02 Apr 2019
15 min 57 sec
Video Overview
Creators:
Tibetan and Himalayan Library
A primer on traditional Tibetan chess.
བོད་ཀྱི་མིག་མངས་རིག་གནས་སྐོར་གྱི་ངོ་སྤྲོད།
བརྙན་འདིར་མིག་མངས་འགྲིག་གི་ངོས་འཛིན་དང་འདེད་ཚུལ། མིག་མངས་འགྲིག་གི་རྒྱུ་ཆ་སྒྲིག་ཚུལ་སོགས་གསལ་བཤད་བྱས་ཡོད།
介绍藏棋文化
本视频介绍传统藏族儿童的游戏 -棋和棋的认识与下法。
- འགྲིག་འདེད་པར་ཧ་ཅང་དགའ།
- རྩེ་ཡང་རྩེ་ལ་འདེད་ཀྱང་འདེད་རྒྱུ་རེད།
- རྫི་སྣེ་སོགས་མང་ཤས་ཐང་ནས་རྩེ་རྒྱུ་ཞིག་ཡིན།
- དེ་ལས་སྟབས་མ་འགྲིག་པ་ཡིན་འདུག
- ང་ཚོ་ཡིན་ན་ཕྱུགས་འཚོ་བཞིན་ཡོད་པས།
- མང་ཤས་ནི་རྟ་རྫི་དང་ཟོག་རྫི།
- ལུག་རྫི་གང་ཡིན་རུང་གཡས་གཡོན་གྱི་
- རྟ་བ་དང་ཟོག་བ་མཉམ་དུ་བསྡད་ཡོད་པ་དང་
- ཡང་ན་ལུག་བ་དང་རྟ་བ་མཉམ་དུ་བསྡད་ཡོད་པ་
- སོགས་ལ་ཐག་ཉེ་བས་སྟབས་བདེ།
- རྩེ་བྱེད་ལ་འགྲིག་དང་རྒྱལ་པོ་སོགས་འདེད།
- དེའི་ནང་གི་ཆེ་ཤོས་ནི་འགྲིག་ལས་དགུ་འགྲིག་རེད།
- འདི་ཡང་མི་གཉིས་ཀྱི་འདེད་རྒྱུ་ཡིན་ལ་མི་བཞིའི་
- ཕྱོགས་རེས་བྱེད་དགོས་ན་ངེད་གཉིས་ཕྱོགས་གཅིག་དང་།
- ཁྱེད་གཉིས་ཕྱོགས་གཅིག་བྱས་ཆོག
- ང་ཚོ་རྩེ་དུས་རྒྱལ་འཇོག་མི་སྲིད།
- ཡར་སྔོན་གྱི་དུས་སུ་རྒྱལ་འཇོག་མིན་མི་ཤེས།
- ང་ཚོའི་སྐབས་སུ་འདེད་ལ་སུ་མཁས་ཅམ་ལས་མེད།
- དེའི་ནང་དུ་རིག་བཟང་སོགས་ཀྱི་བཟང་།
- དེའི་བཟང་བར་བསམ་བློ་བཏང་རུང་འགྲིག་
- འདེད་པར་མི་རིག་བཟང་སོགས་ཀྱིས་བཟང་།
- ཁྱོད་ལྟ་བུ་ཡིན་ན་ངས་འདི་དེད་ན་
- ཁོས་འདི་སྒུལ་སྲིད་བསམ། རྡོ་བསྒྲིགས་ཡོད་པ་ལས་
- དེའི་རྗེས་ཀྱི་འདེད་ཚུལ་ལ་དཔོག་ཐུབ་པ་ཡིན།
- འགྲིག་འདེད་པར་གོམས་རྗེས་དེའི་འགྲོ་ཚུལ་དཔོག་ཐུབ།
- དེའི་ཁྲོད་ཀྱི་རིག་བཟང་དག་གིས་འཇོག་ཤེས་ལ་
- འདེད་ཀྱང་ཤེས། འཇོག་མཁན་ཚོས་འཇོག་ལ།
- རིག་བཟང་གཉིས་མཉམ་དུ་ཕྲད་ན་ཁྱོད་ཀྱིས་འདིར་
- བཞག་ན་བསམ་མོད། ཁོས་འཇོག་གི་མི་འཇུག
- ངས་ཡང་འདིར་བཞག་ན་བསམ་མོད།
- ཁོས་ང་ལ་འཇོག་གི་མི་འཇུག འཇོག་སྟངས་ལས།
- ཕམ་རྒྱལ་ཆེན་པོ་མེད་པར་རིག་བཟང་གཉིས་ཕྲད་ན་
- ཙག་ཁ་འབྱེད་རྒྱུར་ཐུག
- ལྷ་ས་དང་སྲེག བོའུ་སོགས་ཟེར་རྒྱུ་ཡོད་ལ།
- དེ་མིན་འདིའི་མཆོག་བཞི་ལ་རྡོ་ནག་བཞི་
- བཞག་ན་ང་རྡོ་ནག་ཡིན་ན་ངས་རྡོ་ནག་བཞི་འདིར་
- འཇོག་ཐུབ་ན་མཆོག་འགྲིག་བརྒྱབ་པ་ཟེར།
- འགྲིག་གི་ཚུལ་ཚང་མ་ཡོད་ཟེར་ན་དེ་དག་མང་།
- དེ་མིན་མ་དེད་གོང་ཡིན་ན་གྲོས་བྱས་ཆོག་ལ།
- ངེད་གཉིས་ལ་བོས་མེད། མཆོག་འགྲིག་མེད།
- དཀྱིལ་འགྲིག་མེད་ཟེར་རྒྱུ་ཡོད། དེ་མི་ཆོག་ཟེར་ན་
- ཁྱོད་རང་གིས་ལོན་ཡོད་རུང་ཆོག་ནི་མ་རེད། རྩི་རྒྱུ་མིན།
- དེར་འདེད་སྟངས་ལས་འདེད་དབང་མེད།
- དེ་མིན་པར་ངེད་གཉིས་ཀྱིས་འགྲིག་ལ་དཔེ་ཚུལ་
- ཚང་མ་ཡོད་ཟེར་ན།
- འཇོག་སྐབས་དཀྱིལ་ཐིག་ལེན་ཐུབ་མཁན་ཡོད།
- ནག་པོ་འཇོག་གི་སྔོན་མ་དང་དཀར་པོ་འདེད་ཀྱི་སྔོན་མ་རེད།
- དེ་ལྟར་ནག་པོས་དཀྱིལ་ཐིག་ནོན་ཡོད་ན་
- ཁྱོད་ཀྱིས་བླངས་ཏེ་འགྲིག་གིས་རྒྱག་ཆོག
- འཇོག་ཚུལ་ལས་མང་པོ་ལོན་ཡོད།
- ཨ་ན་མ་ནའི་འདེད་མཁན་རིག་བཟང་
- གཉིས་ཡིན་ན་དཀྱིལ་ཐིག་སླ་མོར་ལེན་མི་ཐུབ།
- ཉམས་མྱོང་གིས་གཅིག་གིས་གཅིག་ལ་འགོག་པར་བྱེད།
- ཉམས་མྱོང་ཡོད་པས་དེའི་འཕྲོར་དཀྱིལ་ཐིག་བླངས་ནས་
- འདི་དེད་ན་འདི་རེད་བསམ་རྒྱུ་ཡོད་ལ།
- ངས་བཟང་ཁྱོས་བཟང་བྱས་འཇོག
- སྲེ་འགྲིག་ཟེར་རྒྱུ་ཞིག་ཡོད།
- སྲེ་འགྲི་དེད་ན་ཁྱོད་འདེད་མཁས་མིན་རེད།
- བསྲེས་ཏེ་འཇོག་ནི་རེད།
- དཀར་པོ་ཞིག་དང་ནག་པོ་ཞིག་བྱས་ཏེ་འཇོག་ནི་རེད།
- ཕལ་ཆེར་སྲེ་འགྲིག་འདྲ་ཞིག་བྱས་ཡོད།
- འདེད་མཁན་ཨ་ན་མ་ན་ཐུག་ན།
- རིག་པ་བཟང་མིན་ཅུང་ཙམ་ཁྱད་ན་ཕལ་ཆེར་
- འཇོག་དུས་ནས་བཟང་ཤོས་དེས་བཞག་ཚར་རྗེས་
- དཀྱིལ་ཐིག་བླངས་ན་ཐུབ་ཡོད་ལ།
- དེ་མིན་རུང་འཇོག་དུས་སུ་འགྲིག་མང་དུ་
- བརྒྱབ་སྟེ་འགྲིག་སྐལ་མང་དུ་ལེན་རྒྱུ་ཡོད།
- འཇོག་དུས་འགྲིག་གིས་བརྒྱབ་ན་འགྲིག་སྐལ་ལེན་རྒྱུ་ཡོད།
- འགྲིག་འདེད་མཁན་གཉིས་རེ་ཕྲད་ན་
- འཇོག་དུས་འགྲིག་ཕོག་ནི་མ་རེད།
- འགྲིག་རྒྱག་གི་འཇུག་ནི་མ་རེད།
- དཀྱིལ་ཐིག་སོགས་ལོན་ནི་མ་རེད།
- ཨ་ན་མ་ནར་དེད་དེ་མཇུག་དུ་ཙག་ཁ་འབྱེད་དགོས།
- གཉིས་གསུམ། གསུམ་བཞི་ལས་མི་ལྷག་པར་
- རྒྱལ་མཁན་ལ་ཡང་མང་པོ་ལྷག་མེད།
- ཕམ་མཁན་ལ་གཅིག་ཀྱང་ལྷག་མེད།
- དེ་འདྲ་ལ་གཏུགས་སྲིད། རྒྱལ་ཕམ་ཆེན་པོ་
- དོད་ཡོད་མཁན་ཞིག་ཡིན་ན་ཐོག་མར་འཇོག་སྐབས་
- ཐུབ་ཡོད་ལ་འདེད་དུས་སུ་ལྷ་ས་སྐོར་བ་དང་སྲེག་འཐེན་པ།
- འགྲིག་གི་ཚུལ་ཚང་མ་ཡོད་ཟེར་ན་དེ་ལྟར་བྱེད།
- བོའུ་འཕེན་པ་སོགས་ཀྱི་སྐལ་ལེན་རྒྱུ་ཡོད་པས་
- ཅིག་ཤོས་མང་པོ་ཕམ་ཡོད།
- བོའུ་ཡིན་ན་འདིའི་ཐོག་ལ་མ་བཞག་ན་མི་ཐུབ།
- ལྷ་སར་འགྲིག་གྲུ་བཞི་བྱས་ཏེ་ལྷ་ས་སྡེ་གཉིས་མ་དང་
- སྡེ་གསུམ་མ་ཟེར་རྒྱུ་ཡོད། སྡེ་གསུམ་མ་ཡིན་ན་བར་སྟོང་
- གཅིག་ལས་མེད་པས་འགྲིག་གཉིས་གཉིས་བརྒྱབ་འགྲོ།
- གཅིག་དེད་ན་གཉིས་བརྒྱབ་ཡོད་པས་འགྲིག་སྐལ་གཉིས་རེ་ལེན།
- སྡེ་གཉིས་མ་འགྲིག་ཡོད་ན་གཅིག་དེད་པར་
- གཅིག་ལེན་རྒྱུ་ཡོད་ལ་གཅིག་འགྲིག་ཡིན།
- དེ་ནས་ཡང་གཅིག་དེད་ན་ཉིས་འགྲིག་ཡིན།
- ཡང་བོས་ལྟར་དུ་གཅིག་འཕང་ན་གཅིག་ལྟར་དུ་འགྲོ།
- བཞི་སྲེག་ཡིན་ན་དྲང་ཐིག་ལྟར་དུ་གཉིས་འཇོག་དགོས།
- ཐིག་གི་སྟེང་དུ་ཕྲེང་གཉིས་ཐད་ཀར་ཡོད་པ་མ་ཟད་སྒོ་གཉིས་ཡོད།
- སྒོ་གཉིས་ཕར་ཚུལ་བརྒྱབ་ན་ཏ་ལེན་རེད།
- མཇུག་བསྡུ་ར་དུས་མཛུབ་མོས་འདེད་ཐུབ་ཚོད་བྱས་ཏེ་
- སྒོ་གཉིས་འདི་ལྟར་འདན་ན་བཞི་སྲེག་ཐེན་སོང་ཟེར།
- བོའུ་ཞེས་པ་ནི་འདི་ལྟར་ཐད་ཀར་ཡོད་དགོས།
- འཇོག་ཚུལ་ལས་ཁྱོད་རང་དཀར་པོ་ཡིན་ན་དཀར་པོ་
- འདིར་དཀར་པོ་ཐད་ཀར་བཞག་ན་བོས་འཕང་བ་ཡིན།
- དགུས་ཡོད་པས་ནག་པོ་དགུ་གང་འདོད་ལྟར་བླངས་ཆོག
- སྟབས་གང་གི་བདེ་ན་རང་གི་འཆར་གཞི་གང་དུ་འཛིན་ན།
- རང་ལ་འདིའི་ཚད་ནས་ཡག་པའི་བསམ་ཚོད་ལྟར་དུ་བླངས་འགྲོ།
- དེ་ལྟར་ན་རང་ཉིད་རྒྱལ་ཡང་ཐུབ།
- རྡོ་དགུ་བླངས་འགྲོ་ལ་དེ་དག་ནི་རང་ལ་གང་གི་ཡག་པ་དང་
- སྟབས་བདེ་ས་གང་རུང་དུ་བླངས་ཆོག་པས་རྒྱལ་ཐུབ།
- ཐོག་མར་འཇོག་དུས་བོས་འཕེན་མཁན་མང་།
- འདེད་དུས་ཡང་བོའུ་འཕེན་མཁན་ཡོད་མོད།
- འདེད་དུས་བོའུ་འཕེན་རྒྱུ་སླ་མོ་མིན།
- ཉམས་མྱོང་ཡོད་དུས་བོའུ་དང་བཞི་སྲེག་སོགས་འགྲིག་དཀའ།
- རྒྱལ་ཕམ་དོད་ཡོད་སའི་མི་ལྟ་བུ་ཡིན་ན་ཐུབ་པ་ལས་
- ལག་མཉམ་གཉིས་ཐུག་ན་ཙག་ཁ་འབྱེད་རྒྱུར་ཐུག་སྲིད།
- ཙག་ལ་བབས་དུས་ཕལ་ཆེར་ཟད་འགྲོ་བ་ཡིན།
- ང་རྒྱལ་ཏེ་ཁྱོད་ཕམ་ཡོད་པ་ལྟར་བྱས་ན་ཁྱོད་ལ་
- སྔོན་དུ་རྡེའུ་དག་ཟད་དེ་མེད་པ་འགྱུར།
- རྡེའུ་དགུ་ལས་མ་ལྷག་དུས་ཙག་ལ་འབབ་ཆོག
- ཙག་ཞེས་ན་རང་གིས་གང་དུ་འཇོག་བསམ་ན་དེར་བཞག་ཆོག
- རེའུ་མིག་ལས་རང་ཉིད་འདེད་པར་ཐུག་དུས་
- གོང་དུ་བཞག་ཆོག་ལ་ཞོལ་དུའང་བཞག་ཆོག དེ་ཙག་རེད།
- དེའི་རྗེས་ནས་ང་ཡང་ཁྱོད་ཀྱིས་ཙག་ལ་བབས་ཡོད་ན་
- རྡེའུ་དགུ་མེད་པར་དྲུག་བདུན་ཞིག་ལས་མེད།
- ང་ཡང་རྡེའུ་དགུ་ལ་ཐུག་ན་ངེད་གཉིས་ཀྱིས་ཙག་ཁ་འབྱེད་དགོས།
- ཡར་ལྡིང་མར་ལྡིང་བྱས་ཏེ་ངེད་གཉིས་ཀས་
- གོང་འོག་གང་དུའང་བཞག་ཆོག
- དེ་ལྟར་བཟའ་རྒྱུ་དང་མཆོག་འགྲིག་རྒྱག་རྒྱུ་
- ལ་སོགས་ཡོད་པས་དེར་རྒྱལ་ཕམ་དོད་སྲིད།
- གཅིག་ལ་ཇེ་ཉུང་ཇེ་ཉུང་དུ་སོང་སྟེ་ཡོངས་སུ་ཟད་འགྲོ།
- རྒྱལ་ཕམ་ཆེན་པོ་མ་དོད་ན་ཅིག་ཤོས་ལ་ཡང་
- བཞི་ལྔ་ཙམ་ལས་ལྷག་མེད་པའང་མང་།
- དེ་ལྟར་ཡིན་ཡང་ཅིག་ཤོས་ལ་རྩ་མེད་བྱས་ཡོད་པས་
- ཁོ་རང་རྒྱལ་བ་ཡིན།
- ཁོ་རང་ལ་ད་དུང་རྡེའུ་བཞི་ལྔ་ལྷག་ཡོད་པས་སོ།།
- རྒྱལ་ཕམ་ཆེན་པོ་དོད་མཁན་ལ་ཤུལ་དུ་ད་དུང་
- རྡེའུ་ཉི་ཤུ་སུམ་ཅུ་ལྷག་ཡོད་སྲིད།
- ལྷ་ས་སྐོར་བ་སོགས་བྱས་ཚེ་ཕལ་ཆེར་ཉི་ཤུ་ལྷག་མེད་ན་མི་ཐུབ།
- བཞི་སྲེག་ཐེན་རུང་དགུ་གཉིས་བཅོ་བརྒྱད་དགོས།
- ཁྱོད་ལ་བཅོ་བརྒྱད་ལྷག་ཡོད་དགོས་ལ་
- རྒྱལ་ཕམ་ཆེན་པོ་དོད་ན་ད་དུང་དེའི་མང་ཡིན་སྲིད།
- ལྷ་ས་ཡིན་ན་དེ་ལས་ཀྱང་མང་དགོས་པས་ཕལ་ཆེར་
- རྡེའུ་ཉི་ཤུ་ལྷག་ཞིག་དགོས། ཁྱོད་ལ་ལྷག་དུས་
- ཅིག་ཤོས་ལ་རྩ་མེད་བྱས་ཡོད། དེ་ནི་ཕམ་སོང་བས་ཡིན།
- གཉིས་ཀ་ཨ་ན་མ་ན་ཡིན་སྐབས་ཙག་ཁ་འབྱེད་རྒྱུར་ཐུག་སྲིད།
- ཙག་ཁ་འབྱེད་དེ་རྒྱལ་ཕམ་དོད་ན་དེ་རེད་སུ་རྒྱལ་ན་
- དེར་འགའ་ཤས་ལྷག་ཡོད་ལ་ཅིག་ཤོས་དེར་གཏན་ནས་ལྷག་མེད།
- མི་གཉིས་རེ་རྩེ་རྒྱུ་ཡིན། དེ་ལས་འདིའི་ཐོག་ཏུ་འཇོག་མི་ཐུབ།
- ཁྱོས་གཅིག་བཞག་རྗེས་ངས་གཅིག་འཇོག་པ་ཡིན།
- ང་ཚོ་མི་བཞི་ཡོད་ན་ཕྱོགས་རེས་བྱེད་ཆོག
- ཕྱོགས་རེས་བྱས་ཚེ་དེར་ཞོག་འདིར་ཞོག་ཞེས་
- ངའི་ལོགས་སུ་བསྡད་ནས་བཤད་ཆོག
- ཁྱོད་ལ་ཕྱོགས་མཁན་ཁྱོད་ཀྱི་ལོགས་སུ་བསྡད་ཚེ་དེ་རེད།
- དེ་ལྟར་མི་གཉིས་གསུམ། གསུམ་བཞི་བྱས་རུང་དེ་རེད།
- ཕྱོགས་བགོས་ཚེ་འཇོག་རྒྱུ་དང་འདེད་རྒྱུ་སོགས་གསལ་བས་ལེགས།
- དེ་མིན་ངེད་གཉིས་ཀྱིས་དེད་རྗེས་ཁོ་གཉིས་ཀྱི་འདེད་པ་ཡང་ཡོད།
- ཆ་ཆ་བྱས་ཏེ་རང་སར་རྩེ་མཁན་ཡང་ཡོད།
- བུ་མོར་འགྲིག་འདེད་པར་ཧ་ཅང་དགའ་མཁན་ཡོད་མོད།
- སྐྱེས་པ་འདེད་མཁན་ལས་རྒྱལ་མི་ཐུབ།
- སྐྱེས་པ་ཚོས་རྩེ་རྒྱུའི་གྲངས་མང་བས་ཡིན་ལ་
- བུ་མོ་ཚོ་དེ་འདྲ་མི་ཁོམ་པས་ཡིན་སྲིད་པ་ལས།
- བུ་མོ་ཚོས་ཀྱང་སྐྱེས་པ་ཚོས་རྩེ་ཚུལ་ལྟར་བྱས་ན་
- རིག་པ་སུས་བཟང་མི་ཤེས་པ།
- དེར་ཤུགས་འདོན་རྒྱུ་སོགས་མི་དགོས་པས་སུ་རྒྱལ་མི་ཤེས།
- ཁོར་ཡུག་སོགས་ཀྱི་དབང་གིས་བུ་མོ་ཚོར་
- རྩེ་མཁན་ཡོད་མོད་རེ་གཉིས་ལས་འདེད་མཁན་མེད།
- རེ་གཉིས་ཀྱིས་འདེད་སྲིད་མོད་དེའི་ཁྲོད་དུ་ཡང་འདེད་མཁན་ཡོད།
- གནའ་དུས་མཉམ་ལས་སྐབས་སུ་གླ་བ་མང་པོ་ཡོད་སར་རྩེ་སྲིད།
- གང་ཞིག་ཡིན་རུང་མི་མང་ཡོད་སར་དེང་སྐབས་ཀྱི་
- རྩེ་བྱེད་དག་མེད་པས་ཡིན་སྲིད་ལ་དེ་མི་རྩེ་མཁན་མེད།
- ཡང་ན་འགྲིག་དང་རྒྱལ་པོ་འདེད་པ།
- དགོད་སྒྲའི་ཁྲོད་དུ་ཡང་ན་ཤོ་འཕེན་བཞིན་ཡོད།
- དེ་མིན་ན་འཇུ་རེས་བྱེད་པ་དང་ཡང་ན་ཐག་འཐེན།
- གླང་ཆེན་ས་གཤགས་སོགས་བྱེད་སྲིད།
- རྩེད་མོར་རོལ་བར་དེང་སྐབས་ལས་གནའ་དུས་མང་།
- ངའི་ན་ཚོད་དང་དེའི་ཆེ་སོགས་རྩེ་རྒྱུ་ལ་ཧ་ཅང་དགའ།
- ངའི་ཆེ་དང་ང་ཚོའི་སྐབས་ཀྱི་མི་ལ་རྩེད་མོ་ལས་ཁྲོས་པ་མེད།
- མིག་སྔར་ལོ་དྲུག་ཅུ་རེ་བདུན་ཡིན་ཡང་
- རྩེད་མོ་ལས་ཁྲོས་པ་གཏན་ནས་མེད།
- ད་དུང་ཡར་སྔོན་གྱི་མི་དག་རྩེད་མོ་ལས་ཀྱང་ཆེན་པོ་རྩེ་ལ།
- འཇུ་རེས་དང་ལྡིང་ཚད་སོགས་སུ་གཅིག་གིས་གཅིག་ལ་
- བསམ་ནག་བྱས་ཏེ་ན་རྒྱུ་སོགས་བྱས་ཀྱང་
- ཁོང་ཁྲོ་ལང་ཞེས་པ་གཏན་ནས་མི་སྲིད།
- དེང་སྐབས་དེ་འདྲ་ཞིག་རྩེ་མཁན་ཡང་མེད་མོད་
- བརྩེས་རུང་དེ་འདྲའི་ཁོག་རྒྱ་ཡོད་པར་མི་འདོད།
- དེ་ཅི་ཡིན་མི་ཤེས།
- དེ་ལྟར་བྱས་དུས་རྡུང་རེས་བྱེད་རྒྱུར་ཐུག་གི་འདོད།
- མིའི་ཁོག་ཇེ་དོག་ལ་སོང་བ་ཡིན་ནམ་
- ཡང་ན་དེ་ལྟར་རྩེ་མ་མྱོངས་བས་ཡིན་ནམ་མི་ཤེས་མོད།
- ཡར་སྔོན་ལྟ་བུ་ཡིན་ན་རྩེད་མོ་ལས་ན་རྒྱུ་ཇི་འདྲ་བྱས་ཀྱང་
- ཁོང་ཁྲོ་ལང་རྒྱུ་གཏན་ནས་མི་སྲིད།
- མི་ཞིག་གིས་རང་ལ་ཅིག་བྱས་སོང་བསམ་རྒྱུ་ཡོད་མི་སྲིད།
- ཇི་ལྟར་རྩེ་རུང་ཁོང་ཁྲོ་ལང་རྒྱུ་ཡོད་མི་སྲིད།
- ཇི་ལྟར་འཇུ་རེས་དང་འཁྱིག་རེས་བྱས་ཀྱང་ཁྲོས་མི་སྲིད།
- ན་རྒྱུ་ཙམ་བྱས་ཀྱང་སྐྱོན་མེད་ལ་
- ཞབས་ཏུ་མནན་ཏེ་རྐང་ལག་བཅག་པ་མང་མོད།
- ཁོང་ཁྲོ་ལང་རྒྱུ་གཏན་ནས་ཡོད་མི་སྲིད།
- རྒན་པ་ཚོས་རྩེ་ཉེས་བྱས་སོང་ཟེར་བ་ཙམ་ལས་ཅི་ཡང་མེད།
- ཁོང་ཁྲོ་ལངས་པ་ཟེར་རྒྱུ་ཞིག་མེད། ཅི་ཡིན་མི་ཤེས།
- རྩེ་རྒྱུར་ཧ་ཅང་དགའ་བ་དག་ནི་ངའི་ཆེ་དག་ཡིན།
- ང་ཚོའི་དུས་ལ་རྐང་ལག་གཅོག་པ་སོགས་མ་མྱོང་བ་ལས་
- གཅིག་གིས་གཅིག་ལ་ན་རྒྱུ་དང་
- སྐྲངས་འབུར་སོགས་མང་དུ་ཡོད་ཀྱང་ཁྲོ་རྒྱུ་གཏན་ནས་མེད།
- རྩེ་མཁན་དག་ཀྱང་རང་གི་འགྲོགས་བཟང་དག་ཡིན།
- དེང་སྐབས་འགྲོགས་བཟང་ཡིན་ཡང་ཚིག་བཤད་ནོར་བྱས་རུང་
- ཕན་ཚུན་ཁྲོ་བ་དང་ཚིག་ལོག་བཤད་མཁན་ཡོད་པས་
- དེ་ལྟར་རྩེ་བར་ཐེག་པའི་རྩེད་མཁན་མེད་པར་འདོད།
- དུས་དང་མི་སོགས་ཅི་ཡིན་མི་ཤེས།
- ཡར་སྔོན་ངའི་ཆེ་བ་དག་ལ་རྩེད་མོ་ལས་
- ཁོང་ཁྲོ་ལང་རྒྱུ་གཏན་ནས་མེད་བསམ།
- གཏམ་དཔེ་ལ་ཡང་རྩེ་སར་རྒྱུ་མ་ཕུད་རུང་
- མ་ངུ་ཟེར་བས་མི་ཁྲོ་བའི་རྟགས་ཞིག་རེད།
- རྒྱུ་མ་ཕུད་རུང་མ་ངུ་ཟེར་བས་བཟོད་ཀྱང་དགོས་པ་ཡིན་རྒྱུ་རེད།
- རྡུང་རེས་དང་གྱོད་ཁ་གཏན་ནས་མི་བྱེད། ཁོང་ཁྲོ་ལང་རྒྱུ་མ་རེད།
- གནའ་དུས་སུ་འགྲིག་འདེད་པར་དགའ་མཁན་ཚོས་
- སྣག་ཚས་རས་དཀར་པོའི་ཐོག་ཏུ་བྲིས་ཡོད།
- རས་དཀར་པོའི་ཐོག་ཏུ་བཅུ་གསུམ་ཅན་དང་བཅུ་བཞི་ཅན་ལས་
- དེ་ལྟར་བཟུང་ཡོད་མཁན་ལ་དགུ་ཅན་ཕལ་ཆེར་མེད།
- ཞིབ་ཆ་ཅན་དག་གིས་སྣག་ཚས་བྲིས་ཏེ་དཀྱིལ་ཐིག་འཕང་ནས་
- རྡེའུ་དཀར་ནག་གཉིས་ཀར་ཁུག་མ་རེ་རེ་བཟོས་ཡོད།
- རྡེའུ་དཀར་པོ་ཁུག་མ་གཅིག་གི་ནང་དུ་བཅུག
- རྡེའུ་ནག་པོ་ཁུག་མ་གཅིག་གི་ནང་དུ་བཅུག་ནས་
- དེ་དག་གི་སྐེ་འབྲེལ་ཏེ་གྲབ་ཡོད།
- དེ་དག་ཡང་མེད་པར་རྩེ་བར་དགའ་བའི་གཞོན་ནུ་དག་གིས་
- རྫི་སྣེར་ཐོན་དུས་རྡོ་ལེབ་ཞིག་ཨེ་རྙེད་ལྟ་ལ།
- རྡོ་ལེབ་ཞིག་རྙེད་ན་དེའི་ངོར་རྡེའུ་ཞིག་གིས་
- འགྲིག་རིས་བྲིས་ཏེ་རྡེའུ་འགའ་བཙལ་བས་ཆོག
- དེའི་ཁྲོད་དུ་ཞིབ་ལ་འགྲིག་འདེད་པར་དགའ་བ་དག་གིས་
- དེ་ལྟེ་གྲབ་ཡོད་མཁན་རེ་གཉིས་ཡོད།
- དེ་མིན་པར་ཁུག་མ་གཅིག་གི་ནང་དུ་རྡེའུ་དཀར་ནག་་གཉིས་
- བསྲེས་ཡོད་ཀྱང་ཐང་དུ་བླུག་ནས་མགྱོགས་པོར་དབྱེ་འཇོག
- འགྲིག་བྲིས་ཡོད་པས་རི་མགོ་སོགས་གང་ཡིན་རུང་སྟན་ཞིག་བཏང་ནས།
- ཕལ་ཆེར་རྟ་སྟན་ཡིན་ལ་ཟོག་བར་བུད་ཡོད་མཁན་རེ་ཡིན་ན་
- ཉིན་ཇ་སྐོལ་རྒྱུ་སོགས་བཟུང་ཡོད་ན་
- ཏ་ལེན་སྟོང་བར་ཕུད་དེ་བཏང་ནས་དེའི་ཐོག་ལ་འཇོག
- དེ་ལྟར་བྱས་ན་ས་བརྟན་པར་ཕན། དེ་ནས་དེའི་ཐོག་ལ་འདེད།
- རྫི་བོ་ཚོས་དེ་ལྟར་དེད་ན་ད་ཕྱི་དྲོ་ཟོག་འདེད་རྒྱུར་
- འགྱང་བར་བྱས་པ་མང་། ཟོག་འདེད་པར་མུན་རུབ་པ་མང་།
- ཉི་མར་མི་ལྟ་བར་དུས་འདའ་བར་བྱེད་པར་འགྲིག་ལ་བལྟས་ཏེ་
- མཇུག་ཏུ་མགོ་བཏེགས་ནས་ལྟ་སྐབས་དགུང་རུབ་ལ་ཁད་དུ་
- ཐུག་དུས་སྙིང་ཤོར་ནས་ཟོག་འཚོ་བར་རྒྱུག་མཁན་མང་།
- དེ་རྩེ་བར་ཧ་ཅང་དགའ་མོད་རྒྱལ་སྐུག་པར་མི་བྱེད། དེ་འདྲ་རེད།
- དྲུག་འགྲིག་ཆུང་བས་འདེད་མཁན་ཉུང་།
- དྲུག་འགྲིག་ཡོད་པ་ལས་དགུ་ཆུང་བ་དེ་ཡིན་ལ།
- དེའི་གོང་དུ་བཅུ་གཅིག་དང་བཅུ་གསུམ།
- བཅོ་ལྔ་སོགས་བྲིས་ཡོད་མཁན་མང་།
- ཆེ་ན་འདེད་མཁན་ཚོར་རྒྱལ་ཕམ་དེ་མ་ཐག་ཏུ་དོད་མི་ཐུབ་པར་
- བསམ་བློ་གཏོང་ཁོམ་ཡོད་པས་ཡིན་ནམ་མི་ཤེས་མོད།
- འདེད་མཁན་ཚོས་ཆེན་པོ་ལས་ཆུང་བ་འབྲི་མི་སྲིད།