་རེད།
  • བན་གན་ན་རི་ཞིག་རིག་རྒྱུ་བོ། རི་ཡག་པ་རྒྱ་ནག་སྤོས་རི་རེད།
  • རི་དེ་ཚོར་བསང་དུད་མ་ཆད་ན། ཚེ་གཅིག་གི་དགྲ་ལྷ་འཁོར་ས་རེད།
  • སྨད་ཞོལ་ན་མཚོ་ཞིག་རིག་རྒྱུ་བོ། མཚོ་ཡག་པ་རྒྱ་ནག་ཀླུ་མཚོ་རེད།
  • མཚོ་གན་ཚོར་ཟམ་པ་མ་ཆད་ན། ཚེ་གཅིག་གི་ཇ་ལམ་འཕྲོད་ས་རེད།
  • ང་ད་ནངས་ཁྲ་ཡག་རྫ་ནས་ཡོང་། ང་རྫ་ཁའི་འབྲོང་མོར་ཐུག་སེ་ཐུག
  • འདིའི་འབྲོང་མོས་རྭ་བརྡར་རྫ་ལ་བརྡར། ང་ཞི་ལུས་སྦལ་སྟུག་མགོ་ལ་བརྡར།
  • ནངས་སྔ་དྲོ་ཨ་མཉམ་ཆ་མཉམ་རེད། དགོང་ཕྱི་དྲོ་འབྲོང་མོ་ནར་སེ་རེད།
  • ང་ད་ནངས་དགའ་ལྡན་ནགས་ནས་ཡོང་། ང་ནགས་ཁའི་སྟག་མོར་ཐུག་སེ་ཐུག
  • འདིའི་སྟག་མོས་མཆེ་བརྡར་བྱང་ལ་བརྡར། ང་ཞི་ལུས་སྦལ་སྟུག་མགོ་ལ་བརྡར།
  • དགོང་སྔ་དྲོ་ཨ་མཉམ་ཆ་མཉམ་རེད། དགོང་ཕྱི་དྲོ་སྟག་མོ་ནར་སེ་རེད།
  • ངས་སྡེ་རིག་སྡེ་མཐའ་འགྲིམ་ནས་ཡོང་། ང་སྡེ་མཐའི་གླུ་བར་ཐུག་སེ་ཐུག
  • གླུ་བའི་ལེན་ལེན་རྩོད་མོ་རེད། ང་ཞི་ལུས་ལེན་ལེན་སྲིད་ལ་བླངས།
  • དགོང་སྔ་དྲོ་ཨ་མཉམ་ཆ་མཉམ་རེད། དགོང་ཕྱི་དྲོ་གླུ་བ་ཐུང་སེ་བཞག
  • ཁལ་མ་བཀལ་མཛོ་ལུ་ཙེད་ཙེད་པོ། བཀལ་བཞག་ན་སྒྱོ་སྟོང་མི་ཐེག་གི།
  • རྟ་མ་བརྒྱུག་རྟ་ལུ་ཙེད་ཙེད་པོ། བརྒྱུག་བཞག་ན་བོ་མགོ་མི་གོམ་གི།
  • གླུ་མ་བླང་ཞི་ལུ་ཁ་སག་པོ། བླངས་བཞག་ན་ཚིག་གསུམ་མི་འཁྱོངས་གི།
  • ཁྱོད་མཛོ་ལུ་ཁལ་ལ་དགའ་དགའ་བོ། ཁྱོད་སྲོག་རྩ་རྨེན་གྱིས་སྐོར་འདོད་རེད།
  • ཁྱོད་རྟ་ལུ་རྒྱུགས་ལ་དགའ་དགའ་བོ། ཁྱོད་རྨུག་བཞི་གནམ་ལ་སྐོར་འདོད་རེད།
  • ཁྱོད་ཞི་ལུ་གླུ་ལ་དགའ་དགའ་བོ། ཁ་ཁུག་ལུ་ཁྱོད་ཀྱིས་ཉོ་འདོད་རེད།
  • འབྲོང་ཁ་ནས་བུད་དུས་སྐྲག་ཐལ་ར་། རྭ་གོ་ལོ་ཡིན་ནོ་མ་སྐྲག་ཐལ།
  • སྟག་ཁ་ནས་བུད་དུས་སྐྲག་ཐལ་ར། མཆེ་རྡོ་ལོ་ཡིན་ནོ་མ་སྐྲ་ཐལ།
  • གླུ་བླངས་ནས་ཡོང་དུས་སྐྲ་ཐལ་ར། གླུ་ཕུགས་མེད་ཡིན་ནོ་མ་སྐྲག་ཐལ།
  • ཟངས་ཆ་ཕྱག་ཆ་ཐོག་ན། བྱུ་རུ་དམར་པོའི་མཆོད་པ་བཤམ་ཡོད།
  • ཡར་སྒྱེད་གསེར་སྒྱེད་མགོ་ན། གསེར་ཉི་མའི་སྲབ་མདའ་ཤར་ཡོད།
  • མར་སྒྱེད་དུང་སྒྱེད་མགོ་ན། དུང་ཟླ་བའི་གུར་ཁང་ཕུབ་ཡོད།
  • རྫ་མགོ་རི་མགོ་བདེ་ལེ་བོ། གན་སྐྱིད་ཀྱི་ཉི་མ་ཤར་ས་རེད།
  • རྫ་སྐེད་རི་སྐེད་བདེ་ལེ་བོ། གན་སྐྱིད་ཀྱི་རྟ་བརྒྱ་འཚོ་ས་རེད།
  • རྫ་ཞོལ་རི་ཞོལ་བདེ་ལེ་བོ། གན་སྐྱིད་ཀྱི་འབྲི་བརྒྱ་བཞོ་ས་རེད།
  • སྤྱང་དར་མ་ཁ་ནས་བུད་དུས། རྩྭ་འཇག་མའི་རྒྱུ་མགོ་འདར་གི།
  • འདར་མི་དགོས་རྒྱུ་མགོ་ཁྱོད་བསྡོད། སྤྱང་ལྟོག་ནས་འཇག་མ་ཟོས་རབས་མེད།
  • སྟག་དམར་ཡག་ནགས་ཁའི་བུད་དུས། ནགས་དགའ་ལྡན་ཤིང་ལོ་འདར་གི།
  • འདར་མི་དགོས་ཤིང་ལོ་ཁྱོད་སྡོད། སྟག་ལྟོག་ནས་ཤིང་ལོ་ཟོས་རབས་མེད།
  • ང་གླུ་བ་སྡེ་ནས་ཡོང་དུས། ཁྱོད་གླུ་མེད་ཞི་ལུ་འདར་གི།
  • འདར་མི་དགོས་ཞི་ལུ་ཁྱོད་སྡོད། གླུ་བས་གླུ་བ་ཟོས་རབས་མེད།