Video Overview
In a series of over 20 videos, scholars read from and provide oral commentaries on the historical annals written by the Fifth Dalai Lama.
- Tibet
- རྒན་ནོར་བྲང་ཨོ་རྒྱན།འདི་ནི། ད་ཨཱ། ད་ལྟ་འདི་དེབ་ཐེར་འདིའི་མཇུག་བྱང་རེད།
- རྒན་ནོར་བྲང་ཨོ་རྒྱན།མཇུག་བྱང་ཟེར་སོང་ན། ང་རང་ཚོའི་དཔེར་ན་གཅིག་གི་བོད་ཀྱི་རྒྱལ་རབ་ལ་སོགས་པ་དེ་ཚོའི་འགའ་ཅིག་ལ་འགའ་ཤས་ཐོག་ནས་གཅིག་གི་བོད་ཀྱི་དེབ་ཐེར། ལོ་རྒྱུས་ལ་སོགས་པ་དེ་ཚོ་ནས་གོང་ལ་གསལ་པོ་གསུངས་པ་དང་།
- རྒན་ནོར་བྲང་ཨོ་རྒྱན།འགའ་ཤས་ཡིན་ན་མཇུག་བྱང་ཐོག་ལ་སོ་སོ་གསལ་པོ་གསུངས་བྱས། དེ་འདྲས་རེད།
- རྒན་ནོར་བྲང་ཨོ་རྒྱན།སྐབས་དེ་དུས་ཡིན་ན་ལྔ་པ་ཆེན་པོས་ད་མཇུག་བྱང་དེའི་ཐོག་ནས་ཡིན་ན་གང་ག་གཅིག་གི་སྙན་ངག་རྒྱན་དང་བཅས་ནས་ཨེ་རྒྱལ་རབས་སྤྱིའི་རྩོམ་ཡས་དགོས་པ་དང་རྒྱུ་མཚན།
- རྒན་ནོར་བྲང་ཨོ་རྒྱན།སྐབས་དེ་དུས་དགོས་པ་སུ་ཡིན་པ་ལ་སོགས་པ་དེ་གྱད༼རྣམས༽་དེ་ཚང་མ་གསུངས་བྱས་དེ་འདྲས་རེད།
- རྒན་ནོར་བྲང་ཨོ་རྒྱན།ཐོག་མར་ཆ་བཞག་ན་ད་འདི་གཅིག་ཨེ་དེབ་ཐེར་འདིའི་མགོ་ལ་དེ་འདྲས་གསུངས་འདུག་ག
- རྒན་ནོར་བྲང་ཨོ་རྒྱན།སྨྲས་པ་ཟེར།དབྱངས་གསལ་སྡེབས་ཀྱིས་སྲ་བར་བཅིངས་པའི་ལྕགས་རིའི་ཁོར་ཡུག་རང་བྱུང་དབུས་ན་མངོན་མཐོ་གླེགས་བུའི་རིན་ཆེན་རྡུལ་མང་བརྩེགས་པའི་བ་གམ་ན༎ འགལ་བའི་ཁུར་མང་གྱ་གྱུའི་ཚུལ་སྤངས་ལེགས་བཤད་ཁམས་ཀྱི་དྭངས་མ་ཀུན་བསྡུས་ཚར་དུ་དངར་བའི་དེབ་ཐེར་རི་དྭགས་མིག་ཅན་མ༎ ཉམས་འགྱུར་འཇོ་སྒེག་གར་གྱི་རྣམ་རོལ་བཅད་ལྷུག་སྤེལ་མའི་དབྱངས་བདུན་ལྷུར་ལེན་ཚིག་དོན་མ་འདྲེས་ཟུར་མིག་དབང་གཞུ་ལྟར་འཁྱུག་ཅིང་༎ ཟེར། མངོན་བརྗོད་ཨུ་དུམ་ཝཱ་རའི་འཕྲེང་མཛེས་གཏམ་རྒྱུད་མགོ་སྐྱེས་གཡོན་འཕྱང་མ་འདི་བློ་ལྡན་བརྒྱ་བྱིན་དག་ལས་གཞན་གྱི་སྤྱོད་ཡུལ་མིན༎ གསུངས་ཡས་འདི།
- རྒན་ནོར་བྲང་ཨོ་རྒྱན།འདི་ད་གཅིག་གི་གང་ཟེར་དགོས་རེད། གཅིག་གི་དེབ་ཐེར་འདི་ཡིན་ན་རྦད་རྩོམ་པ་གནང་ཡས་ཀྱི་དཔེར་ན་ཁྱོན་ཡོངས་ཀྱི་དགོངས་པར་གསུངས་དེ་འདྲས་རེད། དགོངས་པ་གསུངས་ཡས་དེ། དེ་ལ་ཆ་བཞག་ན།
- རྒན་ནོར་བྲང་ཨོ་རྒྱན།ད་ཐུན་མོང་གྱི་དཔེར་ན། འདིའི་བཀའ་རྩོམ་འདིའི་ཕར་གསལ་པོ་བཀྲལ་བ་ཡིན་ན་དེ་འདྲས་རེད། ཨེ་ཐུན་མོང་དང་ཐུན་མོང་མ་ཡིན་པ་དེ། ཐུན་མོང་མ་ཡིན་པ་དེ་གངས་ཅན་ལྗོངས་ཀྱི་ཡི་གེ འོང་ཡི་གེ་ཨི་སོགས་དབྱངས་བཞི་དང་།
- རྒན་ནོར་བྲང་ཨོ་རྒྱན།ཀ་སོགས་གསལ་བྱེད་སུམ་ཅུ་ཁོ་ན་ནི་ངེས་པ་གང་ལ་ཟེར། ད་གང་བོད་ཀྱི་དཔེར་ན་ཡི་གེ་དེ་ལ་ཡིན་ན་ཡི་གེ་གཞན་དག་དང་མི་འདྲ་དབྱངས་དང་གསལ་བྱེད་ཟེར་བྱས་ནས་སྡེབ་སྦྱོར་གྱི་ཡི་གེ་གཅིག་ཡིན་དུས་ཙམ་པ།
- རྒན་ནོར་བྲང་ཨོ་རྒྱན།དེ་ཚོ་ཡིན་ན། འོང་་། གང་ལ་གང་ལ་སྡེབ་སྦྱོར་དཔེར་ན། སྡེབ་སྦྱོར་བྱས་པ་དེ་རྡོ་རྗེའི་འཇིམ་པ་ལས་སྦྱར་བའི་ཕ་གུའི་བརྩིགས་པ་ཇི་བཞིན་དེ་ཉིད་ཀྱིས་སྲ་བར་བཅིངས་པའམ། ཟེར་ན།
- རྒན་ནོར་བྲང་ཨོ་རྒྱན།དེ་དཔེར་ན་རྡོ་རྗེའི་འཇིམ་པ་ལ་ཆ་བཞག་ད་བོད་ཀྱི་དབྱངས་གསལ་དེ་གྱད་དེ་རྡོ་རྗེའི་འཇིམ་པ་ལ་ཆ་བཞག ཇི་བཞིན་དེ་ཉིད་ཀྱི་སྲ་བར་བཅིངས་པའམ་ཟེར། འགྱུར་བ་མེད་པ་ལྕགས་རིའི་ཁོར་ཡུག་དབུས་ནས་དེ་ནི་མངོན་པར་མཐོ་བ་ལོ་རྒྱུས་གླེགས་བུའི་རིན་ཆེན་རྡུལ་མང་བརྩེགས་པའི་བ་གམ་ན། ཟེར།
- རྒན་ནོར་བྲང་ཨོ་རྒྱན།ད་ལོ་རྒྱུས་ཀྱི་དཔེར་ན་དེ་འདྲས་ཀྱི་དཔེར་ན་བོད་ཡིག་ནང་ལ་གསལ་བའི་དེ་ནི་རྦད་དེ་བོད་ཀྱི་དེབ་ཐེར་ནི་ཤིན་ཏུ་མང་པོ་ཡོད་པ་དེ་འདྲས་ཀྱི་ཐོག་ནས་ལོ་རྒྱུས་ཀྱི་རྡུལ་མང་བརྩེགས་པ། ལྕགས་རིའི་ཁོར་ཡུག་དབུས་ན་མངོན་པར་མཐོ་བ་དེ་ནི་ཨེ་དེ་ནི་དེབ་ཐེར་མངོན་པར་མཐོ་བའི་ནང་ན་ཟེར།
- རྒན་ནོར་བྲང་ཨོ་རྒྱན།ཨེ་ཚིག་དོན་སྔ་ཕྱི་འགལ་བ་དང་། ཡོད་མེད་འགལ་བ་དང་། ལུང་དང་རིགས་པ་འགལ་བ་སོགས་འགལ་བ་ཁྱད་པར་ཁུར་མང་བ་ན། ཡང་ན་རང་ལུགས་ཨ་འཐས་ཀྱི་སྨྲ་བ་ལྟ་བུའི་གྱ་གྱུའི་ཚུལ་མཐའ་དག་རིང་དུ་སྤངས་ཤིང་དེ་ནི་ད་རྦད་དེ། བསྟན་བཅོས་རྩོམ་པ་ལ་ནི་འགའ་ཤས་ཡིན་ན།
- རྒན་ནོར་བྲང་ཨོ་རྒྱན།གཅིག་ཚིག་དོན་སྔ་ཕྱི་འགལ་བ་དང་འགའ་ཤས་ཡིན་ན་ཡོད་མེད་འགལ་བ་ལ་སོགས་པ་དེ་འདྲས་ཡོའོ་རེད། སྐབས་དེ་དུས་ཆ་བཞག་ན་ཚོག་དོན་ཡིན་ན་སྔ་ཕྱི་འགལ་བ་དང་། འགལ་བ་མེད་པ་དང་། ད་ག་ནང་བཞིན་ཡོད་མེད་འགལ་བ་མེད་པ་དང་། ལུང་དང་རིགས་པའི་འགལ་བ་ལ་སོགས་པ་དེ་འདྲས་མེད་པའི་ཁུར་མང་བའམ། ཡང་ན་རང་ལུགས་དེ་འདྲས་ཀྱི་དཔེར་ན་དེ་འདྲས་ཀྱི་གཞན་དག་འགལ་བ་མང་པོ་ཡོད་པ་དང་།
- རྒན་ནོར་བྲང་ཨོ་རྒྱན།ཡང་དཔེར་ན་སོ་སོའི་ལུགས་དེ་ཨ་འཐས་ཀྱི་སྨྲ་བ་ལྟ་བུའི་གྱ་གྱུའི་ཚུལ་དེ་དག་རིང་དུ་སྤངས་ནས་ད་དེ་འདྲས་ཀྱི་འགལ་བ་མང་པོ་ལ་སོགས་པ།
- རྒན་ནོར་བྲང་ཨོ་རྒྱན།ད་ག་ནང་ལྟར་ཡང་གཅིག་མིན་ན་སོ་སོའི་འདོད་པ་ཁོ་ར་གཞིར་བཞག་གི་ཐོག་ནས། དེ་འདྲས་རིང་དུ་སྤངས་ནས་དེ་ནི་འང་། དེ་ནི་སྐྱེ་བོ་ཀུན་གྱི་ཚད་མར་འཛིན་འོས་པ། དེ་ནི་སྐྱེ་བོ་ཐམས་ཅད་ཀྱི་ཚད་མར་འཛིན་འོས་པ། ལེགས་བཤད་ཁམས་ཀྱི་དྭངས་མ་དེ་ནི་ལེགས་བཤད་ཁམས་ཀྱི་ཉིང་ཁུ་གཅིག་ཏུ་བསྡུས་པ། བྱས་ཙང་ཉིང་ཁུ་གཅིག་ཏུ་བསྡུས་པ།
- རྒན་ནོར་བྲང་ཨོ་རྒྱན།གཅིག་ཏུ་བསྡུས་པ་ནི་ལོ་རྒྱུས་ཀྱི་བྱུང་བ་ཚར་དུ་དངར་བའི་དེབ་ཐེར་རི་དྭགས་མིག་ཅན་མ་མཚར་སྡུག་པ་རྫོགས་པ་ཟེར་ན། དེ་ནི་ལོ་རྒྱུས་ཀྱི་བྱུང་བ་དེ་གྱད་ནི་ཚར་དུ་དངར་བ་རེད་པ།
- རྒན་ནོར་བྲང་ཨོ་རྒྱན།ལུག་གུ་བརྒྱུད་དུ་བསགས་པའི་དེ་ནི་དེ་འདྲས་ཀྱི་རི་དགས་་དེབ་ཐེར་དེ་རི་དྭགས་སམ་མཛེས་མ་ལ་ཆ་བཞག་རེད་པ། རི་དྭགས་མིག་ཅན་མ་ མཚར་སྡུག་རྫོགས་པ་ཟེར།
- རྒན་ནོར་བྲང་ཨོ་རྒྱན།ཉམས་དང་འགྱུར་བའི་འཇོ་སྒེག་ད་ག་ནང་ལྟར་དཔེར་ན་གཅིག་གི་དེ་རྩོམ་པའི་ཁ་ཐུག་ལ་ཆ་བཞག་ན། ཉམས་དང་འགྱུར་བ་ལ་སོགས་པ་དེ་ཚོའི་ཐོག་ནས་ཡིན་ན།
- རྒན་ནོར་བྲང་ཨོ་རྒྱན།ཉམས་དང་འགྱུར་བའི་གར་གྱི་རྣམ་པར་རོལ་བ་བཅད་ལྷུག་སྤེལ་མའི་ཚིགས་བཅད་དང་ལྷུག་མ་དང་ད་ག་ནང་ལྟར་བཅད་ལྷུག་གཉིས་སྤེལ་མའི་དབྱངས་བདུན་ལྷུར་ལེན་པ་ལ་མཁས་ཤིང་།དབྱངས་བདུན་ལྷུར་ལེན་པ་ལ་མཁས་ཤིང་། རྗོད་བྱེད་ཀྱི་ཚིག་གིས་མཚོན་པ་ཚིག་གི་མཚོན་པའི་ཕུན་སུམ་ཚོགས་པའི་བརྗོད་བྱའི་དོན་གང་ལྟར་རྗོད་བྱེད་ཚིག་གི་ཕུན་སུམ་ཚོགས་པ་ལ་བརྟེན་ནས།
- རྒན་ནོར་བྲང་ཨོ་རྒྱན།དེ་ནི་བརྗོད་བྱའི་དོན་ཡིན་ན། གང་དང་གང་ཡིན་པ་དེ་མ་འདྲེས་པའི་ཟུར་མིག་གི་དེ་ནི་ད་མ་འདྲེས་པའི་གཟུགས་མེད་མཛེས་མ་ལ་ཆ་བཞག་་ན།
- རྒན་ནོར་བྲང་ཨོ་རྒྱན།ཟུར་མིག་དེ་་སྐྱེ་བོ་ཐམས་ཅད་ཀྱི་ཡིད་དབང་འཕྲོག་པ་ལྟ་བུ་དེ་འདྲས་རེད་དའི་ད་ག་ནང་ལྟར་དཔེར་ན་དེབ་འདི་ལ་ཆ་བཞག་ན་དེ་འདྲས་ཀྱི་་དཔེར་ན། འོང་བརྗོད་བྱའི་རྗོད་བྱེད་ཀྱི་ཚིག་མཁས་པ་ལ་ད་ག་ནང་ལྟར་བརྗོད་བྱའི་དོན་ཕུན་སུམ་ཚོགས་པ་དེ་ནི་དེ་ཟུར་མིག་གི་དེ་ནི།
- རྒན་ནོར་བྲང་ཨོ་རྒྱན།དབང་པོའི་གཞུ་དང་འདྲ་བ་དེ་ཡང་དབང་པོའི་གཞུ་ལྟར་མངོན་པར་འཁྱུག་ཅིང་། ད་དེ་ཡང་དེ་ནི་རྗོད་བྱེད་ཀྱི་ཚིག་དེ་མ་འདྲེས་པ་དེ་ཟུར་མིག་དེ་ཡང་། དེ་ཡང་དབང་པོའི་གཞུའི་གཟུགས་སུ་བཀོད།རེད་པ།
- རྒན་ནོར་བྲང་ཨོ་རྒྱན།དབང་པོའི་གཞུ་ལྟར་རྣམ་པར་བཀྲ་ཤིང་ཟེར། མངོན་བརྗོད་ཨུ་དུམ་ཝཱ་རའི་མེ་ཏོག་གི་འཕྲེང་བ་གང་ལ་གང་འོས་མགུལ་བའི་རྒྱན་དུ་མཛེས་པར་སྤུད་པའི་གཏམ་རྒྱུད་དམ། ཟེར།
- རྒན་ནོར་བྲང་ཨོ་རྒྱན།མངོན་བརྗོད་ད་ག་ནང་ལྟར་དེ་ནི་དེབ་ཐེར་ནིའི༼འདིའི༽་ནང་ལ་མངོན་བརྗོད་དེ་ནི་ཨུ་དུམ་ཝཱ་ར་ཟེར་ན་མེ་ཏོག་ཨུ་དུམ་ཝཱ་ར་ཟེར་ན། མེ་ཏོག་གི་ནང་ནས་རྒྱལ་པོ་ཟེར་ཨུ་དུམ་ཝཱ་ར་ཟེར་ཡས་དེ་འདྲས་ཀྱི་འཕྲེང་བ། དེ་འདྲས་དཔེར་ན་གང་ལ་གང་འོས། དེ་ནི་འཕྲེང་བ་ནང་ལྟར་དེ་ནི་སྤུད་པའི་གཏམ་རྒྱུད་དམ།
- རྒན་ནོར་བྲང་ཨོ་རྒྱན།ལོ་རྒྱུས་ཀྱི་བྱུང་བ་མགོ་སྐྱེས་སྐྲའི་ལན་བུར་སྟེ་མཛེས་མའིདེ་ནི་་སྐེ་ལ་དེ་ནི་ཨུ་དུམ་ཝཱ་རའི་མེ་ཏོག་བསྐོན་པ་ནང་ལྟར་དང་ད་དེ་ཚོ་ཡིན་ན་མངོན་བརྗོད་ཀྱི་ཐོག་ནས་བརྒྱན་པ་དང་།
- རྒན་ནོར་བྲང་ཨོ་རྒྱན།ལོ་རྒྱུས་ཀྱི་བྱུང་བ་མགོ་སྐྱེས་སྐྲའི་ལན་བུ་གཡོན་ལ་འཕྱང་བའི་མཛེས་པ་རབ་ཏུ་གསལ་བའི་ལེགས་བརྗོད་མ་འདི་ནི། དེ་ནི་ལོ་རྒྱུས་ཀྱི་དེ་ནི་བྱུང་བ། ལོ་རྒྱུས་ཀྱི་བྱུང་བ་མགོ་སྐྱེས་སྐྲའི་ལན་བུ་གཡོན་ལ་འཕྱང་བའི་དེ་ནི་མཛེས་མ་དེ་ནི། དེ་ནི་མཛེས་མ་ཟེར་མཁན་དེ་ནི་སྐྲའི་ལན་བུ་ཡིན་ན་གཡོན་ལ་འཕྱང་བ་དེ་ནི་མཛེས་མའི་རྣམ་འགྱུར་ཅན་དེ་འདྲས་རེད།
- རྒན་ནོར་བྲང་ཨོ་རྒྱན།ཨེ་འཕྱང་བའི་དེ་ནི་མཛེས་པ་རབ་ཏུ་གསལ་བའི་ལེགས་བརྗོད་མ་དེ་ནི་ལེགས་བརྗོད་མ་ཟེར་ན། ལྷའི་བུ་མོ་ལེགས་བརྗོད་མ་དེ།འོང་ལེགས་བརྗོད་མ་དེ་ལྟ་བུ་ནི། བློ་གྲོས་ཤེས་བྱའི་ནོར་གྱིས་ཕྱུག་པའམ་དཔལ་ལྡན་མཁས་པའི་དབང་པོ་བརྒྱ་བྱིན་དག་གི་སྤྱོད་པར་འོས་པའི་ཡུལ་ཁོ་ན་ལས། ཟེར།
- རྒན་ནོར་བྲང་ཨོ་རྒྱན།ལེགས་བརྗོད་མ་ཟེར་ན་དེ་ནི་བརྒྱ་བྱིན་གྱི་བཙུན་མོ་ཡིན་དུས་ཙམ་པ་ལེགས་བརྗོད་མ་ཟེར་ཡས་འདི་བརྒྱ་བྱིན་ཁོ་ན་ལས་གཞན་དུ་དེ་ནི་སྤྱོད་ཡས་ཀྱི་ཡུལ་དེ་འདྲས་གའི་མ་རེད། ཟེར།
- རྒན་ནོར་བྲང་ཨོ་རྒྱན།བྱས་ཙང་དེ་འདྲས་ཡིན་དུས་ཙམ་པ་དེ་ནི་འདིའི་དེ་ནི་གླེགས་བམ་དེ་ཡིན་ན། ལེགས་བརྗོད་པ་ནི་དེ་ནི་བློ་གྲོས་ཀྱི་དེ་ནི་ཤེས་བྱའི་ནོར་གྱིས་དབེན་པའི་བླུན་པོ་ལྟ་བུ་དེ་འདྲས་མ་ཡིན་པ།
- རྒན་ནོར་བྲང་ཨོ་རྒྱན།བློ་གྲོས་ཤེས་བྱའི་ནོར་གྱིས་མཁས་པ་རྣམས་ཀྱིས་དེ་ནི་དེ་ནས་ཨེ་མཁས་པའི་དབང་པོ་བརྒྱ་བྱིན་དག་གི་མཁས་པའི་དབང་པོ་དེ་གྱད་དེ་ཡིན་ན་བརྒྱ་བྱིན་ལ་ཆ་བཞག་ན། དེས་སྤྱོད་པར་བྱ་བའི་ཡུལ་ཁོ་ན་ལས་གཞན་གྱི་ཚུལ་ཏེ་གཞན་བླང་དོར་ལ་མི་མཁས་པ་བླུན་པོའི་བརྟུལ་ཞུགས་འཛིན་པའི་སྤྱོད་ཡུལ་དུ་གྱུར་པ་ནི།
- རྒན་ནོར་བྲང་ཨོ་རྒྱན།ཨེ། གཞར་ཡང་མིན་ནོ་ཟེར་བྱས་དེ་འདྲས་ཀྱི་ད་དེ་རྦད་མཁས་པ་རྣམས་ཀྱིས་སྤྱོད་ཡུལ་ལས་དེ་ཡང་ད་ག་ནང་ལྟར་དཔེར་ན་བློ་གྲོས་ཀྱི་མིག་དང་མི་ལྡན་པའི་མཁས་པ་མིན་པ་རྣམས་ཀྱི་སྤྱོད་ཡུལ་རྩ་བ་ནས་མ་ཡིན་ནོ་ཟེར།
- རྒན་ནོར་བྲང་ཨོ་རྒྱན།ཞེས། གཟུགས་ཅན་་འཕར་མར་བཅས་པ་ད་སྙན་ངག་གི་རྒྱན་ལ་གཟུགས་ཅན་དང་གཟུགས་ཅན་ལ་སོགས་པ་གཟུགས་ཅན་འཕར་མར་བཅས་པ་གཟུགས་རྒྱན་གྱི་སྒོ་ནས་དེབ་ཐེར་འདིའི་གལ་ཆེ་བའི་རང་བཞིན་དང་། ཕུན་སུམ་ཚོགས་པའི་རང་བཞིན། ཁུངས་བཙུན་པའི་རང་བཞིན་བཅས་ལ་སོགས་པ་དེ་གནང་ང་ཡིན་ཟེར།
- རྒན་ནོར་བྲང་ཨོ་རྒྱན།དེའི་ཚིགས་བཅད་དེའི་ཐོག་ནས་དེ་ནི་ག་རེ་བསྟན་གྱི་ཡོད་ཟེར་ན། དེ་ནི་དེབ་ཐེར་རྩོམ་ཡས་དེ་ནི་དགོས་པ་ཡིན་ན་ཤིན་ཏུ་གལ་ཆེན་པོ་ཡིན་པ་དང་།
- རྒན་ནོར་བྲང་ཨོ་རྒྱན།ད་ག་ནང་ལྟར་དེ་ནི་ནང་དོན་ཡིན་ན་ཕུན་སུམ་ཚོགས་པོའི་རང་བཞིན་དང་། ད་ག་ནང་ལྟར་ནང་དོན་དེ་དེ་གྱད་དེ་རྦད་དེ་གཅིག་གི་ད་ཚིག་སྦྱོར་སྔ་ཕྱི་འགལ་བ་ལ་སོགས་པ། དེ་འདྲས་འགལ་བ་མེད་པ་ལ་སོགས་པ་དེ་འདྲས་དེ་ནི་ཤིན་ཏུ་ཁུངས་བཙུན་པའི་རང་བཞིན་དེ་གྱད་དེ་དཔེར་ན།
- རྒན་ནོར་བྲང་ཨོ་རྒྱན།བཙུན་པའི་རང་བཞིན་དེ་རྦད་དེ་གསུངས་བྱས་དེ་ནི་དེ་ཡིན་ན་དཔེར་ན། དེབ་ཐེར་གཞན་དང་མི་འདྲ་བ་དེ་ནི་ཁྱད་པར་དུ་འཕགས་པའི་ཚུལ་བསྟན་པ་དེ་འདྲས་གཅིག་ཡིན་ཟེར།
- རྒན་ནོར་བྲང་ཨོ་རྒྱན།འོང་། ཚུལ་བསྟན་པ་ཡིན། ད་འདི་དེབ་ཐེར་སྤྱིའི་ང་རང་ཚོ་དེ་ནི་གང་ཟེར་དགོས་རེད་པས། སྤྱི་དོན་ཟེར་ན་སྤྱི་དོན་ཁོ་དེ་འདྲས་གཅིག་གསལ་པོ་བསྟན་པ། དེ་འདྲས་གཅིག་རེད་ཟེར།
- རྒན་ནོར་བྲང་ཨོ་རྒྱན།ད་ཚིགས་བཅད་གཉིས་པ་དེ་ལ། ཀ་རཎྜ་ལྟར་ཡ་རབས་མཆོག་གི་སྤྱོད་ཡུལ་སྣོད་དུ་ཅ་ཅོའི་ངག་སྤངས་ཁུངས་ལྡན་ལོ་རྒྱུས་དབུས་འགྱུར་ཏ་ལའི་གླེགས་བམ་ཇི་བཞིན་རབ་གསལ་བ་རི་ཛཱ་ཡི་ཀ་པུ་སྟི༎ ཁ་དོག་ཚིག་དོན་མ་འདྲེས་ལང་ཚོ་རྣམ་པར་བཀྲ་བའི་ཆ་ཤས་ཡོངས་རྫོགས་སྙན་ཚིག་བསིལ་ཟེར་མདངས་ཀྱིས་ཐ་གྲུ་ཀུན་ཁྱབ་སྒྲ་འཛིན་བདུད་རྩིས་ཕ་རོལ་ཤེས་ལྡན་དགའ་སྟོན་ཆེ༎ ག་ཛ་ལྟ་བུའི་དྲེགས་པའི་བླུན་པོ་ལེགས་བཤད་སྐྱེས་ལས་ཇ་ཆང་བཏུང་བ་འབའ་ཞིག་དོན་ཏུ་གཉེར་ཕྱིར་ད་ལྟའི་དུས་ཀྱི་སྣང་ཚུལ་འདི་ལ་བ་གླང་སྤྱོད་ལས་གཞན་མི་བྲིན༎ ཟེར། འོང་། ང་ཞེས་སྟོབས་ནོར་སྙེམས་པས་འགྱིང་ཡང་ཤེས་ལྡན་རིག་པའི་ཉ་གར་གཞལ་ཚེ་ལྕི་དང་ཡང་བའི་མཐའ་བྲལ་ན་རའི་དབུས་ན་གཡུང་པོར་མཐོང་བས་མ་དམད་འགྲོ་བ་ཤིན་ཏུ་དཀོན༎
- རྒན་ནོར་བྲང་ཨོ་རྒྱན།ཟེར་ན། ད་དེ་ཡང་དེབ་ཐེར་གྱི་ནང་ནས་ཚུར་གཅིག་གསུངས་བ་རེད་པ། དེར་བརྟེན་རྩོམ་པ་གནང་ཡས་ཡིན་ན་ཨ་ནི་སྙན་ངག་དེའི་ཐོག་ནས་ཀ་བཤད་ཐོག་ནས་རྩོམས་པ་གནང་བྱས་དེ་འདྲས་རེད་ཟེར།
- རྒན་ནོར་བྲང་ཨོ་རྒྱན།དེ་ནི་དེ་ཡང་གང་འདྲས་རེད་ཟེར་ན། འོང་། དེ་ནི་གྱ་གྱུའི་ཚུལ་གྱི་ནག་ནོག་དང་བྲལ་བའི་དེ་ནི་བློ་གྲོས་ཀ་རཎྜ་ཟེར་ཡས་དེ་ཤེལ་གྱི་ཤེལ་ལྟར་དཀར་བའི་འོང་སྐྱེ་བོ་ཡ་རབས་རྣམས་ཀྱི་ངང་ཚུལ་ཅན་མཆོག་གི་སྤྱོད་ཡུལ་གྱི་སྣོད་དུ་གྱུར་པ་དང་། སྣོད་དུ་གྱུར་པ་ཟེར།
- རྒན་ནོར་བྲང་ཨོ་རྒྱན།བྱུང་རྒྱལ་དུ་སྨྲ་བ། བྱུང་རྒྱལ་དུ་སྨྲ་བ་དེ་ནི་གང་བྱུང་མ་བྱུང་གི་བཤད་མཁན་གྱི་དེ་འདྲས་ཀྱི་རྦད་དེ་ད། ཨེ་གང་བྱུང་མ་བྱུང་བཤད་མཁན་དོན་ལ་མི་རེག་པའི་དེ་འདྲས་དཔེར་ན་ཅོ་ཅོའི་ངག་དང་ཐམས་ཅད་སྤངས་ཤིང་། ཁུངས་དང་ལྡན་པའི་ལོ་རྒྱུས་ཨེ། ཁུངས་དང་ལྡན་པའི་ལོ་རྒྱུས་དེ་དབུས་འགྱུར་འཕགས་པའི་ཡུལ་གྱི་ཤིང་ཟེར།
- རྒན་ནོར་བྲང་ཨོ་རྒྱན།ཏཱ་ལའི་ལོ་མར་བྲིས་པའི་གླེགས་བམ་ཇི་བཞིན་རབ་ཏུ་གསལ་བ་དེ་ནི་ཁུངས་དང་ལྡན་པའི་ལོ་རྒྱུས་དེ་གྱད་དེ་ཡིན་ན། དེ་ནི་རྒྱ་གར་ནས་ཐོན་པའི་དབུས་འགྱུར་འཕགས་པའི་ཏཱ་ལའི་ལོ་མ་ཤིང་ཏཱ་ལའི་ལོ་མར་བྲིས་པ་ཟེར་ཡས་དེ་རྒྱ་གར་གྱི། སྔན་ཆད་ཡིན་ན་རྒྱ་གར་ནང་ལ་ཡིན་ན་ཤིང་ཏཱ་ལའི་ལོ་མར་བྲིས་པའི་ཐོག་ནས་གླེགས་བམ་རྙིང་པ་དེ་འདྲས་ཡོའོ་རེད་པ།
- རྒན་ནོར་བྲང་ཨོ་རྒྱན།དེ་ཚོ་ནང་ལྟར་གྱི་ཐོག་ནས་གླེགས་བམ་ཇི་བཞིན་རབ་ཏུ་གསལ་བ་ཟེར། བ་རི་ཛཱ་ཡི་པུསྟི་ཀ། བ་རི་ཛཱ་ཡི་ཟེར་ཡས་དེ་ད་པུསྟི་འདི་ད་ནང་ལྟར་བརྗོད་བྱ་བཟང་པོའི་ཁོ་དོག་མངོན་པར་གསལ་ལ་ཟེར།
- རྒན་ནོར་བྲང་ཨོ་རྒྱན།མངོན་པར་གསལ་ལ་རྗོད་བྱེད་ཚིག་གི་ལམ་ནས་བརྗོད་བྱའི་དོན་་ཇི་ལྟ་བ་མ་འདྲེས་པའི་གཟུགས་ཀྱིས་ཟེར། དེ་ནི་རྗོད་བྱེད་ཚིག་གི་སྒོ་ནས་དེ་ནི་བརྗོད་བྱའི་དོན་ཨེ། དོན་ཇི་ལྟ་བ་མ་འདྲེས་པའི་གཟུགས་ཀྱི་ལང་ཚོ་རྣམ་པར་བཀྲ་བའི་བཅུ་དྲུག་གི་ཨེ། ལང་ཚོ་རྣམ་པར་བཀྲ་བའི་བཅུ་དྲུག་གི་ཆ་ཤས་ཡོངས་སུ་རྫོགས་པའི་སྙན་ཚིག་ཟླ་བའི་བསིལ་ཟེར་མདངས་ཀྱིས་ཐ་གྲུ་ཀུན་ལ་རིས་མེད་པར་ཁྱབ་ཅིང་།
- རྒན་ནོར་བྲང་ཨོ་རྒྱན།ད་ཡང་ལང་ཚོ་ཡིན་ན་ཤིན་ཏུ་གསལ་བ་ཡིན་པ་རེད་པ། ལང་ཚོ་ཡིན་ན་རྣམ་པར་རྒྱས་པ་ཡིན་པས་དེ་ནི་ཟླ་བ་ལ་ཆ་བཞག་ན་དེ་ནི་བཅུ་དྲུག་ཟེར་དུས་ཙམ་པ་ཟླ་བ་ནི་ཆ་ཤས་ཡོངས་སུ་གང་བ་དེ་འདྲས་གཅིག་རེད།
- རྒན་ནོར་བྲང་ཨོ་རྒྱན།ཡིན་དུས་ཙམ་པ་དེའི་ཁ་ཐུག་ལ་སྐྱོན་ཐམས་ཅད་མེད་པ་རེད་པ། ཆད་པ་ལ་སོགས་པ་དེ་འདྲས་སྐྱོན་ཐམས་ཅད་མེད་པ་དེ་ནི་ཡོངས་སུ་རྫོགས་པ་དེ་ནི་སྙན་ཚིག་ཟླ་བའི་བསིལ་ཟེར་དེ། མདངས་ཀྱིས་ཟེར་ན་སྙན་ཚིག་ཟླ་བའི་སྙན་ཚིག་གི་ཟླ་བའི་བསིལ་ཟེར་དེ་ནི་དཀར་པོ་དེ་ཡིན་ན།
- རྒན་ནོར་བྲང་ཨོ་རྒྱན།ཐ་གྲུ་ཀུན་ལ་རིས་མེད་པར་ཁྱབ་ཅིང་། ཐ་གྲུ་ཀུན་ལ་ཐ་དང་གྲུ་་མེད་པ་དེ་ནི་ག་ས་ག་ལ་དཔེར་ན་རི་ཀླུང་ག་ས་ག་ལ་ཁྱབ་ནས། ་དེ་ནི་མེད་པ་ལ་རེད་པ། གཅིག་འགའ་ཞིག་ས་ལ་ཁྱབ་ཀྱི་ཡོད་པ་ལ་སོགས་བ་ འགའ་ཞིག་ལ་ཁྱབ་ཀྱི་མེད་པ་ལ་སོགས་པ། དེ་འདྲས་ཀྱིས་མེད་པ་བྱས། ཐ་གྲུ་ཀུན་ལ་ལེགས་པར་ཁྱབ་ཅིང་ཟེར།
- རྒན་ནོར་བྲང་ཨོ་རྒྱན།ཐ་གྲུ་རིས་མེད་པ་ལ་ཁྱབ་ཅིང་ཟེར། སྒྲ་ཀུན་འཛིན་པ་རྣ་བའི་བདུད་རྩི་མཆོག་དེས་ཕ་རོལ་ལམ་གནས་ལུགས་མཐའ་དག་ཤེས་ལྡན་མཁས་པ་རྣམས་ཀྱི་དགའ་སྟོན་ཆེན་པོར་འགྱུར་བ་ཟེར་དེ་ནི།
- རྒན་ནོར་བྲང་ཨོ་རྒྱན།དེ་ནི་སྒྲ་ཀུན་འཛིན་པ་ཟེར་ན་ད་ཨེ་ཨམ་ཅོག་ཡོད་མཁན་ཨམ་ཅོག་ཡོད་མཁན་ཐམས་ཅད་རེད་པ། རྣ་བའི་བདུད་རྩི་ལྟ་བུ་ལ་གྱུར་པ་རྣ་བའི་བདུད་རྩི་ལྟ་བུ་མཆོག་དེ་ཕ་རོལ་ལམ་གནས་ལུགས་མཐའ་དག ཕ་རོལ་ཏུ་ཕྱིན་པའམ་གནས་ལུགས་མཐའ་དག་ཤེས་ལྡན་གྱི་མཁས་པ་རྣམས་ཀྱི་དགའ་སྟོན་ཆེན་པོར་འགྱུར་པ་དེ་ནི་ཤེས་ལྡན་རྣམས་ཀྱི་མཁས་པ་རྣམས་ཀྱི་དགའ་སྟོན་ཆེན་པོར་འགྱུར་པ་དེ་འདྲས་ཡིན་ཟེར།
- རྒན་ནོར་བྲང་ཨོ་རྒྱན།ག་ཛ་ལྟ་བུ་གླང་པོ་ཤེས་བྱའི་གནས་ལ་རྨོངས་ཀྱང་ཟེར་ད། ག་ཛ་ཟེར་མཁན་དེ་ད་གླང་པོ་རེད་པ། ག་ཛ་ཟེར་མཁན་དེ། གླང་པོ་ཟེར་མཁན་དེ་ཤེས་བྱའི་གནས་ལ་རྨོངས་ཀྱང་། འཇིག་རྟེན་གྱི་སྟོབས་དང་འབྱོར་པས་ང་ཆེ་ངའོ་སྙམ་པའི་ཁེངས་དྲེགས་ཀྱིས། ར་རོ་བར་གྱུར་བའི་བླུན་པོ་ལ། འཇིག་རྟེན་གྱི་སྟོབས་དང་ཨེ་འབྱོར་པས་ང་ཆེ་ངའོ་སྙམ་པའི། དྲེགས་པས་རློམས་པས་དེ་ནི་ར་རོ་བར་གྱུར་པའི་དེ་ནི་བླུན་པོ་ལ།
- རྒན་ནོར་བྲང་ཨོ་རྒྱན།ལེགས་པར་བཤད་པའི་སྐྱེས་བཟང་པོ་བསྟར་བ་ལས། ཨེ་་ལེགས་བཤད་ཀྱི་དེ་ནི་སྐྱེས་བཟང་པོས་བསྟར་བ་ལས། དེ་ནི་ཇ་དང་ཆང་གི་བཏུང་བ་འབའ་ཞིག་དོན་དུ་གཉེར་བ། འང་ཇ་དང་ཆང་གི་འབའ་ཞིག་སྟེ་དེ་ནི་རྦད་དེ་དོན་དུ་གཉེར་བ།
- རྒན་ནོར་བྲང་ཨོ་རྒྱན།དེ་ནི་ལེགས་བཤད་ཀྱི་གཏམ་ལས་དེ་ནི་ཇ་ཆང་དེ་ལ་རྦད་དེ་གལ་ཆེར་འཛིན་པ་ལ་སོགས་པ་དེ་ཚོ་ལ་ཆ་བཞག་ན་དེ་འདྲས་རེད་ཟེར།
- རྒན་ནོར་བྲང་ཨོ་རྒྱན།འཛིན་པ་དེའི་ཕྱིར་ད་ལྟ་སྙིགས་མ་སྙིགས་མ་ལྔ་བདོ། ་སྙིགས་མ་ལྔ་བདོ་བའི་དུས་ཀྱི་སྣང་ཚུལ་ལ་སྣང་ཚུལ་བསམ་བཞིན་སྐྱོ་དགོས་པ་འདི་འདྲ་བ་ལ། བ་གླང་གི་སྤྱོད་པ་འཛིན་པའི་བླུན་པོ་ཁོ་ན་ལས། དེ་འདྲ་བའི་སྙིགས་མ་ལྔ་བདོ་བའི་དེ་འདྲ་བའི་སྣང་ཚུལ་ལ་བ་གླང་སྤྱོད་པ་ཁོ་ན་ལས་། གཞན་བློ་དང་ལྡན་པའི་མཁས་པ་མི་བྲིན་པར། ངའོ་ང་ཆེ་སྙམ་པའི།
- རྒན་ནོར་བྲང་ཨོ་རྒྱན།གཞན་དེ་འདྲས་ཀྱི་རྦད་དེ་ད་སྙིགས་མ་ལྔ་བདོའི་གནས་ཚུལ་དེ་འདྲས་ཀྱི་ཐོག་ལ་ཆ་བཞག་ན། དེ་ནི་བ་གླང་ལྟ་བུའི་སྤྱོད་པ་རྦད་དེ་དེ་འདྲས་ཀྱི་གོང་ལ་ཞུས་པ་དེ་འདྲ་ལས། དེ་ནི་བློ་དང་ལྡན་པའི་མཁས་པ་ཡིན་ན། དེ་ནི་རྦད་དེ་ང་ཡིན། འོང་གང་ཟེར་དགོས་རེད་པས།
- རྒན་ནོར་བྲང་ཨོ་རྒྱན།འོང་། བློ་དང་ལྡན་པའི་མཁས་པ་དེ་ནི་མི་བྲིན་པ་མཁས་པ་ཐམས་ཅད་ལ་འགྲོ་རྒྱུགས་མེད་པ་ནང་ལྟར། མཁས་པ་ལ་འགྲོ་རྒྱུགས་མེད་པ་ནང་ལྟར། ང་ཆེ་ང་འོ་སྙམ་པའི་དེ་འདྲས་ཀྱི་གཞན་སྡེ་སྤ་བཀོང་ནུས་པ་ཙམ་གྱི་སྟོབས་དང་། ད་ག་ནང་ལྟར་ཟང་ཟིང་ནོར་དང་ལྡན་པ་སྐད་ཀྱིས་སྙེམས་པའམ། སྤོབས་པ་ཆེན་པོས་འགྱིངས་པ་དེ་དག མཆོག་ཏུ་རློམས་པ་དེ་ལྟ་ན་ཡང་།
- རྒན་ནོར་བྲང་ཨོ་རྒྱན།གཞན་དུ་ཡིན་ན་དེ་འདྲས་ཡིན་ནའི་ཡོའོ་རེད་ཟེར། ཡིན་ན་ཡང་ད་ལུགས་ཟུང་གི་བླང་དོར་གནས་ལ་མ་རྨོངས་པའི་ཤེས་ལྡན་རྣམ་དཔྱོད་རིག་པའི་ཉ་གར་གཞལ། ད་དེ་འདྲས་རེད་དའི་ཡིན་ནའི་ད་ལུགས་ཟུང་གི་བླང་དོར་གནས་ལ་དེ་ནི་མ་རྨོངས་པའི་ཤེས་བྱ། ཤེས་བྱའི་རྣམ་དཔྱོད་རིག་པའི་ཨ་ནི་ཉ་གར་གཞལ་ཚེ་དེ་འདྲས་ཀྱི་དཔེར་ན་ཡིན་ནའི་རྣམ་དཔྱོད་ཀྱི་རིག་པའི་ཉ་ག་སྲང་ལ་གཞལ་ན།
- རྒན་ནོར་བྲང་ཨོ་རྒྱན།དེ་ནི་རྦད་དེ་ག་གི་ཡང་དང་ག་གི་ལྕི། ག་གི་གལ་ཆེ་དང་ག་གི་སྡུག་ག་དེ་ཡིན་ནའི་གསལ་པོ་མཐོང་གི་རེད་ཟེར།
- རྒན་ནོར་བྲང་ཨོ་རྒྱན།ལྕི་ཡང་གི་ཚད་གཞལ་བའི་ཡུལ་ཡེ་ནས་མེད་པའམ་གཞལ་རིན་གང་ཡང་མེད་པ་ད་དེ་ཚོ་གང་ག ད་རྦད་དེ་བླུན་པོ་དེ་ཚོ་ལ་ཆ་བཞག་ན་ལུགས་ཟུང་གི་བླང་དོར་སྲང་ལ་གཞལ་ཡས་ཀྱི་འཇལ་རིན་ཁོ་འདྲ་ཤིན་ཏུ་མེད་པ། ཤིན་ཏུ་ནས་ཡང་པོ་ཡིན་པ་གཅིག་ནས་དེ་འདྲས་ཀྱི་ལྗིད་ཚད་ཁྱོན་ནས་མེད་པ། དེ་འདྲས་ཟེར་ད།
- རྒན་ནོར་བྲང་ཨོ་རྒྱན།རིན་ཐང་གང་ཡང་མེད་པ་དེས་ན། ན་ར་སྟེའི་མིའི་དབུས་ན་གཡུང་པོ་གདོལ་པའི་རིགས་ཁོ་ན་མཐོ་བས་དེ་ལ་མ་དམད་པ་སྟེ། འཕྱ་དམོད་མི་བྱེད་པའི་མིའི་འགྲོ་བོ་ནི་ཤིན་ཏུ་དཀོན་པར་མཐོང་ཞེས། ཟེར། ན་ར་ཟེར་ན་མི་རེད་པ། མིའི་དེ་ནི་འགྲོ་བ་དེ་ནི་དེ་འདྲས་ཀྱི་དཔེར་ན་གཡུང་པོའི་རིགས་ཁོ་ན་ལས་མཐོ་བས་དེ་ལ་དེ་ནི་འཕྱ་དམོད་མི་བྱེད་མཁན་དེ་ནི་མི་བྱེད་པའི་མིའི་འགྲོ་བ་ནི་ཤིན་ཏུ་དཀོན་པ་དེ་ནི་ཚང་མས་འཕྱ་དམོད་བྱེད་ཡས་ཀྱི་དེ་ནི་བླུན་པོ་ཟེར་མཁན་གཅིག དེ་ནི་འཕྱ་དམོད་བྱེད་ཡས་ཀྱི་ཡུལ་རེད་ཟེར།
- རྒན་ནོར་བྲང་ཨོ་རྒྱན།བྱས་ན་ད་དེ་བསྟན་བཅོས་རྩོམ་པ་ལ་ཆ་བཞག་ན། ཐོད་དེ་ལ་ཡང་དག་པའི་རང་བཞིན་ཡིན་ན་གསུངས་ཡོའོ་རེད་པ། ད་གཤམ་དེ་་ལ་ཆ་བཞག་ན། ད་ཡང་གཅིག་གི་བླུན་པོའི་རང་བཞིན་དེ་ཚོ་ཡིན་ན་གཅིག་ལེགས་པར་གསུངས་བྱས་དེ་འདྲས་རེད། ཟེར།
- རྒན་ནོར་བྲང་ཨོ་རྒྱན།བྱས་ཙང་དེ་ནི་འདིའི་ཐོག་ནས་ག་རེ་གསུང་ཀྱི་ཡོའོ་རེད་ཟེར་ན། ལྔ་པ་འདི་ལྔ་པ་ཆེན་པོས་རྦད་དེ་དེ་ནི་བཀའ་རྩོམ་གནང་ཡས་དེ་དཔེར་ན།
- རྒན་ནོར་བྲང་ཨོ་རྒྱན།བླུན་པོའི་རང་བཞིན་དེ་འདྲས་མ་རེད། མཁས་པའི་རང་བཞིན་ཤིན་ཏུ་ཡང་དག་པ་ཡིན་པ་ལ་སོགས་པ། དེ་ཚོ་ཡིན་ན་ལེགས་པར་བསྟན་པ་དེ་འདྲས་གཅིག་རེད་ཟེར།
- རྒན་ནོར་བྲང་ཨོ་རྒྱན།ད་ཤོ་ལོ་ཀ་འདིའི་ནང་ལ་ཡིན་ན་རྩོམ་ཚུལ་ནི་ཁྱད་ཆོས་ཐུན་མོང་མ་ཡིན་པ་གཅིག་ཡོད་པ་དེ་གང་འདྲས་ཟེར་ན། དེ་ནི་བོད་ཀྱི་རྩོམ་ཚུལ་ཐུན་མོང་མ་ཡིན་པ་དེ་ནི། ཀ་མིག་སུམ་ཅུར་སྦྱར་ནས་དེ་ནི་ཀ་བཤད་ཟེར་ཡས་དེའི་ཐོག་ནས་སྦྱར་ར༼བ༽་དེ་འདྲས་གཅིག་རེད་ཟེར།
- རྒན་ནོར་བྲང་ཨོ་རྒྱན།ཀ་བཤད་དེ་ལ་ཆ་བཞག་པ་ཡིན་ན། སྡེ་པ་དང་པོའི་སྡེ་པ་བཞིའི་དང་པོར་ཀ་ཅ་ཏ་པ་བཞི་དང་། གཉིས་པ་ལ་ཁ་ཆ་ཐ་ཕ་བཞི། གསུམ་པ་ལ་ག་ཇ་ད་བ་བཞི། བཞི་པ་ལ་ང་ཉ་ན་མ་བཞི་སོགས། རྐང་པ་རེ་རེའི་དང་པོར་དང་། བཅུ་གསུམ་པ། ཉེར་གསུམ་པ། སོ་གཅིག་པ་སོ་སོར་བཀོད་པ་འདི་ཡང་འགོད་ཡུལ་བྱུང་རྒྱལ་དུ་མིན་པ་ཚིག་རྐང་གཉིས་གཉིས་འཕྲི་བའི་གནས་སྟེ། ཚིག་རྐང་བཅུ་གཉིས་པ་དང་། བཅུ། བརྒྱད་ཀྱིས་ཆོད་པའི་གནས་སུ་བཀོད་པ་གཤམ་གྱི་འགྲོས་ཀྱང་དེས་འགྲེ་བའི་ཀ་བཤད།
- རྒན་ནོར་བྲང་ཨོ་རྒྱན།དེས་ཡིན་ན་ཀ་བཤད་རྩོམ་ཚུལ་ནང་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཀ་བཤད་རྩོམ་ཚུལ་ནང་ནས། ལྔ་པ་ཆེན་པོའི་དེ་ཡིན་ན་ཐུན་མོང་མ་ཡིན་པའི་ཁྱད་པར་ཡོད་པ་དེ་འདྲས་གཅིག་རེད་ཟེར།
- རྒན་ནོར་བྲང་ཨོ་རྒྱན།དེ་ཡིན་ན་དཔེར་ན་གཅིག་གི་སྙན་ངག་ཀྱི་འགྲོས་ལ་ཆ་བཞག་ན་ཐུན་མོང་མ་ཡིན་པའི་ཁྱད་པར་དེ་འདྲས་རེད་ཟེར།
- རྒན་ནོར་བྲང་ཨོ་རྒྱན།སྙན་ངག་རྩོམ་ཚུལ་པད་དཀར་བཟང་པོའི་དྲི་བསུང་ཕྱོགས་་་་་་་་ད་དེ་ནས་གཤམ་དེ་ལ།
- རྒན་ནོར་བྲང་ཨོ་རྒྱན།ཙ་ཀོ་ར་ཡི་ལུས་འདེགས་བློ་ཡིས་ཤེས་བྱའི་མཁའ་ལ་བགྲོད་ཚེ་ཞྭ་བོ་ཇི་བཞིན་མཐུ་དང་བྲལ་ཡང་ར་གན་སེར་གྱི་ཐོལ་ཅན་འགའ་ཞིག་གིས༎ ཚ་ཟེར་ལ་སོགས་གྲང་དྲོའི་འཇིགས་པ་ཁྱད་བསད་བསྒྲུབས་རྣམས་གཏན་བདེ་ཟ་བར་བྱེད་པ་གོར་མ་ཆག་མོད་ལ་ལར་འདི་སྣང་རྣམ་དཔྱོད་ཚུལ་དང་བྲལ༎ ཛ་ཌའི་ཅོད་པན་ཆོས་རྒྱལ་མེས་དབོན་འཁོན་རིགས་རླངས་སོགས་གྲགས་སྙན་འ་འུད་སྲིད་པའི་རྩེ་མོ་ཀུན་ཏུ་ཤ་ཤིའི་འོད་འཛིན་བློ་གསལ་ཚོགས་རྣམས་ཀྱིས༎ ཝ་ལེར་སྒྲོག་འདོད་སེམས་ཀྱིས་བསྐུལ་བས་བསྔགས་བརྗོད་རྒྱུད་མང་གླུ་བླངས་ཡ་མཚན་དཔལ་གྱིས་སྐབས་གསུམ་པ་རྣམས་ས་ལ་བལྟ་ཕྱིར་རྒྱུ་སྐར་ཟོལ་གྱིས་ལྷགས༎ ཟེར།
- རྒན་ནོར་བྲང་ཨོ་རྒྱན།ད་དེ་ནས་ཡིན་ན། གནས་ཚུལ་དེ་འདྲས་གོང་དུ་བཤད་པ་དེ་འདྲས་ཡིན་པའི་རྐྱེན་གྱིས་རེད་པ། ད་ནི་ཙ་ཀོ་ར་ཡི་ཟེར་ན། འདབ་ཆགས་གོང་མ་སྲེག་གི་ལུས་འདེགས་པའི་གཤོག་རྩལ་ཤིན་ཏུ་དམན་པ་ལྟར་བློ་གྲོས་ཀྱི་མཐུ་ཆུང་ངུ་། བློ་གྲོས་ཀྱི་མཐུ་ཆུང་ཆུང་དེ་ཡིས་ཙ་ཀོ་ར་ཡི་། འོང་ཆུང་ཆུང་དེ་འདྲས་ཀྱི་དེ་ནི་རབ་ཏུ་ཡངས་པའི་མཐའ་མེད་པ་ཤེས་བྱའི་མཁའ་ལ་བགྲོད་པའི་ཚེ་ན་འདི་ནི་ཞ་བོ་ཇི་བཞིན་ཤིན་ཏུ་།
- རྒན་ནོར་བྲང་ཨོ་རྒྱན།དེ་ནི་ཤེས་བྱའི་མཁའ་ལ་བགྲོད་པའི་ཚེ་ན། དེ་ནི་རྦད་འོང་། རྒྱང་ཐག་རིང་པོ་འགྲོ་མ་ཐུབ་པ་རེད་པ། ཞ་བོ་ཇི་བཞིན་དུ་དེ་ནི་ཤིན་ཏུ་བུལ་བ་མྱུར་པོར་བགྲོད་པའི་མཐུ་དང་ཡོངས་སུ་བྲལ་ན་ཡང་། ཟེར།
- རྒན་ནོར་བྲང་ཨོ་རྒྱན།ཨེ་ར་གན་གསེར་གྱི་ཟོལ་ལ་བརྟེན་པ་དེ་ནི་འགའ་ཤས་ཡིན་ན། ད་དེ་འདྲས་ཀྱི་དཔེར་ན་སོ་སོ་ཤེས་བྱའི་གནས་ལ་ཆ་བཞག་ན་རྦད་དེ་ཙ་ཀོ་ར་གོང་མ་འདྲས་ཀྱི་གཤོགས་པ་ནང་ལྟར་གྱི་ཐོག་ནས་ཨེ་ནམ་མཁའ་ལ་རྒྱ་ཆེན་པོ་འགྲོ་ཐུབ་ཡས་དེ་ནི་མཐུ་དང་བྲལ་བ་དེ་འདྲ་ཡིན་ན་ཡང་ཟེར།
- རྒན་ནོར་བྲང་ཨོ་རྒྱན།ར་གན་གསེར་་རྣམས་འང་ར་གན་གསེར་གྱི་ཟོལ་ལ་བརྟེན་པ་ཟེར་ན། འགའ་ཤས་ཡིན་ན་རྫུ་བྱས་ནས་རེད་པ། དེ་ནི་ར་གན་རེད་པ་གསེར་ལ་ཡིན་མདོག་མདོག་བྱས་ནས། རྫུ་བག་ཅན་འགའ་ཞིག་གིས་དབྱར་དུས་ཉི་མའི་ཚ་ཟེར་དང་། དགུན་དུས་བསིར་བུ་ལ་སོགས་པ་གྲང་དྲོའི་འཇིགས་པ་མཐའ་དག་ཁྱད་དུ་བསད་ནས་མུན་འཐོམས་ཀྱིས་ཤེས་བྱ་བསྒྲུབས་པའི་ངང་ཚུལ་སྟོན་པ་རྣམས་ནི་ལམ་གོལ་བའམ་ཟེར། །
- རྒན་ནོར་བྲང་ཨོ་རྒྱན།འགའ་ཤས་ཡིན་ན་ད་དེ་འདྲས་ཀྱི་ད་རྦད་དེ། སོ་སོ་ལ་ཤེས་བྱ་ཡག་པོ་གའི་མེད་ན་ཡང་།ཤེས་བྱ་མེད་ན་ཡང་། དེ་ནི་རྦད་དེ་ཡོད་མདོག་མདོག་གི་ར་གན་གསེར་གྱི་ཟོལ་ལ་བརྟེན་པའི་རྫུ་བག་ཅན་འགའ་ཞིག་གི་དེ་ནི། དབྱར་དུས་ཉིན་མའི་ཚ་ཟེར་དང་དགུན་དུས་བསིར་བུ་ལ་སོགས་པ་དེ་ནི་གྲང་དྲོའི་འཇིགས་པ་དེ་དག་ཁྱད་དུ་བསད་ནས་དེ་ནི་མུན་འཐོམས་ཀྱི་ཐོག་ནས་ཤེས་བྱ་བསྒྲུབས་པའི་ངང་ཚུལ་སྟོན་པ་རྣམས་ནི་ལམ་གོལ་བ་དཔེར་ན་གནས་ཚུལ་དེ་ཚོ་ཡིན་ན།
- རྒན་ནོར་བྲང་ཨོ་རྒྱན།དཔེར་ན་ལམ་གོལ་བ་དེ་འདྲས་རེད་མ་གཏོགས་ལམ་ཡང་དག་པ་དེ་འདྲས་ཁྱོན་ནས་མ་རེད་ཟེར།
- རྒན་ནོར་བྲང་ཨོ་རྒྱན།ཐ་ན་ལོག་པའི་ལམ་དུ་འཕྱན་པ་དེ་འདྲས་ཀྱི་དཔེར་ན། ལམ་གོལ་བ་ཙམ་མ་ཟད་པའི་ཐ་ན་ལོག་པའི་ལམ་དུ་འཕྱན་སྲིད་པས། དལ་བརྒྱད་འབྱོར་བཅུ་ཚང་བའི་རྟེན་ཁོ་ནས། རྟེན་ཐོབ་ནས་ཟེར། དེ་འདྲས་ཡིན་དུས་ཙམ་པ་ང་རང་ཚོ་དཔེར་ན་མིའི་ལུས་རྟེན་དལ་བ་བརྒྱད་དང་འབྱོར་པ་བཅུ་ཚང་བའི་ལུས་རྟེན་ཐོབ་ནས་ངེས་འབྱུང་། བྱང་སེམས། ཡང་དག་པའི་ལྟ་བར་བརྟེན་ནས་གཏན་གྱི་བདེ་བ་དང་ཐར་པ།
- རྒན་ནོར་བྲང་ཨོ་རྒྱན།གཏན་གྱི་བདེ་བ་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་རེག་པའི་རྒྱུ་རྣམས་ཟད་བར་བྱེད་པ་དལ་འབྱོར་སྟོང་ཟད་ཀྱི་རྒྱུར་འགྲོ་བ་ནི་གོར་མ་ཆག་ཟེར།
- རྒན་ནོར་བྲང་ཨོ་རྒྱན།དེ་ལྟ་བུའི་གནས་སྐབས་དེ་འདྲས་གཅིག་ཡིན་ན། ད་རང་ཉིད་ཀྱི་ དཔེར་ན་དལ་འབྱོར་སྟོང་ཟད་ལ་འགྲོ་ཡས་ཀྱི་དེ་ནི་རྒྱུ་རྣམས་གསོག་པ་དེ་འདྲས་ཀྱི་རྒྱུ་རྣམས་གོར་མ་ཆག་ཟེར།
- རྒན་ནོར་བྲང་ཨོ་རྒྱན།སྐབས་ལ་རེ་གཏན་གྱི་བདེ་བ་བསྒྲུབ་པའི་རྒྱུར་འགྲོ་བ་ལྟ་ཅི། འདི་གང་མངོན་སུམ་དུ་སྣང་བ་གནས་སྐབས་སམ་འཕྲལ་གྱི་དོན་ལ་རྣམ་པར་དཔྱོད་པའི་ཚུལ་དང་བྲལ་བ་དེའི་ཕྱིར་ན། ཟེར།
- རྒན་ནོར་བྲང་ཨོ་རྒྱན།སྐབས་ལ་ལར་བྱས་ན་གཏན་གྱི་བདེ་བ་བསྒྲུབ་རྒྱུ་ལྟ་ཕར་བཞག། འདི་གང་དེ་ནི་མངོན་སུམ་དུ་སྣང་བ་གནས་སྐབས་ཀྱི་བདེ་བ། འཕྲལ་གྱི་བདེ་བ་ཙམ། བསྒྲུབ་པའི་རྣམ་པར་དཔྱོད་པའི་ཚུལ་དང་བྲལ་བ་ཡང་དེ་འདྲས་ཀྱི་དེ་རེད་ཟེར།
- རྒན་ནོར་བྲང་ཨོ་རྒྱན།ཁོའི་སྐབས་འདིར་ཛ་ཌ་དེ་འདྲས་ཀྱི་ཐ་ན་སྔ་མའི་གཅིག་གི་ད་དལ་འབྱོར་དངོས་གནས་ག་རེ་ཟེར་དགོས་རེད་པས།
- རྒན་ནོར་བྲང་ཨོ་རྒྱན།བོད་ཀྱི་ལོ་རྒྱུས་ཀྱི་གནས་ཚུལ་ཐོག་ལ་འགའ་ཤས་དེ་འདྲས་ཡོད་དུས་ཙམ་པ། སྐབས་དེ་དུས་ངས་ག་རེ་བྱས་པ་རེད་པས་ཟེར་ན།
- རྒན་ནོར་བྲང་ཨོ་རྒྱན།ཛ་ཌ་རལ་པའི་ཅོད་པན་ཟེར་ན་ད་ཛ་ཌ་ཟེར་ནའི་ད་རལ་པ་རེད་པ། ཅོད་པན་ཅན་ཆོས་རྒྱལ་མེས་དབོན་རྣམ་གསུམ་ལ་སོགས་པ། ཁ་བ་རི་བའི་བསོད་ནམས་ཀྱི་བགོ་སྐལ་དུ་ཐོབ་པ་ཆོས་རྒྱལ་རིམ་པར་བྱོན་པ་རྣམས་དང་ཟེར།
- རྒན་ནོར་བྲང་ཨོ་རྒྱན།དེ་འདྲས་ཡིན་དུས་ཙམ་པ་ད་ཨ་ནི་ངས་སྐབས་དེ་ལ་ཆ་བཞག་པ་ཡིན་ན། དེ་ནི་རྦད་དེ་ཆོས་རྒྱལ་མེས་དབོན་རྣམ་གསུམ་དང་ད་ག་ནང་ལྟར་གྱི་ད་དཔེར་ན་བོད་ལྗོངས་ཀྱི་འགྲོ་བ་ཐམས་ཅད་ཀྱི་དེ་ནི་བསོད་ནམས་དཔག་ཏུ་མེད་པ་ཐོབ་པ་ཆོས་རྒྱལ་མེས་དབོན་རྣམ་གསུམ་དང་འཁོན་རིགས་དཔལ་ལྡན་ས་སྐྱ་པ་དང་། ད་ག་ནང་ལྟར་གྱི་ཕག་གྲུའི་རླངས་ཀྱི་གདུང་རྒྱུད་ལ་སོགས་པའི།
- རྒན་ནོར་བྲང་ཨོ་རྒྱན།དེ་ནི་བོད་ཁམས་ལ་མངའ་དབང་བསྒྱུར་བའི་རྣམ་པར་དཀར་བའི་མཛད་འཕྲིན་མཐའ་དག་ཨེ་མཛད་འཕྲིན་གྱི་གྲགས་སྙན་འ་འུད་སྲིད་པའི་རྩེ་མོ་གནས། སྲིད་པའི་རྩེ་མོ་ལྷ་དང་བཅས་པར་མངོན་པར་ཁྱབ་པའི་ཚུལ་དེ་ནི་དེ་ནི་ག་རེ་ཟེར་དགོས་རེད་པས།
- རྒན་ནོར་བྲང་ཨོ་རྒྱན།ཨ་ནི་དེ་འདྲས་ཀྱི་དཔེར་ན་ད། ཨེ་བོད་ཀྱི་དེ་ནི་ཆོས་རྒྱལ་རྣམ་པ་དང་། ད་ག་ནང་ལྟར་འཁོན་རིགས་ས་སྐྱ་པདང་། ཕག་གྲུ་ལ་སོགས་པ་དེ་འདྲས་ཀྱི་དཔེར་ན།
- རྒན་ནོར་བྲང་ཨོ་རྒྱན།འོང་། རྗེ་བོ་རྣམས་ཀྱིས་བོད་ལ་དབང་བསྒྱུར་བའི་དེ་ནི་རྣམ་པར་ དཀར་བའི་མཛད་འཕྲིན་གྱི་གྲགས་སྙན་དེ་ཤིན་ཏུ་ཆེ་བ་དེ་ཡིན་ན་སྲིད་པའི་རྩེ་མོ། ལྷ་གནས་དང་བཅས་པ་མངོན་པར་རྒྱལ་བའི་ཚུལ་ཀུན་ཏུ་ཤ་ཤི་རི་བོང་། རི་བོང་མཚན་མ་ཙམ་ཟླ་བའི་འོད་འཛིན་པ་བློ་གྲོས་རབ་ཏུ་གསལ་བར་བྱེད་པ་མཁས་པའི་ལྷའི་ཚོགས་རྣམས་ཀྱིས་ཝ་ལེར་སྒྲོག་འདོད་པའི་དེ་ནི་དེ་འདྲས་ཀྱི་དཔེར་ན།
- རྒན་ནོར་བྲང་ཨོ་རྒྱན།དེ་ནི་ཟླ་བའི་འོད་ནང་ལྟར་གྱི་ཐོག་ནས་དེ་ནི་དཔེར་ན་བློ་གྲོས་དང་རབ་ཏུ་གསལ་བར་བྱེད་པ་དེ་ནི་མཁས་པ་ལྷའི་ཚོགས་རྣམས་ཀྱིས་དེ་ནི་ཝ་ལེར་སྒྲོག་འདོད་པའི་དེབ་ཐེར་འདི་འདི་འདྲ་བ་ཞིག་དགོས་ཤིག
- རྒན་ནོར་བྲང་ཨོ་རྒྱན།འདི་འདྲ་བ་ཞིག་རྩོམས་རོགས་ཤིག་བྱས་ནས་དེ་ནི་དེའི་རྩོམས་ཤིག་ཟེར། དེ་ནི་གུ་ཤྲཱི་བསྟན་འཛིན་ཆོས་རྒྱལ་གྱིས་དེ་ནི་མོས་གུས་དང་སེམས་ཀྱིས་བསྐུལ་མ་བྱུང་བ་ལ་བརྟེན་ནས་དེ་ནི་བསྔགས་འོས་ཀྱི་ཡུལ་དང་། དེ་འདྲས་ཀྱི་བསྐུལ་མ་བྱུང་བ་ལ་བརྟེན་ནས། སྐབས་དེ་དུས་ངས་ག་རེ་བྱས་པ་རེད་གསུང་ན།
- རྒན་ནོར་བྲང་ཨོ་རྒྱན།ལྔ་བ་ཆེན་པོས་བཀའ་གནང་ཡས་ཡིན་ན་དེ་ནི་ངས་བསྐུལ་བ་བྱུང་བ་ལ་བརྟེན་ནས། བསྔགས་འོས་ཀྱི་ཡུལ་དམ་པ་རྣམས་ལ་བསྔགས་པ་བརྗོད་པའི་རྒྱུད་མང་་སྒྲོག་པའི་གླུ་དབྱངས་བླངས་པའི་ཡ་མཚན་དཔལ་གྱིས་སྐྱེ་འགྲོ་རྣམས་ཀྱི་ཡིད་ཀྱི་བརྟན་པ་ཅིག་ཅར་འཕྲོགས་པས་མིའི་ལྟ་ཅི་སྨོས། སྐབས་གསུམ་པ་ལྷ་རྣམས་ཀྱང་མིའི་ས་གཞི་འདི་ལ་བལྟ་བའི་ཕྱིར་དུ་ཀུན་གསལ་གྱི་ངོས་སུ་རྒྱུ་སྐར་འཆར་བའི་ཟོལ་གྱིས་ལྷགས་སམ་སྙམ་མོ་ཞེས་རབ་སྤེལ་གྱི་སྒོ་ནས་བསྟན་བཅོས་འདིའི་ཆེ་བ་བརྗོད་པའོ།ཟེར།
- རྒན་ནོར་བྲང་ཨོ་རྒྱན།བསྟན་བཅོས་འདི་ཡིན་ན་ད་དེ་འདྲས་གཞན་དག་བསྟན་བཅོས་ནང་ལྟར་བྱས་བྱས། སྐབས་དེ་ལ་ཆ་བཞག་ན་གུ་ཤྲཱི་བསྟན་འཛིན་ཆོས་རྒྱལ་གྱི་བསྐུལ་བ་ལ་བརྟེན་ནས། དེ་ནི་རྦད་དེ་ཆོས་རྒྱལ་རྣམས་ཀྱི་་མཛད་པ་ལ་སོགས་པ་དེ་ཚོ་རྦད་དེ། འོང་།བསྔགས་པ་བརྗོད་པ་བསྔགས་པ་བརྗོད་ཡུལ་ཚོ་ལ་བསྔགས་པ་བརྗོད། བྱས་ནས་དེ་ནི་རྒྱུད་མང་དེ་འདྲས་སྒྲོག་པའི་སྒྲ་དབྱངས་ཀྱི་དེ་ནི། ཨེ་ལྷ་ལམ་ཡངས་པོར་ཡིན་དུས་ཙམ་པ་དེ་ནི་ལྷ་ཚོས་ཡིན་ནའི་རྦད་དེ་དེ་འདྲས་སྒྲོག་དུས་ཙམ་པ།
- རྒན་ནོར་བྲང་ཨོ་རྒྱན།ལྷ། མི་ཚོ་ལྟ་སྨོས། མིའི་ཚོགས་རྣམས་ད་ལྟ་ཅི་སྨྲོས། ལྷ་རྣམས་ཀྱང་དེ་ནི་རྦད་དེ་ཞེ་པོ་གཅིག་རྦད་དེ་དེ་ཚོ་རྦད་དེ་ཡ་མཚན་པོ་དང་ངོ་མཚར་ཆེན་པོ་མཐོང་འགྲོ་དུས་ཙམ་པ་དེ་ནི་སྐབས་གསུམ་གྱི་ཨེ། མིའི་ས་གཞི་དེ་ལ་བལྟ་བའི་ཆེད་དུ་དེ་ནི་ཀུན་གསལ་ངོས་སུ་རྒྱུ་སྐར་འཆར་བའི་ཟོལ་གྱིས་དེ་ནི་ལྷགས་སམ་དེ་ནི་རྒྱུ་སྐར་འཆར་ཡས་དེ་ནི། གཙོ་བོ་དེ་ནི་ལྔ་པ་ཆེན་པོས། དེ་ནི་དེབ་ཐེར་རྩོམས་པ་དེའི་དེ་ནི་ངོ་མཚར་བལྟ་ཡས་ཀྱི་ཆེད་དུ་རྦད་དེ། རྒྱུ་སྐར་འཆར་བའི་ཟོལ་གྱིས་ལྷགས་སམ་སྙམ་མོ་ཟེར་བྱས། རབ་སྤེལ་གྱི་སྒོ་ནས་དེ་ནི་བསྟན་བཅོས་འདིའི་ཆེ་བ་བརྗོད་པ། དེ་ཡིན་ན་ད། ད་བསྟན་བཅོས་འདི་རྦད་དེ་གལ་ཆེ་བའི་རང་བཞིན། བསྟན་བཅོས་འདི་ཡིན་ན། གཞན་ལས་ཁྱད་དུ་འཕགས་པའི་རང་བཞིན་དེ་ཡིན་ན་བསྟན་པ་དེ་འདྲས་གཅིག་རེད་ཟེར།
- རྒན་ནོར་བྲང་ཨོ་རྒྱན།ཧ་ཅང་ས་ཆེན་སྐྱོང་བའི་ཆོས་ལྡན་རྒྱལ་པོ་ཨ་ཤྭཏྠ་ཡི་ལྗོན་པའི་དབང་པོ་དར་བའི་མཆོག། ཧ་རི་ཙན་དན་དཔུང་པ་སྐྱེས་ཀྱི་དབུས་མཐོ་ཨ་ག་རུ་ཡི་རྒྱལ་ཕྲན་ཀུན་གྱིས་ཟླ་བྲལ་བ༎ ཧ་རི་ཀ་ཡི་མགྲིན་དབྱངས་ཁྲིམས་གཉིས་ང་རོས་ཨ་མྲའི་ཡོངས་འདུ་མངའ་འབངས་ཡོངས་ཀྱི་འདབ་མ་འཛུམ༎ ཧ་ཧར་བཞད་པའི་ཕུལ་བྱུང་དགའ་སྟོན་བཟང་པོས་ཨ་མྲི་ཏ་ཡི་སྙིང་པོའི་ཟིལ་དངར་བླ་ན་མེད༎ ཟེར།
- རྒན་ནོར་བྲང་ཨོ་རྒྱན།ད་འདི་དཔེར་ན་ཧ་ཅང་ཡངས་པའི་དེ་ནི་ས་གཞི་ཆེན་པོ་ཆོས་བཞིན་དུ་བདེ་བར་སྐྱོང་བའི་དཔེར་ན། ཆོས་ལྡན་རྒྱལ་པོ་ཨ་ཤཱཏྠ་ཟེར་ན། དེ་ནི་རྦད་དེ་ཤིང་བྱང་ཆུབ་ཀྱི་ལྗོན་ཤིང་རེད་པ། ལྷའི་བྱང་ཆུབ་ལྗོན་ཤིང་དང་མཚུངས་པ་དེ། དེ་དག་གི་དབང་པོའི་ཤིང་དར་བའི་ཤིང་མཆོག་དེ་ནི་ཧ་རི་ཙན་དན་ནམ་ཙན་དན་དཀར་པོ་འོང་དཔུང་པ་སྐྱེས་ཟེར་ན།
- རྒན་ནོར་བྲང་ཨོ་རྒྱན།ལྗོན་ཤིང་གི་ནགས་ཀྱི་དབུས་སུ་མངོན་པར་མཐོ་བ། དེ་ནི་རྦད་དེ་འོང་། དཔེར་ན་གང་ཟེར་དགོས་རེད་པས་བོད་ཡུལ་གྱི་ལྗོན་ཤིང་རྣམས་ཀྱིས་མངོན་པར་མཐོ་བ། དེ་ནི་རྦད་དེ་བྱང་ཆུབ་ལྗོན་ཤིང་ལྟ་བུ་དེ་ཡིན་ན། ཨ་ཀ་རུ་ཡི་རྒྱལ་ཕྲན་ཀུན་གྱིས་འགྲན་པའི་ཟླ་དང་བྲལ་བ། ད་ག་་ནང་ལྟར་དེ་ནི་ལྗོན་ཤིང་དེ་ནི་ཨ་ག་རུ་ལ་སོགས་པ་དེ་འདྲས་དེ་ནི་རྒྱལ་ཕྲན་ཀུན་གྱིས་དེ་ནི་འགྲན་པའི་ཟླ་དང་བྲལ་བ། ཧ་རི་ཀ་སེང་གེ་ཡི་མགྲིན་པ་མགྲིན་དབྱངས་ལུགས་ཟུང་ཁྲིམས་གཉིས་ཀྱི་ང་རོས་ཟེར་ན།
- རྒན་ནོར་བྲང་ཨོ་རྒྱན།ཧ་རི་ཀ་སེང་གེ་ཡི་མགྲིན་དབྱངས་ཀྱི་ལུགས་ཟུང་ཁྲིམས་གཉིས་ཀྱི་ང་རོས། ཨ་མྲ་ཡོངས་འདུའི་མངའ་འབངས་ཆོས་ཀྱི་དགའ་དད་སྤྲོ་བའི་འདབ་མ་འཛུམ་པ་ལས་བྱུང་བ་ལས་བྱས་ནས། ཨ་མྲ་ཡོངས་འདུའི་དེ་ནི་ས་གཞི་མངའ་འབངས་ཡོངས་ཀྱི་དགའ་བ་དང་། སྤྲོ་བ་དང་དེ་འདྲས་ཀྱི་རྦད་དེ་འདབ་མ་འཛུམ་པ་ལས་བྱུང་བ་ཟེར།
- རྒན་ནོར་བྲང་ཨོ་རྒྱན།ཧ་ཧར་བཞད་པའི་སྒྲ་སྒྲོག་པ་ཕུལ་དུ་བྱུང་བའི་དགའ་སྟོན་བཟང་པོ་འགྱེད་པ།ཟེར་ན། ཧ་ཧར་བཞད་པའི་དེ་ནི་གད་མོ་གོད་པ་རེད་པ་ཧ་ཧར་བཞད་པའི་སྒྲ་སྒྲོག་པ་ཕུལ་དུ་བྱུང་བའི་དགའ་སྟོན་བཟང་པོ་འགྱེད་པ་ཟེར། ཨ་མྲི་ཏ་བདུད་རྩི་སྙིང་པོའི་ཟིལ་པ་ཚར་དུ་དངར་བའམ་ཟིལ་པའི་རོ་དངར་བ་ནི་བླ་ན་མེད་དོ་ཞེས། མཐའ་དག་གཟུགས་རྒྱན་གྱི་སྒོ་ནས་ཆོས་བཞིན་སྐྱོང་བའི་རྒྱལ་པོ་ད་དེ་འདྲས་ཀྱི་དཔེར་ན།
- རྒན་ནོར་བྲང་ཨོ་རྒྱན།མཛད་པ་དེ་ལ་ཆ་བཞག་ན། དེ་ནི་ཆོས་ཀྱི་རྒྱལ་པོ་གོང་དུ་ཞུས་པ་དེ་ནི་ཨེ་ཆོས་རྒྱལ་མེས་དབོན་རྣམ་གསུམ་ལ་སོགས་པ། ཆོས་བཞིན་སྐྱོང་བའི་རྒྱལ་པོ་ཐམས་ཅད་ཀྱི་ཐོག་ལ་ཡིན་ན། དེ་ནི་སྤྱིར་ལ་བསྔགས་བརྗོད་གནང་བ་དེ་འདྲས་ཅིག་རེད་ཟེར།
- རྒན་ནོར་བྲང་ཨོ་རྒྱན།ད་གཤམ་ལ། སྲིད་ཞིའི་ཁམས་ཀྱི་ལྷ་ལམ་ཡངས་པོའི་ངོས༎ རྒྱལ་བ་ཡེ་ཤེས་སྒྱུ་མའི་འོད་དཀར་ཅན༎ བསིལ་ལྡན་ཆུ་སྣོད་སོ་སོར་ཤར་བ་ལས༎ བཀའ་ཁྲིམས་དགེ་བ་བཅུ་དྲུག་ཆ་ཤས་རྫོགས༎ ཟེར།
- རྒན་ནོར་བྲང་ཨོ་རྒྱན།ད་སྲིད་པ་དང་ཞི་བའི་ཁམས་ཀྱི་ལྷ་ལམ་ཡངས་པའི་ངོས་སུ་ཟེར། ད་སྲིད་པ་དང་ཞི་བའི་ལྷ་ལམ་ཡངས་པའི་ངོས་སུ། ལྷ་ལམ་ཟེར་ན་ནམ་མཁའ་རེད་པ། ནམ་མཁའ་ཡངས་པའི་ངོས་སུ། རྒྱལ་བའི་དབང་པོ་ཕྱག་ན་པད་དཀར་འཆང་བ་གསང་གསུམ་ཡེ་ཤེས་ཀྱི་སྒྱུ་མའི་འོད་དཀར། དེ་ནི་རྒྱལ་བའི་དབང་པོ་དེ་ནི་རྒྱལ་བ་ཐམས་ཅད་མཁྱེན་པ་ནང་ནས་དེ་ནི། གང་ཟེར་དགོས་རེད་པས། མཁྱེན་བརྩེ་གཅིག་ཏུ་བསྡུས་པའི་ངོ་བོ་དེ་ནི་རྒྱལ་བའི་དབང་པོ། ཕྱག་ན་པད་དཀར་འཆང་བ།
- རྒན་ནོར་བྲང་ཨོ་རྒྱན།དེ་ནི་འཇིག་རྟེན་དབང་ཕྱུག་གི་གསང་གསུམ་ཡེ་ཤེས་ཀྱི་སྒྱུ་མའི་འོད་དཀར་ཅན། ཟླ་བ་ཟླ་བ་བསིལ་བའི་ཟེར་དང་ལྡན་པ་གཅིག་ཉིད། ཟླ་བ་བསིལ་བའི་ཟེར་དང་ལྡན་པ་གཅིག་ཉིད། གངས་ཅན་ལྗོངས་ཀྱི་ཡུལ་གྲུ། རྒྱལ་པོ་དང་བློན་པོ། བློན་པོའི་ཚུལ་གང་ལ་གང་འདུལ་གྱི་ཨེ་སྤྲུལ་པ་བརྒྱ་ཕྲག་གདུལ་བྱའི་ཆུ་སྣོད་སོ་སོར་ཤར་བ་ལས་ཟེར།
- རྒན་ནོར་བྲང་ཨོ་རྒྱན།ཨེ་ད་དེ་འདྲས་ཀྱི་དཔེར་ན། འཇིག་རྟེན་དབང་ཕྱུག་གི་དེ་ནི་མིའི་སྤྲུལ་པ་སོང་ནས། ཡང་འགའ་ཤས་ཀྱིས་རྒྱལ་པོའིསྤྲུལ་པ།འགའ་ཤས་ནི་བློན་པོའི་སྤྲུལ་པ་ལ་སོགས་པ་དེ་འདྲས་ཀྱི་ཐོག་ནས་དཔེར་ན། གང་ལ་གང་འདུལ་གྱི་མཛད་པ་བརྒྱ་ཕྲག་དེ་འདྲས་བསྟན་ནས་དེ་ནི་ཆུ་སྣོད་དེ་ནི་བོད་ཀྱི་གདུལ་བྱ། སོ་སོར་དེ་ནི་གང་ལ་གང་འཚམས་ཀྱི་ཆུ་སྣོད་སོ་སོར་དེ་ནི་ཤར་བ་ནང་བཞིན་ཏུ། དེ་ནི་ཆུ་སྣོད་སོ་སོར་དཔེར་ན་ཟླ་བའི་གཟུགས་བརྙན་ཤར་བ་ནང་བཞིན་དུ་ཨ་ནི། ཆོས་བཞིན་དུ་སྤྱོད་པའི་རྒྱལ་པོའི་བཀའ་ཁྲིམས་རྣམ་པར་དགེ་བའི་བཅུ་དྲུག་གི་ཆ་ཤས། ཉ་གང་བ་ཟེར་ན།
- རྒན་ནོར་བྲང་ཨོ་རྒྱན།ད་དེ་འདྲས་ཀྱི་ཆོས་བཞིན་སྤྱོད་པའི་བཀའ་ཁྲིམས་ཀྱི་རྣམ་པར་དགེ་བའི་བཅུ་དྲུག་གི་ཆ་ཤས་ཟེར་ན། ཟླ་བ་ལ་དེ་ནི་བཅ་ཨུདྲུག་གི་ཆ་ཤས་གང་བ་ཡིན་ན་ཟླ་བ་ཡོངས་སུ་རྫོགས་པ་དེ་འདྲས་གཅིག་རེད་པ།
- རྒན་ནོར་བྲང་ཨོ་རྒྱན།ཨེ་དེ་འདྲས་ཅིག་ཡང་ན་དེ་ནི་ཆོས་རྒྱལ་སྲོང་བཙན་སྒམ་པོས་དེ་ནི་མི་ཆོས་གཙང་མ་བཅུ་དྲུག་དེ་ནི་ཁྲིམས་སྲོལ་གྱིས་གཏན་ལ་ཕབ་པ་དེ་འདྲས་ཅིག་རེད་པ། ད་དེ་འདྲས་ཀྱི་སྒོ་ནས་དེ་འདྲས་རེད།
- རྒན་ནོར་བྲང་ཨོ་རྒྱན།ཡོངས་སུ་རྫོགས་སོ་ཞེས། ད་དེ་འདྲས་ཀྱི་དཔེར་ན། བཅུ་དྲུག་གི་ཆ་ཤས་ཡོངས་སུ་རྫོགས་སུ་ཞེས་སྤྲུལ་གཞི་སྤྱན་རས་གཟིགས་ཉིད། གཟིགས། ད་སྤྲུལ་པའི་གཞི་དེ་གང་འདྲས་རེད་ཟེར་ན། སྤྱན་རས་གཟིགས་གཅིག་ཡིན་པ་ད། དེ་ནི་བོད་ཀྱི་ལྷ་སྐལ་དུ་གྱུར་པའི་དེ་ནི་སྤྲུལ་པའི་རྒྱལ་པོ་ལ་སོགས་པ་འགྲོ་དོན་མཛད་པར། མཐའ་དག་གཟུགས་རྒྱན་གྱི་སྒོ་ནས་བསྔགས་པ། སྤྲུལ་གཞི་དེ་ནི་སྤྱན་རས་གཟིགས་ཡིན་པ། དེ་ནི་བོད་ཀྱི་ལྷ་སྐལ་དུ་གྱུར་པའི་སྤྱན་རས་གཟིགས་དེ་ནི་རྒྱལ་པོ་ལ་སོགས་པ། རྒྱལ་པོ་དང་བློན་པོ་ལ་སོགས་པ། དེ་འདྲས་ཀྱི་དཔེར་ན་འགྲོ་དོན་མཛད་པའི་དེ་གྱད་དེ་ལ་ཡིན་ན། མཐའ་དག་གཟུགས་ཅན་གྱི་སྒོ་ནས། དཔེའི་སྒོ་ནས་དེ་ནི་ཆེད་དུ་བརྗོད་པ་དེ་འདྲས་རེད་ཟེར།
- རྒན་ནོར་བྲང་ཨོ་རྒྱན།གངས་ཅན་ཀུན་གསལ་མཛེས་མའི་བཞིན་རས་ལ༎ ཐུབ་བསྟན་ནམ་མཁའི་སྒྲོན་མེའི་སྤྱན་གྱི་དཀྱུས༎ ལུང་རྟོགས་འཁྱོག་པའི་སྣང་མཛོད་ལྕགས་ཀྱུ་ཡིས༎ ཕན་བདེའི་འོད་དཀར་གཞོན་ནུ་རིང་ནས་འགུགས༎ ཟེར། ཞེས་གསུངས་ནས།
- རྒན་ནོར་བྲང་ཨོ་རྒྱན།གངས་ཅན་གྱི་ས་གཞི་མཐའ་དང་མུ་མེད་པ་ཀུན་གསལ་ནམ་མཁའ་དང་མཉམ་པ་དང་རེད་པ། དེ་ཡིས་གངས་ཅན་གྱི་ས་གཞི་དེ་ཡིན་ན། ནམ་མཁའ་ལ་ཆ་བཞག དེ་ཡང་དེ་ནི་མཛེས་མའི་བཞིན་རས་ངོས་ལ་ཆ་བཞག ངོས་ལ་དེ་ནི་ཐུབ་པའི་བསྟན་པ་ནམ་མཁའི་སྒྲོན་མེ་ཉི་མའི་འོད་ཟེར་དང་། དེ་ཡང་རྣམ་པར་བཀྲ་བའི་སྤྱན་གྱི་སྤྱན་དཀྱུས་རིང་བ་ལ་ཆ་བཞག
- རྒན་ནོར་བྲང་ཨོ་རྒྱན།ད་ཨེ་མཛེས་མའི་ཞལ་རས་དང་ད་ག་ནང་ལྟར་བོད་ཀྱི་ས་གཞི་དེ་ལ་ཡིན་ན་ཐུབ་པའི་བསྟན་པ་ནམ་མཁའི་སྒྲོན་མ་ཉི་མ་དང་། ཉི་མའི་འོད་ཟེར་དང་།
- རྒན་ནོར་བྲང་ཨོ་རྒྱན།དེ་ཡང་ད་རྣམ་པར་བཀྲ་བའི་སྤྱན་གྱི་དཀྱུས་རིང་བ། ལུང་དང་རྟོགས་པའི་ཡོན་ཏན་འཁྱོག་པའི་སྣང་མཛོད་ཟླ་བ་ཚེས་མ་ཐག་པའི་དཀྱིལ་འཁོར་ཉ་གང་བ། ལུང་རྟོགས་བསྟན་པ་དེའི་དེ་ནི་ཡོན་ཏན་འཁྱོག་པའི་སྣང་མཛོད་དེ་ཟླ་བ་ཚེས་མ་ཐག་པའི་དཀྱིལ་འཁོར་ཉ་གང་བ། ཟླ་ཕྱེད་ཀྱི་གཟུགས་དང་དེ་ཡང་ལྕགས་ཀྱུ་ཡི། ལྕགས་ཀྱུའི་གཟུགས་སུ་བཀོད། སྐྱེ་འགྲོ་རྣམས་ཀྱི་ཡིད་དབང་། ཕན་བདེའི་འོད་ཞགས་དཀར་པོ་དེ་སྔར་མེད་པའི། སྔར་མེད་པའི་ཕན་བདེ་གསར་པས་བློ་གྲོས་གཞོན་ནུ། ད་དེ་འདྲས་ཀྱི་ཐོག་ནས་སྔར་མེད་པའི་བློ་གྲོས་གཞོན་ནུ་རིང་ནས་འགུགས་སོ་བྱས་སོ།
- རྒན་ནོར་བྲང་ཨོ་རྒྱན།ལྷ་ཐོ་ཐོ་རི་བྱས། གངས་རིའི་ལྗོངས་འདིར་ཐུབ་པའི་བསྟན་པ་དབུ་བརྙེས་པའི་ཆེད་དུ་བསྔགས་པ་བྱས། དེ་ཡང་ཐུབ་པའི་བསྟན་པ་ལ་དེ་བྱེད་ཡས་དེ་གང་འདྲས་རེད་ཟེར་ན།
- རྒན་ནོར་བྲང་ཨོ་རྒྱན།ཕྱོགས་གཅིག་ནས་ད་གང་ཟེར་དགོས་རེད་གངས་ཅན་ས་གཞི་དེ་མཛེས་མའི་གཟུགས་སུ་བཀོད། མཛེས་མ་དེ་ཡང་མཛེས་མའི་གཟུགས་དེ་ཡང་ཉི་མའི་གཟུགས་སུ་བཀོད་པ་ལ་སོགས་པ། དེ་འདྲས་ཀྱི་གཟུགས་རྒྱན་འཕར་མའི་སྒོ་ནས་དེ་ནི་གཅིག་གི་ད། དེ་ནི་གངས་ཅན་ལྗོངས་ཀྱི་ལྷ་ཐོ་ཐོ་རི་གཉན་བཙན་གྱི་ཐོག་ལ་ཡིན་ན། སངས་རྒྱས་ཀྱི་བསྟན་པ་དར་བ་གསུངས་ཡས་དེ་འདྲ་གཅིག་རེད་པ།
- རྒན་ནོར་བྲང་ཨོ་རྒྱན།ཨ་ནི་དེ་ནས་ལྷ་ཐོ་ཐོ་རི་གཉན་བཙན་གྱི་དུས་ལ་བྱས་ན། དཔང་ཀོང་ཕྱག་བརྒྱ་ལ་སོགས་པ་གནམ་ནས་བབས་ཡས། མདོ་སྡེ་ཟ་མ་ཏོག་ལ་སོགས་པ་གནམ་ནས་བབས་ཡས་དེ་འདྲས་ཀྱི་དེ་བྱེད་དུས་ཙམ་པ། ཨེ་བོད་ཀྱི་དེ་ནི་སངས་རྒྱས་ཀྱི་བསྟན་པ་དེ་ནི་ལྷ་ཐོ་ཐོ་རི་གཉན་བཙན་གྱི་ཐོག་ནས་དེ་ནི་དབུ་བརྙེས་པ་ཡིན་བྱས་ནས་གསུངས་ཡས་དེ་འདྲས་རེད་པ། དེ་ལ་དེ་བྱས་ན་ལྔ་བ་ཆེན་པོས་དེ་འདྲས་རེད་ཟེར།
- རྒན་ནོར་བྲང་ཨོ་རྒྱན།སྲོང་བཙན་དགེ་བཅུའི་ལེགས་ལམ་ཟླ་ཚེས་ཅན༎ ལོག་སྤྱོད་ར་རིའི་དྲི་མ་ཕྱུང་བའི་འོད༎ གྲགས་སྙན་རལ་པར་སྤུད་ཚེ་མགྲིན་སྔོན་ཅན༎ ས་ལའི་ལྗོངས་སུ་སོང་ཟེར་ལྷ་རྣམས་གླེང་༎ ཟེར་ན།
- རྒན་ནོར་བྲང་ཨོ་རྒྱན།ད་དེ་གཙོ་བོ་ཡིན་ན་སྲོང་བཙན་སྒམ་པོའི་མཛད་རྗེས་ལ་ཆེད་དུ་བསྔགས་པ་དེ་འདྲས་གཅིག་རེད་ཟེར།
- རྒན་ནོར་བྲང་ཨོ་རྒྱན།དེ་ཡང་དེ་ནི་ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོས་དེ་ནི་སྲོལ་གཏོད་པའི།་སྲོང་བཙན་སྒམ་པོས་སྲོལ་གཏོད་པའི་དེ་ནི་དགེ་བ་བཅུའི་བཀའ་ཁྲིམས་ལ་སོགས་པ། བཀའ་ཁྲིམས་ལེགས་པའི་ལམ་གྱི་ཟླ་ཚེས་ཅན་ཏེ།
- རྒན་ནོར་བྲང་ཨོ་རྒྱན།དགེ་བ་བཅུའི་ལེགས་པའི་ལམ་སྤེལ་བའི་བདག་པོའམ། གཙོ་བོར་གྱུར་པ་གང་གིས་དགེ་བའི་ལས་བཅུའི་ལྡོག་ཟླའམ། དེ་ལས་དེ་ནི་མི་དགེ་བ་བཅུ་ལ་ལྡོག་པ་ལོག་པར་ལྡོག་པ་མི་དགེ་བ་བཅུའི་ར་རིའི་དྲི་མ། དེ་ནི་མ་དགེ་བའི་དྲི་མ་དེ་གྱད་དེ་ནི་དཔེར་ན་སྲོག་གཅོད་མི་གཙང་སྤྱོད་པ་ལ་སོགས་པ་དེ་འདྲས་ཀྱི་མི་དགེ་བ་ར་རིའི་དྲི་མ་དེ་གྱད་དེ་དྲི་མ་དེ་གྱད་དེ། ཡོངས་སུ་དག་པར་བྱས་ནས་རེད་པ།
- རྒན་ནོར་བྲང་ཨོ་རྒྱན།འོད་དང་ལྡན་པ་གང་གིས་ཟེར། འོང་། སྲོང་བཙན་སྒམ་པོའི་དེ་ནི་བཀའ་ཁྲིམས་ཀྱི་དེ་ནི་ཟླ་བ་དེ་ཤར་དུས་ཙམ་པ་དེ་ནི། མེ་དགེ་བའི་དྲི་མ་དེ་གྱད་དེ་ཡོངས་སུ་ཕྱུངས་ནས་རེད་པ།
- རྒན་ནོར་བྲང་ཨོ་རྒྱན།ཕྱུང་ནས་གང་གི་སྒྲ་སྙན་མངོན་པར་གསལ་བ་སྐྱེ་འགྲོ་རྣམས་ཀྱི་རལ་བའི་རྩེ་མོ་གྱུར་པ་དེ་ནི། གང་གིས་སྒྲ་སྙན་དེ་ནི་རྦད་དེ་སྐྱེ་འགྲོ་ཐམས་ཅད་ཀྱི་རལ་པའི་རྩེ་མོ་དེ་ནི་མངོན་པར་བཅས་པ་དེའི་ཚེ་ན།ཟེར།
- རྒན་ནོར་བྲང་ཨོ་རྒྱན།ཕལ་པའི་ཟླ་བ་རལ་པའི་རྒྱན་དུ་བྱེད་པ་མགྲིན་སྔོན་ཅན་ལྷ་ཆེན་དྲག་པོ་དབང་ཕྱུག་ཀྱང་སྲོང་བཙན་སྒམ་པོའི་གཟི་བརྗིད་མ་བཟོད་པར་མིའི་ས་སྟེང་འདིར་སྡོད་མི་དགོས་པར། ས་ལའི་ལྗོངས་སུ་སོང་ཞེས་ལྷ་རྣམས་ཀྱི་དེ་ལྟར་བསྔགས་སོ་ཟེར། བྱས་ནས་ད་སྔར་ལོ་རྒྱུས་ཐོག་ལ་ཆ་བཞག་ན་དེ་ནི་མགྲིན་སྔོན་ཅན་ནི་ཟེར་ན་ལྷ་ཆེན་དྲག་པོ་དབང་ཕྱུག་ཟེར་ཡས་དེ་ལ་ཡིན་ན། དེ་ནི་དེ་གཅིག་ཡོའོ་རེད་པ།
- རྒན་ནོར་བྲང་ཨོ་རྒྱན།རལ་པའི་རྒྱན་དུ་དེ་ནི་ཟླ་བ་གཅིག་ཡོའོ་རེད་པ། ཟླ་བ་ཚེས་པ་གཅིག་ཡོའོ་རེད་པ། དེ་ཡིན་དུས་ཙམ་པ་སྲོང་བཙན་སྒམ་པོའི་དེ་ནི་ཟླ་བ་དེ་ཡིན་ན། རྦད་དེ་སྲོང་བཙན་སྒམ་པོའི་ཟླ་བ་དེ་བོད་ལྗོངས་ཚང་མ་ལོགས་ལ་ཤར་དུས་ཙམ་པ། དེ་ནི་མགྲིན་སྔོན་ཅན་དེ་ནི་ཁོ་ར་ཡིན་ནའི་སྡོད་མ་ཐུབ་པ་ནང་ལྟར་སྲོང་བཙན་སྒམ་པོའི་གཟི་བརྗིད་མ་བཟོད་པར། དེ་ནི་མིའི་ས་གཞིའི་ཐོག་ལ་སྡོད་མ་ཐུབ་པར་ས་ལའི་ལྗོངས་ནས་དེ་ནི་། ནམ་མཁའ་ལ་ཕྱིན་སོང་ཟེར་ཡས་ལྷ་རྣམས་ཀྱིས་དེ་འདྲ་ཡིན་ན་ཡིན་ཟེར་ཡས་ཞེས་སོ། ཟེར། བཤད་ཀྱི་ཡོའོ་རེད་བྱས་ནས་ད་རབ་སྤེལ་སྒོ་ནས་དེ་འདྲས་གསུངས་བ་གཅིག་རེད་པ།
- རྒན་ནོར་བྲང་ཨོ་རྒྱན།ཞེས་རབ་སྤེལ་གྱི་སྒོ་ནས་སྲོང་བཙན་སྒམ་པོས་དགེ་བཅུའི་ཁྲིམས་བཅས་པའི་མཛད་པར་ཆེད་དུ་བསྔགས་པའོ་བྱས་ནས། དེ་ཡིན་ན་སྲོང་བཙན་སྒམ་པོས་དགེ་བཅུའི་ཁྲིམས་མཛད་པ་ལ་དེ་ནི་ཆེད་དུ་བསྔགས་བརྗོད་གནང་བ་དེ་འདྲས་རེད་ཟེར།
- རྒན་ནོར་བྲང་ཨོ་རྒྱན།ཡིད་བསྲུབས་ཀྱིས་བརླམས་སྡིག་ལྟའི་སེམས་འཆང་རིགས༎ ལེགས་བྱས་སྣང་བ་འགོག་ཚེ་ཁྲི་སྲོང་ལྷས༎ ཐབས་མཁས་འཕྲུལ་གྱིས་སྤེལ་བའི་དགེ་ལེགས་འོད༎ སྤུར་རྒྱལ་ཡངས་པའི་ས་ལ་ཀུན་ཏུ་འབར༎ ཟེར་ན། ད་འདི།
- རྒན་ནོར་བྲང་ཨོ་རྒྱན།སྐབས་དེ་ལ་ཡིན་ན་ད་གོང་དུ་ཡིན་ན་སྲོང་བཙན་སྒམ་པོའི་མཛད་རྗེས་དེ་བྱས། བོད་ཀྱི་མེས་དབོན་རྣམ་གསུམ་གྱི་ནང་ནས་སྲོང་བཙན་སྒམ་པོ་དང་། ད་ག་ནང་ལྟར་འོང་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་དང་། མངའ་བདག་ཁྲི་རལ་པ་ཅན་དེ་འདྲས་ཡོའོ་རེད་པ། བྱས་ཙང་། སྐབས་དེ་ལ་གོང་ལ་ཡིན་ན་དེ་ནི་སྲོང་བཙན་སྒམ་པོའི་མཛད་པ་ལ་བསྟོད་བསྔགས་བྱེད་ཡས་དང་གཉིས་པ་དེ་ལ་ཡིན་ན་རྦད་དེ་འོ་ཁྲི་སྲོང་ལྡེ་བཙན་ལ་དཔེར་ན་བསྟོད་བསྔགས་ཞུས་ཡས།
- རྒན་ནོར་བྲང་ཨོ་རྒྱན།སྐྱེ་འགྲོའི་ཡིད་སྲུབས་པ་པོ་བདུད་ཀྱིས་སེམས་རྒྱུད་བརླམས་པའི་སྡིག་པའི་ལྟ་བའི་སེམས་འཆང་བ་མ་ཞང་ཁྲོམ་པ་སྐྱེས་སོགས་ཟེར་ན། དེ་ནི་བདུད་ཀྱིས་སེམས། དེ་ནི་བདུད་ཀྱིས་སེམས་རྒྱུད་བརླམས་པ་དེ་ནི་སྡིག་པའི་ལྟ་བ་འཆང་བ་མ་ཞང་ཁྲོམ་པ་སྐྱེས་ལ་སོགས་པས་དེ་ནི་གང་འདྲས་ཟེར་རེད་ན། དེ་ཚོས་དཔེར་ན་གཅིག་གི་བོན་གྱི་བསྟན་པ་སྤེལ་ཡས་ལ་སོགས་པ། བོན་སྤེལ་ཡས་ལ་སོགས་པ་དེ་འདྲས་ཀྱི་ཐོག་ནས་དེ་ནི་སངས་རྒྱས་བསྟན་པ་སྤེལ་བའི་ལེགས་བྱས་སྣང་བ།
- རྒན་ནོར་བྲང་ཨོ་རྒྱན།སངས་རྒྱས། སངས་རྒྱས་བསྟན་པ་སྤེལ་ཡས་ཐོག་ལ་ཨ་ནི་འགོག་རྐྱེན་ཡིན་ན་ཤིན་ཏུ་ཆེན་པོ་བཟོས་པ་དེ་འདྲས་ཅིག་རེད། ཟེར།
- རྒན་ནོར་བྲང་ཨོ་རྒྱན།དེ་ནས་ཡིན་ན་ཁྲི་སྲོང་ལྡེའུ་བཙན་ཡིན་ན་ག་རེ། འཕྲུལ་གྱི་ལྷས་ཐབས་ལ་མཁས་པའི་མཛད་པ་བསམ་གྱིས་མི་ཁྱབ་པའི་ཨེ། ངོ་མཚར་འཕྲུལ་གྱི། ངོ་མཚར་རྦད་དེ་དེ་ནི་སྲོང་བཙན་སྒམ་པོས་རྦད་དེ་མ་ཞང་ཁྲོམ་པ་སྐྱེས་ཚར་བཅད་ཡས་ལ་སོགས་པ་དེ་འདྲས་ཀྱི་ཐོག་ལ་ཡིན་ན་ཐབས་མཁས་མང་པོ་སྟོན་པ་དེ་འདྲས་གཅིག་ཡོའོ་རེད་པ།
- རྒན་ནོར་བྲང་ཨོ་རྒྱན།དེ་ནི་ཐབས་ལ་མཁས་པའི་མཛད་པ་བསམ་གྱིས་མི་ཁྱབ་པའི་ངོ་མཚར་འཕྲུལ་གྱིས་སངས་རྒྱས་ཀྱི་བསྟན་པ་ཉི་མ་ལྟར་སྤེལ་བ་དེས་རྟག་ཏུ་འགྲོ་བ་རྣམས་ལ་ཕན། ཨེ། ཉི་མ་ལྟར་སྤེལ་བ་དེས་རྟག་ཏུ་འགྲོ་བ་རྣམས་ལ་འཕྲལ་ཡུན་ཕན་དང་བདེ་བའི་དགེ་ལེགས་ཀྱི་འོད་ཟེར་རྣོན་པོས་སྤུར་རྒྱལ་ཡངས་པའི་ས་ལ་འོང་། ས་ལ་དུས་ཀུན་ཏུ་འབར་རོ་ཟེར་བྱས་བྱས། ཡིན་ན་ད་དེ།
- རྒན་ནོར་བྲང་ཨོ་རྒྱན།ཁྲི་སྲོང་ལྡེའུ་བཙན་ཐོག་ལ་ཆ་བཞག་ན། ཨ་ནི་དེ་གང་རེད་གཅིག་གི་ད་མ་ཞང་ཁྲོམ་པ་སྐྱེས་ལ་སོགས་པ་དེ་ཚོའི་དཔེར་ན་སྡིག་སེམས་དེ་གྱད་དེ་བཅོམ། སངས་རྒྱས་བསྟན་པ་སྤེལ། སངས་རྒྱས་ཀྱི་བསྟན་པ་སྤེལ་ནས་ད་དེ་འདྲས་ཀྱི་དཔེར་ན་ད་ཉི་མ་དེས་འགྲོ་བ་ཐམས་ཅད་ལ་དེ་ནི་དགེ་ལེགས་ཀྱི་འོད་ཟེར་རྣོན་པོས་དེ་ནི་སྤུར་རྒྱལ་ཡངས་པར་དེ་ནི་ཉི་མ་དེས་ཀུན་ཏུ་ཁྱབ་སོང་གསུངས་ཡས།
- རྒན་ནོར་བྲང་ཨོ་རྒྱན།དེ་ཡིན་ན་ད་རིགས་མིན་གྱི་རྒྱུའི་སྒོ་ནས་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་དུས་རྒྱལ་བའི་བསྟན་པ་དར་ཞིང་རྒྱས་པར་མཛད་པའི་ཆེད་དུ་མཛད་་པའོ་ཟེར།
- རྒན་ནོར་བྲང་ཨོ་རྒྱན།ད་དེ་སྲོང་བཙན་སྒམ་པོས། ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་དུས་ལ་དེ་ནི་རྒྱལ་བའི་བསྟན་པ་དར་ཞིང་རྒྱས་པའི་དུས་སྐབས་དེ་འདྲས་ཅིག་ཡིན་གསུངས་ཀྱི་ཡོའོ་རེད་པ། དེ་གཅིག་བྱས། ད་དེ་བོད་ཀྱི་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་ནང་ནས་གཉིས་པ་དེ། དེ་བྱས ད་གསུམ་པ་དེ་ནི་རལ་བའི་དེ་རེད། ཆོས་རྒྱལ་མངའ་བདག་རལ་པ་ཅན་ལ་བསྟོད་པ་གནང་པ་དེ་འདྲས་གཅིག་རེད།
- རྒན་ནོར་བྲང་ཨོ་རྒྱན།རལ་པའི་ཟུར་ཕུད་བླ་བྲེར་བྲེས་པའི་མཁར༎ ཐུན་མཚམས་ལང་ཚོའི་སྡེ་ཡིས་ལེགས་འཁྱུད་པས༎ བདུད་སྡེའི་རྒྱལ་མཚན་ནགས་ཀྱི་མེ་ཁྱེར་དག། གངས་ལྡན་རྭ་བའི་ངོས་ལས་ཕྱི་རོལ་བརྒལ༎ ཟེར་ན་ད་དེ།
- རྒན་ནོར་བྲང་ཨོ་རྒྱན།གསུངས་ཡས་དེ་མངའ་བདག་ཁྲི་རལ་པ་ཅན་གྱི་ཐུགས་ལ་ཆ་བཞག་ན། གང་འདྲས་རེད་ཟེར་ན།
- རྒན་ནོར་བྲང་ཨོ་རྒྱན།ཁོང་རང་དེ་ནི་དབུ་སྐྱེས་རལ་པ་ཅན་རེད་པ། རལ་པ་དེ་ནི་རལ་པ་དེ་ནི་གཡས་གཡོན་གཉིས་ལ་བརྐྱངས་ནས་དེ་ནིརླ་པའི་སྒང་ལ་དེ་ནི་རལ་པའི་རྩེ་ལ་དར་བཏགས། དར་བཏགས་པའི་སྒང་ལ་དེ་ནི་དགེ་འདུན་དང་ད་ག་ནང་ལྟར་གོས་དཀར་ལྕང་ལོ་ཅན་འོ་དེ་འདྲས་ཡིན་ན་བཞུགས་སོ་གསོལ་བའི་འོང་། མཆོད་ཅིང་བཀུར་བའི་བླ་བྲེར་བྲེས་པའི་ནམ་མཁར་ཟེར་ན།
- རྒན་ནོར་བྲང་ཨོ་རྒྱན།འོང་། རལ་པའི་དེའི་སྤྱི་གཙུག་ལ་དར་བཏགས་པ་དེ་བླ་བྲེའི་ཚུལ་དུ་བཀོད། ནམ་མཁར་ཐུན་མཚམས་དམར་སེར་ལང་ཚོའི་མདངས་ལྡན་ཆོས་གོས་མནབས་པ། ད་ག་ནང་ལྟར་དེའི་སྒང་ལ་ཆ་བཞག་ན་ཐུན་མཚམས་དམར་སེར་དགེ་སློང་གི་ཆོས་གོས་ཟེར་ཡས་དེ་ནི་ཐུན་མཚམས་དམར་སེར་གྱི་དེ་ནི་ལང་ཚོ་དང་ལྡན་པ་དེ་འདྲས་རེད་པ།
- རྒན་ནོར་བྲང་ཨོ་རྒྱན།དེ་ནི་རིག་པ་དང་གྲོལ་བའི་འཕགས་ཚོགས་དགེ་འདུན་འདུས་པའི་སྡེ་དང་ད་ག་ནང་ལྟར་གོས་དཀར་ལྕང་ལོའི་སྡེ་ལ་སོགས་པ། དགེ་འདུན་དབུ་སྡེ་གཉིས་ཟེར་ཡས་དེ་དེ་ནི་བཞུགས་སོ་བཅུག་པ་ཡིན་ཟེར་ཡས་དེ་ཨ་ནི་ལོ་རྒྱུས་ཐོག་ལ་ཡོའོ་རེད་པ།
- རྒན་ནོར་བྲང་ཨོ་རྒྱན།བྱས་ནས་ལེགས་པར་འཁྱུད་པར་མཛད་པས་གཞན་དུ་ན་བདུད་སྡེའི་རྒྱལ་མཚན་ནགས་ཀྱི་སྲིན་བུ་མེ་ཁྱེར་མི་དགེ་བ་བཅུ་ལ་བག་མེད་པར་སྤྱོད་པ་དག་གངས་ལྡན་རི་བོའི་ཐ་གྲུ་བྲེས་པའི་ཞིང་མཆོག་འདིར་ཁོར་ཡུག་རྭ་བའི་ངོས་ལས་ཕྱི་རོལ་ཏུ་བརྒལ་བ་སྟེ། ཟེར། དེ་འདྲས་ཀྱི་དཔེར་ན་སྲོང་བཙན་སྒམ་པོས་དེ་ནི་རྦད་དེ་རྒྱལ་བའི་བསྟན་པ་ལ་ཤིན་ཏུ་བཀའ་དྲིན་་གནང་བ། ཁོ་ཁ་གཏུག་ལ་ཆ་བཞག་ན། དེ་ནི་བདུད་སྡེའི་རྒྱལ་མཚན་གྱི་ནགས་ཀྱི་སྲིན་བུ་ད་རྦད་དེ་སོ་སོ་བློས་གང་ཡང་བྱེད་ཡིན་མ་འདོད་ན།
- རྒན་ནོར་བྲང་ཨོ་རྒྱན།དེ་ཚོ་ལ་ཡིན་ན། བོད་ཀྱི་ས་མཚམས་ལ་བསྡད་མ་ཐུབ་པ་དེ་ནི་རྦད་དེ་ཨེ། འོང་། བོད་ཀྱི་ས་གཞིའི་ནང་ནས་ཡིན་ན་ནི་ཁྱོན་ནས་རྩ་བ་ནས་ལྷག་མེད་པ་ནང་ལྟར་གྱི་ཐོག་ནས་ཕྱི་རོལ་ཏུ་བརྒལ་བ་སྟེ་ཟེར།
- རྒན་ནོར་བྲང་ཨོ་རྒྱན།དེའི་དེ་ནི་དེ་གསུངས་ཡས་དེ། གང་འདྲས་ཟེར་སྐབས་དེ་དུས་ཆ་བཞག་ན། དེ་ནི་བོད་ཀྱི་ལྗོངས་ལ་ཆ་བཞག་ནའི་གངས་ཅན་ས་ལའི་སྨན་ལྗོངས་ལ་ཆ་བཞག་ན། དེ་ནི་སྐྱེ་བོ་ཐམས་ཅད། དགེ་བ་བཅུ་ལ་སྤྱོད་པ་ལས་དེ་ནི་ད་ག་ནང་ལྟར་གྱི་དཔེར་ན།
- རྒན་ནོར་བྲང་ཨོ་རྒྱན།མི་དགེ་བ་བཅུ་ལ་སྤྱོད་པའི་སྐབས་ཁྱོན་ནས་མེད་པ་ནང་ལྟར་ཨེ། མི་དགེ་བ་བཅུ་ལ་སྤྱོད་པ་དེ་དེ་ནི་མིང་གི་ལྷག་མ་ཙམ་དུ་གྱུར་ཏོ་ཟེར། ཞེས་རིགས་པའི་རྒྱུའི་སྒོ་ནས་མངའ་བདག་ཁྲི་རལ་པས་སངས་རྒྱས་ཀྱི་བསྟན་པ་ཆེས་ཆེར་རྒྱས་པར་མཛད་པ་དེ་ལ་བསྔགས་པའོ་ཟེར།
- རྒན་ནོར་བྲང་ཨོ་རྒྱན།འདི་དེ་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་ཨ་ནི་མཛད་པ་མེས་དབོན་རྣམ་གསུམ་ལས་མངའ་བདག་རལ་པ་ཅན་ལ་བསྟོད་བསྔགས་བརྗོད་པ་དེ་འདྲས་རེད་ཟེར།
- རྒན་ནོར་བྲང་ཨོ་རྒྱན།མ་རིག་སྟུག་པོར་འཕྱན་བྱེད་དགྲ་སྡེའི་ལྷར༎ མངོན་པར་འཁོན་བའི་བདུད་རྩི་བོད་ཡུལ་ཟོང་༎ འཐུངས་པས་ཆོས་སྲིད་བདག་པོ་ས་སྐྱ་པ༎ སྟོབས་ལྡན་དགྲ་ཅན་གཉིས་པ་ས་འདིར་སྣང་༎ ཟེར།
- རྒན་ནོར་བྲང་ཨོ་རྒྱན།ད་་འདི་དེ་རེད་པ། འོང་དཔེར་ན་དེ་ཆ་བཞག་ན། ད་འོང་ཆོས་རྒྱལ་གདུང་རྒྱུད་ཀྱི་ད་བོད་ལ་ཆ་བཞག་ན་དབང་བསྒྱུར་བའི་མཇུག་ལ་ཡིན་ན། བོད་ལ་ཆ་བཞག་ན་ས་སྐྱ་བས་བོད་ལ་དབང་བསྒྱུར་བྱེད་ཡས་གཅིག་བྱུང་ཡོའོ་རེད་པ་བྱས་ཙང་ད་དེའི་ཐོག་ལ་བསྟོད་བསྔགས་གནང་ང༼བ་༽དེ་འདྲས་རེད།ཟེར།
- རྒན་ནོར་བྲང་ཨོ་རྒྱན།མ་རིག་སྟུག་པོར་འཕྱན་བྱེད་ད་ལྟའི་བྱས་ཙང་མིའི་སྲོག་ལ་འཚེ་བ་སོགས་ཉོན་མོངས་པའི་དབང་དུ་གྱུར་ཅིང་། གནས་དང་གནས་མ་ཡིན་པའི་སྐབས་མ་རིག་པ་་་་ལམ་དུ་འཕྱན་བྱེད་དགྲ་སྡེའི་ལྷ་སྟེ། སྲིན་པོ་སྐྱ་རེངས་ཁྲག་མེད་མ་དང་། ད་ག་ནང་ལྟར་གི་ཐོག་ཚ་ལྷ་བོ་དཔའ་བོ་སྟག་གི་སྲས་ཨེ། གཡའ་སྤང་སྐྱེས་མངོན་པར་འཁོན་པས་ཟེར་ད་དེ་ནས།
- རྒན་ནོར་བྲང་ཨོ་རྒྱན།དེ་ནི་འོང་ག་རེ་ཟེར། ད་ནི་སྲིན་བུ་སྐྱ་རེངས་ཁྲག་མེད་མ་དང་ད་ནང་ལྟར་དེ་ནི་ཐོག་ཚ་དཔའ་བོ་གཉིས་ཨ་ནི་དེ་ནི་མངོན་པར་འཁོན་ནས་ག་རེ་བྱས་པ་རེད་ཟེར་ན།
- རྒན་ནོར་བྲང་ཨོ་རྒྱན།ཨེ་སྐྱ་རེངས་ཁྲག་མེད་མ་བསད་པ་ལ་སོགས་པ་དེ་འདྲས་ཀྱི་ལོ་རྒྱུས་ཡོའོ་རེད་པ། དེ་འདྲས་མངོན་པར་འཁོན་པའི་ནང་ནས་འཁོན་པའི་དེ་ནི་སྲིན་པོའི་ལག་ནས་གཡའ་གྲུམ་སིལ་མ་ཕྲོགས་ཏེ། ད་ནི་སྲིན་བུ་སྐྱ་རེངས་ཁྲག་མེད་མ་ནང་ནས་སྲིན་པོ་གཡའ་གྲུན་སིལ་མ་ཕྲོགས་ནས། ཐོག་ཚ་དཔའ་བོས་གངགནང་པ་རེད་ཟེར་ན།
- རྒན་ནོར་བྲང་ཨོ་རྒྱན།རང་དང་འདུས་པའི་བདུད་རྩིར་གྲུབ་པ་ཟེར་ན། དེ་ནི་ཐོག་ཙ་དཔའ་བོས་གཡའ་གྲུམ་སིལ་མ་ཕྲོགས་ནས། དེ་ནི་རང་ཉིད་དང་འདུས་པ་ལས། བྱུང་བའི་དེ་ནི། འཁྲུངས་བའི་དེ་ནི་བདུད་རྩིར་གྲུབ་པ་འཁོན་པར་སྐྱེས་ཞེས་འཁོན་གྱི་གདུང་རྒྱུད་དེ་ཐོག་མར། ད་དེ་འདྲས་འཁོན་ནས་ཕན་ཚུན་འཁོན་པའི་བར་ལ་དེ་བུ་སྐྱེས་སོང་།ཟེར་བྱས་ནས་དེ་འདྲས་དེ་ཡིན་ན་ཐོག་མའི་གདུང་རྒྱུད་དེ་ནི་འཁོན་གྱི་གདུང་རྒྱུད་དེ་ནི་ཐོག་མའི་འབྱུང་ཁུངས་དེ་འདྲས་གཅིག་རེད་པ།
- རྒན་ནོར་བྲང་ཨོ་རྒྱན།བྱས་ཙང་དེ་འདྲ་འཁོན་གྱི་གདུང་རྒྱུད་ཀྱིས་བོད་ཡུལ་གྱི་ཟོང་ངམ། ས་ལ་སྤྱོད་པའི་དགེ་མཚན་གྱི་བདུད་རྩི་འཐུངས་པ་སྟེ། བོད་ཡུལ་ཟོང་ངམ་ད་ག་ནང་ལྟར་ས་ལ་སྤྱོད་པའི་དགེ་མཚན་གྱི་བདུད་རྩི་འཐུངས་པ་དེ། བོད་ཁམས་ཁུལ་ལ་དབང་བསྒྱུར་བས་ཆོས་དང་སྲིད་ཀྱི་བདག་པོ་དཔལ་ལྡན་ས་སྐྱ་པ་ཞེས་སུ་གྲགས་པ་ནི།
- རྒན་ནོར་བྲང་ཨོ་རྒྱན།སྲིན་པོ་འདུལ་བ་ལ་མཆོག་ཏུ་བསྔགས་ཤིང་། དེ་ནི་ཡིན་ན་རྦད་དེ་སྲིན་པོ་འདུལ་བ་ལ་མཆོག་ཏུ་བསྔགས་ཤིང་། སྔོན་གྱི་ལྷ་ཞེས་འཇིག་རྟེན་ན་སྟོབས་དང་ལྡན་པར་གྲགས་པ་ལྷ་མིན་གྱི་དབང་པོ་སྒྲ་གཅན་གཉིས་པ་དེ་ནི་འོང་སྲིན་པོ་འདུལ་བ་ལ་མཆོག་ཏུ་བསྔགས་ཤིང་སྔོན་གྱི་ལྷ་ཞེས་འཇིག་རྟེན་ན་སྟོབས་དང་ལྡན་པར་གྲགས་པར་ལྷ་མིན་དབང་པོསྒྲ་གཅན། དེ་ནི་ལྷ་མིན་གྱི་དབང་པོ་སྒྲ་གཅན་གཉིས་པ་བོད་ཁམས་ཀྱི་ས་འདིར་ལྷགས་སོ།
- རྒན་ནོར་བྲང་ཨོ་རྒྱན།ས་འདིར་སྣང་ངོ་ཞེས་ཤིན་གཞོན་གྱི་སྒོ་ནས་དཔལ་ལྡན་ས་སྐྱ་པས་བོད་ཁམས་ཡོངས་ལ་དབང་བསྒྱུར་བ་ལྷ་མིན་གྱིས་སྲིན་པོ་བཏུལ་བའི་གཏམ་རྒྱུད་དང་སྦྱར་ཏེ་ཆེད་དུ་བསྔགས་པ་དེ་འདྲས་གཅིག་རེད་ཟེར།
- རྒན་ནོར་བྲང་ཨོ་རྒྱན།དེ་དཔལ་ལྡན་ས་སྐྱ་པ་ལ་གསུངས་པ་དེ་འདྲས་གཅིག་རེད།
- རྒན་ནོར་བྲང་ཨོ་རྒྱན།རིན་ཆེན་བདུན་གྱིས་འདོད་རྒུར་མངའ་བསྒྱུར་བའི༎ ས་དབང་རྒྱལ་པོའི་གོ་སར་གནམ་གྱི་མཐོངས༎ སྒོ་འཕར་ཡངས་པའི་སྒོ་ནས་བུམ་བཟང་གིས༎ སྤྱི་བོར་དབང་བསྐུར་སྡེ་སྲིད་ཕག་མོ་གྲུ ད་དེ།
- རྒན་ནོར་བྲང་ཨོ་རྒྱན།མཇུག་མ་དེ་ད་ས་སྐྱ་པའི་དབང་བསྒྱུར་མཇུག་བསྒྲིལ་བའི་མཇུག་ལ་སྡེ་སྲིད་ཕག་མོ་གྲུ་པའི་དབང་བསྒྱུར་མགོ་འཚུགས་པ་དེ་འདྲས་གཅིག་རེད་པ།
- རྒན་ནོར་བྲང་ཨོ་རྒྱན།དེ་ཡིན་ན་འཁོར་ལོ་རིན་པོ་ཆེ་ལ་སོགས་པ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཚང་དགོས་པ་ཟེར་ན།དེ་ནི་འཁོར་ལོས་བསྒྱུར་བའི་རྒྱལ་པོ། འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཟེར་ན། འཁོར་ལོ་རིན་པོ་ཆེ་ལ་སོགས་པ་དེ་འདྲས་ཀྱི་ནོར་བུ་འོང་འཁོར་ལོ་རིན་པོ་ཆེ་ཟེར་ཡས་དེ། དེ་འདྲས་ཀྱི་རིན་པོ་ཆེ་སྣ་བདུན་ལ་སོགས་པ། ཚང་དགོས་པ་དེ་འདྲས་གཅིག་རེད་པ།
- རྒན་ནོར་བྲང་ཨོ་རྒྱན།རྒྱལ་སྲིད་རིན་ཆེན་སྣ་བདུན་གྱི་འདོད་རྒུའི་དཔལ་ལ་མངའ་དབང་བསྒྱུར་བ་ཡངས་པའི་ས་ཆེན་པོ་ལ་སྟོབས་ཀྱིས་དབང་བསྒྱུར་བའི་རྒྱལ་པོའི་གོ་སར་གནམ་གྱི་མཐོངས་སྒོ་འཕར་ཡངས་པའི་སྒོ་ནས། གནམ་བསྐོས་ཏཱ་མིང་གོང་མའི་ལུང་ལས། ད་དེ་འདྲས་ཀྱི་ཐོག་ནས་ད་སྔོན་མ་ནས་ཟེར་ན་རྒྱལ་སྲིད་སྣ་བདུན་ལ་སོགས་པ།འཁོར་ལོས་བསྒྱུར་བ་ཟེར་ཡས་དེ། དེ་འདྲས་ཡོའོ་རེད་པ། སྐབས་དེ་དུས་དེ་ནི་རྙིང་མའི་དུས་སྐབས་ལ་ཆ་བཞག་ན། ཡངས་པའི་འཁོར་ལོའི་སྟོབས་ཀྱིས་དབང་བསྒྱུར་བའི་དེ་ནི་རྒྱལ་པོའི་གོ་སར་གནམ་གྱི་མཐོངས་ནས་སྒོ་འཕར་ཡངས་པའི་ཐོག་ནས།
- རྒན་ནོར་བྲང་ཨོ་རྒྱན།གནམ་བསྐོས་གོང་མ་ཏཱ་མིང་གི་ལུང་བུམ་བཟང་གི་ལུང་ལས། བུམ་བཟང་གི་དེ་ནི་བོད་ཀྱི་བདག་པོར་སྤྱི་བོར་དབང་བསྐུར་བ་ཟེར།
- རྒན་ནོར་བྲང་ཨོ་རྒྱན།དེ་ནི་ཨེ།དབང་བསྐུར་བ་སྡེ་སྲིད་ཕག་མོ་གྲུ་པས་ཟེར་ན། ཐོག་མ་དེ་དེ་རེད་པ། ཏཱ་སི་ཏུ་བྱང་ཆུབ་རྒྱན་མཚན་གྱི་ཐོག་ནས་སྡེ་སྲིད་ཕག་མོ་གྲུ་པའི་སྡེ་སྲིད་དབུ་བཙུགས་ནས། ཨོའོ་དེའི་མཇུག་ལ་ཨ་ནི་ཨེ། ཏཱ་མིང་གོང་མས་ཡིན་ནའི་དེའི་མཇུག་མ་ཐོག་ལ་ཡིན་ན་།
- རྒན་ནོར་བྲང་ཨོ་རྒྱན།དེ་ནི་ཨེ། ལུང་ལས་ཐོབ་པ་དེ་འདྲས་ཀྱི་རེད་པ། དེ་འདྲས་ཀྱི་གྲུ་པ་ལ་མཆོག་ཏུ་བསྔགས་འོས་སོ་ཟེར་ན། ད་དེ་ཡིན་ན་དེ་སྲིད་ཕག་མི་གྲུ་པས་བོད་ཡོངས་ལ་དབང་བསྒྱུར་བ་ལ་ཆེད་དུ་བསྔགས་པ་དེ་འདྲས་ཅིག་རེད་ཟེར།
- རྒན་ནོར་བྲང་ཨོ་རྒྱན།ཨེ་མ་སྔོན་བྱོན་ས་སྤྱོད་ལྷ་རྣམས་ཀྱིས༎ བོད་འབངས་འདབ་བརྒྱ་བཞད་པའི་ཕན་བདེའི་འོད༎ སྤྲོས་ཚེ་ཉིན་བྱེད་བདག་གིས་ཅི་བྱ་ཞེས༎ གནོད་སྦྱིན་ཕྱོགས་ཀྱི་འཁྲིག་པའི་ཁྱིམ་དུ་བྲོས༎ ཟེར།
- རྒན་ནོར་བྲང་ཨོ་རྒྱན།ད་དེ་འོང་ད། ད་བོད་ཀྱི་ཆོས་རྒྱལ་གཅིག་ལ་བསྔགས་པ་དེ་འདྲས་གཅིག་རེད་ཟེར།
- རྒན་ནོར་བྲང་ཨོ་རྒྱན།ཨེ་མ་ཧོ་ངོ་མཚར་ཆེ་ཟེར། གངས་ཅན་ས་ལའི་སྨན་ལྗོངས་འདིར་སྔོན་བྱོན་ས་ལ་སྤྱོད་པ། འཕྲུལ་གྱི་ལྷ་བཙན་པོ་རིམ་པར་བྱོན་པ་རྣམས་ཀྱིས་ཟེར།
- རྒན་ནོར་བྲང་ཨོ་རྒྱན།ད་ག་ནང་ལྟར་བོད་འབངས་བདེ་སྐྱིད་ཀྱི་དཔལ་ལ་སྤྱོད་པ་རབ་ཏུ་དགའ་བའི་འདབ་བརྒྱ། དེ་ནི་འདབ་བརྒྱ་འདབ་བརྒྱ་པདྨ་ཀུན་ནས་བཞད་པའི་དེ་ནི་ཕན་པ་དང་བདེ་བའི་ཉི་མའི་འོད་ཟེར། འོད་ཀུན་ཕན་པ་དང་བདེ་བའི་ད་འདབ་བརྒྱ་པདྨ་བཞད་པའི་དེ་ནི་ད་ཕན་པ་དང་བདེ་བའི་ཉི་མའི་འོད་ཟེར་འོད་ཀུན་ལ་སྙོམ་པར་སྤྲོས་ཏེ། རྟག་ཏུ་བདེ་དགའི་དཔལ་ལ་སྦྱོར་བའི་དུས་རབས་བཟང་པོ་འཆར་བ་དེའི་ཚེ་ཟེར་ན།
- རྒན་ནོར་བྲང་ཨོ་རྒྱན།ནམ་མཁའི་ངོས་སུ་ཉིན་མོར་རྒྱུ་ཞིང་། པདྨའི་ཁ་འབྱེད་ནུས་པ་ཙམ་གྱི་ཉིན་བྱེད་ཕལ་པ་དག་གིས་ཅི་བྱ་ཞེས། ད་དེའི་ཐོག་ནས་ཆ་བཞག་ན། ནམ་མཁའི་ཁ་ལ་རྒྱུ་བའི་ཉིན་མ་དེ་ཡིན་ན། ད་སྔར་གཞན་དག་ཕལ་པ་ཉིན་མ་ངས་ཡིན་ན་གང་ཟེར་ན་ནི། ཉིན་མའི་ནང་ལ་གཅིག་གི་པདྨ་ཁ་འབྱེད་ཕྱེ་ཙམ་གྱི་མ་གཏོགས། དེ་ནི་གཞན་དག་ད་ངས་གཞན་དག་ཕན་འདོགས་གའི་ཡོའོ་མ་རེད་ཟེར།
- རྒན་ནོར་བྲང་ཨོ་རྒྱན།སྐྱེ་བ་ཐམས་ཅད་ཀྱི་དཔེར་ན། གང་ཟེར་དགོས་རེད་ཕན་པ་དང་བདེ་བ་དེ་སྐྱེས་ཐུབ་པ་དེ་འདྲས་ཡོའོ་་མ་རེད་ཟེར།
- རྒན་ནོར་བྲང་ཨོ་རྒྱན།བྱས་ནས། བདག་གི་ཅི་བྱ་ཞེས། གདུང་བའི་ངག་དང་བཅས་དགུན་གྱི་དུས་ཤིན་ཏུ་སྐྱོ་བར་འོས་པ་ཉིན་མའི་ལྷོ་ཕྱོགས་སུ།འོང་དགུན་གྱི་དུས་ཤིན་ཏུ་སྐྱོ་བར་འོས་པ་ཉིན་མ་ལྷོ་ཕྱོགས་སུ་བགྲོད་པའི་མཚམས་བཞག་སྟེ། དབྱར་གྱི་དུས་སྟོན་བཟང་པོ་ཅི་དགར་འགྱེད་པའི་ཉི་མ་གནོད་སྦྱིན་གྱི་ཕྱོགས་བྱང་བགྲོད་ཀྱིས་འཁྲིག་པའི་ཁྱིམ་དུ་རིངས་པ་རིངས་པའི་འགྲོས་ཀྱིས་བྲོས་སོ་ཞེས།
- རྒན་ནོར་བྲང་ཨོ་རྒྱན།ད་ཉི་མ་ལྷོ་ཕྱོགས་ནས་དེ་ནི་བྱང་ཕྱོགས་སུ་འགྲོ་བ་དེ་ནི་རྦད་དེ་ཉིན་མ་དེ་ཡིན་ན་བྱང་རོལ་དུ་ཕྱིན་ནས་འཁྲིག་པ་སྤྱོད་པར་རིངས་པ་རིངས་པར་དེ་ནི་ འགྲོས་ཀྱིས་བྲོས་སོ་ཞེས། སེམས་མེད་རབ་རྟོག་གི་སྒོ་ནས་ཨ་ནི་བོད་ཀྱི་ཆོས་རྒྱལ་སྤྱི་ལ་བསྔགས་པ་ཡིན་པ། ཆོས་རྒྱལ་སྤྱི་ལ་བསྔགས་སྟངས་བསྔགས་སྟངས་ཡིན་ནའི་དཔེར་ན། དེ་ནི་བོད་ཀྱི་ཆོས་རྒྱལ་ཚོའི་མཛད་པ་ཉི་མ་ཤར་དུས་ཙམ་པ་དེ་ནི་ཉིན་བྱེད་ཕལ་པ་ང་ཡིན་ནའི་འཇིག་རྟེན་ཁམས་ལ་བསྡད་ཀྱི་མི་འདུག་ཟེར།
- རྒན་ནོར་བྲང་ཨོ་རྒྱན།དེ་ནི་ཉི་མ་བྱང་བགྲོད་ཀྱི་ཚུལ་གྱི་ཐོག་ནས་དེ་ནི་འཁྲིག་པའི་ཁྱིམ་དུ་བྲོས་སོང་ཟེར་ཡས་དེ། དེ་ཡིན་ན་སྙན་ངག་ནང་ནས་བྱས་ན་རབ་རྟོག་གི་རྒྱན་གྱི་ཐོག་ནས་བོད་རྗེ་ཆོས་རྒྱལ་སྤྱི་ལ་བསྟོད་པ་དེ་འདྲས་ཟེར་ཡིན་ཟེར།
- རྒན་ནོར་བྲང་ཨོ་རྒྱན།འོང་། ཁྲིམས་གཉིས་སྲབ་ཀྱིས་མ་གཅུན་རེངས་པའི་གཉར༎ དྲང་རིག་འཛམ་བུ་གསེར་གྱི་འཁོར་ལོ་ཡིས༎ མནན་ཚེ་ངན་སྤྱོད་སྐྱེ་བོའི་བག་ཡངས་ཀུན༎ བཀྲེས་སྐོམ་གདུང་བས་མནར་ལུས་ཇི་བཞིན་སྙམ༎ ཞེས་གསུང་པ་ནི་ཟེར།
- རྒན་ནོར་བྲང་ཨོ་རྒྱན།ད་དེ་ད་ལྟ་སྔ་མའི་ཆོས་རྒྱལ་རྣམས་ལ་དེ་བྱས། ད་དེ་རྗེས་མ་དེ་ནི་སྐབས་དེ་དུས་ལྔ་པ་ཆེན་པོའི་དུས་སྐབས་ཀྱི་གནས་ཚུལ་གསུངས་ཡོའོ་རེད། ལྔ་པ་ཆེན་པོའི་དུས་སྐབས་ལ་ཆ་བཞག་ན།
- རྒན་ནོར་བྲང་ཨོ་རྒྱན།དེ་ནི་སྡེ་སྲིད་ཆོས་རྒྱལ། གུ་ཤཱི་བསྟན་འཛིན་ཆོས་རྒྱལ་གྱི་ཐོག་ནས་དེ་ནི་དེ་རེད་པ། གང་ཟེར་དགོས་རེད་པས།
- རྒན་ནོར་བྲང་ཨོ་རྒྱན།ཨེ། ཨ་ནི་གཙང་པའི་རྒྱལ་པོའི་དཔུང་རོགས་དེ་བཅོམ་པ་དེ་འདྲས་རེད་པ། དེ་ཚོའི་ཐོག་ལ་གནས་ཚུལ་དེ་གསུངས་ཀྱི་ཡོའོ་རེད་ཟེར།
- རྒན་ནོར་བྲང་ཨོ་རྒྱན།ཆོས་སྲིད། ཆོས་སྲིད་ཁྲིམས་གཉིས་སྲབ་ཀྱིས་མ་གཅུན་པས་ཟེར། ད་ད་ལྟ་ཆོས་དང་སྲིད་ཀྱིས་དེ་ནི་ཡང་དག་པའི་དེ་ནི་སྲབ་ཀྱིས་མ་གཅུན་པའི་བག་མེད་སྤྱོད་པར་མི་བསྲུན་པའི་རྟ་རྒོད་མ། རྟ་རྒོད་ཇི་བཞིན་དུ་ཤིན་ཏུ་མ་དུལ་བ་རེངས་པའི་གཉའ་བར་ཚུལ་བཞིན་དུ་སྤྱོད་དགོས་པ་ཆོས་ལྡན་གྱི་རྒྱལ་པོའི་བཀའ་ཁྲིམས་ཚངས་པའི་དྲང་ཐིག་ལྟར་འདྲོངས་པ་འཛམ་བུ་ཆུ་བོའི་གསེར་གྱི་འཁོར་ལོ་ཤིན་ཏུ་ལྕི་བ་ཡིས་ཟེར།
- རྒན་ནོར་བྲང་ཨོ་རྒྱན།མནན་པའི་ཚེ་ན་ངན་པའི་སྤྱོད་པ་ལ་ཞུགས་པ། ཚུལ་མིན་སྐྱེ་བོའི་སྤྱོད་པ་བག་ཡངས་པ་ཀུན་ད་གཟོད་རང་ཉིད་གྲོགས་དང་བྲལ་ནས། དཔའ་འཁུམ་པ་བཀྲེས་སྐོམ་གདུང་བས་མནར་བའི་ལུས་ཤིན་ཏུ་རིད་པ། ཇི་ལྟ་བ་བཞིན་དུ་སྤོབས་པ་དང་བྲལ་བར་གནས་སམ་སྙམ་མོ་ཟེར་ན།
- རྒན་ནོར་བྲང་ཨོ་རྒྱན།དཔེར་ན་ད་ཁྲིམས་ཀྱི་དཔེར་ན་གསེར་གྱི་འཁོར་ལོས་བསྒྱུར་བ་དེ་འདྲས་མནན་དུས་ཙམ་པ་དེ་ནི་སོ་སོའི་ངན་སྤྱོད་དེ་གྱད་དེ་ཡིན་ན།
- རྒན་ནོར་བྲང་ཨོ་རྒྱན།རང་བཞིན་དཔེར་ན། བཀྲེས་སྐོམ་གདུང་བས་མནར་བའི་ལུས་ཤིན་ཏུ་རིད་པར་གནས་སོ་ཟེར། བྱས་ནས་ད་དེ་སྐབས་དེ་དུས་གཙང་པ་རྒྱལ་པོས་དབང་དུ་བསྡུས་པའི་གནས་ལུགས་ཡིན་ན་གསུངས་པ་དེ་འདྲས་ཅིག་རེད་ཟེར།
- རྒན་ནོར་བྲང་ཨོ་རྒྱན།བརྣག་ནུས་ལས་འདས་ཕ་རོལ་རྒོལ་བའི་གཡུལ༎ རྣམ་པར་བཅོམ་པའི་མགོ་འཕྲེང་ཁྲག་གིས་བརླན༎ ལན་གཅིག་མིན་པར་གཤེར་བའི་དམར་འོད་ཀྱིས༎ རྒོད་མ་ཁ་དེ་རྒྱ་མཚོའི་མཐའ་རུ་ཡིབས༎ ཟེར།
- རྒན་ནོར་བྲང་ཨོ་རྒྱན།ད་དེ་བྱས་ནའི་ད་གཙང་པའི་དུས་སྐབས་ལ་ཆ་བཞག་ན། གཙང་སོག་གཉིས་དེ་ནི་གཡུལ་འགྱེད་ནས་ཆེན་པོ་བྱུང་བ། ཨེ་དེའི་གནས་ཚུལ་གསུང་བ་དེ་འདྲས་རེད་ཟེར།
- རྒན་ནོར་བྲང་ཨོ་རྒྱན།ཤིན་ཏུ་བརྣག་པར་ནུས་པ་སྟེ་བཟོད་པའི་ཡུལ་ལས་ཡོངས་སུ་འདས་པ། ཤིན་ཏུ་བརྣག་པར་ནུས་པ་སྟེ་ཟེར་ན། བཟོད་པའི་ཡུལ་ལས་ཡོངས་འདས་པ་གཙང་སྟོད་རྒྱལ་པོའི་དཔུང་ལ། དཔུང་ཕ་རོལ་པོས་རྒོལ་བ་ངན་པའི་གཡུལ་དག་ཀྱང་འཇིགས་པ་མེད་པར་གུ་ཤྲཱིའི་དཔུང་ཚོགས་ཀྱིས་རྣམ་པར་བཅོམ་སྟེ། ཟེར།
- རྒན་ནོར་བྲང་ཨོ་རྒྱན།ཕ་རོལ་གྱི་དེ་ནི་གཙང་པའི་དཔུང་དེ་འདྲས་ཆེན་པོ་ཡོད་པ་ཡིན་ན་ཡང་། དེ་ཚོ་ལ་གུ་ཤྲཱིའི་དཔུང་གིས་དེ་ནི་དཔུང་ཚོགས་དེ་རྣམ་པར་བཅོམས་སྟེ་ཟེར།
- རྒན་ནོར་བྲང་ཨོ་རྒྱན།གྲི་དང་མདུང་ལ་སོགས་པ་རྣོ་དབལ་མཚོན་གྱིས་དེ་ནི་དུམ་བུར་བཅད་པ་དགྲ་བོའི་མགོ། ད་དེ་དེ་འདྲས་ཀྱི་དཔེར་ན། ཨེ་དམག་བརྒྱབ་པའི་ཁ་གཏུག་ལ་ཆ་བཞག་ན་གྲི་དང་མདུང་དང་དེ་འདྲས་ཀྱི་སོགས་པ་དགྲ་བོའི་སྐེ་ཐམས་ཅད་བཅད་དུས་ཙམ་པ་དེ་ནི།
- རྒན་ནོར་བྲང་ཨོ་རྒྱན།དེ་ནི་སྐེའི་ནང་ནས་ཁྲག་གི་འཕྲེང་བ་དེ་ནི་ཐིགས་ཐིགས་དེ་ནི་དམར་པོ་དེ་འདྲས་ཡོད་པ་དེའང་བརླན་པ་དེ་ཡང་ལན་གཅིག་ཙམ་མིན་པར་ཡང་ནས་ཡང་དུ་ཡན་ལག་དང་། ཉིང་ལག་ད་ག་ནང་ལྟར་རེད་པ།
- རྒན་ནོར་བྲང་ཨོ་རྒྱན།ད་མགོ་དང་རྐང་པ་ལ་སོགས་པ། དེ་འདྲས་མང་པོ་བཅས་པ་ཡན་ལག་དང་ཉིང་ལག་བཅས་པ་དེ་ནི་ཁྲག་གིས་གཤེར་བའི་དམར་འོད་ཀྱི་འཇིགས་སྣང་མ་བཟོད་པར། དེ་འདྲས་ཀྱི་དཔེར་ན་དམག་བརྒྱབ་པའི་ཁ་གཏུག་ལ་བྱས་ན། ཁྲག་གི་དཔེར་ན་ས་གཞི་ཁྱབ་པ་ནང་ལྟར་གིས་དེ་ནི་དམར་འོད་དེ་མ་བཟོད་པ་ལ་དེ་ནི།
- རྒན་ནོར་བྲང་ཨོ་རྒྱན།རྒོད་མ་ཁ་ཟེར་ཡས་དེ་དེ་ནི་ཨེ། རྒོད་མ་ཁ་ཟེར་ན་དེ་ནི་བསྐལ་པའི་མེ་དཔུང་ཟེར་ཡས་དེ་ནི། དེ་ན་ལྷ་ཕྱོགས་རྒྱ་མཚོའི་ཨེ་མཐའ་རུ་ཡིབས་སོ་ཟེར་བྱས་ནས། རྒོད་མ་ཁ་ཟེར་ཡས་དེ་ལྷོ་ཕྱོགས་རྒྱ་མཚོའི་ཁ་རུ་ཡོད་ཟེར་ཡས་གཅིག་ཨེ་འཇིག་རྟེན་པའི་གཏམ་རྒྱུད་ལ་ཡོའོ་རེད་པ།
- རྒན་ནོར་བྲང་ཨོ་རྒྱན།རིག་བྱེད་པའི་གཏམ་རྒྱུད་ལ་ཡོད་པ་དེ་འདྲས་རེད། ཨེ་རྒོད་མ་ཁ་ཟེར་ཡས་མེ་དཔུང་དེས་ཡིན་ན་དེ་ལྷོ་ཕྱོགས་རྒྱ་མཚོའི་མཐའ་ལ་ཡོད་པ་ཟེར་གྱི་རེད་ཟེར་ཡས་དེ་ནི་ཡིན་ན། སྐབས་དེ་དུས་ཆ་བཞག་ན་དེ་ཡང་ད་རབ་རྟོག་སྒོ་ནས་གསུང་ནས་ག་རེ་རེད། ཟེར་ན།
- རྒན་ནོར་བྲང་ཨོ་རྒྱན།ཨེ། འཇིགས་རུང་བའི་ཉམས་ཀྱི་ཐོག་ནས་དེ་ནི་རྦད་དེ་ཨེ་གཙང་སོག་གཉིས་དམག་དཔུང་གི་ཁ་གཏུག་ལ་ཆ་བཞག་ན། དེ་ནི་གུ་ཤྲཱིའི་དམག་དཔུང་དེ་ནི་གཙང་པའི་དམག་མིའི་སྐེ་བཅོད་ལ་སོགས་པའི་དེ་འདྲས་ཀྱི་དཔེར་ན་ཁྲག་གི་དཔེར་ན་ག་ས་ག་ལ་དམར་ཐིང་ཐིང་ཆགས་དུས་ཙམ་པ་དེ་ནི་རྦད་དེ་རྒོད་མ་ཁ་ཁོ་རང་རང་ཡའི་བཞེད་སྣང་འདྲ་པོ་སྐྱེས་ཐག་ཆོད་ནས། དེ་ནི་ལྷོ་ཕྱོགས་རྒྱ་མཚོའི་མཐའ་ལ་དེ་ནས་ཕར་བོས་༼བྲོས་༽ཕྱིན་པ་རེད་ཟེར་བྱས་ནས། འཇིགས་རུང་གི་ཉམས་ཀྱི་ཐོག་ནས་དེ་ནི་གཙང་སོག་གཡུལ་འགྱེད་པའི་སོག་པོའི་དམག་དཔུང་གི་དེ་ནི་དཔའ་བའི་ཚུལ་ལ་ཆེད་དུ་བརྗོད་པ་དེ་འདྲས་རེད་ཟེར།
- རྒན་ནོར་བྲང་ཨོ་རྒྱན།འོང་། གསེར་མངལ་སྟོབས་ལ་རྨུགས་འཛིན་འབྱོར་པའི་མཛོད༎ གཅིག་ཏུ་བསྡུས་འདྲའི་སྲིད་ཀུན་དགེ་ཕྱོགས་སུ༎ བསྒྱུར་བས་རྣམ་སྨིན་དཀར་པོའི་ཐིགས་པ་འབུམ༎ འཛག་བྱེད་དམ་པའི་སྤྱོད་ཚུལ་རྨད་དུ་བྱུང་༎ ཟེར་ད་འདི།
- རྒན་ནོར་བྲང་ཨོ་རྒྱན།གཙོ་བོ་ད་གུ་ཤྲཱི་བསྟན་འཛིན་ཆོས་རྒྱལ་གྱི་། དེ་ནི་མཛད་པ་ལ་བསྔགས་བརྗོད་གནང་པ་དེ་འདྲས་ཅིག་རེད་ཟེར།
- རྒན་ནོར་བྲང་ཨོ་རྒྱན།ཨེ་གསེར་མངལ་སྟོབས་ལ་ཟེར་ན། གསེར་མངལ་ཟེར་ཡས་དེ་ཚངས་པའི་སྟོབས་དང་ལྡན་ལ། རྨུགས་འཛིན་ཛམྦཧ་ལའི་འབྱོར་པའི་མཛོད་གཅིག་ཏུ་བསྡུས་པ་དང་འདྲ་བ་སྟེ། ཟེར།
- རྒན་ནོར་བྲང་ཨོ་རྒྱན།དེ་ནི་སྟོབས་ཡིན་ན་ཚངས་པ་ཟེར་མཁན་དེ་སྟོབས་ཆེན་པོ་ཡིན་པ། ད་ག་ནང་བཞིན་ཛམྦྷ་ལ་ཟེར་ཡས་དེ་འབྱོར་པའི་ནང་ནས་ཆེན་པོ་ཡིན་པ་ལ་སོགས། དེ་འདྲས་རེད་པ།
- རྒན་ནོར་བྲང་ཨོ་རྒྱན།བྱས་ཙང་དེ་དང་འདྲ་བ་གུ་ཤྲཱི་བསྟན་འཛིན་ཆོས་རྒྱལ་དེ་ནི་བོད་ཁམས་ཡོངས་ལ་མངའ་དབང་བསྒྱུར་བའི་སྲིད་འབྱོར་ཀུན་དེ་ནི་ལྔ་པ་ཆེན་པོ་ལ། སྲིད་འབྱོར་དེ་གྱད་དེ་ཡིན་ན་ཀུན། གཅིག་ཏུ་བསྡུས་པའི་སྲིད་ཀུན་དགེ་ཕྱོགས། དགེ་བའི་ཕྱོགས་ཏེ་ག་པར་རེད་པས་ཟེར་ན།
- རྒན་ནོར་བྲང་ཨོ་རྒྱན།ལྔ་པ་ཆེན་པོས་གཅིག་ཏུ་བསྡུས་པའི་སྲིད་འབྱོར་ཀུན་དེ་ནི་ལྔ་པ་ཆེན་པོར་ཕུལ་བ་རྣམ་དཀར་དགེ་བའི་ཕྱོགས་སུ་བསྒྱུར་བས་རྣམ་སྨིན་དཀར་པོ་དེ་ཟེར།
- རྒན་ནོར་བྲང་ཨོ་རྒྱན།རྒྱུ་དགེ་བ་ལ་འབྲས་བུ་བདེ་བའི་ཐིགས་པ་འབུམ་ཕྲག་གཅིག་ཏུ་འཛག་པར་བྱེད་པ་དེ། ད་དེ་འདྲས་ཀྱི་དཔེར་ན་ཕུལ་བའི་དེ་ནི་རྒྱུ་དགེ་བ་ལ་་འབྲས་བུ་བདེ་བ་ཡིན་པ་རེད་པ།
- རྒན་ནོར་བྲང་ཨོ་རྒྱན།དེ་འདྲས་ཀྱི་ཐིགས་པ་དེ་ནི་གཅིག་ཏུ་ཟགས་པར་བྱེད་པ་སྐྱེས་བུ་དམ་པའི་སྤྱོད་ཚུལ་ནི་སོ་སྐྱེའི་སྤྱོད་ཡུལ་ལས་ཡོངས་སུ་འདས་པ་རྨད་དུ་བྱུང་བའོ། ཞེས་བརྗོད་ནས། ད་དེ་འདྲས་ཀྱི་སྤྱོད་ཡུལ་དེ་དཔེར་ན། དེ་ནི་དཔེར་ན་འབྱོར་པ་ཅན་ནི་དཔེར་ན། ས་གཞི་རྒྱ་ཆེན་པོ་དེ་ཡིས་ད་རྣམ་པར་དགེ་བའི་ཕྱོགས་སུ་དེ་ནི་ལྔ་པ་ཆེན་པོ་ལ་ཕུལ་ཡས་ལ་སོགས་པ། དེ་ཚོ་ནི་ད་བསམ་ཀྱིས་མི་ཁྱབ་པའི་དགེ་བའི་ཨ་ནི་འབྲས་བུ་དགེ་བ། དེ་ནི་བདེ་བའི་ཐིགས་པ་འབུམ་ཕྲག་གཅིག་ཏུ་འཛག་པར་བྱེད་པའིསྐྱེས་བུ་དམ་པའི་སྤྱོད་ཚུལ་ནི་སོ་སྐྱེའི་སྤྱོད་ཡུལ་ལས་འདས་པ།
- རྒན་ནོར་བྲང་ཨོ་རྒྱན།སོ་སོའི་སྐྱེ་བོའི་སྤྱོད་ཡུལ་འདས་པ། འཕགས་ཆེན་དམ་པའི་དེ་ནི་སྤྱོད་ཡུལ་དེ་འདྲས་ཡིན་འདུག་ཟེར་བྱས་ནས། བྱུང་མིན་གྱི་དཔེའི་སྒོ་ནས། གུ་ཤྲཱིའི་སྟོབས་འབྱོར་དང་གཏོང་ཕོད་ལ་ཆེད་དུ་བསྔགས་པ་དེ་འདྲས་གཅིག་རེད་ཟེར།
- རྒན་ནོར་བྲང་ཨོ་རྒྱན།ཨེ། མཐོན་པོའི་མངའ་ཐང་ཕུན་ཚོགས་དཔལ་འབྱོར་ཀུན༎ བཀོད་པས་ཁྱད་འཕགས་རྣམ་དཔྱོད་དབྱར་རྔའི་སྒྲས༎ ཆེ་བའི་རྣམ་ཐར་བཟང་པོའི་གཙུག་ཕུད་ཅན༎ ཡ་རབས་དགའ་སྟོན་རྣམ་བཀྲའི་གཤོག་རླབས་ངོམ༎ ཟེར། ཞེས་གསུངས་པ་ནི།
- རྒན་ནོར་བྲང་ཨོ་རྒྱན།མཐོན་པོའི་རྒྱལ་སྲིད་ལ་གནས་པའི་མངའ་ཐང་ཕུན་སུམ་ཚོགས་པའི་དཔལ་དང་འབྱོར་པ་ཀུན།ཟེར། རེད་པ་ད།
- རྒན་ནོར་བྲང་ཨོ་རྒྱན།ཨེ་རྒྱལ་སྲིད་ལ་གནས་པ་གུ་ཤྲཱི་ལ་ཆ་བཞག་ན་སྟོབས་ལྡན་རྒྱལ་སར་གནས་པ། ད་རྦད་དེ་དབང་བསྒྱུར་འགྲོ་དུས་ཙམ་པ་དེ་ནི་མཐོན་པོའི་རྒྱལ་སྲིད་ལ་གནས་པ་དེ་འདྲས་རེད་པ།
- རྒན་ནོར་བྲང་ཨོ་རྒྱན།དཔལ་དང་འབྱོར་པ་ཀུན། བཀོད་པའི་ཁྱད་པར་འཕགས་པ་རྣམ་དཀར་དགེ་བའི་རྒྱུན་ལ་སྤྱོད་པའི། བཀོད་པའི་ཁྱད་པར་འཕགས་པ་རྣམ་དཀར་དགེ་བའི་ལས་ལ་སྤྱོད་པ། ཕུལ་དུ་བྱུང་བའི་རྣམ་དཔྱོད་དབྱར་གྱི་རྔ་སྒྲ། དབྱར་སྐྱེས་རྔ་གསང་གི་སྒྲས། རྔ་གསང་གི་དབྱར་སྐྱེས། དེས་ཕུལ་དུ་བྱུང་བ། པུལ་དུ་བྱུང་བའི་དེ་ནི་མཛད་པ་རེད་པ།
- རྒན་ནོར་བྲང་ཨོ་རྒྱན།ལྔ་པ་ཆེན་པོར་ཕུལ་ཡས་ལ་སོགས་པ། རྣམ་དཀར་དེ་ནི་སོ་སོའི་འབྱོར་པ་དེ་གྱད་དེ་རྣམ་དཀར་དགེ་བའི་ལས་ལ་ཕྱོགས་ལ་སྤྱོད་ཡས་ཀྱི་དེ་ནི་ཕུལ་ཏུ་བྱུང་བའི་རྣམ་དཔྱོད་དེ། དེ་ནི་དབྱར་སྐྱེས་རྔ་གསང་། དབྱར་གྱི་འབྲུག་སྒྲ་ནང་ལྟར་གྱི་ཐོག་ནས་རེད་པ།
- རྒན་ནོར་བྲང་ཨོ་རྒྱན།རྣམ་ཐར་བཟང་པོ་སྟེ་ཟེར། སྐྱེས་བུ་དམ་པའི་རྣམ་ཐར་བཟང་པོའི་གཙུག་ཕུད་ཅན་གྱི། ཨེ་འབྲུག་སྒྲ་དེ་འདྲས་སྒྲོག་དུས་ཙམ་པ་དེ་ནི་སྐྱེས་བུ་བཟང་པོའི་རྣམ་ཐར་བཟང་པོ་དེས། འདི་ཡིན་ན་གང་འདྲས་ཅིག་རེད་ཟེར་ན། གཙུག་ཕུད་ཅན་གྱི་དགའ་བ་ཡོངས་སུ་རྫོགས་པ་སྟེ།
- རྒན་ནོར་བྲང་ཨོ་རྒྱན།གཙུག་ཕུད་ཅན་དེ་ནི་རྨ་བྱའི་དགའ་བ་ཡོངས་སུ་རྫོགས་པ་སྟེ། རང་གི་ཡོངས། རང་གི་རེ་བ་ཡོངས་སུ་གང་བའི་དགའ་བ་འཕེལ་བཞིན་དུ། ཡ་རབས་དགའ་སྟོན་གྱི་དཔལ་ལ་སྤྱོད་པའི་རྣམ་པར་བཀྲ་བ། དེ་ནི་རང་གི་འོང་་་་། ཐུགས་རེ་ཡིན་ནའི་ཤིན་ཏུ་གང་ནས་རེད་པ།
- རྒན་ནོར་བྲང་ཨོ་རྒྱན།འཕེལ་བཞིན་དུ་ཡ་རབས་དགའ་སྟོན་གྱི་དཔལ་ལ་སྤྱོད་པའི་རྣམ་པར་བཀྲ་བ་མཛད་པ་བཟང་པོའི་གཤོག་རླབས་ངོམ་་བཞིན་དུ་འཚོ་ཞིང་གཞེས་པར་བཞུགས་སོ། ཟེར། དེ་ནི་ད་སྐབས་དེ་དུས། དེ་འདྲས་ཀྱི་དཔེར་ན་ད། ཨེ་གང་ཟེར་གྱི་རེད།
- རྒན་ནོར་བྲང་ཨོ་རྒྱན།དབྱར་སྐྱེས་རྔ་གསང་རྣམ་དཀར་གྱི་མཛད་པ་དེ་འདྲས་ཀྱི་ཐོག་ནས། དབྱར་སྐྱེས་རྔ་གསང་གི་དེ་ནི་ཡག་པོ་ཡོང་དུས་ཙམ་པ། དེ་ནི་རང་ཉིད་ཡིན་ནའི་དཔེར་ན།ཨེ་་་་། རྨ་བྱའི་ཨམ་ཅོག་ལ་འབྲུག་སྒྲ་ཐོས་པ་ནང་བཞིན་གྱི། ད་ག་ནང་ལྟར་གྱི་ཐོག་ནས་རྦད།
- རྒན་ནོར་བྲང་ཨོ་རྒྱན།དེ་ནི་དེ་བྱས། ལྔ་བ་ཆེན་པོས་གང་ཟེར། གུ་ཤྲཱི་རང་ཡིན་ན་ཤིན་ཏུ་རྒྱལ་པོ་ཡིན་པ་ལ་སོགས་པ། དེ་འདྲས་ཀྱི་དཔེར་ན་འོང་། རྣམ་པར་བཀྲ་བ་དེ་ནི་དགའ་སྟོན་གྱི་དཔལ་ལ་སྤྱོད་པའི་རྣམ་པར་བཀྲ་བ། ཨེ་མཛད་པབཟང་པོའི་གཤོག་རླབས་དེ་ནི་ངོམ་བཞིན་དུ་འཚོ་ཞིང་གཞེས་པར་བཞུགས་སོ་ཟེར་། བྱས་ནས་ད།
- རྒན་ནོར་བྲང་ཨོ་རྒྱན།ལྔ་པ་ཆེན་པོས་ད་གུ་ཤྲཱི་སྐབས་དེར་ཡོད་པ་ལ་ཆ་བཞག་ནས། ཡན་ལག་གསུམ་ལྡན་གསུམ་གཟུགས་ཀྱི་སྒོ་ནས་དེ་ནི་གུ་ཤྲཱིའི་ཕུལ་དུ་བྱུང་བ་རྣམས་ལ་བསྔགས་པ་བརྗོད་པ་དེ་འདྲས་གཅིག་རེད་ཟེར།
- རྒན་ནོར་བྲང་ཨོ་རྒྱན།ཀྱེ་མ་ཐོས་བསམ་བདུད་རྩི་ཡལ་བོར་ནས༎ ངན་གཡོ་ཟང་ཟིང་རྙོགས་པའི་བཟའ་བཏུང་གིས༎ ལྟོ་བ་ཁེངས་པའི་དྲེགས་ལྡན་མཐོན་པོའི་ཁྲིར༎ འཛེགས་ཀྱང་ཐ་ག་པ་དང་ཁྱད་པར་ཅི༎ ཟེར།
- རྒན་ནོར་བྲང་ཨོ་རྒྱན།ད་འདི་དེ་གསུངས་པ་རེད། ད་འདི་སྐབས་དེ་དུས་ལྔ་པ་ཆེན་པོ་ལ་ཆ་བཞག་ན་དེ་འདྲས་ཅིག་རེད་པཱ་གང་ཟེར།
- རྒན་ནོར་བྲང་ཨོ་རྒྱན།ཨེ་རྒྱལ་པོ་གང་ཟེར། ཨེ་གུ་ཤྲཱི་བསྟན་འཛིན་ཆོས་རྒྱལ་ལ་ཆ་བཞག་ན། མཐོན་པའི་ཁྲི་ལ་ཡིན་ན་སོ་སོའི་ཟང་ཟིང་གི་འབྱོར་པ་དེ་གྱད་དེ་ཡིན་ན། དེ་ནི་གང་ཟེར་དགོས་རེད་།
- རྒན་ནོར་བྲང་ཨོ་རྒྱན།གཅིག་གི་ད་དགེ་བའི་ཕྱོགས་སུ་གཏོང་ཡས་དེ་ཚོ་ནི་མིའི་མཛད་པ་བསམ་གྱིས་མི་ཁྱབ་པ་དེ་འདྲས་རེད། ཟེར།
- རྒན་ནོར་བྲང་ཨོ་རྒྱན།གཞན་དུ་ན་ཟེར། ཀྱེ་མ་གཞུང་ལུགས་མང་པོར་ཐོས་པའི། གཞུང་ལུགས་མང་པོར་ཐོས་པ་དང་། ཐོས་དོན་རྒྱུད་ལ་བསམས་པའི་ཞི་བ་ཆགས་བྲལ་གྱི་བདུད་རྩི་ཡལ་བར་བོར་ནས་དེ་ནི་དེ་འདྲས་ཀྱི་ཞི་བ་ཆགས་བྲལ་གྱི་བདུད་རྩི་ཡལ་བར་བོར་ནས། དེ་ནི་ཕན་པའི་སྤྱོད་པ་གཡོ་དང། ངན་པའི་སྤྱོད་པ་གཡོ་དང་། སྒྱུས་སྐྱེ་བོ་ཐམས་ཅད་ལ་ཕུང་པ་སྦྱོར་བའི་ཟང་ཟིང་གི་བཟོ་བ་དང་།
- རྒན་ནོར་བྲང་ཨོ་རྒྱན།དེ་གཞན་དུ་ན་དེ་ནི་རྦད་དེ་དེ་འདྲས་ཀྱི་རྒྱལ་པོ་གང་ཟེར་དགོས་རེད་པས་དེ་ནི། ཨེ། གཞུང་ལུགས་མང་པོར་ཐོས་བསམ་བྱེད་ཡས་དང་དེ་ནི་ཐོས་དོན་རྒྱུད་ལ་བསམ་པའི་ཞི་བ་ཆགས་བྲལ་གྱི་བདུད་རྩི་ཡལ་བར་བོར་ནས་ད་དེ་ནི་ངན་པའི་སྤྱོད་པ་གཡོ་དང་སྒྱུས་དེ་ནི་ཟུང་དགོས། སྐྱེ་བོ་ཐམས་ཅད་དང་ཕུང་ལ་སྦྱོར་བའི་ཟང་ཟིང་གི་བཟོ་བ་དང་ཟེར།
- རྒན་ནོར་བྲང་ཨོ་རྒྱན།ལས་འབྲས་རྙོགས་པའི་བཟའ་བཏུང་གིས་ལྟོ་བ་ཁེངས་པའི་དྲེགས་པ་དང་ལྡན་པ། འོང་། ལྡན་པའི་རང་ཉིད་ཆེན་པོར་རློམ་སྟེ། མཐོན་པོའི་ཁྲི་ལ་འཛེགས་ཀྱང་ཟེར། ད་འདི་འདྲས་ཀྱི་དཔེར་ན། དཔལ་འབྱོར་ཆེ་ཙམ་ཡོད་དུས་ཙམ་པ་དེ་ནི་རང་ཉིད་ཞེ་པོ་ཡིན་བསམ་ནས་ཁྲི་ལ་འཛེགས་ཀྱང་ཟེར།
- རྒན་ནོར་བྲང་ཨོ་རྒྱན།དེ་ནི་ཤེས་བྱའི་བླང་དོར་གང་ཡང་མི་ཤེས་པ། དེ་ནི་ཤེས་བྱའི་བླང་དོར་གང་ཡང་མ་ཤེས་པ་ཐ་ག་པ་དེ་ནི་ཐག་ཁྲི་མཐོན་པོར་འཛེགས་པ་དང་གཅིག་པ་རེད་ཟེར། ཐ་ག་པ་ཟེར་མཁན་དེ་ཐག་ཁྲི་མཐོན་པ་གཅིག་ལ་འཛེགས་ཀྱི་རེད་དའི་ཐག་འཐག་རྒྱུ་མ་གཏོགས་གཞན་དག་ག་གའི་ཤེས་ཡས་ཡོའོ་མ་རེད་པ། དེ་དང་ཁྱད་པར་ག་གའི་ཡོའོ་མ་རེད་ཟེར།
- རྒན་ནོར་བྲང་ཨོ་རྒྱན།ཁྱད་པར་གང་ཡང་མེད་དོ་ཞེས་སྨད་པའི་མཚུངས་སྦྱོར་གྱི་སྒོ་ནས་རང་ཉིད་ཆེན་པོར་རློམ་ཡང་ཐོས་བསམ་འབྲས་བུ་རྒྱུད་ཐོག་མ་མྱང་པའི་ཚུལ་འཛིན་པ་དེ་ལ། ད་དེ་འདྲས་ཀྱི་སུན་འབྱིན། རྒྱལ་པོ་གཞན་དག་ལ་སོགས་པ་དེ་ཚོ་ལ་ཆ་བཞག་ན། དཔེར་ན་སུན་འབྱིན་གནང་བ་དེ་འདྲས་རེད་ཟེར།
- རྒན་ནོར་བྲང་ཨོ་རྒྱན།དེའོ་ཐོག་ནས་གང་མཚོན་པ་རེད་ཟེར་ན། དེ་ནི་གུ་ཤྲཱིའི་མཛད་པ་དེ་བསམ་གྱིས་མི་ཁྱབ་པ་ཡིན་པ་མཚོན་ཐུབ་པ་དེ་འདྲས་གཅིག་རེད་ཟེར།
- རྒན་ནོར་བྲང་ཨོ་རྒྱན།འོང་། ཡ་རབས་ཚུལ་དུ་རིགས་རུས་ཆོ་འབྲང་གི༎ ཡོངས་འདུའི་ལྗོན་པ་རྒྱས་པ་རྨད་བྱུང་ཡང་༎ ཚེ་ལྡན་བྱ་བའི་སྤྱོད་ཚུལ་མི་ཤེས་ན༎ གསེར་སྐྱོག་སྣོད་དུ་ངན་སྐྱུགས་བླུག་དང་མཚུངས༎ ཟེར།
- རྒན་ནོར་བྲང་ཨོ་རྒྱན།གཞན་དུ་ན་ཟེར། ད་ཡང་དེ་འདྲས་ཀྱི་དཔེར་ན་རང་ཉིད་གང་ཟེར་དགོས་རེད་པས།
- རྒན་ནོར་བྲང་ཨོ་རྒྱན།ཡ་རབས་ཀྱི་སྐྱེད་མོས་ཚལ་དུ་རིགས་རུས་ཆོ་འབྲང་གི་ཡོངས་འདུའི་ལྗོན་པ་རྒྱས་པ་རྨད་དུ་བྱུང་བ་ཞིག་ཡིན་ཡང་། རང་ཉིད་དེ་ནི་རྒྱལ་པོ་ལ་སོགས་པ་དེ་འདྲས་གཅིག་ཡིན་པ་ཡིན་ན་ཡང་ཟེར།
- རྒན་ནོར་བྲང་ཨོ་རྒྱན།རིགས་རུས་རྨད་དུ་བྱུང་བ་དེ་འདྲས་གཅིག་ཡིན་ན་ཡང་ཟེར། འོང་ད་ཆ་ཆེ་བ་དང་ལྡན་པའམ་ཆེན་པོར་འོས་པའི་བྱ་བའི་འཇུག་ལྡོག་གི་འོང་སྤྱོད་ཚུལ་དེ་ནི་བྱ་བའི་འཇུག་ལྡོག་གི་སྤྱོད་ཚུལ་དེ་ནི། ལེགས་པར་མ་ཤེས་ན།ཟེར།
- རྒན་ནོར་བྲང་ཨོ་རྒྱན།དེ་ནི་དེ་ནི་གསེར་གྱི་སྐྱོགས་ནང་ལ་ཟེར། གསེར་གྱི་སྐྱོགས་ནང་། སྐྱོགས་ཁོ་ར་རང་ཡིན་ན་དཔེར་ན། ད་གསེར་ཟེར་དུས་ཙམ་པ་རིན་་ཐང་ཅན་དེ་འདྲས་རེད་པ།
- རྒན་ནོར་བྲང་ཨོ་རྒྱན།ད་མི་ལ་ཆ་བཞག་པ་ཡིན་ནའི་སོ་སོའི་སྐྱེས་ས་ལ་སོགས་པ་རྒྱལ་པོ་རྒྱལ་རིགས་ལ་སོགས་པ་དེ་ཚོ། མཐོན་པོ་དེ་འདྲས་རེད་དའི། ཡིན་ནའི་དེ་ནི་གསེར་གྱི་ནང་ལ་སྤྱོད་པ་དེ་ནི་གསེར་གྱི་སྐྱོགས་ནང་ལ་ངན་པའི་སྐྱུགས་པ་བླུག་པ་དང་མཚུངས་སོ་ཟེར་བྱས་ནས་དེ་དེ་འདྲས་ཀྱི་དཔེར་ན། རྩ་བའི་དཔེར་ན། སོ་སོ་རང་ཉིད་དཔེར་ན་ཆེན་པོའི་ཨེ་རྒྱུད་པ་ལ་སོགས་པ་དེ་འདྲས་ཡིན་ནའི་སྤྱོད་པ་ངན་པ་བྱས་སོང་ན།
- རྒན་ནོར་བྲང་ཨོ་རྒྱན།དེ་ནི་རྦད་དེ་གསེར་གྱི་སྐྱོགས་ནང་ལ་དཔེར་ན་ངན་པའི་སྐྱུགས་པ་བླུགས་པ་དང་ཁྱད་པར་མེད་ཟེར། བྱས་ཙང་ད་དེ་འདྲས་རང་ཉིད་ཡ་རབས་བཟང་པོའི་རིགས་སུ་སྐྱེས་ཀྱང་། བླང་དོར་ཚུལ་བཞིན་དུ་མི་སྤྱོད་པའི་དེ་ནི་སྣང་ཚུལ་ལ་དམིགས་ནས་དེ་ནི་རབ་སྤེལ་གྱི་སྒོ་ནས་སུན་འབྱིན་གནང་བ་དེ་འདྲས་གཅིག་རེད་ཟེར།
- རྒན་ནོར་བྲང་ཨོ་རྒྱན།མཁས་དང་གྲུབ་པའི་སྐྱེ་བར་ཁས་འཆེས་ནས༎ འཆོད་རྩོད་རྩོམ་པའི་བློ་གྲོས་མཐུ་དམན་པ༎ གནོད་སྦྱིན་ནོར་ལ་སྤྱོད་པའི་ཚེ་འཕོས་ནས༎ དབུལ་པོའི་ཁྱིམ་དུ་སྐྱེས་དང་ཁྱད་པར་ཅི༎
- རྒན་ནོར་བྲང་ཨོ་རྒྱན།གཞན་དུ་ན། དེ་ནི་རང་ཉིད་མཁས་དང་གྲུབ་པ་ཆེན་པོའི་སྐྱེ་བོ་ཡིན་པར་མཁས་་་་ རང་ཉིད་མཁས་དང་གྲུབ་པའི་སྐྱེ་བ་ཡིན་པར་ཁས་འཆེས་ནས། མཁས་པའི་བྱ་བ་འཆད་རྩོད་རྩོམ་དང་རྩོམ་པར་འཇུག་པའི་བློ་གྲོས་ཀྱི་མཐུ་དམན་པ་ཞིག་ཡིན་ན། ནི་ཟེར།
- རྒན་ནོར་བྲང་ཨོ་རྒྱན།ཨེ་དེ་ཡང་འདི་ནི་གནོད་སྦྱིན་ཕུན་སུམ་ཚོགས་པའི། གནོད་སྦྱིན་ཕུན་སུམ་ཚོགས་པའི་ནོར་ལ་ལོངས་སྤྱོད་པ་དག་ཟེར།
- རྒན་ནོར་བྲང་ཨོ་རྒྱན།ཚེ་འཕོས་ནས་སྐྱེ་བ་ཕྱི་མ་དབུལ་པོའི་ཁྱིམ་དུ་སྐྱེས་པ་དང་ཁྱད་པར་ཅི་ཡོད་ཟེར། ད་ག་ནང་ལྟར་དེ་འདྲས་གཅིག་ཡོད་པ་ཡིན་ན་ཡང་། ཨ་ནི་དཔེར་ན་རང་ཉིད་གཅིག་མཁས་དང་གྲུབ་པའི་སྐྱེ་བ་ཡིན་ན། ཡིན་ཟེར་མཁན་དེ་འདྲས་ཀྱི་ཞེས་པའི་ཆ་ནས་འཆད་རྩོད་རྩོམ་གསུམ་པའི་བྱ་བར་མ་འཇུག་ན། ག་རེ་རེད་ཟེར་ན། གནོད་སྦྱིན་ཕུན་སུམ་ཚོགས་པའི་དེ་ནི་ནོར་ལ་ལོངས་སྤྱོད་པ་དག་ཚེ་འཕོས་ནས་སྐྱེ་བ་ཕྱི་མ་ལ་དེ་ནི་སྐྱེ་བ་ཕྱི་མ་ལ་དབུལ་པོའི་འོང་ཁྱིམ་དུ་སྐྱེས་པ་དང་ཁྱད་པར་ཅི་ཡོད་སྟེ། ཁྱད་པར་གང་ཡང་མེད་དོ་ཟེར།
- རྒན་ནོར་བྲང་ཨོ་རྒྱན།བྱ་བ་དེ་ཡང་ཟླ་བོ་དངོས་པོའི་དཔེའི་སྒོ་ནས་རང་ཉིད་དམ་པའི་སྐྱེ་སྲིད་དུ་ཁས་འཆེས་ན་ཡང་བཟང་པོའི་ཡོན་ཏན་དགོས་པ་ལྡོག་ཕྱོགས་ནས་གདམས་པའོ། ཟེར། ད་དེ་སྐབས་དེ་དུས་གང་ལ་ཅིག་གི་རྒྱལ་སྲིད་དེ་ནི་དེ་འདྲས་ཐོག་ལ་ཡིན་ནའི་རེད། དཔེར་ན་སུན་འབྱིན་གནང་བ་དེ་འདྲས་ཅིག་རེད་པ།
- རྒན་ནོར་བྲང་ཨོ་རྒྱན།མི་འཛད་སྟོབས་འབྱོར་གཏེར་ལ་མངའ་བསྒྱུར་ཡང་༎ འདི་ཕྱིའི་ཕུན་ཚོགས་བསྒྲུབ་པའི་རྣམ་དཔྱོད་མིག། ལོང་ཚེ་ས་འོག་གནས་པའི་ཀླུ་ཚོགས་དང་༎ སྲང་ལ་བཏེགས་ཚེ་ལྕི་ཡང་གང་གིས་འབྱེད༎ ཟེར།
- རྒན་ནོར་བྲང་ཨོ་རྒྱན།ད་འདི་ནས་ནམ་ཡང་མི་འཛད་པའི་སྟོབས་དང་འབྱོར་པའི་གཏེར་ནམ་མཁའ་མཛོད་ལ་མངའ་བསྒྱུར་བའི། མངའ་བསྒྱུར་ན་ཡང་ཟེར།
- རྒན་ནོར་བྲང་ཨོ་རྒྱན།ད་ནམ་མཁའ་རང་ཉིད་དཔེར་ན་མི་འཛད་པའི་སྟོབས་དང་ནམ་མཁའ་མཛོད་ལ་མངའ་བསྒྱུར་བ་དེ་འདྲས་ཅིག་ཡིན་ནའི་ཟེར།
- རྒན་ནོར་བྲང་ཨོ་རྒྱན།འདི་དང་ཕྱི་མ་བདེ་བ་ཕུན་སུམ་ཨེ། འདི་དང་ཕྱི་མ་བདེ་བ་ཕུན་སུམ་ཚོགས་པའི་རྒྱུ་བསྒྲུབ་པའི་རྣམ་པར་དཔྱོད་པའི་མིག་ལོང་ཚེ་ཟེར།
- རྒན་ནོར་བྲང་ཨོ་རྒྱན།ལོང་ཚེ་ན་དེ་ནི་མིའི་འཇིག་རྟེན་འདིའི་ས་འོག་ཏུ་གནས་ཤིང་། མིའི་འཇིག་རྟེན་འདི་ན་ས་འོག་གནས་ཤིང་། བླང་དོར་གྱི་གནས་མི་ཤེས་པ་རྨོངས་པ་དུད་འགྲོའི་རིགས་སུ་གཏོགས་པ་ཀླུའི་ཚོགས་དང་། སུ་ཞིག་གི་ཡང་དང་། སུ་ཞིག་ལྕི་བ་ཚད་མའི་སྲང་ལ་བཏེག་པའི་ཚེ་ལྕི་ཡང་གི་ཐ་སྙད་གང་གིས་འབྱེད་པར་ནུས་ཏེ། མཉམ་པ་ཉིད་དོ། ཟེར།
- རྒན་ནོར་བྲང་ཨོ་རྒྱན།ད་དེ་འདྲས་ཀྱི་དཔེར་ན་དཔལ་འབྱོར་ཆེ་བ་རྐྱང་རྐྱང་ལ་ཆ་བཞག་ན། ཀླུ་ཟེར་ཡས་དེ་ལ་ཡིན་ན་དཔལ་འབྱོར་ཆེན་པོ་ཡོའོ་རེད་ཟེར།
- རྒན་ནོར་བྲང་ཨོ་རྒྱན།ཁོང་ཚོ་ཡིན་ན་ས་འོག་ལ་གནས་པའི་དཔེར་ན་བླ་དོར་ག་གའི་མ་ཤེས་པའི་དེ་ནི་རྨོངས་པའི་གནས་དུད་འགྲོའི་རིགས་སུ་གཏོགས་པ་དེ་འདྲས་རེད་ཟེར།
- རྒན་ནོར་བྲང་ཨོ་རྒྱན།ཁོང་ཚོ་ཡིན་ནའི་ཀླུ་ཟེར་མཁན་དེ་ལ་ཡིན་ན་དཔལ་འབྱོར་ཡིན་ན་ཆེན་པོ་ཡོའོ་རེད་དའི་ཡིན་ནའི་དེ་ཚོ་ལ་གའི་རྨོངས་པ་ཡིན་དུས་ཙམ་པ་དུད་འགྲོའི་རིགས་སུ་གཏོགས་པ་དེ་རེད་ཟེར།
- རྒན་ནོར་བྲང་ཨོ་རྒྱན།རང་ཉིད་དཔེར་ན་དཔལ་འབྱོར་ཆེན་པོ་ཡོད་པ་ཡིན་ན་ཡང་། དེ་ནི་དེ་ལ་རྦད་དེ་དགེ་ཚོགས་ཐོག་ལ་བསྒྲུབ་པ་མ་ཡིན་ན། དེ་ནི་ཀླུ་དང་གཅིག་པ་རེད ཀླུ་དང་སུ་ཡང་དང་སུ་ལྕི་དེ་ཚད་མའི་སྲང་ལ་བཏེགས་ན་དེ་ནི་ལྕི་ཡང་གི་ཐོག་ནས། ད་ཁྱད་པར་ཁྱོན་ནས་གཅིག་པ་གཅིག་རྐྱང་རེད་ཟེར།
- རྒན་ནོར་བྲང་ཨོ་རྒྱན།མཉམ་པ་ཉིད་ལས་ཁྱད་པར་ཕྲ་མོ་ཙམ་ཡང་མེད་དོ་ཟེར་བྱས་ནས་དེ་ཡང་། ད་དེ་འདྲས་ཀྱི་དཔེར་ན། གཅིག་གི་སྤྱོད་པ་ངན་པ་ལ་སོགས་པ། འོ་དེ་ཚོའི་ཐོག་ལ་ཡིན་ན་རྣམ་དཔྱོད་མིག་དང་ལྡན་པ་དགོས་པ་ལ་གདམས་པ་དེ་འདྲས་ཅིག་ཡིན་ཟེར།
- རྒན་ནོར་བྲང་ཨོ་རྒྱན།ཁུངས་ལྡན་ལོ་རྒྱུས་མཐོང་བར་རིགས་ལམ་ནས༎ འདྲེན་པའི་རྣམ་འབྱེད་ཤེས་རབ་མཐུ་ཕྲ་ཡང་༎ དམུས་ལོང་གཅིག་པུར་རྒྱུ་བའི་གོམས་སྟབས་བཞིན༎ འགལ་འདུའི་ཁུར་གྱི་ལྕི་བའི་གླེགས་བམ་མང་༎ ཟེར།
- རྒན་ནོར་བྲང་ཨོ་རྒྱན།ད་འདི་ད་ལྟ་དེ་གཅིག་བྱས། མིའི་སྐྱེ་བོའི་སྤྱོད་པའི་ཐོག་ལ་གཅིག་ཆ་བཞག་ན། ད་དེ་ནས་གཞན་དུ་ན་ཟེར།
- རྒན་ནོར་བྲང་ཨོ་རྒྱན།གཤམ་དེར་དེ་ནི་ལོ་རྒྱུས་ཀྱི་དེ་ནི་ད། གླེགས་བམ་ཐོག་ལ་ཨེ་དེ་གནང་བ་དེ་འདྲས་རེད། ཁུངས་དང་ལྡན་པའི་ལོ་རྒྱུས་ཀྱི་ཡིག་ལམ་མཐོང་བ་གང་ལ་རིགས་པའི་ལམ་ནས་འདི་དང་འདི་ཞེས་ངེས་པ་འདྲེན་ནུས་པའི་རྣམ་འབྱེད་ཀྱི་ཤེས་རབ་མཐུ་ཕྲ་ཡང་ཟེར།
- རྒན་ནོར་བྲང་ཨོ་རྒྱན།ཨེ་དམུས་ལོང་གཅིག་པུར་རྒྱུ་བའི་གོམ་སྟབས་ཕར་ཁྱོར་ཚུར་ཁྱོར་བྱེད་པ་བཞིན་དུ། འགལ་འདུའི་ཁུར་གྱི་ལྕི་བའི་དེ་ནི་ལོ་རྒྱུས་དེབ་ཐེར་གྱི་གླེགས་བམ་ནི། གླེགས་བམ་ཉུང་ངུ་མིན་པ་ཞིག་སྣང་ངོ་ཞེས།
- རྒན་ནོར་བྲང་ཨོ་རྒྱན།ད་དེ་མིན་པའི་གཞན་དུ་ན། ད་ཡང་དེ་འདྲས་ཀྱི་དཔེར་ན་འགའ་ཤས་ཀྱི་ཐོག་ལ་ཆ་བཞག་ན། ཁུངས་དང་ལྡན་པའི་ལོ་རྒྱུས་ཀྱི་ཡིག་ལམ་མཐོང་བ་གང་ལ་ཡང་རིག་པའི་ལམ་ནས་དེ་ནི་དེ། འདི་དང་འདི་ཞེས་ངེས་པ་འདྲེན་ནས་ནུས་པའི་དེ་ནི། ཨེ།
- རྒན་ནོར་བྲང་ཨོ་རྒྱན།ཤེས་རབ་ཀྱི་མཐུ་བྲལ་ཡང་ཟེར། དེ་ནི་དམུས་ལོང་གཅིག་པར་རྒྱུ་བའི་གོམ་སྟོབས་ཕར་ཁྱོར་ཚུར་ཁྱོར་བྱེད་པ། ནང་ལྟར་གྱི་ཐོག་ནས་དེ་ནི་འགལ་འདུའི་ཡས་མས་ལྟ་བ་འགལ་བ་ལ་སོགས་པ། སྔ་ཕྱི་འགལ་བ་ལ་སོགས་པ། འགལ་འདུའི་ཁུར་གྱིས་ལྕི་བའི་ལོ་རྒྱུས་དེབ་ཐེར་ཡིན་ན། ཉུང་ངུ་མིན་པ་ཞིག་དེ་ནི་མཐོང་རྒྱུ་འདུག་བྱས་ནས། ད་དེ་འདྲས་སྐབས་དེ་དུས་ཀྱི་ཨེ་ལྔ་པ་ཆེན་པོའི་བཀའ་རྩོམ་མ་གནང་གོང་ལ་ དེ་འདྲས་ཀྱི་དཱ། ལོ་རྒྱུས་དེབ་ཐེར་འགའ་ཤས་ཐོག་ལ་ཡིན་ན།
- རྒན་ནོར་བྲང་ཨོ་རྒྱན།དེ་ནི་དེ་ཟུར་ཟ་གནང་བ་དེ་འདྲས་གཅིག་རེད་པ། དེ་དུས་སྒང་ལ་སུན་འབྱིན་གནང་བ་དེ་འདྲས་གཅིག་རེད་ཟེར།
- རྒན་ནོར་བྲང་ཨོ་རྒྱན།ལོ་རྒྱུ་ས་གཞུ་ལ་དྲང་པོའི་རྒྱུད་དྲངས་ནས༎ ལེགས་བཤད་འདབ་ལྡན་གཡོ་བའི་ཉག་ཕྲན་ཅན༎ མི་ཤེས་རྨོངས་པའི་སྙིང་ལ་ཕོག་སྲིད་ཀྱང་༎ ཟུར་གནས་མཁས་པ་མཐོང་ཚེ་སྤྲོ་བ་འཕེལ༎ ཟེར།
- རྒན་ནོར་བྲང་ཨོ་རྒྱན།ད་དེ་ད། ད་སྐབས་དེ་དུས་ཀྱི་དཔེར་ན་ད།ཕལ་ཆེར་གོང་དུ་གསུངས་ཡས་དེ་དཔེར་ན་ལྔ་པ་ཆེན་པོས་ཕལ་ཆེར་ཨེ། འོང་དེ་ལ་དཔའ་བོ་གཙུག་ལག་འཕྲེང་བ་ལ་ཕལ་ཆེར་ཟུར་ཟ་གནང་པ་འོ་དེ་འདྲས་གཅིག་ཡིན་གྱི་རེད་ཟེར།
- རྒན་ནོར་བྲང་ཨོ་རྒྱན།ད་བརྗོད་པར་བྱ་བའི་གཞི་ཚད་མར་འཛིན་འོས་པའི་ལོ་རྒྱུས་ཡིག་ལམ་གྱི་གཞུ་ལ་དྲང་པོའི་རྒྱུད་དྲངས་ནས། ཨེ་ལོ་རྒྱུས་ཀྱི་དེ་ནི་ཡིག་ལམ་གཞུ་ལ་དྲང་པོའི་རྒྱུད་དྲངས་ནས། གཞུ་ཟེར་མཁན་དེ། དེ་ནི་མདའ་དང་གཞུ་ཟེར་ཡས་དེ་རེད་པ།
- རྒན་ནོར་བྲང་ཨོ་རྒྱན།རྒྱུད་དྲངས་ནས་ཁུངས་མེད་ཀྱི་གཏམ་ཁྱོག་ཁྱོག་མིན་པ། ལེགས་པར་བཤད་པ་འདབ་གཤོག་དང་ལྡན་པ་དེ་ནི་ད། དཔེར་ན་ཁུངས་མེད་ཀྱི་གཏམ་ཨེ་ཁྱོག་ཁྱོག་མིན་པ་རེད་པ། ལེགས་པར་བཤད་པ་དེ་ནི་གཏམ། མདའ་ཟེར་བ་དེ་ཤིན་ཏུ་འདྲོང་པོ་དེ་འདྲས་རེད་པ།
- རྒན་ནོར་བྲང་ཨོ་རྒྱན།འདབ་གཤོག་དང་ལྡན་པ། བྱ་སྒྲོ་གཡོ་བའི་བྱ་སྒྲོ་གཡོ་བ་ཤིན་ཏུ་ འདྲོངས་པའི་ཉག་ཕྲན་ཅན་མདའ་ནི་མངོན་པར་འཕངས་པ་དག་གནས་ལུགས་མི་ཤེས་པའོ་ཟེར།
- རྒན་ནོར་བྲང་ཨོ་རྒྱན།མི་ཤེས་པའོ། འཕངས་པ་ལྟར། ད་གནས་ལུགས་མི་ཤེས་པའོ་ཟེར། ཡང་ན་རང་གཞན་ཨ་འཐས་ཀྱི་ཤེས་བྱའི་ཚུལ་ལ། ཡང་ན་རང་ཉིད་དེ་ནི་རང་གཞན་གྱི་ཨ་འཐས་ཀྱི་ཚིག་དེ་ནི། ཨེ་ཤེས་བྱའི་དེ་ནི་ཚུལ་ལ་རྨོངས་པའི་སྙིང་ལ་ཕོག་སྲིད་ཀྱང་། ཟེར།
- རྒན་ནོར་བྲང་ཨོ་རྒྱན།བློ་གཟུ་བོར་གནས་པའི་མཁས་པས་མཐོང་ཚེ་སྤྲོ་བ་འཕེལ་བར་འགྱུར་རོ་ཞེས། གཞི་གཅིག་གི་ཡོན་ཏན་འགལ་བའི་སྒོ་ནས་ལོ་རྒྱུས་ཁུངས་ལྡན་སྨྲ་བ་ནི་འོང་མཁས་པ་རྣམས་དགའ་བ་བསྐྱེད་པའི་རྒྱུར་འགྱུར་བས་དེ་ལྟར་དགོས་པར་གདམས་པའོ་ཟེར།
- རྒན་ནོར་བྲང་ཨོ་རྒྱན།ད་དེ་འདྲས་ཀྱི་དཔེར་ན། འགའ་ཤས་ནང་ལ་ཆ་བཞག་ན་དཔེར་ན། གཅིག་གི་ད་གང་ཟེར་དགོས་རེད་པས། འགའ་ཤས་གཅིག་གིས་གཅིག་ལ་ཕོག་སྲིད་ཀྱི་རེད། ཡིན་ན་ཡང་ལོ་རྒྱུས་ཁུངས་ལྡན་དེ་ཚོ་ལ་ཆ་བཞག་ན། ཡིན་ན་དཔེར་ན་མཁས་པ་ཚོ་དེ་ནི་དགའ་བ་བསྐྱེད་པའི་རྒྱུར་འགྲོ་གི་རེད་ཟེར།
- རྒན་ནོར་བྲང་ཨོ་རྒྱན།དེ་འདྲས་ཡིན་ན་ངེས་པར་དུ་དགོས་ཀྱི་རེད་གསུངས་ནས། ཨེ། དེ་བཀའ་མངགས་གནང་པ་གདམས་པ་གནང་པ་དེ་འདྲས་རེད།
- རྒན་ནོར་བྲང་ཨོ་རྒྱན།མི་བརྗེད་ཞིང་གི་གངས་རིའི་སྤོ་ལ་སྡེ་བཞིའི་རྩལ་གསུམ་ཡོངས་སུ་རྫོགས་པའི་མཐོ་རིས་རྒྱལ་པོ་གདོང་ལྔའི་དབང་༎ རིམ་པར་བྱོན་ལ་བསྔགས་ཚིག་སྭསྟིའི་སྒྲ་ཡི་གདུབ་སིལ་འཁྲོལ་བས་ཡ་རབས་མདུན་སའི་ཁ་རྒྱན་སྤེལ་ལེགས་འདི༎ ཤེས་བྱའི་རྦ་ཀློང་ཡིད་མཚོར་རོལ་བའི་བནྜེ་ཚངས་དབང་སྲས་མོས་བཞད་པའི་འཛུམ་ལྡན་ལེགས་བཤད་གཏེར་མཛོད་ཀྱིས༎ མི་བདག་གསུང་གི་རི་བོ་མདྷ་ར་ཡིས་བསྐུལ་ལྟར་དཔྱད་གསུམ་དག་པའི་འཆི་མེད་ལུས་ཕྲའི་པདྨོ་བསྐྲུན༎ ཟེར།
- རྒན་ནོར་བྲང་ཨོ་རྒྱན།བྱས་ནས། ད་མི་མཇེད་འཇིག་རྟེན་གྱི་ཞིང་གི་མི་མཇེད་འཇིག་རྟེན་གྱི་ཁམས། ཨེ་ཞིང་གི་དེ་ནི་གངས་རིའི་སྤོ་ལ་ཆོས་ནོར། ཆོས་དང་ནོར་དང་། འདོད་པ་དང་ཐར་པ་ལ་སོགས་པ། སྡེ་བཞིའི་རྩལ་གསུམ་ཡོངས་སུ་རྫོགས་པའི་མཐུ་རིས་རྒྱལ་པོ་གདོང་ལྔའི་དབང་པོ། མཐོ་རིས་རྒྱལ་པོ་གདོང་ལྔའི་དབང་པོ་ཟེར་ན་དེ་རེད། མཐོ་རིས་ཀྱི་རྒྱལ་པོ་དེ་ནི། རྩལ་གསུམ་ཡོངས་སུ་རྫོགས་པའི་དེ་ནི་མཐོ་རིས་རྒྱལ་པོ་གདོང་ལྔའི་དབང་པོ། ཨེ་ད་བོད་ཀྱི་ཆོས་རྒྱལ་ནི་ད་སེང་གེ་ནང་ལྟར་ཆ་བཞག་རེད་པ།
- རྒན་ནོར་བྲང་ཨོ་རྒྱན།གདོང་ལྔའི་དབང་པོ་རིམ་པར་བྱོན་པ་རྣམས་ལ་བསྔགས་པའི་བརྗོད་པའི་ཚིག་གི་སྭསྟིའི་སྒྲ་དེ་ཟེར་ན། དེ་ནི་ཚིག་སྭསྟི་ཟེར་ཡས་འདི་ནི་དགེ་ལེགས་རེད་པ།
- རྒན་ནོར་བྲང་ཨོ་རྒྱན།ད་ལྟའི་སྒྲ་དབྱངས་ལྷ་མོ་ཡི་སྒྲ་དབྱངས་སྙན་པ་ཡི་གདུབ་སེལ་འཁྲོལ་བས་ཡ་རབས་མཁས་པ་རྣམས་ཀྱི། དེ་ནི་སྭསྟིའི་ངག་དབང་ལྷ་མོས་རྦད་དེ་ངག་གི་སྒྲ་དབྱངས་སྙན་པོ་ཡི་གདུབ་སེལ་འཁྲོལ་བའི་ཡ་རབས་མཁས་པ་རྣམས་ཀྱི་མདུན་སའི་ཁ་རྒྱན་དེ་མཛེས་རྒྱན་དུ་འགྱུར་པ་ཚིགས་བཅད་དང་ཚིགས་ལྷུག་སྤེལ་མར་ལེགས་པར་སྦྱར་བ་འདི་དག དེ་ནི་དེ་ལྔ་པ་ཆེན་པོས་དེབ་ཐེར་རྩོམ་པ་འདི་དག་ནི།
- རྒན་ནོར་བྲང་ཨོ་རྒྱན།འོང་ཤེས་བྱའི་རྦ་ཀློང་འཁྲུག་པ་ཡིད་ཀྱི་མཚོ་མོ་ཡི། ཤེས་བྱའི་རྦ་ཀློང་འཁྲུག་པ་ཡིད་ཀྱི་འོ་མའི་མཚོ་ཆེན་པོར་རོལ་པའི། ད་དེ་ནི་ཤེས་བྱ་ཀུན་ལ་ཐོགས་པ་མེད་པ་རེད་པ། ད་དེ་འདྲས་ཀྱི་ཤེས་བྱའི་རྦ་ཀློང་འཁྲུག་པའི་ཡིད་ཀྱི་མཚོ་ཆེན་པོར། འོ་མའི་མཚོ་ཆེན་པོར་དེ་ནི་ཡིད་ཀྱི་དེ་ནི་འོང་།
- རྒན་ནོར་བྲང་ཨོ་རྒྱན།མཚོ་ཆེན་པོར་རོལ་པའི་དེ་ནི་བནྜེ་ཚངས་དབང་སྲས་མོ་རྟག་ཏུ་དགྱེས་པས་བཞད་པའི་འཛུམ་དཀར་སྟོན་པ་ཙམ་བནྜེ་ཟེར་ཁོ་པ་་རེད་པ།
- རྒན་ནོར་བྲང་ཨོ་རྒྱན།ལྔ་པ་ཆེན་པོ་རང་བནྜེ་ཚངས་སྲསབཞད་པའིསྒྲ་དབྱངས་ཞུ་གི་ཡོའོ་རེད་པ། བྱས་ཙང་ད་བནྜེ་ཚངས་དབང་སྲས་མོ་རྟག་ཏུ་དགྱེས་པས་བཞད་པའི་འཛུམ་དཀར་སྟོན་པ་དང་ལྡན་པ་ལེགས་བཤད་གཏེར་མཛོད་ཁང་ལ་མངའ་བརྙེས་པ་བདག་ཉིད་ཀྱིས། ཟེར།
- རྒན་ནོར་བྲང་ཨོ་རྒྱན།བདག་ཉིད་ཀྱིས་མིའི་བདག་པོ་གུ་ཤྲཱི་བསྟན་འཛིན་ཆོས་རྒྱལ་གྱི་གསུང་གིས་བསྐུལ་བ་ལ་བརྟེན་ནས། གསུང་གི་རི་བོ་མནྡ་ར་ཡིས་ཡང་ཡང་བསྐུལ་བའམ་བསྲུབས་པ་ལ་བརྟེན་ནས་ཟེར་ཡས་དེ།
- རྒན་ནོར་བྲང་ཨོ་རྒྱན།འོང་། སྔ་མ་དེ་རེད་པ། གང་ཟེར་དགོས་རེད་། འོང་། ཨེ། ད་ལྟ་དེ་རྒྱ་མཚོ་དཀྲུགས་ནས་དེ་ནི་རྦད་དེ་དེ་བྱེད་ཡས་གཅིག་ཡོའོ་རེད་པ། པདྨོ་བྱུང་གསུངས་ཡས་དེ་རེད་པ།
- རྒན་ནོར་བྲང་ཨོ་རྒྱན།དེའི་དེ་ནི་གཏམ་རྒྱུད་དང་སྦྱར་ནས་དེ་འདྲས་རེད་ཟེར། ཡང་ཡང་བསྐུལ་བའམ་བསྲུབས་པ་ལྟར་དཔྱད་པ་གསུམ་རྣམ་པར་དག་པའི་སྒོ་ནས་ལོ་རྒྱུས་ཀྱི་དེབ་ཐེར་འཆི་མེད་ལུས་ཕྲའི་པདྨོ་འདི་དག་ལེགས་པར་བསྐྲུན་པ་ཡིན་ནོ་ཞེས། ལོ་རྒྱུས་དེ་ནི་ལུས་ཕྲའི་པདྨོ་དེ་ནི་ལེགས་པར་བསྐྲུན་པ་ཡིན་ནོ། ཟེར།
- རྒན་ནོར་བྲང་ཨོ་རྒྱན།རབ་སྤེལ་གྱི་སྒོ་ནས་དེ་ནི་ལྔ་པ་ཆེན་པོས་ད་འདིའི་དེབ་ཐེར་བཀའ་རྩོམ་གནང་ཡས་མཇུག་སྡོམས་ཐོག་ལ་གསུངས་བ་དེ་འདྲས་རེད། ཟེར།
- རྒན་ནོར་བྲང་ཨོ་རྒྱན།ཨེ། ད་ལྟ་བརྩམ་དགོས་པའི་རྐྱེན་དང་ཇི་ལྟར་བརྩམས་པའི་རིམ་པ་ལ་སོགས་པ་གསལ་བར་མཛད་པ་དེ་འདྲས་གཅིག་རེད་ཟེར།